གཡུ་སྒང་དགེ་འདུན།
ཀ་ཡེ་གསོན་དང་བཙན་བྱོལ་བོད་མི་ཚོ།།
ཀ་བ་གསུམ་གྱི་ཡ་གྱལ་བཀའ་ཤག་ཏུ།།
ཀ་ཅའི་དོན་དུ་སྨྱོ་གྲབས་མི་བྱེད་པའི།།
ཀ་དག་སྲིད་སྐྱོང་བདམ་རྒྱུ་མ་ནོར་ཞིག།
ཁ་ཞེ་གཉིས་མེད་དབུ་མའི་ལམ་བསྐྱོད་དེ།།
ཁ་ཡག་ཁོག་ནག་ལས་རིགས་མི་སྒྲུབ་པར།།
ཁ་རུ་ཁ་ཐུག་ཕྱག་ལས་ཆེར་གནང་སྟེ།།
ཁ་སེམས་གཞུང་དམངས་དོན་དུ་བརྩོན་མཁན་ཞིག།
ག་ས་གང་དུ་ཁྱི་སྤྱང་སྨྱོན་པ་བཞིན།།
ག་ལོག་གཏམ་གྱིས་ངུ་ཟུག་གནམ་འཐེན་དང་།།
ག་ཕྱི་ལོག་པའི་ལས་རིགས་ལ་སོགས་པའི།།
ག་ཆད་སྤྱོད་ཚུལ་རྒྱང་དུ་སྤྱུགས་མཁན་ཞིག།
ང་དང་ཁྱོད་ཅེས་ཆོལ་ཞེན་གཏིང་བྲལ་ཏེ།།
ང་ཚོའི་སྤྱི་དོན་ཁ་ཞེ་གཉིས་མེད་ཅིག།
ང་བདེན་ང་ཡུས་ལས་སུ་མི་བརྩོན་པའི།།
ང་ཚོར་འཚམས་ཤོས་སྲིད་སྐྱོང་ཚོགས་ཟུར་མཆོག།
ཅ་ཅོའི་ཉོག་གཏམ་གཙུག་ཏུ་མི་འཛིན་ཞིང་།།
ཅ་ག་དག་པོའི་ཁྲིམས་ཀྱིས་རྒྱབ་སྐྱོར་ཏེ།།
ཅ་མ་ཟིང་དག་རེ་རེ་མཐའ་འདེད་ཀྱིས།།
ཅ་གེར་གཏོང་མཁས་སྐུ་ངོ་སྤེན་ཚེ་ཉིད།།
ཆ་བེ་ཆོབ་བེའི་ལས་དོན་མི་སྒྲུབ་ཅིང་།།
ཆ་མིན་ཆ་ལོག་སྤྱོད་ལ་གདོང་གཏད་དེ།།
ཆ་སྙོམས་སྤྱི་ཚོགས་སྐྲུན་པར་ལྷག་བསམ་སོགས།
ཆ་རྐྱེན་ཡོངས་སུ་རྫོགས་པ་སྤེན་ཚེ་ལེགས།།
ཇ་ཐུད་མར་སོགས་གང་དགོས་གནང་ན་ཡང་།།
ཇ་སྙིགས་ཆུ་སྙིགས་བྱིན་པའི་ངང་ཚུལ་ཅན།།
ཇ་ལན་ཆུ་འཇལ་བྱེད་པའི་བོད་མི་དག།
ཇ་ཐུན་གཅིག་ཏུ་གཅུན་ན་ཚོགས་ཟུར་མཆོག།
ཉ་འདྲིད་ཁ་ཟས་ཀུན་སྤྱོད་ཆེས་ཆེར་བདོ།།
ཉ་ཉུང་མཉམ་བསྲེས་ལས་རིགས་དེ་ལས་མང་།།
ཉ་བསད་ཁྱི་སྟེར་དཔོན་གྱི་གཤིས་རྒྱུད་དག།
ཉ་ར་བྱེད་ན་སྐུ་ངོ་སྤེན་ཚེ་ལེགས།།
ཏ་ཐཱ་ག་ཏའི་བསྟན་ལ་ལེགས་དད་ཅིང་།།
ཏཱ་ལའི་ཐུགས་དགོངས་སྒྲུབ་ལ་དེ་ལས་བརྩོན།།
ཏ་ལེའི་དོན་དངོས་གནད་དུ་འཛིན་པ་ལས།།
