འཕན་པོ་སྐལ་ལྡན།
ཀ་ཡེ་གངས་ཅན་ཞིང་གི་སྤུན་ཟླ་ཚོ།།
ཁ་བཤད་ལག་སྟོང་མིན་པའི་ཚིག་གསུམ་ཞུ།།
ག་དུས་ཡིན་ཡང་གཞན་སྐྱོན་མི་གླེང་བར།།
ང་ཚོའི་ལས་དབང་འདི་ལ་བསམ་བློ་གཏོང་།།
ཅ་ཅོ་སྐད་དང་ཆ་ལུགས་མི་གཅིག་པའི།།
ཆ་མེད་ཡུལ་ལུང་གང་སར་ཞུགས་ཡོད་ཀྱང་།།
ཇ་ཤིང་འཁྱོག་པོའི་ངང་ཚུལ་མ་འཛིན་པར།།
ཉ་ག་ལྟ་བུའི་དྲང་ཐིག་ཞིག་དགོས་པས།།
ཏ་ལའི་བླ་མའི་ཐུགས་རྗེ་བཀའ་དྲིན་ལས།།
ཐ་ཁོབ་ཡུལ་ལུང་གང་སར་ང་ཚོར་དགའ།།
ད་རིང་ནས་་བཟུང་སྤྱི་དོན་བསམ་་བློ་གཏོང་།།
ན་རྒས་འགྱུར་ན་བྱེད་རྒྱུ་གང་ཡང་མེད།།
པ་ཊ་ལྟ་བུའི་ན་གཞོན་ཁྱེད་རྣམས་ཀྱི།།
ཕ་མའི་བཀའ་དྲིན་མ་རྗེས་སེམས་ལ་ཞོག །
བ་རི་བི་རིའི་དུས་ཚོད་མ་སྐྱེལ་བར།།
མ་འགྱུར་རང་གི་དམ་བཅའ་གཏན་པོར་བཟུང་།།
ཙ་རི་བསྐོར་བའི་སྙན་གྲགས་མེད་ན་ཡང་།།
ཚ་བའི་ཡུལ་དུ་སྤྱི་དོན་ཡང་དག་བསྒྲུབས།།
ཛ་རེ་ཛོ་རེའི་རྣམ་གཡེང་མི་བྱེད་པར།།
ཝ་ནག་ལྟ་བུའི་རིན་ཐང་ལྡན་་པ་ལས།།
ཞ་ལོང་ལྟ་བུའི་གང་སར་གཡང་ཆོང་དང་།།
ཟ་ངེ་ཟིང་ངེ་མེད་པར་དམ་ནན་མཛོད།།
འ་ཅག་བོད་མིའི་སྐྱིད་སྡུག་མཉམ་དུ་མྱོང་།།
ཡ་རབ་བཟང་སྤྱོད་ལྡན་པའི་མི་རིགས་འདི།།
ར་མ་ལུགས་ཀྱི་སྤྱོད་པ་མི་འཛིན་པར།།
ལ་བ་དཀར་པོའི་གྱོན་གོས་ལ་སོགས་གྱོན།།
ཤ་ཚའི་སྙིང་གཏམ་ཚིག་གསུམ་ཞུས་པ་ལ།།
ས་གྲོགས་ཆུ་ལ་བརྟེན་པའི་འབྱུང་རྩིས་ལྟར།།
ཧ་ཅང་སེམས་ཀྱིས་མ་བཟོད་ཞུ་བར་ཐལ།།
ཨ་ཉན་མ་ཉན་སོ་སོའི་སེམས་ལ་ཞོགས།།
ར་མ་ལུག་ཀྱང་ཡ་རབ་དགོས། །
ལ་རྒྱ་མེད་ཀྱང་གཟབ་གཟབ་གྱིས། །
ཤ་ཚའི་སྙིང་གཏམ་སྙན་པོ་མེད། །
ས་དང་ནམ་མཁའ་གར་བསྡད་ཀྱང་། །
ཧ་ལས་དགོས་པའི་ལས་འགུལ་རྩོམས། །
ཨ་མའི་བུ་ཡི་བུ་གོ་ཆོད། །
(ཀ་ཡེ་གངས་ཅན་ཞིང་གི་སྤུན་ཟླ་ཚོ།)
ཕ་ཡུལ་གྱི་མི་མང་ཚོ་ནི་ག་དུས་ཡིན་ཡང་གཞན་སྐྱོན་གླེང་མཁན་ཚོ་མ་རེད་ཐལ། གཞན་སྐྱོན་བཤད་མཁན་དང་ཆིག་སྒྲིལ་མི་གནང་མཁན་ནི། ས་མཐའ་ན་ཡོད་པའི་བཙན་བྱོལ་བ་དེ་ཚོ་རེད་ཐལ།
ཚིག་ཕྲད་གཉིས་ཀྱི་སྦྱོར་བ་ལ་དོན་སྣང་ཆེ་ཙམ་དགོས་བར་འདོད། དེ་འདྲ་ཞིག་མ་རེད་དམ།
ཀ་ཡེ་གངས་ཅན་ཞིང་དུ་ལྟེ་ཁྲག་འཕོས་
