ཤར་ཕྱོགས་ཁུག་རྟ།
སྐུ་ངོ་རྒྱལ་ལོ་དོན་གྲུབ་ཀྱི་སྐུ་ཚེའི་ལོ་རྒྱུས༼ཀ་ལི་སྤུང་གི་ཐུག་བཟོ་བ་༽ནི་དེང་བོད་མིའི་སྤྱི་ཚོགས་ཀྱི་གླེང་གཞི་ཆེ་གྲས་ཤིག་ཏུ་གྱུར། དེ་འབྲེལ་གྱི་གསར་འགྱུར་གཙོས་པའི་བསམ་ཚུལ་ཆེ་ཕྲ་ཕལ་མོ་ཆེ་མིག་ལམ་དུ་གྱུར་བར་འབད་བརྩོན་བྱས། ངྷ་རམ་ཤཱ་ལར་དེབ་དེ་ཉོ་རྒྱུ་རེག་མཚམས་མཉམ་དུ་གཉིས་ཉོས་ཏེ། གུང་གསེང་དང་བསྟུན་ནས་བམ་ཀློག་ཕྲན་བུ་རེ་བྱས། སོ་སོས་གོ་བ་དེ་ཏག་ཏག་བསྡད་ཡོད་མེད་ལ་དོགས་ནས་དེབ་དེ་གཉིས་གྲོགས་པོ་གཉིས་ལ་སྤྲད། ཡིན་ནའང་གྲོགས་པོ་དེ་གཉིས་ཀྱི་མཉམ་དུ་སླར་ཡང་ཁ་བརྡ་ཞུ་ཐུབ་མ་སོང་།
ཁ་བརྡ་མ་ཞུས་པའི་བར་འདིར་ཏག་ཏག་གྱ་སྟོན་དང་འབྲེལ་ཏེ་རྒྱལ་ལོ་དོན་གྲུབ་དང་ཁོང་གི་དེབ་ཀྱི་སྐོར་ལ་ཇ་ཁ་ཆང་ཁ་ཡན་ན་གླེང་སློང་འདྲ་མིན་ཡོང་གི་ཡོད་པ་ཐོས། མདོ་སྨད་ཀྱི་སྐུའི་གྱ་སྟོན་ཉིན་གསུམ་པར་མདོ་སྨད་ཆོལ་ཁའི་དབུས་རྒྱུན་ལས་ཚོས་རྒྱལ་ལོ་དོན་གྲུབ་ལགས་ལ་གཟེངས་རྟགས་ཁ་ཤས་ཕུལ་སོང་བ་སོ་སོས་དངོས་སུ་མཐོང་བས། ཁོང་དང་ཁོང་གི་དེབ་འདིའི་ནང་གི་བརྗོད་དོན་ཁ་ཤས་ཐད་བསམ་ཚུལ་ཉུང་ངུ་རེ་བརྗོད་འདོད་འགོག་མེད་དུ་སྐྱེས།
སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཟེར་ན། བོད་མི་གསར་འབྱོར་མདོ་སྨད་པ་ཕལ་མོ་ཆེས་ཆབ་སྲིད་མཁས་པར་ཐེ་ཚོམ་མེད་པར་བརྩི་ལ། བཙན་བྱོལ་ནང་གི་མི་ཐོག་རྒན་པ་ཚོའི་བཤད་ཕྱོགས་ལ་བརྟེན་ནས་བསམ་ཚུལ་དེ་ནི་ེདེ་བས་ཀྱང་ཡང་དག་པར་རློམ། དེའི་ཚད་གཞི་ནི་ཁམས་པ་ཚོས་ཁྲི་ཟུར་ཞིང་གཤེགས་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ལགས་ལ་ངོས་འཛིན་བྱེད་པ་དང་གཅིག་པ་རེད། མདོ་སྟོད་སྨད་ཀྱི་གནད་ཡོད་དང་མི་མང་ནང་བོད་དོན་ལ་དོ་སྣང་གང་འཚམ་རེ་ཡོད་མཁན་ཚང་མས་སྐུ་ངོ་རྒྱལ་ལོ་དོན་གྲུབ་དང་སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གཉིས་ཆབ་སྲིད་མཁས་པར་མི་བརྩི་བ་མེད་ལ། རྒྱུ་མཚན་ཡོད་མེད་ཅི་རིགས་ཀྱིས་ཁོང་གཉིས་ལ་མངོན་པར་བསྟོད་ཅིང། ཁོང་གཉིས་ཀྱི་བསམ་ཚུལ་དང་ལངས་ཕྱོགས་༼མང་ཆེ་བས་དོ་སྣང་ཞིབ་ཚགས་བྱས་མེད།༽ཀྱི་རྗེས་སུ་རྒྱུགས་ཏེ། ཕྱོགས་རིས་ཀྱི་རྣམ་འགྱུར་སྟོན་དགོས་ཤར་ཡང་སྡིག་པ་མིག་བཙུམས་རྒྱག་མཁན་མང་པོ་བྱུང་ཡོད་ལ། ད་ལྟ་ཡང་དེའི་མཚམས་ཆད་མེད།
སྐུ་ངོ་རྒྱལ་ལོ་དོན་གྲུབ་ཀྱི་དེབ་འདི་དང་འབྲེལ་ནས། སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་དེབ་ནང་ཆིག་སྒྲིལ་ཚོགས་པའི་སྐོར་འཁོད་པ་དེར་དཔྱད་གཞི་གཞན་ཞིག་རེག་མིན་ལ་རེ་བ་བྱེད་མཁན་མང་ནའང། འཚོ་ཁག་བཅུ་གསུམ་དང་ཆུ་སྒང་རྙོག་གླེང། གློ་དམག་སྒར། གུར་སེར་པོ་སོགས་ཀྱི་སྐོར་བྲིས་མེད་པས། ཁག་ཅིག་གིས་ལོ་རྒྱུས་ཁ་མ་ཚང་བར་ངོས་འཛིན་ཞུ་བ་དང། རེ་འགས་ནང་ཁུལ་གྱི་རྙོག་གླེང་དེ་རིགས་ཀྱིས་སྤྱི་བའི་རྩ་དོན་ལ་ཕན་པ་མེད་པ་གསལ་བོ་ཡིན་ཅིང། སྐད་ཅ་ཇེ་མང་དུ་སོང་ན་ནང་ཁུལ་མི་མཐུན་པའི་ན་ཚ་ཇེ་ཆེར་འགྲོ་ངེས་པ་ཚོད་དཔག་གནང་སྟེ་མ་བྲིས་བར་ངོས་འཛིན་བྱེད་མཁན་ཡང་བྱུང་ཡོད།
བཙན་བྱོལ་སྤྱི་ཚོགས་ནི་མ་གཞི་ནས་ཟུར་གསུམ་ཞིག་ཡིན་པས། ཟུར་རེ་རེའི་བར་ན་དག་མིན་ཐབས་ཤེས་མ་བཏང་བའི་བཀྲུ་བྱ་བཙོག་པ་འགའ་སྦས་པའི་ཚུལ་དུ་ཡོད་པ་ནི། བོད་མི་ཚོ་ཐོག་མར་སྣེ་ལེན་ཁང་དུ་འབྱོར་བ་ནས་བཤད་ཡམས་ཤིག་འགོས་མགོ་བརྩམས་ཤིང། བཤད་ཡམས་དེ་ནི་སྡེ་བ་གཞུང་གི་སྐུ་དྲག་ག་གེ་མོར་ཆོལ་གསུམ་གཅིག་སྒྲིལ་གྱི་ཕུགས་བསམ་མེད་མདོག་མདོག ཁམས་པའི་མི་དྲག་རེ་འགར་རང་ཁེ་རང་ཤེད་ཆེ་དྲག་ནས་མགོ་ན་ཨ་དང་རྗེས་ན་ཧཱུམ་མེད་ཚུལ། ཨ་མདོ་བ་ཚོ་དབུས་ཀྱི་སྐུ་དྲག་ཚོས་བེད་སྤྱོད་བཏང་སྟེ་རང་དོན་སྤྱི་དོན་གཉིས་ཀ་འཁྱོང་གི་མི་འདུག་ཅེས་པ་དེ་རེད། ཐ་ན་བཤད་ཡམས་འདིའི་གཟུགས་བརྙན་བཙན་བྱོལ་གྲོས་ཚོགས་ནང་མངོན་གསལ་ཆགས་ཡོད་པ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་དེབ་ནང་བྲིས་འདུག
བཤད་ཡམས་འདི་དག་ལ་སྐུ་ངོ་རྒྱལ་ལོ་དོན་གྲུབ་དང་སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་སོགས་ཀྱིས་སྐྱེད་བྱེད་གནང་ཡོད་ནའང། རྙོག་གླེང་དེ་རིགས་ནི་མེད་པ་བཟོ་བ་དང་གད་སྙིགས་ནང་འཕེན་པའི་བསམ་ཚུལ་ཞིག་ད་དུང་མངོན་གྱི་མེད་པས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲ་བརྟན་དང་བོད་སྤྱིའི་ནུས་པ་ཕྱོགས་གཅིག་ཏུ་སྤུངས་རྒྱུར་མུ་མཐུད་ནས་བར་ཆད་ཐེབས་བཞིན་པ་མ་ཟད། ༧གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལྟ་བུའི་རླབས་ཆེན་དབུ་ཁྲིད། བོད་སྤྱི་པ་ཁོ་ནའི་ཆེད་མཛད་རྗེས་གཟེངས་སུ་ཐོན་པ་འཇོག་མཁན་དག་གི་ཐུགས་འདུན་མངོན་འགྱུར་ཡོང་བར། བར་ཆད་འཕྲད་བཞིན་པ་ནི་འགེབས་ཐུབ་མེད་པ་ཞིག་རེད། ཐ་ན་མི་རེ་འགས་རང་བཙན་རྩོད་དགོས་དོན་དང་དོལ་འདྲེའི་རྗེས་སུ་འབྲངས་དགོས་དོན་དང་དེ་དག་ཁ་ལ་འཁྱེར་བར་ན་ཚ་རྙིང་པ། བཤད་ཡམས་བཙོག་པ་འདི་དག་གིས་མཐུན་འགྱུར་གནང་གི་ཡོད།