ཏ་ལེན་མགོ་གཉིས་མི་བྱེད་ཚོགས་ཟུར་མཆོག།
ཐ་ཚིག་གཉན་པོ་ཐལ་རྡུལ་རླུང་ཁུར་བཞིན།།
ཐ་སྙད་བཏགས་ཙམ་ཞིག་གིས་ལོ་དགུ་བསྐྱལ།།
ཐ་མལ་མི་ལ་ཐལ་དྲག་སྐྱོན་འཛུགས་སོགས།།
ཐ་ཤལ་ཀུན་སྤྱོད་འདུལ་ན་སྤེན་ཚེ་ལེགས།།
ད་ལྟ་མགོ་བདེ་དྲན་འཁྲུལ་ཇེ་མང་དང་།།
ད་དུང་ཆོལ་ཞེན་དུག་ཆུས་སྨྱོ་མཁན་དག།
ད་གཟོད་ཉུང་དུ་གཏོང་བའི་དཔོན་དགོས་ན།།
ད་ནི་སྐུ་ངོ་སྤེན་པ་ཚེ་རིང་བཟང་།།
ན་ནིང་ད་ལོའི་སྤྱི་གཏམ་ཆོལ་ཞེན་དང་།།
ན་གཞོན་ར་མ་ལུག་གི་སྐད་ཅན་ཚོའི།།
ན་གེ་ནོག་གེའི་སེམས་ཁམས་བཅོས་དགོས་ན།།
ན་སོན་ལ་སོགས་འཚམ་ཤོས་སྤེན་ཚེ་ཉིད།།
པ་ཊུའི་ཐ་སྙེད་མིང་དུ་མ་ཐོག་ཀྱང་།།
པ་སངས་ལྟར་དཀར་ཁྲིམས་དོན་ལེགས་མཁས་ཤིང་།།
པ་རི་པི་རིའི་རིགས་ལ་ལམ་སྟོན་གྱིས།།
པ་ཕའི་སེམས་གཤིས་སྐུ་ངོ་ཚོགས་ཟུར་མཆོག།
ཕ་རོལ་པོ་ཡིས་དགྲ་བོའི་ཚུལ་བཟུང་སྟེ།།
ཕ་རོ་མ་རོ་ཚིག་གི་རྡོས་གཞུས་ཀྱང་།།
ཕ་རྒྱུད་བྱང་ཆུབ་སེམས་དཔའི་རང་གཤིས་ཀྱིས།།
ཕ་དང་བུ་ཡིས་ཚུལ་འཛིན་སྤེན་ཚེ་རྒྱལ།།
བ་ལང་གཤིས་ལས་གྱོང་བའི་མི་བུ་འགའ།།
བ་ནེ་བུན་ནེའི་སེམས་ཀྱི་གཡང་གཟར་ན།།
བ་ལུག་བོང་གསུམ་ལས་ཀྱང་སྐྱོ་ན་ཡང་།།
བ་རྫིའི་ཚུལ་འཆང་དོན་ཟུར་སྤེན་ཚེ་ལེགས།།
མ་ཉེས་ཁ་ཡོགས་ཉེས་དོན་བཅུ་བགྲང་ཡང་།།
མ་ནོར་ཁྲིམས་ཀྱི་དགོངས་དོན་ལྟར་ཕྱིན་པས།།
མ་ཕམ་ཁ་མཆུ་ཐོབ་པའི་དེབ་ཆེན་དེ།།
མ་དཔེ་བསྐལ་བར་བཞག་པའི་དོན་ཟུར་མཆོག།
ཙ་རའི་ལྟ་གྲུབ་དབུ་མའི་ལམ་དུ་བསྐྱོད།།
ཙ་ན་ཀ་ལས་ཆུང་བའི་ལས་དོན་སོགས།།
ཙ་གེ་ཙིག་གེ་དག་ཀྱང་གཟབ་ནན་གྱིས།།
ཙ་ཟགས་ཅ་དངོས་མི་གཏོང་ཚོགས་ཟུར་ཉིད།།
ཚ་ཚ་འུར་འུར་སྲིད་སྤྱིའི་འོས་འདེམས་ཀྱི།།
ཚ་རླབས་ཕྱོགས་བཞི་མཚམས་བརྒྱད་མཆེད་པའི་དུས།།
ཚ་གཅོག་དངོས་དོན་གསུང་གི་སྨན་མཆོག་ཅིག།
