མགོན་པོ་སྐྱབས།
ཀ་ཡེ་ཚིག་གསུམ་གཏན་གྱི་འདུན་མ།
ཁ་ཁོག་མེད་ལ་དྲང་མོར་ཤོད་དང་།
གང་དུ་བསྡད་པའི་མི་བུའི་དྲུང་ནས།
ང་དང་ཁྱེད་ནི་གྲོགས་དྭངས་མ།
ཅ་མ་ཅོ་ཡི་ལབ་གླེང་ཤབ་ཤུབ།
ཆ་ལུགས་ངན་པའི་གཞན་ལ་མ་བཤད།
ཇ་ཆང་འཐུང་བའི་སྤུན་གྲོགས་ཡིན་ཡང།
ཉ་ཉོག་བསྲེས་ན་རང་སར་གྱེས་འགྲོ།
ཏ་ཐ་ག་དའི་ཆོས་ཀྱི་ཉམས་ལེན།
ཐ་ཆུང་ང་ལ་མི་མཁོ་མ་གསུང།
ད་རེས་ལུས་རྟེན་ཐོབ་པའི་དུས་ལ།
ན་འཆི་སླེབས་ཉིན་མགོན་སྐྱབས་སུ་བྱེད།
པ་ལགས་དབུ་སྐྲ་དཀར་བོ་ཆགས་དུས།
ཕ་སེམས་ཆགས་ས་བུ་ལོ་ཁྱོད་ཡིན།
བ་མོ་འོ་ཞོའི་བཅུད་བཟང་ཁ་ཟས།
མ་ལོའི་བུ་བཞིན་ཕ་ལ་སྟེར་རོགས།
ཙ་གི་ཙིག་གི་དོན་དག་ཆུང་ཆུང།
ཚ་ཚོམ་མེད་ལ་ཆེན་པོའི་མ་གཏོང་།
ཛ་དྲག་དོན་ཆེན་སྒྲུབ་པའི་སྐབས་སུ།
ཝ་མོ་བཞིན་དུ་སྡར་མ་མ་བྱེད།
ཞ་ར་མིག་ལུང་ནད་པའི་བུ་དང་།
ཟ་མ་མེད་པའི་དྭ་ཕྲུག་སྐྱོ་བོ།
འ་འ་ཡོ་ཡོ་བདག་སྐྱོང་གནོང་དང་།
ཡ་མེད་གྲོགས་ཀྱི་མི་གཤིས་གསེར་ཡིན།
ར་མ་ལུག་དང་དུད་འགྲོ་་ཀུན་ལ།
ལ་ལུང་བརྒྱུད་ནས་བདག་སྐྱོང་དེ་།
ཤ་ཁྲག་མི་ཟ་ཁས་ལེན་བྱོས་དང་།
ས་ཆེན་བགྲོད་པའི་ཐེམ་སྐས་འདི་ཡིན།
ཧ་ལོ་དུག་བཞིན་གནོད་སེམས་མ་སྐྱེ།
ཨ་མའི་སེམས་བཞིན་ཁོག་རྒྱ་བསྐྱེད་དང།
ཧ་ཅང་རིང་ཐུང་གང་དུ་གནས་ཀྱང་།
ཨ་མཚན་འདུ་རའི་གྲོང་ནས་སྐྱིད་ལ།
ར་མ་ལུག་དང་དུད་འགྲོ་་ཀུན་ལ།
ལ་ལུང་བརྒྱུད་ནས་བདག་སྐྱོང་༼དེ་།༽བྱས་ཀྱང་།
ཤ་ཁྲག་མི་ཟ་ཁས་ལེན་བྱོས་དང་།
ས་ཆེན་བགྲོད་པའི་ཐེམ་སྐས་འདི་ཡིན།
མགོན་པོ་སྐྱབས་ཀྱི་ཀ་ཕྲེང་གི་ཚིག་དོན་བཟང་བྱུང་ལགས།
ར་མ་ལུག་དང་དུད་འགྲོ་་ཀུན། །
ལ་ལུང་གང་དུ་གནས་བཅས་ཀྱང་། །
ཤ་ཁྲག་མི་ཟ་ཁས་ལེན་གྱིས། །
ས་ཆེན་དུད་འགྲོའོ་ཚེ་སྲོག་སྐྱོབས། །
ད་ལྟའི་ལས་འགུལ།
ཙ་ཙིག་ལས་དང་རང་བཙན་སོགས། །
ཚ་ཚོམ་མེད་པར་བློས་བཏང་ནས། །
ཛ་དྲག་གཉིས་སྨན་དོན་ཆེན་ལ། །
ཝ་མོ་སྡར་མའི་ངང་ཚུལ་ཞོགས། །
བོད་རིགས་མི་ཚེ།
ཏ་ཐྰ་ག་ཏའི་ཆོས་དེ་སྦྱོངས། །
ཐ་མག་ལ་སོགས་སྤྱོད་ངན་སྤོངས། །
ད་རེས་བོད་ལུས་ཐོབ་དུས་འདིར། །
ན་ཚོད་ཆུང་ནས་གཟབ་གཟབ་གྱིས། །
མགོན་པོ་ཁྱོད་ཀྱི་ཀ་རྩོམ་དེ་ལ། །
མཁྱེན་ལྡན་སུས་ཀྱང་ཁ་ལེན་མི་འདུག །
དུས་ཚོད་མེད་པ་ག་པ་ཡིན་འགྲོ། །
ག་དུས་ཡིན་ཀྱང་ང་རང་རེད་འདུག །
ར་ལུག་ལ་སོགས་དུད་འགྲོའི་ཚོགས་རྣམས། །
ལ་ལུང་གྲངས་མེད་བཙན་གྱིས་བརྒལ་ནས། །
ཤ་ཟན་སྐྱེ་བོའི་ཧབ་ཐོབ་ཁྲོད་ན། །
ས་གཞིར་ར་སྤུ་ལུག་སྤུས་ཁྱབ་སོང་། །
དྲ་གྲོགས་ཀརྡོ་ལགས་ནས་་ཆད་བཅོས་བྱས་པ་ཐུགས་རྗེ་་ཆེ།ཀློག་པ་དགའ།
ར་མ་ལུག་གི་སྤྱོད་ངན་སྤངས་བའི་ས།།
ལ་ལུང་བརྒལ་བའི་དུད་འགྲོ་ཕ་མའི་ཤ།།
ཤ་གསུར་དམར་མཆོད་སྤངས་པའི་དགེ་སྦྱོང་ལ།།
ས་ལམ་ཞི་བདེ་འདྲེན་པའི་ར་སྐོར་ཡིན།།
ར་བ་གངས་རིའི་བསྐོར་བ་ཙམ་མིན་པར་་་་་་་་་་་་་་ལ་ལུང་བརྒལ་ནས་ས་མཐར་འདིར་སླེབས་དུས་་་་་་་་ཤ་རུས་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་་་་་་་་་་་་་་་ས་མཐར་གང་དུ་གནས་ཀྱང་རང་དབང་རྩོད་་་
ཀ་བཤད་འདི་འདྲ་ཡང་ཡང་སྤེལ་ན།།
ཁ་བ་ཅན་གྱི་ཐུན་མིན་རྩོམ་རིག།
ག་ས་གང་ལ་ཡོངས་སུ་ཁྱབ་ནས།།
ང་ཚོའི་སྐད་ཡིག་རྒྱུན་འཛིན་ཐུབ་བོ།།