བཤད་ཡམས་འདི་དག་གིས་དོན་དངོས་པོར་བཙན་བྱོལ་གཞུང་གི་སྲིད་དོན་བྱུང་རབས་ནང་གལ་ཆེའི་གནས་བབ་གང་ཡང་ཟིན་གྱི་མེད་ནའང། རྩ་དོན་ལམ་དུ་ལྷོང་རྒྱུའི་འགལ་རྐྱེན་དུ་འགྲོ་བའི་ཚད་ནི་ཇེ་ཆེར་འགྲོ་བའི་རྟགས་མཚན་ཞིག་ཀྱང་འདུག་སྟེ། ན་ཚ་འདི་དག་དེང་སྐབས་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུ་ཆེན་མོའི་ནང་སིམ་འཛུལ་བྱེད་དང་བྱེད་བཞིན་པ་རེད་ལ། མ་འོངས་པའི་བཙན་བྱོལ་སྒྲིག་འཛུགས་བརྟན་གནས་ཡོང་ཐབས་ཅི་རེད་ཅེས་དྲི་བ་ཞིག་ཡོད་ན། གོམ་པ་དང་པོ་བཤད་ཡམས་ན་ཚ་འདི་དག་མེད་པ་བཟོ་དགོས་པ་དང། གོམ་པ་གཉིས་པ་༧གོང་ས་ཆེན་པོའི་ལམ་སྟོན་སྙིང་བཅངས་ལག་བསྟར་ཚད་ལྡན་ཞུ་དགོས་པ་དེ་རེད།
སེམས་འཚབ་འདི་དག་གིས་ངས་སྐུ་ངོ་རྒྱལ་ལོ་དོན་གྲུབ་དང་སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ལྟ་བུ། སྐྱེ་བའི་དུས་ནས་ཆབ་སྲིད་ལས་དོན་ཐད་ཁོར་ཡུག་རང་བཞིན་གྱིས་ཡོད་པ་དག་ནི་ཆབ་སྲིད་མཁས་པ་ཡིན་མིན་ལ་བསམ་བློ་མང་པོ་བཏང་མྱོང་ཞིང། བཙན་བྱོལ་བོད་མི་ཚོའི་སེམས་པའི་ངོས་སུ་བག་ཆགས་མཐུག་པའི་ངོས་འཛིན་དེ་དག་ཚད་ལྡན་ཞིག་མིན་པ་ནམ་ཡང་དྲན་གྱི་ཡོད། ངེད་རང་སྐུ་ངོ་རྒྱལ་ལོ་དོན་གྲུབ་ལགས་ལ་ཐོག་མར་དོ་སྣང་བྱུང་ས་ནི། ཁོང་ནན་ཅིན་དུ་ཡོད་དུས་ནས་བོད་གསར་བརྗེའི་འདུན་པ་ཞིག་ཡོད་པར་གོ་ཞིང། མཐར་ལྷ་སར་སླེབས་མ་ཐུབ་པར་རྒྱ་གར་ནས་འདུག་དགོས་ཤར་པ་སོགས་ཀྱི་གནས་ཚུལ་དེ་ཡིན། ཕྱིས་སུ་ཞིབ་འཇུག་སྐབས་དེ་ཙམ་ངེས་པ་མ་རྙེད།
དེའི་རྗེས་ནི་༢༠༠༦ ལོར་ངེད་རང་སློབ་གྲྭར་འགྲོ་དུས་ཁོང་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་དྭང་བླངས་ཐོག་བོད་རྒྱ་འབྲེལ་མོལ་གྱི་གནས་ཚུལ་གསུངས་པ་དེ་རེད། དེའི་སྐབས་ཁོང་གིས་རྒྱ་ནག་གི་སྒོར་སྐར་མ་གང་ཡང་བླངས་མ་མྱོང་གསུངས་པ་དེ་དམིགས་བསལ་སེམས་ལ་ཟུགས་ཏེ་ནམ་ཡང་མི་བརྗེད་པ་ཞིག་ཏུ་གྱུར།
དོ་སྣང་བྱུང་ས་གསུམ་པ་ནི་༢༠༠༨ དང་ ༢༠༠༩ གཡས་གཡོན་ལ་ཨ་ལགས་འཇིགས་མེད་ཁོང་ཚོས་བཀའ་ཟུར་ལྷན་ཚོགས་ཟེར་བ་ཞིག་འཚོགས། སྐབས་དེར་ཁོང་དུས་བབ་གསར་ཁང་དུ་དྭང་བླངས་ཐོག་བཅར་ཏེ་སྐུ་ཚབ་ཚོས་བརྡ་འཕྲོད་ཀྱི་ཡོད་མེད་སོགས་གསུངས་པ་དེ་ཡིན། དེའི་སྐབས་བཀའ་ཟུར་ལྷན་ཚོགས་ཀྱི་གནང་སྟངས་དེ་བྱིས་པ་བསམ་མེད་ལྟར་ཡིན་པ་སྐབས་དེ་དུས་བོད་ཀྱི་བང་ཆེན་ནང་རྩོམ་ཡིག་ཅིག་ཀྱང་བྲིས་པས་ནུས་པའང་ཐོན་སོང།
བཞི་པ་ནི་ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐབས་དགོང་མོའི་གསོལ་ཚིགས་ཤིག་གི་སྐབས་ཁོང་གིས་གཏམ་བཤད་རྒྱུན་རིང་ཙམ་གནང་བ་བཅས་ཀྱིས། ང་ལ་ཁོང་དང་འབྲེལ་བའི་ཡིག་ཚགས་ཁག་ལ་ལྟ་དགོས་པའི་སྐུལ་མ་ཐོབ་བྱུང་ལ། ཡིག་ཚགས་བཙལ་འཚོལ་གྱི་རྒྱུད་རིམ་ནང་ལག་ཏུའང་མང་པོ་ཐོབ་བྱུང། ཚང་མར་ཞིབ་ཚགས་ཀྱིས་མཇལ་སྐལ་ཡང་བྱུང།
རྗེས་སུ་ངས་དཔེ་མཛོད་ཁང་གིས་དཔར་པའི་ངག་རྒྱུན་ལོ་རྒྱུས་ཁག་དང་ལྷག་པར་དབུ་མའི་ལམ་གྱི་བོད་རྒྱ་འབྲེལ་མོལ་གྱི་བྱུང་རིམ་ཧྲིལ་བོར་ཞིབ་འཇུག་ཞུ་སྐབས། རྒྱལ་ལོ་དོན་གྲུབ་ཐད་ངའི་རྩོམ་གྲོགས་དང་གནད་ཡོད་ཁ་ཤས་མཉམ་ཉིན་རེ་ནས་ཉིན་རེར་ལྟ་ཚུལ་འགལ་ཟླར་འགྲོ་གི་ཡོད། དེ་རྣམས་ཞིབ་ཏུ་འདིར་གླེང་དགོས་དོན་མི་འདུག་ཀྱང། དཔེར་ན་ང་ལ་དོགས་པ་བྱུང་བ་གཅིག་ནི་ཁོང་གིས་གངས་སྐྱིད་ནས་ཕྱག་ལས་གནང་སྐབས་མཚམས་རེར་རང་ཉིད༧རྒྱལ་བ་རིན་པོ་ཆེ་ལས་ཀྱང་མཁྱེན་རྒྱ་ཆེ་བའི་རྣམ་འགྱུར་བསྟན་མེད་དམ་སྙམ། དེ་ནི་ད་ཐེངས་ཁོང་གི་དེབ་ནང་༧ཀུན་གཟིགས་བཅུ་པ་ཆེན་པོའི་སྐོར་བཤད་སྟངས་དེས་ངེད་ལ་དོགས་པ་ཆེ་རུ་ཕྱིན།
ཚང་མས་ཤེས་གསལ་ལྟར། རྒྱལ་ལོ་དོན་གྲུབ་ལགས་ལ་༧པན་ཆེན་བཅུ་པ་ཆེན་པོར་ཕྱག་འཚལ་གུས་ཞབས་ཞུ་མི་དགོས་པའི་རྣམ་དཔྱོད་དང་བྱས་རྗེས་ཅི་ཞིག་ཡོད་དམ། ངས་༧ཀུན་གཟིགས་མཆོག་བླ་མ་ཡིན་པས་ཆོས་དད་ཀྱི་སེམས་ཁམས་འཁྱེར་ནས་ཞུ་གི་མེད། ༧པན་ཆེན་བཅུ་པ་ཆེན་པོས་རང་ཉིད་བོད་ཀྱི་ཆེད་ཕང་མེད་བཏང་བ་ནང་བཞིན་སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་གིས་གནང་མེད། མཛད་རྗེས་མིག་ལ་མཐོང་རྒྱུ་ཡོད་པའི་ངོས་ནས་ཀྱང་ནམ་ཡང་༧པན་ཆེན་རིན་པོ་ཆེ་དང་བསྡུར་ཐབས་མེད་པ་གསལ་བོ་རེད།
