བྱམས་པ་ལྷུན་གྲུབ།
ཀོ་རོ་ནར་གྲགས་རྒྱ་འབུ་དེ།།
ཁ་སྣ་གང་ནང་འཛུལ་བ་ན།།
ག་དུས་འཆི་མིན་མ་ངེས་པས།
ང་ཚོ་གཟབ་སྟེ་ཁ་རས་གོན།།
ཅ་ག་སྨན་སོགས་མཐུན་རྐྱེན་དག།
ཆ་ཚང་སྔོན་གྲབས་ལེགས་པར་བྱ།།
ཇ་རྩམ་མར་སོགས་ཟས་རྣམས་ཉར།།
ཉ་མོ་ཆུར་ལྟར་ནང་ལ་བཞུགས།།
ཏ་ལ་ལ་སོགས་ཤིང་ཏོག་རིགས།།
ཐ་ན་ཉིན་རེར་ལན་རེ་མཆོད།།
ད་ལྟར་ལུས་སྟོབས་མ་གསོ་ན།།
ན་ན་ད་གཟོད་གསོན་རེ་དཀའ།།
པ་ཊི་ལ་སོགས་ཚོགས་འདུས་སྤོང་།།
ཕ་མ་སྤུན་གྲོགས་ནད་ལས་སྐྱོབས།།
བ་གླང་ལ་སོགས་ཤ་རིགས་སྤོང་།།
མི་བདེན་དཀྲོག་གཏམ་སྤེལ་མི་བྱ།།
ཙག་ཙིག་ལས་དོན་ཆུང་ཙག་ཆེད།།
ཚང་ཚིང་གང་སར་བགྲོད་མི་བྱ།།
ཛ་དྲག་ལས་ཆེན་འབྱུང་བ་ན།།
ཝ་མོ་ཇི་བཞིན་འགྲོ་མཁས་བྱ།།
ཞག་མང་ཕྱིར་སྐྱོད་ཟིན་པ་རྣམས།།
ཟ་ཁང་ཚོང་ཁང་ཆང་ཁང་སོགས།།
འུར་ཟིང་ཆེ་བའི་གནས་རྣམས་ལ།།
ཡ་མེད་མ་འགྲོ་ཟུར་བཅད་བཞུགས།།
རང་གཞན་ཀུན་ལ་བསུན་གཙེ་ཅན།།
ལ་ལུང་གང་སར་ཁྱབ་བཞིན་པའི།།
ཤ་ཟ་སྲིན་འབུའི་ནད་ཡམས་འདི།།
ས་ཆེན་འདི་ནས་ཟློག་ལ་བརྩོན།།
ཧ་ཅང་འཇིགས་རྔམ་ཆེ་མོད་ཀྱང་།།
ཨ་ཐང་མ་ཆད་སྙིང་སྟོབས་བསྐྱེད།།
༢༠༢༠ ། ༣ ། ༢༠ ཉིན་དྲྭ་གྲོགས་ཤིག་གི་ཀ་རྩོམ་ཞིག་མཐོང་མ་ཁད་གང་དྲན་དུ་བྲིས།
འབྲས་དཀར་གྱི་བཤད་པ།
ཁྱོད་ཡོང་ཡོང་བ་ག་ནས་ཡོང། ཁྱོད་འགྲོ་ཡུ་ས་ཡུལ་གང་དུ་ཡིན།
ཁྱོད་ཐུག་དགོས་མི་སྣ་སུ་དང་སུ། ཁྱོད་ཡོང་སའི་ཡུལ་དུ་ནམ་དུ་ལོག།
ཞེས་དྲིས་པས།
འབྲས་དཀར་བསམ་པའི་དོན་གྲུབ་ནས་ལན་ལ།
ང་ཡོང་ཡོང་རྒྱ་དམར་ཡུལ་ནས་ཡིན།
རྒྱ་དམར་པོ་ཝུ་ཧང་ཡུལ་ནས་ཡོང།
ཞི་ཅིང་སྤིང་ཁོ་ཡིས་བཏང་ནས་ཡོང།
ང་འགྲོ་ཡུལ་འཛམ་གླིང་གང་སར་འགྲོ།
ཐུག་དགོས་པ་འཛམ་གླིང་མི་མང་ཡིན།
དེའི་ནང་ནས་མི་ཆེན་དཔོན་ཆེན་ཡིན།
མི་བསད་པར་སྙིང་རྗེ་གཏན་ནས་མེད།