ཁ་མདོག་སྐྱོ་བའི་སྐྱབས་བཅོལ་ཡུལ་དུ་འབྱོར་
ག་དུས་ཡིན་ཡང་རང་དོན་ཁོ་ན་བསྒྲུབས་
ང་ནི་དེ་ཚོའི་རིགས་ལ་ཞེན་པ་ལོག
ཀ་ཡེ་གངས་ལྗོངས་ཆོས་སྲིད་གཉིས་ལྡན་བོད་།
ཁ་སྟབས་ཞན་ནས་དགྲ་བོའི་བཙན་འོག་ཚུད་།
གང་དུ་ཡོད་ཀྱང་རང་གི་ཆོས་རིག་ལ་།
ང་ཚོ་བོད་མིའི་ལས་འགན་རྒྱུན་འཛིན་དགོས་།
ཅ་ཅོ་འར་འུར་རྒྱལ་སྤྱིའི་ཆབ་སྲིད་ལ་།
ཆ་འཇོག་ཡིད་ཆེས་ཐུབ་པ་ཉིན་སྐར་ཙམ་།
ཇི་ཙམ་དཔྱད་ཀྱང་ཁ་སྟོང་རྒྱབ་སྐྱོར་ལ་།
ཉིན་འབུད་ཞག་འགྱང་བོད་དོན་ཡལ་ཉེན་ཆེ་།
ལྟ་བ་ལངས་ཕྱོགས་མ་བརྟན་ཆབ་སྲིད་ལ་།
ཐ་མ་རྒྱལ་ཁ་ཐོབ་པའི་ལོ་རྒྱུས་དཀོན་།
དུས་རབས་ཉེར་གཅིག་རང་མཁེ་གཞན་ཕམ་འོག་།
ནམ་ཡང་བདེ་སྐྱིད་བསྐྲུན་པའི་ཐབས་ལམ་དཀའ་།
པ་ཕ་སྤྲེལ་རྒན་བྱང་སེམས་གྲགས། །
ཕ་མ་མེས་དབོན་རྣམ་གསུམ་བྱོན། །
བ་དན་ལྟར་མཛེས་༸གོང་ས་མཆོག །
མ་འཕྱུགས་མ་འཕྱུགས་ལམ་མ་འཕྱུགས། །
བཙན་འཛུལ་བཙན་གནོན་ཀླ་ཀློ་མང་།
ཚེ་སྲོག་འཕྲོག་མཁན་བདུད་རྒྱལ་མང་།
འཛམ་གླིང་ཆོས་མེད་ཀླ་བདུད་ཁེངས་།
ཝ་སྤྱང་འདྲ་བའི་ཇག་ཚོགས་མང་།
གཞན་ཕན་བྱ་བ་ནང་ཆོས་རིག་པས་བསྟན་།
བཟང་པོའི་སླབ་བྱ་ནང་ཆོས་རིག་པས་སྦྱིན་།
འུར་གཏམ་གཏོར་ཤིག་ཚན་རྩལ་རིག་པས་སྦྱིན་།
ཡར་རྒྱས་མར་རྒྱས་ཚན་རྩལ་རིག་པས་བཟོས་།
ར་ལུག་འཚོས་ནས་བསྡད་དུས། །
ལ་ལུང་བརྒལ་དགོས་བསམས་བྱུང་། །
ཤ་ཁྱི་ལ་ལུང་བརྒལ་ཡང་། །
ཤ་བའི་རྗེས་ནས་མ་ཟིན། །
ཧ་ཅང་འགྲོ་ཐལ་ཆེའམ། །
ཧ་ལོག་ལོག་ཉེན་ཡོད་དམ། །
ཨ་མའི་བརླབ་བྱ་སོམས་དང་། །
ཨ་མའི་དྲིན་ལེན་འཇལ་འོངས། །
ར་ལུག་འཚོས་ནས་བསྡད་དུས། །
ལ་ལུང་བརྒལ་དགོས་བསམས་བྱུང་། །
ཤ་ཁྱི་ལ་ལུང་བརྒལ་ཡང་། །
ས་མཐར་རྐང་པ་ཚ་རོག །
ཧ་ཅང་འགྲོ་ཐལ་ཆེའམ། །
ཧ་ལོག་ལོག་ཉེན་ཡོད་དམ། །
ཨ་མའི་བརླབ་བྱ་སོམས་དང་། །
ཨ་མའི་དྲིན་ལེན་འཇལ་འོངས། །
ཧ་ཅང་འགྲོ་ཐལ་ཆེའམ། །
ཧ་ལོག་ལོག་ཉེན་ཡོད་དམ། །
ཨ་མའི་བརླབ་བྱ་སོམས་དང་། །
ཨ་མའི་དྲིན་ལན་འཇལ་འོངས། །
ཡང་ན།
ཧ་ཅང་འགྲོ་ཐལ་ཆེའམ། །
ཧ་ལོག་ལོག་ཉེན་ཡོད་དམ། །
ཨ་མའི་བརླབ་བྱ་བསམས་ན། །
ཨ་མའི་དྲིན་ལན་འཇལ་ཐུབ། །