ཡང་ཕྱོགས་གཞན་ཞིག་ནས་བཤད་ན། རྒྱལ་ཁབ་དང་མི་རིགས་སྐྱོང་བའི་མཁས་མཛངས་ཕུལ་དུ་བྱུང་བའི་དབུ་ཁྲིད་ཅིག་ཡིན་ན། མིའི་མདུན་སར་གུས་ཞབས་དང་ཆེ་མདོག་བསྟན་པ་གཉིས་ལས་གང་ཡོན་ཏན་དུ་འགྲོ་མིན་ནི་༧གོང་ས་མཆོག་གིས་ང་ཚོར་བསླབ་བྱ་གནང་ཟིན་པ་ཞིག་རེད། ༧གོང་ས་ལྔ་པ་ཆེན་པོས་ཀྱང་མི་ཐི་ལའི་ཕྲེང་མཛེས་ནི་བོད་ཀྱི་ཆབ་སྲིད་གཞུང་ལུགས་ཤིག་ཏུ་ཁོ་བོས་མཐོང་གི་ཡོད་ཅིང། དེའི་ནང་དཔོན་གྱིས་དམངས་སེམས་དང་བསྟུན་ཚུལ་ག་ཚོད་གསུངས་མི་འདུག་གམ།
མ་གཞི་ནས་༧བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་རྒྱལ་ལོ་དོན་གྲུབ་གཉིས་ལ་བོད་མིས་དད་མོས་ཡིད་ཆེས་བྱེད་སྟངས་ནི། སྔ་མ་དེ་དང་པོ་ནས་སྤྲུལ་སྐུ་ཡིན་པས་མིན་ཅིང། ཁོང་ལ་དང་པོར་སྤྲུལ་སྐུ་རྫུན་མའི་མིང་ཡང་བཏགས་ཡོད། རྗེས་སུ་ཁོང་གིས་རང་ཉིད་བོད་མི་རིགས་ཀྱི་ཆེད་བློས་བཏང་བའི་སྙིང་སྟོབས་ཞུམ་པ་མེད་པ་དང། མི་གཤིས་ཡིད་རྟོན་བློས་འགལ་རུང་བ། བཙོན་དོང་ནས་ཡུན་རིང་བཞུགས་པ། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་བ། ༧གོང་ས་མཆོག་ལ་དད་དམ་གཡོ་མེད་གནང་པ་བཅས་ལ་བརྟེན་ནས་བྱུང་ཞིང། ཕྱི་མ་དེ་སྐུའི་གཅེན་པོ་ཡིན་པས་རྒྱུ་མཚན་གྱིས་ཡིན་ལ། ལྷག་པར་༧གོང་ས་མཆོག་གི་སྐུའི་གཅེན་པོ་ཡིན་པའི་བསོད་ནམས་དང་སྤོབས་པར་བསམས་ན་དེ་བས་ཀྱང་༧ཀུན་གཟིགས་མཆོག་ལ་ཕྱག་འཚལ་ནས་གུས་ཞབས་ཞུ་དགོས་པ་ཞིག་ཡིན་པ་ཚང་མས་ཤེས་གསལ་རེད། རྒྱུ་མཚན་འདིས་ནི་ངས་ཁོང་ཆབ་སྲིད་པ་མཁས་ཆེན་ཡིན་མིན་ལ་དེ་བས་ཀྱང་རེ་དོགས་ལུ་གུའི་རྒྱུད་དུ་སོང།
དེ་ལས་ཀྱང་བོད་སྤྱིའི་རྩ་དོན་དང་འབྲེལ་བ། ༧གོང་ས་ཆེན་པོའི་རླབས་ཆེན་མཛད་འཕྲིན་དང་འབྲེལ་བ་ཞིག་ལ། ༧ཀུན་གཟིགས་པན་ཆེན་བཅུ་པ་ཆེན་པོའི་ཡང་སྲིད་ངོས་འཛིན་གནང་སྟངས་སྐོར་རེད། གནད་དོན་འདིའི་ཐད་སྐུ་ངོ་རྒྱལ་ལོ་དོན་གྲུབ་ལགས་ནས་༧གོང་ས་མཆོག་ཐུགས་ནོར་བྱུང་ཚུལ་བཤད་འདུག དངོས་ཡོད་གནས་ཚུལ་ལྟར་ན་རྒྱལ་ལོ་དོན་གྲུབ་མཆོག་སྒེར་དང་གཞུང་ཅི་རིགས་ཀྱི་མིང་ཐོག་ནས་པེ་ཅིན་དུ་ལན་མང་ཕེབས་པའི་རྒྱུད་རིམ་ནང། ༧པན་ཆེན་ཆུང་སྲིད་རིན་པོ་ཆེའི་ངོས་འཛིན་ཐད་མགོ་མཇུག་བར་གསུམ་ཆ་ཚང་དུ་ཕྱོགས་གཉིས་ཀྱི་ཟམ་པ་གནང་མི་འདུག
ཡང་མཚམས་ལན་རེར་༧གོང་ས་མཆོག་གིས་ཁྱེད་རང་འགྲོ་ན་སྐུ་ཚབ་མིན་པར་སྒེར་གྱི་མིང་ཐོག་ནས་སོང་ཞེས་བཀའ་ཡང་ཕེབས་དགོས་ཐུག་པ་ལན་གྲངས་གཅིག་མིན་པ་འདྲ། གང་ལྟར་རྒྱུད་རིམ་ཉོག་འཛིང་ཅན་དེས་བཀའ་ཤག་ནས་༼རྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་༽གི་སྲིད་བྱུས་གཏན་འབེབས་གནང། སྲིད་བྱུས་འདི་བཏོན་རྗེས་༧གོང་ས་མཆོག་གིས་སྐུ་ངོ་རྒྱལ་ལོ་དང་འཇུ་ཆེན་སུ་ཡང་སྐུ་ཚབ་ཏུ་བསྐོ་བཞག་གནང་མེད་པ་འདྲ། གལ་སྲིད་སྐུ་ངོ་རྒྱལ་ལོ་དོན་གྲུབ་ལགས་ཆུང་སྲིད་ངོས་འཛིན་ཐད་ཀྱི་རྒྱ་ནག་དང་འབྲེལ་བ་གནང་མཁན་གྱི་འགན་ཡོད་དུ་དམིགས་འཛུགས་གནང་ཡོད་ན། སྐུ་ངོ་རྒྱལ་ལོ་རང་ཉིད་ཀྱིས་གསུངས་པ་ལྟར་ནུབ་ཅིག་སྐུ་སྒེར་དྲུང་ཆེ་རྟ་ར་མཆོག་གིས་གློ་བུར་ཁ་པར་སླེབས་ནས་དེ་ལྟར་འགྱུར་བ་གཏོང་སྲིད་དམ། ༧གོང་ས་ཆེན་པོས་ཅི་ཙམ་གཟབ་ནན་གནང་ཡོད་པ་ཡོངས་གྲགས་ཡིན་སྟབས། ཅིའི་ཕྱིར་སྐུ་ངོ་མཆོག་ནས་བཀའ་མོལ་རྒྱ་ནག་གི་ལག་ཆ་འདི་འདྲ་གསུངས་བ་ཡིན་ནམ།
དེ་ལྟར་སྔོགས་པར་གྱུར་ཚེ་ཏན་ཏན་སྐུ་ངོ་མཆོག་གིས་རྒྱ་ནག་དང་འབྲེལ་བ་གནང་བའི་རྒྱུད་རིམ་ཡོད་ཚད་སྔོགས་དགོས་ཤར་སྲིད་པས། དེ་ནི་ཧ་ཅང་མགོ་ཉོག་ཚ་པོ་ཞིག་ལོས་ཡིན་བསམས་ལ། གུས་པ་ཞིབ་འཇུག་པ་ཞིག་ཡིན་པའི་ཆ་ནས་འདིའི་སྐོར་ལ་བསམ་ཞིབ་བྱེད་སྐབས་ནམ་ཡང་ཡིད་ཁ་བཀང་གི་མེད།
སྐུ་ངོ་ས་དབང་ཆེན་མོ་ཞེས་མངོན་པར་བསྟོད་པ་ཞིག་གིས་བཀའ་མོལ་འདི་ལྟར་གནང་སྟེ་ང་ལྟ་བུའི་སེམས་ཁམས་ཀྱང་མོག་མོག་བཟོས་པའི་སྐབས་དེར། ཡང་གྱ་སྟོན་ཉིན་གསུམ་པར་རྗེ་བཙུན་པདྨས་མངའ་རིས་རིན་པོ་ཆེ་གྱ་སྟོན་གྱིས་ཐུགས་འདུན་ཁེངས་ནས། དེ་རིང་ནས་བཟུང་ཨ་མདོ་བ་ཡིན་ཟེར་གྱི་ཡིན་སྐད་གསུངས་པ། གཞན་ཡང་༧གོང་ས་མཆོག་གི་བཀའ་སྒྲུབ་དགོས་ཚུལ་ནན་བཤད་གནང་བ། རིན་ཆེན་མཁའ་འགྲོས་བོད་ཀྱི་སྐད་ཡིག་དང་རིག་གནས་ཐད་དམིགས་བསལ་བཀའ་སྒྲུབ་དགོས་ཚུལ་གསུངས་པ་བཅས་ཀྱིས། གཏམ་བཤད་གནང་མཁན་གྱིས་གཏམ་བཤད་གནང་མཁན་ལ་ར་སྤྲོད་དྲན་སྐུལ་གསལ་བོ་བཏང་སོང་སྙམ་པ་སྐབས་དེར་དངོས་སུ་མཐོང་ནའང། རྗེ་བཙུན་པདྨས་འཁྱེར་ཡོང་བའི་མངའ་རིས་རིན་པོ་ཆེའི་བཀའ་དེ་དེ་ལྟར་གནང་ཡོད་ན་མི་རྣམས་གད་མོ་ཤོར་ངེས་རེད།