ཚ་ངར་ཆེ་སར་གནང་མཁན་ཚོགས་ཟུར་ལགས།།
ཛ་ལང་སྤྱོད་པས་ལ་རྒྱུགས་ལུང་རྒྱུགས་དང་།།
ཛ་རེ་ཛོ་རེས་ལས་ཀ་མི་བྱེད་པར།།
ཛ་དྲག་དོན་དངོས་བོད་རྒྱ་འབྲེལ་མོལ་ལམ།།
ཛ་ཡའི་དགོངས་དོན་སྒྲུབ་ལ་སྤེན་ཚེ་བཟང་།།
ཝ་ཡེ་ད་ལྟའི་སེར་སྐྱ་ཕོ་མོ་རྣམས།།
ཝ་སྐྱེས་གཡོ་སྒྱུའི་ཁྲབ་སྟོན་མི་བྱེད་པར།།
ཝ་སྐད་རྨོངས་པའི་ཀློང་ནས་མི་སྒྲོག་པའི།།
ཝ་ལེར་ཕྱི་ནང་ཀུན་མཚུངས་སྤེན་ཚེ་རེད།།
ཞ་གི་ཞི་གིའི་ད་ལྟའི་སྤྱི་ཚོགས་འདི།།
ཞ་ར་འོན་པའི་ཚུལ་དུ་མི་འཇོག་པར།།
ཞྭ་གོས་ཡ་མ་ཟུང་དུ་མི་འགྲོ་བའི།།
ཞྭ་ལྟར་བཀུར་འོས་སྲིད་སྐྱོང་ཚོགས་ཟུར་འཚམ།།
ཟ་རྒྱག་སྤྱོད་གསུམ་ལས་ལ་མི་བྲེལ་ཞིང་།།
ཟ་བེ་ཟོ་བེའི་ལས་དོན་མི་སྒྲུབ་ལ།།
ཟ་མཁས་སྤྱོད་མཁས་མི་གཤིས་ཡ་རབས་ཤིག །
ཟ་ཟིའི་ཁྲོད་དུ་བརྟན་བརླིང་ཚོགས་ཟུར་བརྗིད།།
འ་ཅག་ལྷ་གཅིག་༸གོང་ས་ཡིད་བཞིན་གྱིས།།
འ་ཆད་འུ་ཐུག་གནས་ལས་སྐྱོབ་ཕྱིར་དུ།།
འ་རི་འུ་རི་མིན་པའི་དབུ་མའི་ལམ།།
འ་འུར་གཏམ་དུ་མི་འཛིན་ཚོགས་ཟུར་མཆོག །
ཡ་བེ་ཡོ་བེའི་ལས་ཀ་མི་བྱེད་ལ།།
ཡ་མ་བརླ་ཡི་གཏམ་གྱིས་མི་བསླུ་ཞིང་།།
ཡ་རབས་གཤིས་བཟང་ཀུན་གྱིས་བཀུར་འོས་པའི།།
ཡ་མེད་སྲིད་སྐྱོང་སྐུ་ངོ་སྤེན་ཚེ་འོས།།
ར་མ་ལུག་གི་ལྟ་བ་མི་འཛིན་ཞིང་།།
ར་རི་གྲིབ་མས་སེམས་ཁམས་མི་སྒྲིབ་པ།།
ར་སྤྲོད་ཁུངས་འཚོལ་ཐུབ་པའི་སྲིད་སྐྱོང་ནི།།
ར་བ་འདི་རུ་སྐུ་ངོ་ཚོགས་ཟུར་ཉིད།།
ལ་དྭགས་ལ་སོགས་ཡུལ་ལུང་ག་ས་གར།།
ལ་བརྒལ་ལུང་བརྒལ་འོས་དོན་མ་ཉུལ་ཡང་།།
ལ་རྒྱའི་ཆོད་སེམས་སྤྱི་པའི་དོན་འཁུར་བའི།།
ལ་ཉེའི་ལྟས་བཟང་སྐུ་ངོ་སྤེན་ཚེ་ལགས།།
ཤ་རུས་གཅིག་པའི་བོད་མི་གནམ་བསྟན་ལ།།
ཤ་ཚ་སྙིང་ཉེའི་གཏམ་གྱི་འོ་མ་ཞིག །
ཤ་དང་རུས་པའི་གསེང་ནས་རྟག་ཐོན་ཏེེེ།།
