སྦྲ་ནག་ཚང་གི་སྨྱི་ནག
ཀྭ་ཡེ་གསོན་དང་སྙིང་གི་དབང་མོ་ལགས།།
ཁ་ཞིག་སྐྱེལ་ནས་བརྩེ་བའི་སྒོ་མོ་འབྱེད།།
ག་ལེར་འཁྲིག་པའི་དུང་བ་འུ་གཉིས་ཟབ།།
ང་ལ་འཛོམས་པ་ཁྱོད་ཀྱིས་ཆགས་རྩལ་ཡིན།།
ཅ་ཅོར་ཆེ་བའི་འཆལ་གཏམ་རྒོད་ན་ཡང་།།
ཆ་ལ་མ་ཉལ་ཞག་གཅིག་བཟོད་ཐབས་བྲལ།།
ཇ་དང་འོ་མ་འདྲེས་མའི་བརྩེ་བ་འདི།།
ཉ་མོ་གར་ལ་རྩེན་པའི་ངང་ཚུལ་ལྡན།།
ཏ་ལའི་ལྗོན་པ་བྲང་སྐྱེས་བར་ནས་འཁྲུངས།།
ཐ་མག་སྔམ་འཐེན་ཁྲོད་ནས་སྐེ་ལ་འཁྱུད།།
ད་ལྟ་ཕོ་མཚན་ལྕགས་ལས་སྲ་ཞིང་མཁྲེགས།།
ན་ཟུག་མ་ཆེ་དལ་མོར་ངས་ཁྱོད་འབྱིན།།
པ་སངས་བཞིན་རས་སྨད་ཀྱི་ཨུཏྤལ་ལ།།
ཕ་བཟང་བུ་ངས་དྲོད་འཇམ་འོ་ཞིག་བྱེད།།
བ་ནུ་བཞིན་དུ་འདོད་འཇོ་ཁྱོད་ལ་སྟེར།།
མ་བཟང་བུ་མོའི་གཏན་དུ་དྲན་ཤིང་ཡིན།།
ཙ་རི་སྐོར་ནས་བུ་ང་འགྲོ་དུས་སུ།།
ཚ་ཚ་བཞིན་དུ་ཡ་ཆུང་རི་མོ་གསལ།།
ཛ་དྲག་བཟའ་མའི་སྡིགས་སྨོད་བྱེད་པའི་དུས།།
ཝ་མོའི་གཡོ་སྒྱུ་ཟློས་གར་ཁྱོས་མ་འཁྲབ།།
ཞ་དང་ཞོར་ལ་ཁ་པར་ནང་ནས་འཕྲིན།།
ཟ་ཞོར་འཐུང་ཞོར་བར་ནས་སྐུར་རོགས་ཞུ།།
འ་འུར་ཟང་ཟིང་ཆེ་བའི་སྤྱི་ཚོགས་ཁྲོད།།
ཡ་མཚན་ལྟད་མོ་ཡོད་ན་ངས་ཁྱོད་བཤད།།
ར་རོ་བཞིན་དུ་རྐུན་མ་བྱེད་པའི་དུས།།
ལ་ལུང་གང་ནས་ར་མདའ་མ་ཐོན་ན།།
ཤ་ཞིམ་སྒྱིད་པུ་མགོ་ནས་ཡང་ཡང་བཙོ།།
ས་ཆ་གང་ལ་སོང་ན་ངས་མི་བརྗེད།།
ཧ་ཅང་དགའ་སའི་མཛེས་མ་དབང་མོ་ལ།།
ཨ་མདོའི་མི་རྐྱང་ངག་ནས་དབང་མེད་ཤོར།།
ཀ་དག་ཟུང་འཇུག་གསང་ཡུམ་བཞེས་ན་ཐ་མལ་བ་ཡིས་སྐུར་འདེབས་བྱེད། །ཁ་རྐུབ་གཉིས་ལ་ཁྱད་མེད་འཛེགས་པའི་དེང་རབས་ལུགས་སྲོལ་བཙོག་པ་འདི། །ག་ལེར་ང་ཚོའི་སྤྱི་ཚོགས་ནང་ལ་དར་ནས་ལྟས་ངན་ནད་རིགས་ཁྱབ། །ང་ཚོའི་སྲོལ་རྒྱུན་ཡབ་ཡུམ་ཁ་སྦྱོར་མུན་ནག་ནང་གི་རྐུན་མ་བཞིན། །
།ཅ་ཅོ་མེད་པའི་ཁ་ཁུ་སིམ་པོའི་སྣུན་ཐེངས་གཅིག་གིས་ལྷུན་སེ་བཞག །ཆ་རྒྱུས་མེད་པའི་ཆགས་སྲེད་གཞུང་ལ་སྦྱང་བའི་གོམས་གཤིས་བོད་ལ་མེད། །ཇ་ཆང་བདུད་རྩིས་ལུས་ཁམས་གསོས་ཏེ་ཐུག་རེག་འདོད་པའི་ཟུར་མིག་བཅས། །ཉ་མོ་ཆུ་ལ་ཞུགས་པའི་རྩལ་གྱིས་དགའ་མའི་ལུས་ལ་འཁྱུད་པར་རྩོམས། །
འདོད་བདེ་ཡོངས་རྫོགས་དགོས་ན་སྟུ་ལྡག་དགོས།
འདོད་བདེ་ཡོངས་རྫོགས་དགོས་་ན་གླེག་འཇེབ་དགོས།
དྲུག་བཅུ་རེ་དགུའུ་ཕན་ཚུན་གནུར་ནས་འཇེབ།
བྱང་སེམས་ལེན་ཚེ་སྐྱུག་དྲོ་ངེས་པར་སྤོང །
བྱང་སེམས་ལེན་ཚེ་སྐྱུགས་བྲོ་སྤང་བྱས་ཤིང་། །ཆགས་རྩལ་སྤྱོད་ཚེ་འཕྲོད་རྟེན་མི་དྲན་པར། །གང་དྲན་ལས་ལ་ཞུགས་པའི་འབྲས་བུ་དེ། །མཐར་ཐུག་བཅོས་མེད་ནད་ཀྱི་ས་བོན་ཡིན།།