མངའ་རིས་རིན་པོ་ཆེས་རང་ཉིད་ཨ་མདོ་མིན་ལབ་ན་མིན་པ་དང་ཡིན་ལབ་ན་ཡིན་པར་གྱུར་འགྲོ་བ་འདི་འདྲའི་དཔེ་ཞིག་སྲིད་པ་ཆགས་པ་ནས་བོད་ལ་བྱུང་མྱོང་ངམ། རིགས་རུས་དང་ལུང་ཚན་འབྱེད་ཆོས་ཀྱི་རིགས་པའི་གཞུང་ལུགས་ནང་ཡོད་སྲིད་དམ། དྲང་མོར་ཞུས་ན་༧གོང་ས་ཐམས་ཅད་མཁྱེན་པ་མཆོག་ལྟ་བུ་ལ་ཨ་མདོ་ཡིན་པའི་སྤོབས་པ་ཏི་སེ་གངས་ལྟར་མཐོ་བའི་སྐབས་འདིར། ཨ་མདོའི་ལོ་རྒྱུས་ནང་སྐྱེས་བུ་སུ་ཞིག་ཨ་མདོར་སྐྱེས་རྗེས་ཨ་མདོ་མིན་ན་སྙམ་དགོས་པའི་གནས་བབ་ཅིག ཨ་མདོའི་ལོ་རྒྱུས་ནང་མི་མང་དང་སྐྱེས་ཆེན་དཔོན་རིགས་མཁས་པ་སུས་ཀྱང་བསྐྲུན་མེད་པ་དེ་ཐུགས་ལ་མངའ་འཚལ་ཞུ་ཞེས་ཀྱང་ཞོར་དུ་ཐལ།
བསམ་གཞི་འདི་དག་ནི་ང་ཚོས་ད་དུང་འཚོལ་དགོས་ཤིང་ཤེས་དགོས་པའི་གནད་དོན་རྐྱང་ཡིན་སྟབས། སྐུ་ངོ་རྒྱལ་ལོ་དོན་གྲུབ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་ཐད ་༡༩༧༩ ནས་རྒྱ་བོད་འབྲེལ་བ་བྱུང་བའི་རྒྱུད་རིམ་སྔ་ཕྱི་བར་གསུམ་དང། གཞན་ཡང་ཁོང་གིས་བོད་རྒྱའི་གནད་དོན་ཐད་བཏོན་པའི་རྒྱ་ནག་གི་གནས་ཚུལ་ཤེས་དགོས་པ་དང། རྒྱ་ནག་གཞུང་དང་ཤེས་ཡོན་པ། མི་མང་བཅས་ལ་འབྲེལ་བ་དམ་ཟབ་གནང་དགོས་སྐོར་ལམ་སྟོན་གནང་བའི་སྐོར། གཞན་ཡང་ཨ་རི་དང་རྒྱ་གར་བཅས་རྒྱལ་སྤྱིའི་སྟེང་བོད་དོན་ཐད་སྔ་ཕྱི་བར་གསུམ་དུ་ལྟ་སྟངས་རྒྱབ་སྐྱོར་གནང་ཕྱོགས་བཅས་ལ་ཕྱོགས་བསྡོམས་གནང་ནས། བོད་ལ་དབུ་མའི་ལམ་ལས་ལྷག་པའི་ཕེབས་ལམ་ཚད་ལྡན་ཡང་དག་པ་ཞིག་མེད་པའི་བཀའ་གནང་བ་རྣམས་ནི་ཤིན་ཏུ་མད་ཅིང། བོད་ཀྱི་དབུ་ཁྲིད་གསར་པའི་སྡེ་ནས་ཐུགས་ལ་དམ་འཛིན་དང་རྩ་འཛིན་གནང་དགོས་པ་ཞིག་ཡིན་པའང་གོར་མ་ཆག་པ་བཅས། དུས་ཚོད་ཀྱི་ལོང་དང་ཡུལ་དུས་གནས་བབ་ཀྱི་ཁ་སྟབས་བཅས་ལ་གཞིགས་ཏེ་འདི་ཙམ་ཞིག་ཁོང་གི་དེབ་དང་འབྲེལ་ནས་བརྗོད་པ་ཡིན་ལ། སྐལ་བ་ཡག་པོ་བྱུང་ན་འདིའི་སྐོར་ཞིབ་འཇུག་གི་རིན་ཐང་ངེས་ཅན་ལྡན་པའི་རྩོམ་ཞིག་འབུལ་རྒྱུའི་གྲ་སྒྲིག་ཀྱང་བྱས་ཡོད་པ་བཅས།
བདེན་པ་རྒྱལ་ལོ།
དབུ་མའི་ལམ་རྒྱལ་ལོ།།
༢༠༡༥། ༧། ༡། ཉིན་བཞུགས་སྒར་ངྷ་རམ་ཤཱ་ལར།།
དབུ་ལམ་ལ་དབུ་འཁོར་བའི་རྒྱལ་ཚོང་འགས་རྒྱབ་ཤ་དཀར་པོའི་དེབ་དེ་གཟིགས་མེད་པ་འདྲ། ཧཧཧཧཧ
མདོ་སྨད་གྱ་སྟོན་གཟི་བརྗིད་ཆེ་།
ཨ་མདོ་ནང་ཁྲུགས་མགོ་ཚོད་རེད་།
རྒྱ་འོག་དབུ་ལམ་རྒྱལ་ལོ་།
བདེན་པ་ཉིད་་ཧ་ཧ་ཧ་།
བདེན་པའི་ཨུགས་སྒྲུང་གི་བསྐྱོང་།
ས
xxxxཡབ་གཞིས་ལ་ཁ་གཏང་འགོ་ཚུགས་སོང་ང། ཨེ་མ་ཧོ
དངོས་གནས་རྩོམ་པ་པོ་དཔའ་བོ་རེད། ཨ་མའི་བུ།
“སྐལ་བ་ཡག་པོ་བྱུང་ན་འདིའི་སྐོར་ཞིབ་འཇུག་གི་རིན་ཐང་ངེས་ཅན་ལྡན་པའི་རྩོམ་ཞིག་འབུལ་རྒྱུའི་གྲ་སྒྲིག་ཀྱང་བྱས་ཡོད་པ་བཅས།” བསྒུགས་ནས་འདུག
ཁུག་རྟ་ཁ་ཏའི་ཁ།
ནང་ཁུལ་མ་དཀྲུགས་རོགས
དབུ་ལམ་གོ་ཡོད་ན།
གོ་བརྡ་རྒྱ་ལ་སྤྲོད།
དྲང་པོར་ཞུས་ན། ད་རེས་ཤར་ཁུག་གིས་དོན་ལ་རྟག་ནས་བཀའ་མོལ་ཡག་པོ་གནང་འདུག མཆན་འབྲི་མཁན་ཚོས་དོན་མདུན་དུ་སྤུངས་ནས་གླེང་ན་ཡག་པ་ལས། ཆོ་མེད་ལོང་གཏམ་བཤད་ན། ཆུའི་ནང་སྟུག་བྲི་བཏང་བ་དང་གཅིག་མཚུངས་རེད།
ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་དཔྱད་རྩོམ་ཡིན་ཟེར་བ་འདིར་ཀློག་རིན་གང་ཡང་མིན་འདུག ཡབ་གཞིས་ཚང་དང་ཨ་མདོ་བར་མཚང་བྲུས་པ་ལྟ་བུ་ཞིག་ལ་དཔྱད་རྩོམ་ཟེར་རམ། ༸གོང་ས་མཆོག་སྤྱན་རས་གཟིགས་སུ་བལྟ་མཁན་ཞིག་ལ་ཡབ་གཞིས་སྐུ་འཁོར་ལྷན་རྒྱས་ཀྱང་ལས་དང་སྨོན་ལམ་དབང་གིས་བསམ་བཞིན་སྲིད་པར་འགྲོ་དོན་ཆེད་ཕེབས་པ་ཡིན་ཅེས་དག་སྣང་སྐྱེ་ཆོག་ལ། དེ་ལྟར་ཡིན་པའང་འཕགས་པས་གང་ཟག་གིས་མ་གཏོགས། ཕལ་བའི་མིག་གིས་མི་མཐོང་ཅིང་། སོ་སྐྱེས་ཀྱིས་གང་སྣང་བྱུང་རྒྱལ་དུ་སྨྲས་པ་བདེན་པ་མིན་ཕྱིར་ཉེས་པ་ཡིན་པས་སྤངས་བྱའོ། །སོ་སྐྱེས་ཕལ་བ་མཁས་པ་རྣམ་དཔྱོད་ཅན་ཞིག་ཡིན་ནའང་། ཁྱེད་ཀྱིས་བྲིས་པ་ལྟ་བུ་ཞིག་མི་འབྲི་བ་ནི། གནའ་ནས་ད་བར་གྱི་གོ་ལའི་གྲགས་ཅན་རྩོམ་དག་ལ་ལྟོས་དང་ཤེས། བཙན་བྱོལ་དུ་ཐུག་པ་དཀྲུག་རྒྱུའི་རྩོམ་འབྲི་མཁན་ཡོངས་ལ་ཐུགས་སྣང་གཞེན་བསྐུལ་དུ་ཞུ་རྒྱུར། ཉེ་སྔོན་རྡ་སར་རྒྱ་རྒན་ཞིག་གིས་༼བོད་པས་རང་ཉིད་རང་གིས་ངོས་བཟུང་ཆེད་བོད་ཀྱི་རྒྱལ་རབས་ཚད་ལྡན་རྒྱ་སྐད་ནང་བསྒྱུར་དགོས་༽ལུགས་བཤད་འདུག་པར་གཞིགས་ན། ༼ང་དང་ངའི་ཕྱོགས་༽རྒྱལ་ཞིང་༼ཁྱེད་དང་ཁྱེད་ཀྱི་ཕྱོགས་༽རྩ་བ་ནས་ཕམ་དགོས་ལུགས་འབྲི་མཁན་ཡོངས་ཀྱིས་རྩ་བ་འབོར་ནས་ཡལ་ག་འཛིན་པའི་བསམ་ཚུལ་ཤུགས་ཆེན་ཡོད་བཟོ་འདུག་པ་སྤངས་དགོས་ཚད་ལ་སླེབས་འདུག
སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་ཀྱི་ལོ་རྒྱུས་དེབ་དེར་གསལ་འདུག་ཅེས་པའི་དོན་དག་ཁ་ཤས་ནི། མི་རང་ག་བས་ཤེས་རྒྱུ་ཕར་ཞོག་དོན་དག་ཇི་བཞིན་ཤེས་མཁན་ཞིག་ལ་མཚོན་ནའང་རང་གིས་ཇི་ལྟར་ཤེས་པ་བཞིན་བརྗོད་སར་མི་འགྲོ་བ་དེ་འདྲ་ཡིན་བཟོ་འདུག དོ་སྣང་བྱས་ཡོད་ཤག་ཡིན། དེ་ནས་གོང་ས་མཆོག་རྒྱལ་བ་ཡིད་བཞིན་ནོར་བུས་ཀྱང་སྔར་རང་ཅག་ལ་འུ་ཚོས་རྒྱར་རྒྱུས་ལོན་མ་བྱས་པས་རང་ངོས་ནས་ནོར་འཁྲུལ་བྱུང་བ་དེ་འདྲ་ཡོད་ཅེས་གསུངས་པ་གོ་མྱོང་ཙང་དེའང་བསམ་བློ་གཏོང་ས་གཅིག་ཡིན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་ན་རིམ་བྱོན་གྱི་གདུང་རྟེན་མདུན་ནས་ཐེངས་དེར་ཕྱག་མ་འཚལ་ཚུལ་ཡང་དོན་དག་ཆེ་མ་ཆུང་མང་པོ་ལ་སྦྱར་ཇི་ཐུབ་བྱ་རྒྱུ་ཞིག་ཡིན་ནམ། མ་གཞིར་ཁོང་གིས་སྐབས་གང་ཞིག་ནས་སུ་ཞིག་ལ་ཚུལ་ཇི་ལྟར་ཕྱག་མི་འཚལ་ལབ་འདུག་པ་དང་། ཕྱག་འཚལ་ཞེས་པའི་དོན་དག་གི་སྐོར། མི་སྒེར་རང་དབང་གི་བསམ་བློའི་སྐོར་སོགས་མང་པོ་ཞིག་ལ་མ་གཞིག་པ་གང་འདོད་འདོད་གོ་བ་བླངས་ཆོག་པ་ཞིག་ག་ལ་ཡིན་ཏེ་མིན་པ་འདོད།
ཤར་ཁུག་གིས་རྡོག་རྡོག་བཤད་འདོད་པ་དེ་ང་ཞིབ་འཇུག་པ་ཡིན། ངས་ཅིག་ཅིག་བྱེད་རྒྱུ་ཡིན། ཉིག་ཉིག་འབྲི་བཞིན་ཡོད་ཟེར་བ་སོགས་བཤད་འདོད་པ་དེ་ཡིན་པ་ལས་རྒྱ་ལོ་དོན་འགྲུབ་ཀྱི་དཔེ་དེབ་དེའི་སྐོར་ལ་ཅི་ཞིག་བཤད་འདུག་གང་ཞིག་ལབ་འདུག ངོ་མ་རྩ་མི་ཚང་བའི་མི་དེ་ལ་སྐྱོན་ཆ་ཞིག་ཏན་ཏན་འདུག
དེབ་དེའི་མིང་གི་སྐོར་ལ་སྐད་ཆ་ཞིག་ཞུ་རྒྱུ་ཡོད། དེབ་དེ་ལ་དབྱིན་སྐད་དུNoodle Maker of Kalimpong ཞེས་པ་རེད། དེ་ཀ་ལི་སྤུང་གི་ཐུག་བཟོ་བའམ་ཀ་ལི་སྤུང་གི་ཐུག་པ་བཟོ་མཁན་ཞེས་བསྒྱུར་ན་ཐུག་པ་ཞེས་པ་དེ་ཅུང་འགྲིགས་མེད། བོད་སྐད་ལ་ཐུག་པ་ཟེར་དུས་དབྱིན་སྐད་ཀྱི་Soupཟེར་བའི་དོན་ཙམ་རེད། ཐུག་པ་ལ་རིགས་མང་། རྩམ་ཐུག མོག་ཐུག ཕྱེ་ཐུག འཐེན་ཐུག་ལྟ་བུ་རེད། ཐུག་པའི་ནང་གི་བྱེ་བྲག་པ་Noodleཡིན་དུས་དེ་ལ་རྒྱ་ཐུག་ཟེར། དེ་ནི་རྒྱ་ཐུག་ནར་མོ་དེའི་མིང་རེད། དེབ་མིང་དེ་མ་ནོར་བ་ཞིག་བསྒྱུར་ན་ཀ་ལི་སྤུང་གི་རྒྱ་ཐུག་བཟོ་མཁན་ཞེས་བསྒྱུར་དགོས། ངས་མིང་ཚིག་གི་དོན་མ་ནོར་བ་ཞིག་བྱུང་ན་བསམ་ནས་ཞུ་གི་ཡོད།
ཨོ་ཤར་ཁུག་ལགས་སྡད་ཡོད་པས། ཕྱི་རྒྱལ་ལ་རྒྱ་རོའི་ཟང་ཁང་ནང་ལ་ཐ་ལེབ་བཀྲུ་བཤར་བྱེད་ནས་སྡད་མེད་དམ་བསམ་བྱུང། བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་ཟམ་གདོང་ཞེས་པ་ཐལ་ཆེས་སོ། སྐུ་ངོ་རྒྱལ་ལོ་བོད་དོན་ཐོག་མི་ཚེ་སླུས་གཏང་བ་ཡིག་དང་དཀའ་ལས་བརྒྱ་ཁྲག་གནང་བའི་མི་ཡིན་དུས་། ཁོང་གི་བྱེད་རྗེས་བརྗེད་ཐབས་མེད། འཇུ་ཆེན་ཡང་བོད་བཙན་བྱོལ་ནང་ལ་དཀའ་དྲིན་ཆེན་པོ་རེད། ཁྱོད་རང་རྒྱ་དར་དམར་གྱི་ལང་ཕྱོགས་དེ་ཧ་ཧ་ཧ་ཧ࿒།
དེབ་ཞིབ་ཚགས་མ་བཀླགས་པར་དེབ་ཀྱི་སྐོར་འབྲི་བ་འདི་ཤར་ཁུག་སོགས་ཆབ་སྲིད་པ་ཚོའི་བྱེད་སྟངས་རེད་འདུག་པ་མ་ཟད་ཤར་ཁུག་གིས་དེབ་འདི་ཡག་པོ་བཀླགས་མེད་བཞིན་དུ་ཀླན་ཀ་འཚོལ་བ་འདིའི་རྒྱབ་ན་ཆབ་སྲིད་པ་འགའི་གྲིབ་གཟུགས་མངོན་གྱི་འདུག
འདིར་ཕེབས་དྲ་གྲོགས་ཡོངས་ནས་ལེགས་ཉེས་ལམ་སྟོན། ཚོར་བ་དམར་བརྗོད། དོན་ལ་བགྲོ་གླེང། ཕྲག་དོག་སྐུར་འདེབས་སོགས་སྣ་ཚོགས་བྱས་པ་ཚང་མར་དགའ་བསུ་ཞུ། གུས་བ་མཚོན་ན་སྤྱི་ཚོགས་ནང་རྩོམ་པ་པོའི་མིང་ཐབས་ཆག་ཅིག་རྩོད་མེད་ཡོངས་གྲགས་ཀྱིས་ཡོད་སྟབས། དུས་ནམ་རྒྱུན་དུ་སྨྱུ་གུ་ལག་ལ་འཛིན་དུས་རང་ལ་ངོ་སོ་ཐོབ་པ། ཁེ་ཕན་རེག་པ། གོ་གནས་འཕར་བ། མཁས་པའི་མཚན་ཉིད་ཐོབ་ཆེད་སོགས་གང་གི་ཆེད་དུའང་ཡི་གེ་ན་གཅིག་འུ་ཐུག་ན་མ་གཏོགས་མི་འབྲི་བའི་དམ་ཚིག་བརྟན་པོ་ཡོད་སྟབས། ངས་བྲིས་པ་ཡོད་ཚད་རྣམ་དཔྱོད་དང་ལས་འབྲས་ཀྱི་རྒྱ་མར་བཞག་ན་རང་དོན་ཕང་མེད་དོར་བའི་སྙིང་སྟོབས་རྒྱུན་བཅངས་ཐོག སྤྱི་དོན་རྐྱང་རྐྱང་གླེང་ཁུལ་ཡིན་པས། བསམ་ཚུལ་འདོན་མཁན་རྣམས་ཀྱིས་ཀུན་སློང་གང་འདྲ་ཞིག་གི་འོག་ཏུ་བསམ་ཚུལ་བཏོན་ཡང། ངས་གཙོ་འདོན་ཞུ་ས་དེ་བརྗོད་སྙིང་དང་འབྲེལ་བའི་ཐོག་བགྲོ་གླེང་ཞུ་གི་འདུག་མི་འདུག་ལྟ་རྒྱུ་དེ་ཡིན། དེའི་ཆ་ནས་བརྗོད་དོན་འདི་འབྲེལ་གྱི་གནད་དོན་གང་ཐད་ནས་བསམ་ཚུལ་འདོན་པ། ལམ་སྟོན་གནང་བ། དྲི་བ་འདྲི་བ་སོགས་ཅི་བྱེད་ཐམས་ཅད་ལ་ངས་བཅོས་མིན་གྱིས་དགའ་བསུ་ཞུ་བ་ཡིན་ལ། བཙན་བྱོལ་བོད་མིའི་མཁས་པ་དང་ཤེས་ཡོན་པའི་དཀྱིལ་འཁོར་ནས་གནད་དོན་འདི་རིགས་སྨྲ་ལ་མི་འཇིག་པའི་སྤོབས་པའང་ཅུང་ཙམ་ཡོད་སྙམ་པའི་དོན་གྱི་ང་རྒྱལ་ཡོད་མཁན་ཞིག་ཡིན་པ་བཅས།།