ཤ་ཞེན་སྤྱི་ལ་བཅང་བའི་ལྷག་བསམ་ཅན།།
ས་གསུམ་སྐྱེ་འགྲོ་དམིགས་སུ་མ་ཚུད་ཀྱང་།།
ས་མཐོ་གངས་ལྗོངས་སེམས་ཀྱི་གཏིང་རུམ་སྟེ།།
ས་ཆུའི་བདག་དབང་བོད་མིར་ཐོབ་ཆེད་དུ།།
ས་ཕྱོགས་གང་སར་དབུ་ལམ་སྐྱོང་མཁན་ཞིག །
ཧ་གོ་དོན་གསལ་གཡང་ལ་མི་མཆོངས་ཤིང་།།
ཧ་རི་ཧུ་རིའི་སྤྱི་དོན་མི་སྒྲུབ་པ།།
ཧ་ལོག་གཏམ་གྱིས་མི་སེམས་མི་འགུག་པས།།
ཧ་ཅང་དཔའ་མཛངས་གཉིས་འཛོམས་སྲིད་སྐྱོང་ཞིག།
ཨ་ཁུ་སྟོན་པའི་གཏམ་རྒྱུད་མི་སྒྲོག་ཅིང་།།
ཨ་གསར་ལས་རིགས་གང་ཡང་མི་བྱེད་པ།།
ཨ་ཆད་ཨུ་ཐུག་མེད་པར་སྤྱི་སེམས་ཅན།།
ཨ་མདོའི་སྤེན་ཚེ་སྲིད་སྐྱོང་འོས་ཤིང་འཚམས།།
ཞེས་གཡུ་སྒང་དགེ་འདུན་གྱིས།
༢༠༢༠ ཟླ་ ༡༡ ཚེས་ ༡༤ ཉིན་བྲིས།
ཀ་ཡེ་གསོན་དང་འོས་ཤོག་འཕེན་མཁན་ཚོ། །
ཁ་བ་ལྗོངས་ཀྱི་སྲིད་སྐྱོང་འོས་འདེམས་འདིར། །
ག་ཚད་བཤད་དང་སུ་ཞིག་འདེམས་བསམ་ཡང་། །
ང་ཚོའི་སྲིད་སྐྱོང་འོས་ཤོས་སྤེན་ཚེ་འདུག །
མྱི་ལགས་ནས་དུས་བབ་ནང་སྤེལ་དོན་དུ།་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས། སྤེན་པ་ཚེ་རིང་ལ་བསྡོམ་བརྒྱབ་པ། ནོར་ཝེ་རླུང་འཕྲིན་ཁང་གི་དྲིས་ལན།་སྤེན་པ་ཚེ་རིང་འདྲ་བོ་ཡིན་ན། ངས་འདི་འདྲ་ཞིག་བསམ་གྱི་འདུག གཅིག་ནས་སྤྱི་ཚོགས་སྒང་ལ་གླེང་གཞི་ཆེན་པོ་ཅན་རེད། གླེང་གཞི་དེའང་དེ་ག་ཙམ་མ་རེད། སྤྱིར་བཏང་གི་ཆ་ནས་བཤད་ཡོང་ན། མི་བསད་པ་དང་། བཟའ་ཚང་བར་གྱི་དཀའ་ངལ་དང་། དཔེ་ཤག་གི་དཀའ་ངལ་དེའི་རིགས་དེ། སྤེན་པ་ཚེ་རིང་གིས་བྱས་ཡོད་མེད་ལ་མ་བསྟུན་པར། དེའི་རིགས་དེ་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་གསལ་ཁ་གཅོད་ནས་སྤྱི་ཚོགས་སྒང་ལ་འགྲོ་དགོས་རེད་མ་གཏོགས། དེ་འདྲའི་མིང་ཆད་ཚབས་ཆེན་ཡོད་པ་ཞིག་སྲིད་སྐྱོང་ལ་སླེབ་པ་ཡིན་ན། དེ་བོད་རྒྱ་ཆེན་མི་མང་གི་སྤྱིར་བཏང་གི་འགྲོ་སྟངས་ཁོ་རང་གི་ཐོག་ནས་འགྲིག་གི་ཡོད་མ་རེད། དེ་གསལ་པོ་གཅིག་རེད། ཅེས་པ་གཟིགས་མེད་པ་འདྲ་འདུག
