ཨེ་མ་ཧོ།
ན་མོ་གུ་རུ་སཾ་བྷོ་ཏྲ་ཡེ། ཨི་ལྡན་དབྱངས་གསལ་སྙན་པའི་ངག། ཨུ་དུམ་ཝ་རའི་ཕྲེང་བ་འདི།། ཨེ་ཝྃ་རིག་པའི་མགུལ་དུ་འབུལ།། ཨོ་རྒྱན་པདྨས་རྟག་ཏུ་སྐྱོབས།། ཀ་དག་རྟོགས་པའི་རྣལ་འབྱོར་དང་།། ཁ་ཁོག་མི་མཉམ་རྟོག་གེ་གཉིས།། ག་ས་གང་ནས་མི་མཚུངས་པས།། ང་ཚོས་མི་ནོར་ཤིན་ཏུ་གཅེས།། ཅ་ཅོ་མང་བའི་ཟློས་གར་དང་།། ཆ་ལུགས་ཀུན་བཟང་རྣམ་ཐར་གཉིས།། ཇ་ཆང་མཆོད་སའི་ལྷ་སྲུང་དང་།། ཉ་ཉོག་གཏམ་འཆལ་མ་ནོར་གཅེས།། ཏ་ཐྰ་ག་ཏའི་བསྟན་པ་དང་།། ཐ་ཆད་འཇིག་རྟེན་འཁྲུལ་སྣང་གཉིས།། ད་འདས་མ་འོང་མི་འདྲ་ཕྱིར།། ན་ནོག་མི་བསྲེལ་ཤིན་ཏུ་གཅེས།། པ་ར་མི་ཏའི་ཕྱིན་དྲུག་དང་།། ཕ་མ་བུ་ཚའི་བསམ་བློ་གཉིས།། བ་གླང་མི་ཡི་ཁྱད་པར་བཞིན།། མ་ནོར་མཛད་པ་ཤིན་ཏུ་གཅེས།། ཙ་ར་མ་ཆོད་རྨོངས་རྒྱུགས་དང་།། ཚ་གྲང་མྱོང་བའི་དཀའ་སྤྱད་བར།། ཛ་ཡའི་བསྟན་པའི་རྣམ་བཞག་བར།། ཝ་ལེར་ངེས་པར་ཤིན་ཏུ་གཅེས།། ཞ་ལོང་ལྐུག་པའི་སྡུག་བསྔལ་དང་།། ཟ་གོས་མོད་པའི་ཕྱུག་པོ་གཉིས།། འ་འུར་སྒྲོག་པའི་སྨྲེ་ངག་ལ།། ཡ་རབ་གནང་བར་ཤིན་ཏུ་གཅེས།། ར་རུ་རྒོད་པའི་ཁ་ཆེ་དང་།། ལ་རྒྱ་འཛིན་པའི་གངས་ཅན་གཉིས།། ཤ་ཁྲག་མི་ལུས་གཅིག་ན་ཡང་།། ས་མཚམས་ཤེས་པ་ཤིན་ཏུ་གཅེས།། ཧ་ཅང་ཐལ་བའི་ལས་ངན་དང་།། ཨ་མའི་བུ་ཡི་རིག་འཛིན་གཉིས།། ཁྱད་པར་གནམ་དང་ས་བཞིན་པས།། མ་ནོར་ལམ་བཟང་ཤིན་ཏུ་གཅེས།། དད་དང་འདོད་པ་མ་ནོར་གཅེས།། བྱམས་དང་ཆགས་པ་མ་ནོར་གཅེས།། གཤིས་ཤོར་སྟོང་ཉིད་མ་ནོར་གཅེས།། དབྱིངས་དང་ཆད་ལྟ་མ་ནོར་གཅེས།།ཉམས་དང་རྟོགས་པ་མ་ནོར་གཅེས།། བཙུན་དང་ཚུལ་འཆོས་མ་ནོར་གཅེས།། འཁྲུལ་ཞིག་བདུད་ཁྱེར་མ་ནོར་གཅེས།། གྲུབ་ཐོབ་ཟོག་པོ་མ་ནོར་གཅེས།། གཞན་དོན་རང་དོན་མ་ནོར་གཅེས།། ཐབས་མཁས་གཡོ་སྒྱུ་མ་ནོར་གཅེས།། སངས་རྒྱས་སེམས་ཅན་མ་ནོར་གཅེས།། མ་རིག་ཡེ་ཤེས་མ་ནོར་གཅེས།། བདེན་དང་རྫུན་པ་མ་ནོར་གཅེས།། གཅེས་པ་ཉེར་གཅིག་གདམས་ངག་འདི།། སྙིང་གི་བུ་ལ་གཏད་དོ་རྒྱ།།ཡར་བ་མ་དོར་ཐུགས་དམ་མཛོད།། དམ་ཚིག་ཅན་ལ་ཆོས་ཀྱི་བཅུད།། ལོངས་སུ་སྤྱོད་པའི་དགའ་སྟོན་འབུལ།། བསྟན་དང་འགྲོ་ལ་ཕན་བདེའི་ཕྱིར།། དཔལ་དགྱེས་རྡོ་རྗེས་གུས་པས་ཕུལ།།