Noodleཞེས་པ་དེ་ཐུག་པའི་སྤྱི་མིང་དུ་བཀོལ་ཆོག་པ་གང་ཞིག་ལ་ཁྱད་པར་དུ་གྲོ་ཐུག་རིགས་ལ་གོ་དགོས་རབས་འདུག ལྷག་དོན་མིང་ཁྱད་པར་བ་ཞིག་ལ་མཚོན་ན་མིང་ཚིག་དེའི་གྲུབ་ཆའི་ཚིག་འབྲུ་རེ་རེར་ཡང་། མིང་དེའི་རང་གི་གོ་ཐོབ་སྟོན་པ་རུ་རག་ལས་ཚུལ་བཤད་དུ་ཡོད་པ་མ་ཟད། རྗོད་སྦྱོར་བདེ་ལུགས་ཀྱི་ངོས་ནས་ཀྱང་དེ་བཞིན་མང་དུ་ཡོད་ཚོད་དེ་ངས་གསལ་བོ་མི་ཤེས། ངའི་བསམ་པར་རྒྱ་ཐུག་ཟེར་བ་ལས་བོད་ཐུག་ཅེས་བསྒྱུར་ན་བཟང་སྣང་འདུག
Noodleཟེར་བ་དེ་རྒྱ་ཐུག་ལ་འཇུག་པ་རེད། ང་རང་ཚོའི་སྐད་ལ་དེ་ལྟར་ཡོངས་གྲགས་རེད། ཐུག་པ་ནར་མོ་དེའི་འབྱུང་ཁུངས་ཀྱང་རྒྱ་ནག་ཡིན་པ་རྩོད་མེད་རེད། རྒྱ་ཐུག་གི་ངོ་སྤྲོད་ཅིག་ཝེ་ཀེ་རིག་མཛོད་ན་འདུག དེའི་འབྲེལ་ཐག་གཤམ་དུ་དྲངས་ཡོད། https://en.wikipedia.org/wiki/Noodle
སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་ཀྱི་ལོ་རྒྱུས་༼ ཀ་ལེམ་སྦུག་གི་ཐུག་བཟོ་བ་༽ཞེས་དཔེ་དེབ་དེའི་སྙིང་དོན་རྣམས་ཉེ་སྔོན་བོད་ཀྱི་དུས་བབ་དྲ་ཐོག་ཏུ་དྲི་བ་དྲིས་ལན་གྱི་ཚུལ་དུ་ཚན་པ་བྱས་ནས་བཀོད་པ་ལས་ལྷག་ཤར་ཁུག་གིས་འདིར་རྩལ་དོན་དབྱེ་ཞིབ་བྱས་མི་འདུག སྐུའི་གྱ་སྟོན་ཉིན་གྲངས་གསུམ་པོའི་རིང་བོད་ཕྱི་ནང་གཉིས་ཀའི་བོད་མི་རྣམས་ཀྱིས་དགའ་དད་སྤྲོ་གསུམ་ངང་སྐུའི་གྱ་སྟོན་བསུས་པ་རེད། ཉིན་གསུམ་པའི་མདོ་སྨད་མི་མང་རྒྱས་འཛོམས་ཆེན་པོའི་སྐབས་ལ་མདོ་སྨད་པ་ཚང་དགའ་དད་སྤྲོ་གསུམ་གྱིས་གྱ་སྟོན་བསུས། ཡབ་གཞིས་ཚང་གི་གསུང་བཤད་ལ་ཉན། དགའ་བའི་ལག་གདབ་བྱས། སྐྱིད་པའི་དཔལ་ལ་རོལ་ནས་བསྡད་པ་རེད། ཡིན་ནའང་་་་་་་
ང་དྲི་བ་གཉིས་ཡོད། གསུམ་དུས་ལས་འགུལ་སྐོར་ལ་སྐུ་ངོ་ས་དབང་ཆེན་མོས་ག་རེ་གསུང་འདུག དེབ་འདིར་གཞུང་ཕྱོགས་ནས་ལྟ་སྟངས་ག་རེ་ཡོད་པ་རེད། དཔེར་ན། རྒྱ་གར་གཞུང་གི་རྣམ་འགྱུར་དང་འབྲུག་ཟ་སེམས་བྱས་ཚུལ་སོགས་ལ་གོ་བ་ཅི་ལྟར་ལེན་དགོས་སམ། བཀའ་དྲིན་ཆེ།
ཤར་ཁུག་འདི་ལག་འཁེལ་ནི་ཞིག་མ་རེད། ད་ཐེངས་གྱ་སྟོན་དགྱེས་འཛོམས་ཆེན་མོའི་སྒང་གི་བཀའ་སློབ་ལའང་དབྱེ་ཞིབ་བྱས་ཏེ་རྗེ་བཙུན་པདྨ་ལའང་ཅིག་བཤད་ཀི་འདུག་གི སྐྲག་རྒྱུ་མེད་ཀཱ དོན་དངོས་ཡིན་པ་མདོ་སྨད་ཡོངས་ཀྱིས་མཁྱེན་གསལ་ལྟར། ད་དུང་རྗེ་བཙུན་པདྨས་ཤུགས་ལྡན་ལ་མདོ་སྨད་ཤེས་ཡོན་པས་ཡིག་ཐོག་རྐང་གཅིག་ཐོན་གྱི་མི་འདུག་ཟེར་བ་སོགས་མང་པོ་བཤད་སོང༌། མདོ་སྨད་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་དང༌། དམིགས་བསལ་གཞོན་སྐྱེས་ཤར་ཁུག་གིས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་རྩོམ་ཡིག་ག་ཚོད་ཅིག་སྤེལ་སོང་བ་ཤེས་ཀྱི་མེད་པ་འདྲ། སྐུའི་གཅུང་མོ་ཞིག་གིས་བོད་ཡིག་མི་མཁྱེན་པ་ག་ནས་ཡིན། ད་ཐེངས་ཀྱི་བཀའ་སློབ་སོགས་ལ་ཉན་གིན་ཉན་གིས་ངོ་ཚ་ནས་འབར་སོང༌། རྒྱུ་མཚན་ྋགོང་ས་མཆོག་དང༌། མདོ་སྨད་ཀྱི་གསར་སྐྱེས་བུ་རབས་ཚ་རྒྱུད། མག་པ་མནའ་མ་སོགས་ལ།
དེབ་དེ་བཀླགས་ནས་བོད་འབྲུག་གི་རྙོག་དྲ་དེ་གཙང་མ་བཟོས་འདུག་པ་མཐོང་བས་དངོས་གནས་དགའ་པོ་བྱུང་།
བོད་པ་སྐྱབས་བཅོལ་བ་གཉོམ་ཆུང་ཚོ་དོན་དག་མེད་ས་ནས་བེད་སྤྱོད་བྱས་ཏེ་རྙོག་དྲའི་ནང་འདྲེན་མཁན་རྒྱ་གར་གསང་བའི་ལས་ཁུངས་དང་། བྱུང་རྐྱེན་ལ་ཞིབ་ཕྲ་རྩད་གཅོད་མ་བྱས་པར་དོན་མེད་དབུར་ཏི་རྒྱག་མཁན་གྱི་འབྲུག་པའི་མི་སྣ་ཚོ་དངོས་གནས་ངོ་གནོང་དགོས་པ་འདྲ་ཞིག་འདུག
རྙོག་དྲ་རྐྱང་མ་གཏོགས་བཤད་མེད་དོན་ཅི། བླ་མ་ སྨྱུག་འཛིན་ རྩོམ་པ་པོ་ ཞིབ་འཇུག་པ ཁྱོད་ལ་ངོ་ཚ་མེད་པའི་བཤད་ཐུབ་ནའང་ང་ལྟ་བུ་ཞིག་ལ་མཚོན་ན་ཉན་རྒྱུ་ཡང་ངོ་ཚ།
སྤོབས་མཐའ་བདེན།
དེབ་དེ་ལ་དབྱིན་སྐད་དུNoodle Maker of Kalimpong ཞེས་པ་འདི།
དེ་ཀ་ལི་སྤུང་གི་ཐུག་བཟོ་བའམ། ཀ་ལི་སྤུང་གི་ཐུག་པ་བཟོ་མཁན་ཞེས་བསྒྱུར་པ་ལས། ཀ་ལིང་པུང་གི་རྒྱ་ཐུག་བཟོ་མཁན། ཞེས་པ་འདི་དག་པར་མཐོང་།
ཤར་ཁུག་ལ་ཞིབ་འཇུག་པའི་མིང་སུའི་བརྟགས་པ་རེད་
noodle ཟེར་ན་རྒྱ་ཐུག་རེད་།
ཤར་ཁུག་དབྱིན་་ཚིག་བོད་སྐད་དུ་གྱུར་མི་ཐུབ་པར་
ྸ
ཞིན་འཇུག་ག་འདྲ་བྱེད་ག་།
ཨ་མདོའི་གྱ་སྟོན་དང་ཨ་མདོའི་ནང་དཀྲུགས་ངོ་ཚར་
ཆེ་བྱུང་ཤར་ཁུག་དབུ་ལམ་ཕྱིན་ནས་རྒྱལ་ཁབ་གཅིག་
ལ་རྒྱལ་དར་གཉིས་དང་རྒྱལ་གླུ་གཉིས་བཟོས་དང་བོད་
ཀྱི་སྲིད་སྐྱོང་གཏན་འཁེལ་ཚར་བ་རེད་ཧ་ཧ་སྙིང་རྗེ་མེ་ཚོ་ག་དུས་ཡིན་ནའང་མགོ་ཚོད་།