ཡང་ཟླ་ཤས་གོང་དུས་བབ་ནང་སྤེན་པ་ཚེ་རིང་ལ་གཞས་རྩོམ་པ་ཞིག་ས་སྐྱ་༸གོང་མ་རིན་པོའི་འཁྲུངས་སྐར་སྐབས་སུ་ཁོང་གི་དྲ་རྒྱའི་ནང་བཅུགས་པའི་རྙོག་ཁྲ་ཤིག་ཀྱང་བྱུང་སོང་ངས་རྩད་ཞིབ་ཀྱི་བརྙེད་ན་འདིར་མཉམ་སྦྱར་ཞུ་དགོས་བསམ་ཀྱང་རག་མ་སོང་། གང་ལྟར་ཡང་སྤེན་ཚེ་མི་རྙོག་ཁྲ་ཅན་ཞིག་ཡིན་པས་སྲིད་སྐྱོང་འོས་བླུགས་མཁན་ཡོད་ན་གཟབ་རྒྱུ་གལ་ཆེ་རེད། བོད་སྤྱི་པའི་ལས་དོན་དང་༼་་་་་༧རྒྱལ་མཆོག་གི་དགོངས་གཞི་ལ་བསྟུན་དགོས་རྒྱུ་ནི་ཤིནཏུ་ནས་གལ་གནད་མ་རེད་དམ།།
བོད་པའི་གཏམ་དཔེ་ལ། སྐད་ཆ་ཁུངས་ལུང་མེད་པ་བཤད་མཁན་ནི་ཀླད་སྟོང་ཡིན་ཟེར་སྲོལ་ཅིག་ཡོད་རེད།
༄༅། མཐུན་སྒྲིལ་མཐུན་སྒྲིལ་མ་ཟེར་མཐུན་སྒྲིལ་རང་གིས་མ་བྱས། ་་་་་དྲང་བདེན་དྲ་བདེན་མ་ཟེར་དྲང་བདེན་རང་གི་མ་བྱས།
ཁྲིམས་སྒྲིག་ཁྲིམས་སྒྲིག་མ་བརྗོད་ཁྲིམས་སྒྲིག་རང་གི་མ་སྲུང།
མཁས་མཛངས་མཁས་མཛངས་ཟེར་ནས་རང་གིས་རང་བཀྱགས་བྱས་པ།
ཪ་ཕོ་རང་མཐོང་ཆེ་ཞིང་ཨོག་མའི་འོག་ནས་ཉི་ཤར།
ཅ་མ་ཟིག་གི་མི་ལ་བཟོད་སྲན་བརྟན། །
ཆ་རྐྱེན་ཡོངས་རྫོགས་ཚང་བའི་སྲིད་སྐྱོང་ཞིག །
ཇ་ཆང་ཙམ་ལ་མགོ་བོ་མ་འཁོར་བར། །
ཉ་རྒྱས་ཟླ་བ་དེ་ནི་སྤེན་ཚེ་ལགས། །
ཏྰ་ལའི་བླ་མའི་ཐུགས་དགོངས་སྒྲུབ་ལ་མཁས། །
ཐ་ཤལ་རྒྱ་ཁྱིར་སྐྱོན་འཛུགས་བྱེད་ལ་མཁས། །
ད་ལན་སྲིད་སྐྱོང་རྩོད་མེད་བསྐོ་འདོད་ན། །
ན་ཚོད་མ་རྒས་སྤེན་ཚེ་མཆོག་ཉིད་དོ། །
པ་ཕ་བཟང་པོའི་སེམས་གཤིས་ཁྱོད་ལ་འཇགས། །
ཕ་དང་བུ་ཡི་ལས་འགན་ཁྱོད་ཀྱིས་ཤེས། །
བ་གླང་འདྲ་བའི་རྒྱ་མིར་ཁྱོད་ཀྱིས་རྩོད། །