ཞེས་པ་རབ་རྒྱན་མེ་ལུག་མཆུ་ཟླའི་དབང་ཕྱོགས་བཟང་པོ་གསུམ་ལྷག་སྐར་གྱི་ཉིན་མོར་རྫོགས་ཆེན་སྤྲུལ་སྐུའི་ངོར་རིག་འཛིན་ཤྲྰིཿཨ་ནནྟ་བཛྲས་དབྱིན་ཡུལ་རྒྱལ་ས་ལན་དྲོན་གྱི་ཨེ་ཝྃ་རྫོགས་ཆེན་ཆོས་ཚོགས་ཁང་ནས་ཕུལ་བར་དགེའོ།། ཕྱི་ལོ་༢༠༡༥/ ༢/ ༡༡/་ལ།
རྫོགས་ཆེན་སྤྲུལ་པའི་སྐུ་ཡི་ངོར། །
དཔལ་དགྱེས་རྡོ་རྗེའི་གདམས་ངག་ནང་། །
གཤིས་ཤོར་སྟོང་ཉིད་མ་ནོར་གཅེས།།
ཞེས་པའི་ཚིགས་བཅད་ཚིག་དོན་གཉིས། །
ཅུང་ཟད་བཀྲལ་ན་ཀརྡོར་ཕན། །
ངོས་ནས་དཔྱད་ན་ཨེ་མ་ཧོས་གཤིས་ཤོར་སྟོང་ཉིད་མ་ནོར་གཅེས།། དབྱིངས་དང་ཆད་ལྟ་མ་ནོར་གཅེས།།གསུངས་པ་ཟློས་སྐྱོན་རེད། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར།།རིགས་ནི་ཐ་དད་ཡོད་མ་ཡིན་རྒྱུད་བླ་མ་ལས་གསུངས་པ་དེ་རེད། གཤིས་དང་དབྱིངས་གཉིས་གཅིག་པ་རེད། དེས་ན་གཤིས་སམ་དབྱིངས་གང་རུང་བསུབ་ན་ལེགས།ཡིན་ན་ཡང་སྟོང་དང་ཆད་ལྟ་ཐ་དད་པ་རེད། དེས་ན་་་་་
ཨི་ལྡན་དབྱངས་གསལ་སྙན་པ་དང་།
ཨུ་དུམ་ཝ་རའི་མེ་ཏོག་འདི་།
ཨེ་ཝམ་རིག་པའི་རྒྱན་ད་འབུལ་།
ཨོ་རྒྱན་པདྨས་སྦྱིན་གྱི་རློབས་།
ཀ་དག་དམ་པའི་ལྷ་ཆོས་དང་།
ཁ་བཤད་ཆུ་ཡི་སྦོ་བ་གཉིས་།
ག་ནས་བལྟས་ཀྱང་བར་ཐག་རིང་།
ང་རང་འཁྲུལ་བ་མིན་པ་ཤོག་།
ཅ་ཅོ་མང་བའི་དྲ་གྲོགས་དང་།
ཆ་ལུགས་ར་མ་ལུགས་སྲོལ་མང་།
ཇ་ཆང་བསྲེས་ནས་ཐུང་མཁན་དང་།
ཉ་ཤ་ཕག་ཤར་ཧབ་ཐོབ་རྒྱག་།
ཏ་ཐ་ཱ་ག་ཏའི་བསྟན་པ་འདི་།
ཐ་མཚམས་ཡུལ་ལ་ངོ་གསོ་ཆེ་།
ད་ལྟ་ལག་ལེན་བསྟར་མཁན་ནང་།
ན་གཞོན་ལོ་ཆུང་ཤིིན་ཏུ་དཀོན་།
པ་སངས་འདྲ་བའི་བུ་རབས་དང་།
ཕ་ལམ་འདྲ་བའི་ཕ་མ་དང་།
བ་གླང་དུད་འགྲོ་སྲོག་ཆགས་ཀུན་།
མ་འགྱུར་སེམས་ཅན་གྲལ་དུ་ཚུད།
ཙ་ར་མ་ཆོད་རྨོངས་དད་དང་།
ཚ་གྲང་མ་ཤེས་བསམ་མེད་བྱི་།
མཛའ་བརྩེ་མེད་པའི་བྱམས་བཅས་།
ཝ་ལེར་བསམ་དང་མི་གི་ལ ས་།
ཞ་རིགས་མང་བའི་མི་རིགས་དང་།
ཟས་གོས་དཀོན་པའི་ལུང་པ་གཉིས་།
འ་འུར་ཆེ་བའི་སྤྱི་ཚོགས་གསུམ་།
ཡ་རབས་སྒོམས་བཤིས་ཉམས་པའི་རྟགས་།
རཱ་ཡོད་རཱ་མེད་སེམས་ཅན་དང་།
ལ་བ་གྱོན་པའི་རིན་ཆེན་མི་།
ཤ་ཁྲག་རུས་གསུམ་ལུས་འཚོ་ནས་།
ས་ཆུ་མེ་རླུུང་བྲན་ལ་བསྐུལ་།
ཧ་ཅང་འཁྲུལ་བའི་སྨྱོ་གཏམ་འདི་།
ཨ་ཅང་སྐུ་རེའི་ཚུལ་དུ་ཐལ་།