ཤར་ཁུག་ནི་ཟམ་གདོང་བླ་མའི་གྲིབ་གཟུགས་འོག བོད་རྒྱ་ལག་ཏུ་འཇོག་མཁན་གྱི་ཆབ་སྲིད་རུལ་སུང་ཅན་ཚོའི་རྒྱུག་ཁྱི་ཙམ་ལས་རང་ཚུག་ཐུབ་པའི་མྱི་ཞིག་མ་ཡིན་ནོ།། ཁོས་དུས་རྟག་ཏུ་ཟམ་དགོང་རྒྱལ་འཚོང་གི་རྐུབ་སྟེགས་ཁྱེར་ནས་བྱས་པ་ཆེ་བའི་སྐུ་ངོ་ཚོར་ཁ་བཏང་ནས་ལྟོ་གོས་གཉེར། ེཟམ་གདོང་ཤི་བ་དང་ཤར་ཁུག་རྒྱལ་འཚོང་གི་ལས་བྱ་ཤོར་བ་དུས་མཉམ་པ་ཟུར་བལྟས་ལེབ་མཐོང་རེད། ཧཧཧཧཧ
ཡོངས་གྲགས་སུ་noodle ཟེར་ན་རྒྱ་ཐུག་ལས་རྒྱ་སྐད་དུ་ཀ་མན་ཟེར་བ་དེ་རེད། བདེན་པ་རེད་རྒྱ་ལོས་རྒྱ་ཐུག་ལས་བོད་ལ་ཕན་པའི་བྱ་བ་སྣ་གཅིག་སྒྲུབ་མེད་པར་གསལ་བོ་རེད། རྒྱས་པ་Noodle Maker of Kalimpong དོན་བསྒྱུར་བྱས་འདུག
སྤོབས་པ་ལགས། ཐུག་པ་དང་དབྱིན་སྐད་ཀྱི་soupགཉིས་མི་འདྲ། Soup་ནི་ཤ་དང་སྔོད་ཚོད་སོགས་ཀྱི་ཁུ་བར་ཡང་གོ་ཆོག ཐུག་པ་ནི་ཤ་དང་སྔོད་ཚོད་ཀྱི་ཁུ་བར་མི་གོ ཐུག་པའི་ནང་དུ་ངེས་པར་དུ་གྲོ་དང་ནས། འབྲས་དང་རྩམ་པ་གྲོ་ཕྱེ་སོགས་མེད་ན་ཐུག་པ་ཞེས་མི་བརྗོད། ཐུག་པ་རིང་བོ་ལ་རྒྱ་ཐུག་ཅེས་བརྗོད་ན་ཤིན་ཏུ་མི་འཐད་དོ། བོད་པ་ལ་ཐུག་པ་རིང་བོ་དེ་བཟོ་སྲོལ་མེད་པ་རེད་ཟེར་ན། ཤིན་ཏུ་ནས་མི་འཐད། ཐུག་པ་རིང་བོ་ནི་བོད་ཡོངས་གྲགས་ཀྱི་ཁ་ཟས་ཤིག་ཡིན་པར་མ་ཟད། ཞིང་པ་ཙམ་མ་ཡིན་པར་འབྲོག་པ་ཚོས་ཀྱང་ནམ་རྒྱུན་གྱི་དགོང་ཟས་ནི་ཐུག་པ་རིང་བོ་འདི་ཡིན། །
ཤར་ཁུག་གྱིས་དཔྱད་རྩོམ་ཡིན་ཟེར་ནས་མང་པོ་བཤད་འདུག འདིའི་ནང་ན་དོན་དག་ཅང་ལེན་རྒྱུ་མི་འདུག སྐུ་ངོ་རྒྱལ་ལོ་ཚང་ཆབ་སྲིད་མཁས་པ་མིན་པས་སྒྲུབ་བྱེད་གཉིས་བཟུང་ཡོད་པ་ནི་པན་ཆེན་ཚང་ལ་ཕྱག་མ་འཚལ་བ་དང་སྐྱབས་མགོན་རིན་པོ་ཆེ་ལ་ནོར་འཁྲུལ་ཤོར་ཡོད་ཟེར་བ་ འདི་གཉིས་ཀྱི་སྟེང་ནས་ཆབ་སྲིད་མཁས་པ་མ་རེད་ཟེར་བ་ནི་ཕྱོགས་འཛིན་ཁོ་ནས་སྐད་ཆ་རེད།
དང་པོ་པཎ་ཆེན་རིན་པོ་ཆེ་ལ་དད་པ་མེད་ན་ཕྱག་འཚལ་དོན་མེད་ལ། གུས་ཞབས་བྱས་ཡོད་མེད་ང་ཚོ་སུས་ཡང་ཤེས་མེད་དོ།
གཞི་མེད་ཀྱི་སྐད་ཆ་གཞན་ཞིག་ནི་སྤོབས་པ་དང་བྱས་རྗེས་ཡོད་པ་ལ་རྒྱ་མའི་ཙོན་ཁང་ནང་དུ་འགྲོ་དགོས་རྒྱུ་དེ་འདྲ་ཡིན་རྒྱུ་མ་རེད་པ།
སྐྱབས་མགོན་རིན་པོ་ཆེ་ཚང་གི་ བོད་མའི་བསྒྲིགས་འཛུགས་གི་སྒྲུབ་མི་ཐུབ་པ་དེ་འདྲ་རྒྱལ་ལོའི་སྒྲུབ་ཡོད་གསུངས་ཡོད་ལ། དེ་ཁྱོས་ཕྱོགས་འཁྱེར་གྱི་དབང་གི་མ་ཐོས་པ་ཆེ་ཡིན། གཉིས་པ་ཁོང་གིས་རྒྱ་མའི་གནས་ཚུལ་མ་ཤེས་པའི་དབང་གིས་ནོར་འཆུག་བྱུང་ཡོད་གསུངས་ལ། ང་ཁྱེད་ལ་བཤད་རྒྱུ་ཞིག་ཡོད་པ་ནི་ཁྱེད་རང་དཔྱད་བརྗོད་པ་ཞིག་ཡིན་མ་ཟེར་རང་འཚང་ཕྱིར་བཏོན་པ་རེད།
ཐུག་པ་རིང་པོ་ནི་སྔ་དུས་སུ་བོད་པས་མི་སྤྱོད། འོན་ཀྱང་རྒྱ་དང་ཉེ་བའི་ལུང་པར་སྤྱོད་མོད་དེ་ནི་རྒྱ་ལས་བྱུང་བའི་ཐུག་པ་ཡིན་པས་རྒྱ་ཐུག་རེད། རྒྱ་ཐུག་ནི་འཕྲུལ་འཁོར་ལས་བཟོས་པ་རེད། བོད་པས་ཙག་སྒྲ་ཙམ་ཀྱང་བཟོ་མི་ཐུབ་དུས་རྒྱ་ཐུག་བཟོ་བྱེད་ཀྱི་འཕྲུལ་འཁོར་གང་ནས་ཡོད།
ཀ་ལིང་པུང་གི་རྒྱ་ཐུག་བཟོ་མཁན།
https://www.youtube.com/watch?t=1739&v=hzOaTiB2Opg
རིག་པའི་གྲོགས་པོ་རིགས་སློབ་འཇིགས་མེད་བློ་གྲོས་ལགས་དང། དྲ་གྲོགས་ཚོས་བགྲོ་གླེང་གནང་བཞིན་པ་བསུ་མ་ཡོད། དྲི་བ་ཁ་ཤས་བཏང་འདུག
དྲི་བ་དེ་ཚོའི་རིགས་གལ་ཆེན་རེད། དེ་སྔ་སྐུ་ངོ་ས་དབང་ཆེན་མོས་རྒྱུད་ལམ་གཞན་དུ་གསུངས་ཟིན་པ། དེབ་འདིའི་ནང་སླེབས་ཡོད་མེད་རིགས་གཉིས་འདུག་ཅིང། ཆབ་སྲིད་ཀྱི་གལ་གནད་ཆེན་པོ་ཡིན་པ་ཁག་ཅིག་ལ་དོན་དག་ཐད་སྔ་ཕྱིར་ཧེ་བགཤོར་བ་དེ་འདྲ་འདུག་པ་མཐོང་སོང།
དེ་བཞིན། འཇིགས་མེད་བློ་གྲོས་ལགས་ཀྱིས་གསུངས་པའི་འབྲུག་གི་དཀའ་རྙོག་དེའི་སྐོར་རེད། སྐུ་ངོ་ས་དབང་ཆེན་མོའི་གསུངས་སྟངས་དེ་འདྲ་ཞིག བསྡོམས་ན་ལོ་ ༡༢ རིང་འཁྲུན་ཐག་མ་ཆོད་པའི་འབྲུག་གི་དཀའ་རྙོག་དེའི་འབྲེལ་ཡོད་ཡིག་ཚགས་ཕལ་མོ་ཆེར་མེད་པ་ངེད་རང་ཕྲ་ལ་ཕྲན་བུ་རྒྱུས་ཡོད་ཡིན་བསམས་ཤིང། འབྲུག་གི་དཀའ་རྙོག་སྐོར་ཡིག་ཚགས་ཞིབ་ལྟ་བྱེད་སྐབས། ཞིབ་ལྟ་བྱེད་མཁན་ཚོའི་ཁྲོད་དམིགས་འཛུགས་ཀྱིས་དེའི་ཐད་དེ་བས་ཀྱང་ནན་ཏན་བྱས་མྱོང་ལ། རྒྱུས་ཡོད་ལ་དོགས་གཅོད་ཞུ་དུས་ཀྱང་འགན་འཁུར་མྱོང་བས་ཆ་ནས་ཕྲན་བུ་ཞུས་ན། དེའི་ཐད་བོད་པར་མ་ཉེས་ཁག་ཡོག་བྱས་ཡོད་པ་ཕལ་མོ་ཆེས་ངོས་འཛིན་ཞུ་གི་རེད། གལ་སྲིད་ད་ཐེངས་སྐུ་ངོ་མཆོག་གིས་གསུངས་སྟངས་དེ་རྩ་འཛིན་ཞུ་དགོས་པ་འདྲ་ཞིག་ཡིན་ན། བོད་མི་ཉམས་ཆུང་ནུས་མེད་ཚོར་དེ་འདྲའི་ནག་འགལ་ཆེན་པོས་ཐིམ་ཕུའི་སྐུ་ཚབ་དོན་གཅོད་ལྷ་སྡིངས་ལགས་ཀྱི་ཚེ་སྲོག་གཙོས་བར་སྐབས་དེར་མི་རྒྱུ་རྩ་དོན་དང་བཅས་པར་བརྙས་བཅོས་ཚབས་ཆེན་ཕོག་པར། དབྱེན་དཀྲུགས་པ་གཞན་ཞིག་ཡོད་པ་གསལ་བོ་ཆགས་ཀྱི་མེད་འགྲོ སྐད་ཆ་འདི་དག་ནི་རྒྱལ་ཁབ་ཁག་གི་གསང་བའི་ནང་གི་གསང་བ་ཡིན་སྟབས། བདེན་ངེས་དཔང་འཕེར་གྱིས་མིག་ལ་གསལ་བོ་སྟོན་རྒྱུ་ཞིག་ཡོང་དཀའ་བས། གཙོ་བོ་རང་རང་གི་རྣམ་དཔྱོད་ཀྱིས་ལེགས་པར་བརྟག་སྟེ་རྟོགས་དགོས་པ་ཞིག་ལོས་ཡིན་བསམས། དེ་ཙམ་ཞུ།