ང་ཡོང་དོན་གཙོ་བོ་ནད་ཡམས་སྤེལ་རྒྱུ་ཡིན། ནད་མིང་ལ་ཏོག་དབྱིབས་ངན་དུག་ཟེེར།
ངས་ཟས་ནི་འབུ་སྲིན་ཡོད་ཚད་ཡིན་། དེའི་ནང་ནས་རྩི་རྩི་སྐམ་པོ་ཡིན།
ང་ལམ་སེང་ཝུ་ཧང་ཡུལ་ལ་ལོག་འདོད་མེད། མགྱོགས་པོ་ལོག་འདོད་སེམས་ནང་ཡོད།
ཞི་ཅིང་སྤིང་སྐྱག་རྫུན་བཤད་བཤད་ནས། ང་ཏོག་དབྱིབས་མི་ཡོང་ཀ་མེད་བྱུང།
ཀོ་རོ་ན་ཞེས་རྒྱ་འབུ་དེས། །
ཁ་སྣ་ཡོད་ཚད་ནང་ལ་འཛུལ། །
ག་དུས་སུར་བགོས་ཆ་མི་འཚལ། །
ང་ཚོས་གཟབ་ནན་འཕྲོད་བསྟེན་རྩོནད། །
ཅ་ལག་ནད་པས་འཆང་ཚད་ལ། །
ཆ་རྒྱུས་ཤེས་ནས་གཟབ་ནན་གྱིས། །
ཇ་རྩམ་ཟ་མ་མང་གསོག་གིས། །
ཉ་ཉུང་མ་བསྲེས་ཟུར་སྡོད་རེམས། །
ཏྰ་ལའི་བླ་མས་ལྗགས་ལུང་ལྟར། །
ཐ་ན་དད་པ་ཡོད་ཚད་ཀྱིས། །
ད་ལྟ་རང་ལ་སྒྲོལ་མའི་གཟུངས། །
ན་ཚོད་རྒན་གཞོན་ཚང་མས་ཐོནད། །
པ་ཊ་ལྟ་བུའི་རྟེན་འབྲེལ་གཤིས། །
ཕ་བཟང་བུ་དང་བུ་མོ་ཚོས། །
བ་རུ་སྨན་གྱི་ཕན་ཡོན་སྦྱོངས། །
མ་ཎི་སྒྲོལ་གཟུངས་གང་མང་ཐོནད། །
ཙ་རི་གནས་མཇལ་ཡང་འགྲོ་མཚམས་ཞོགས། །
ཚ་ཚ་མཆོད་རྟེན་ཡང་བཞེངས་འཕྲོ་ཞོགས། །
ཛ་ལང་འཁྱམ་ཉུལ་ཡང་ད་གཟོད་ཞོགས། །
ཝ་མོ་རི་དྭགས་ཀྱང་རྔོན་ལས་ཞོགས། །
ཞྭ་ལྟར་བླ་མ་དཀོན་མཆོག་བཀུར། །
ཟ་མར་ཕ་ཝང་སྦྲུལ་སོགས་སྤོངས། །
འ་ར་འུ་རེས་མཉམ་འགྲོགས་སྤོངས། །
ཡ་མེད་ཏོག་དབྱིབས་ནད་ལས་བྲོས། །
ར་ལུག་རྩ་གཟན་སེམས་ཅན་ཤ། །
ལ་ལུང་གང་སྐྱེས་སྔོ་ཚོད་རིགས། །
ཤ་རིགས་ཟ་འོས་བཟའ་བ་ལས། །
ས་འབུ་ཆུ་འབུའི་ཤ་རིགས་སྤོངས། །
ཧ་ཅང་ཀླ་ཀློའི་ཟས་ངན་དང་། །
ཨ་ཕ་ཨ་མས་མ་བསླབས་པའི། །
ཧ་ཅང་ཐལ་ཆེས་ཟས་རིགས་ཀྱིས། །
ཨ་ཁ་ཨ་ཁ་ཟེར་ནས་འཆི། །
ངའི་ཀ་རྩོམ།
ཀ་རྩོམ་འདྲ་བྲིས་ནང་ལ་སྡོད། །
ཁ་ལག་ངོ་ལག་འཁྲུས་ནས་སྡོད། །
ག་བ་ག་སར་མ་འགྲོ་བར། །
ང་དང་འདྲ་བར་ནང་ལ་སྡོད། །