དཔལ་གློ་བོ་རྒྱལ་ནས།
ཀ་དག་གནས་ལུགས་མ་ཤེས་པར།།
ཁ་ནས་དེང་སང་གནས་ཚུལ་དག།
ག་ས་ག་ལ་བཤད་པའི་དུས།།
ང་ཡིན་བསམ་པ་གཟོབ་ན་བཟང་།།
ཅ་ཅོས་སུན་པ་མེད་པ་ཡི།།
ཆ་ཡོད་གྲོགས་པོ་མིན་པས་ན།།
ཇ་ཁང་ཚོང་ཁང་ལ་སོགས་ནས།།
ཉ་ཉོག་སྐད་ཆ་ཉུང་ན་བཟང་།།
ཏ་ར་དབྱངས་ཅན་མིང་ཅན་ཚོས།།
ཐ་མལ་མིན་པར་བརྩེ་གདུང་དེ།།
ད་ལྟ་འཛུམ་གྱིས་སྟོན་མོད་ཀྱང་།།
ན་གཞོན་ཁྱེད་ཚོས་བརྟག་ན་བཟང་།།
པ་ལགས་ཨ་མར་གུས་ལྡན་ཞིང་།།
ཕ་ཆོས་གདམས་ངག་འཛིན་མཁས་པའི།།
བ་སོ་བླ་སྤྲུལ་མཁས་པའི་བརྗིད།།
མ་ཤེས་བཏང་སྙོམས་བཞག་ན་བཟང་།།
ཙ་རའི་སྙིང་ལྟར་མེད་པ་ཚོས།།
ཚ་གྲང་གང་ལ་མི་སྐྲག་པར།།
ཛ་དྲག་སྤྱི་སྒེར་ལས་བྱེད་སྐབས།།
ཝ་ལེར་བྱེད་མིན་ཤེས་ན་བཟང་།།
ཞ་མོ་མི་གཅིག་བླ་མ་དང་།།
ཟ་མ་བཟའ་ལུགས་ཐ་དད་མིས།།
འ་རེ་འུ་རེས་དེང་སང་དུས།།
ཡ་མཚན་བྱེད་པར་སྐྱོན་བརྗོད་བཟང་།།
ར་ལྟར་རྣོ་བའི་ཤེས་རབ་ཀྱིས།།
ལ་བརྒྱ་བཟུང་ནས་མི་རིགས་ལ།།
ཤ་ཚའི་སྙིང་གཏམ་བཞག་ཡོད་ན།།
ས་བཀྲ་བཞིན་དུ་བཀྲམ་ན་བཟང་།།
ཧ་ལམ་ཕྱི་ནང་གསང་བ་ཀུན།།
ཨ་ན་མ་ན་ཤེས་སོང་ནས།།
ཧ་ལམ་མཐོ་འབྲིང་དམའ་གསུམ་གྱིས།
སྡང་མིག་བྱེད་དགོས་མེད་ན་བཟང་།།
དེ་ལྟར་བཟང་པོ་བསླབ་བྱ་དག།
མི་བུ་རྣམས་ལ་ཕན་བསམ་ནས།།
འཕྲལ་དུ་བྲིས་ནས་འཕུལ་ལགས་ན།།
དགྱེས་པར་མཛོད་ཅིག་སྤུན་ཟླ་ཚོ།།
ཀ་དག་གནས་་ལུགས་ཤེསའདོད་ན་།
ཁ་ནས་གཏམ་བཤད་གོ་རྟོགས་ཐུབ་།
ག་ས་གང་ལ་གཏམ་འཆལ་མང་།
ང་བདེན་ཁོ་བདེན་བཤོད་མཁན་མང་།