མ་ཉེས་ཁ་ཡོགས་རྒྱལ་མཁན་སྲིད་སྐྱོང་དགོས། །
སུ་ལ་ཡང་མ་བསྟོད་། རང་གིས་རང་བཀྱགས་ན་། སྐྱག་པས་རྐུབ་བཀྱགས་པ་ལྟར་རེད།
སུ་གཅིག་ལའང་སྐྱོན་ནོར་མེད་པ་མི་སྲིད། ཁོ་གནམ་ལ་ཕུར་གྱི་རེད་ཟེར་ན་ཧམ་བཤད་རང་རེད།
གཤོག་པ་གཏན་ནས་མེད་པར་གནམ་པ་འཕུར་གྱིེ་རེད་ཟེར་ན་། ཤེས་ལྡན་པ་ཞིག་སུ་ཞིག་གི་ཡིད་ཆེས་
བྱེད་དམ། ཀླད་སྟོང་པ་ཡིན་ན་ནི་གང་ཤེས།
ཙ་རིའི་གནས་སྐོར་ལམ་ཆེན་དབུ་མའི་ལམ། །
ཚ་ངར་ཆེན་པོས་བོད་དོན་སྒྲུབ་ལ་མཁས། །
ཛ་དྲག་ལས་བྱེད་བོད་རྒྱ་འབྲེལ་མོལ་མོལ། །
ཝ་སྐྱེས་རང་བཙན་རྩོད་མཁན་ཐེར་འདོན་མཛད། །
ཞྭ་ལྟར་བཀུར་འོས་སྲིད་སྐྱོང་ཚོགས་ཟུར་དགོས། །
ཟ་མཁས་སྤྱོད་མཁས་མི་གཤིས་ཡ་རབས་དགོས། །
འ་ཅག་ལྷ་གཅིག་༸གོང་ས་ཡིད་བཞིན་དགོས། །
ཡ་མེད་སྲིད་སྐྱོང་སྐུ་ངོ་སྤེན་ཚེ་དགོས། །
ར་སྤྲོད་ཁུངས་འཚོལ་ཐུབ་མཁན་སྤེན་ཚེ་རེད། །
ལ་རྒྱའི་ཆོད་སེམས་ཡོད་མཁན་སྤེན་ཚེ་རེད། །
ཤ་ཞེན་ཆོལ་གསུམ་ཁྱབ་མཁན་སྤེན་ཚེ་རེད། །
ས་གོལ་གང་སར་སླེབ་མཁན་སྤེན་ཚེ་རེད། །
ཧ་ཅང་སྨྲ་མཁས་ནང་དགྲ་ཕྱི་དགྲ་ཤེས། །
ཧ་གོ་དོན་རྟོགས་ཡོད་པའི་སྤེན་ཚེ་མཆོག །
ཧ་ལོག་མི་ལ་རང་འོས་མ་འཕེན་པར། །
ཧ་ཧ་ཧི་ཧི་ངང་ལ་སྤེན་ཚེར་འཕེན། །
ཨ་ཁུ་སྟོན་པའི་རྣམ་ཐར་བློ་སེང་བསྟན། །
ཨ་མདོ་མིན་པའི་མངའ་རིས་ཀརྡོ་ངས། །
ཨ་མདོ་སྤེན་ཚེ་སྲིད་སྐྱོང་འཁོད་ཕྱིར་དང་། །
ཨ་མདོ་༸གོང་ས་མཆོག་དེ་རྒྱལ་ཕྱིར་བྲིས། །
དེ་རིང་ལྷག་པ་དཀར་པོའི་ཉིན་མོ་འདིར། །
༸གོང་ས་མཆོག་གིས་རེ་བཅང་བློ་སེང་དང་། །
ཚོགས་ཟུར་སྤེན་ཚེར་གཅིག་སྨད་གཅིག་བསྟོད་འདི། །
༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་ཕྱིར་སྤེལ། །
ཀརྡོ་རབ་འབྱམས་པ་ལགས་ཀྱིས་ཀ་རྩོམ་གྱི་མཆན་འགོད་གནང་བར་ཐུགས་རྗེ་ཆེ་ཞུ།