དེ་ནས་ངེད་ཀྱི་ངོ་དེབ་དང་ཁ་པར། སྐད་འཕྲིན་བཅས་སུ་དོ་སྣང་དང་སེམས་པ་ལོས་དཀར་བསམས་བསམས་གང་མང་ཞིག་གིས། ངེད་ལ་སྐྱོན་བརྗོད་ཀྱི་བཟོ་ལྟ་ཡོད་པའི་སྐད་ཆ་བཤད་མཁན་མང་པོ་ཡོང་གི་འདུག ཚུར་མདུན་ལ་སླེབས་པ་ཡིན་ཙང་རེ་རེར་བྱས་ཏེ་སྐབས་ཐོག་ལན་འདེབས་གསལ་ཐག་ཆོད་པ་རེ་ཕུལ་མཆམས། མཐར་སེམས་འགུལ་ཐེབས་པའི་རྣམ་པ་སྟོན་བཞིན་ལོག་འགྲོ་གི་འདུག་ནའང། འདི་ནས་ཀྱང་ཞུ་འདོད་པ་ཞིག་ལ། ཁྱེད་རྣམ་པས་ཐུགས་ཁྲལ་རྩ་བ་ཉིད་ནས་གནང་མི་དགོས་པ་ཞིག་ནི། ངས་གཞི་རྩ་མེད་པ་ཞིག་སྐུ་ངོ་ས་དབང་ཆེན་མོར་སྙན་གསེང་གི་བརྗོད་བྱར་ལེན་གི་མ་རེད་ལ། དེ་ལྟར་བླངས་ན་ང་རང་བྱབ་ཆུང་ཆགས་འགྲོ་བ་ཅི་ལ་མི་ཤེས། དེ་བཞིན་ངས་སྐུ་ངོ་བརྩི་བཀུར་མ་བྱས་པའང་མ་རེད། ཡིན་ལུགས་ཚུལ་མཐུན་གྱིས་ཁོང་གི་གསུངས་ལ་དཔྱད་པ་བྱེད་ཁུལ་རེད། དཔྱད་པ་གཏོང་ཐོངས་གི་ཡོད་མེད་གང་ཤེས་མོད། དཔྱད་མི་ཆོག་པའི་རྒྱུ་མཚན་ཞིག་༧ཆ་བ་ཆོས་སེང་ཕེབས་སོང་ནའང་གསུངས་རྒྱུ་ཡོད་པ་མ་རེད། དེའི་ཆ་ནས་ཐུགས་ཁྲལ་མ་གནང་བར་དོན་དག་ལ་གཟིགས། དོན་དག་མ་བོར་ན་རྩ་དོན་དེ་རེད། དེ་ཐུགས་ལ་ཟུངས་ནས་ལྷོད་ལྷོད་གནང་རོགས།
མདོ་དོན། ངས་གནའ་སྔ་མོ་ནས་བྲིས་ཡོད་པའི་གཤམ་གྱི་ཤོ་ལོ་ཀ་འདི་རང་མིན་འགྲོ་བསམ།
ལྷ་སྲས་རྒྱལ་ལོ་དགྱེས་པའི་ལམ་ལའང་མ་ཞུགས།།
མྱི་སྲས་འཇུ་ཆེན་ཕེབས་པའི་བཞུད་ལམ་ཡང་མ་འདོད།།
བསྟན་སྲིད་སྲོག་དབང་སྐྱོབ་པའི་ལམ་ཆེན་དུ་ཞུགས་ན།།
༧རྒྱལ་བ་ཡབ་སྲས་གཉིས་ཀྱི་དགོངས་གཞི་འདི་སྒྲུབ་ཅིག།
ཐུག་པ་རང་རེད། ད་ཐུག་པ་དཀྲུག་ཨ། ཐུག་པ་དེ་རྒྱ་ལོ་ལ་ཕུལ་དགོས།
༼ཆ་བ་༽འབྲི་སྟངས་འདི་མ་རེད་ཡ། ཞི་ལི་ལོ་ལོ། བྱིས་པ་འདི་ཚོ་ད
ཁྱུང་སེ་ལགས། རིག་པ་བཀོལ་ནས་ལན་རྒྱག་རོགས། དེ་མིན་བླུན་བཤད་བྱས་ན་གད་མོ་ཤོར་བ་ལས་གཞན་ཅི། ལག་པས་བཟོས་པའི་ཐུག་པ་རིང་པོ་དང་འཕྲུལ་ཆས་ལ་བརྟེན་ནས་བཟོས་པ་གཉིས་སྤུས་ལེགས་མི་ལེགས་ཙམ་ལས་གཉིས་ཀ་ཐུག་པ་རིང་པོ་རེད། དེས་ན་ཁྱོད་ཀྱི་ཐུག་པ་རིང་པོ་དེ་འཕྲུལ་ཆས་ཁོ་ན་ལ་བརྟེན་ནས་བཟོས་པ་ལ་གོ་ཟེར་ན། འཕྲུལ་ཆས་དེ་ཡང་ཐོག་མར་ཕྱི་རྒྱལ་ནས་དར་བ་ལས་རྒྱ་ནག་ནས་དར་བ་མ་རེད། ད་ཤེས་སོང་ངམ། །
བོད་ཡོངས་རྫོགས་ན་མི་ཤེས། ཨམ་མདོ་ཕྱོགས་ན་ཧུབ་རིང་ཟེར་ནས་ཐུག་པ་ཞིག་ཡོད། ཐུག་པ་དེ་ནི་འཕྲུལ་ཆས་ལ་བརྟེན་ནས་བཟོས་པ་དང་ཁྱད་པར་མེད། ཧུབ་རིང་བཟོ་བ་ལ་བུ་མོ་ཚོས་འགྲན་བསྡུར་ཀྱང་བྱེད་སྲིད། ཧུབ་རིང་བཟོས་ཏེ་སྐམ་ནས་ཡུན་རིང་འཇོག་སྲོལ་ཡོད། ལྷག་པར་དུ་གྲོང་བའི་ནང་ནས་མི་ཤི་རྐྱེན་འདྲ་བྱུང་ན། བུ་མོ་ཡོད་ཚད་འཛོམས་ནས་ཧུབ་རིང་བཟོ་དགོས། རྒྱུ་མཚན་ནི་མི་ཤི་བའི་ཁྱིམ་ཚང་དེས་གྲོང་བའི་མི་ཡོད་ཚད་ལ་ཉིན་གསུམ་མམ་བདུན་གང་རུང་ལ་འཚོ་བ་སྦྱོར་བའི་ལུགས་སྲོལ་ཡོད། ཉིན་འདིའི་རིང་ལ་ཞོག་ཇ་དང་། ཉིན་གུང། དགོང་ཟས། གལ་ཏེ་དབྱར་ཀ་ཡིན་ན་ཉིན་གུང་དང་དགོང་ཟས་བར་ན་ཕྱི་ཇ་ཞིག་ཀྱང་ཡོད། ཉིན་འདི་ཚོར་ཟ་མ་གང་མང་མང་དང་གང་བཟང་བཟང་ཡོད། འདིའི་སྐབས་ཀྱི་དགོང་ཟས་ནི་ལག་པའི་རྩལ་ལ་བརྟེན་ནས་བཟོས་པའི་ཐུག་པ་རིང་བོ་དེ་ཡིན། འདི་ནི་ལོ་བརྒྱ་ཕྲག་མང་བོ་དར་བའི་ལུགས་སྲོལ་ཞིག་རེད། །
གཙོ་བོ་ཧུབ་ཟེར་དོན་ཅིག་བཙལ་ན་བསམ་བློ་བཏང་ས་ཞིག་རེག་གི་རེད།
ཐུག་པ། འཐེན་ཐུག་དང་། བརྡལ་ཐུག་ལ་རིང་ཐུང་གཉིས་རེ། གཙབ་ཐུག་ལ་སྲབ་འཐུག་གཉིས། རིལ་ཐུག་ལ་མཁྲེག་སོབ་གཉིས། དེང་དུས་ཁོང་སྟོང་ཡང་ཡོད་པ་སོགས་བོད་མདོ་སྟོད་སྨད་ལ་ཐུག་པའི་རིགས་ལ་མིང་སྣ་ཚོགས་ཡོད་པ་ལས། གོང་དུ་རྩོད་པ་དེ་བརྡལ་ཐུག་རེད་སྙམ།བརྡལ་ཐུག་ལ་འཔྲུལ་ཆས་དང་ལག་བཟོ་གཉིས་ཀ་ཡོད་ཆོག་པས་སོ། །
རྒྱ་གྲོ
རྒྱ་ཕྱེ
རྒྱ་ཐུག
ཟ་འཐུང་གི་རིགས་ཐམས་ཅད་རྒྱ་ནག་ནས་དར་བ་འདྲ།
རྩ་པ
རྩམ་ཐུག་
རྩམ་ཐུག་མ་གཏོགས་ངོ་མི་ཤེས་པའི་བོད་པ་མི་རིགས་འདི་རྗེས་ལུས་ཡིན་པར་ཁག་མི་འདུག་སྙམ།
དེང་སང་བཀའ་བློན་སྤུགས་ལ་ཀ་ལིན་པོང་འབྲི་བ་མང་།
རྡ་སའི་ལས་ཤོག་སྟེང་དུ་ཀ་སྦུགས་བྲིས་ཡོད།
དབྱིན་སྐད་དང་བོད་སྐད། ནེ་པཱ་ལའི་སྐད་སོགས་སྤྱོད་མཁན་ཡང་མང་བས་གང་བྱུང་འབྲི
ངས་བསམ་ན་བཀའ་བློན་སྤུངས་དག་པར་འདོད། སྔོན་ཆད་ས་འདི་ཚོང་ལམ་ཞིག་ཡིན་པ་ལས་གྲོང་སྡེ་སོགས་མེད་པར་བཤད། སྤྱན་སྲས་ཀུན་ཕན་སོགས་བཀའ་བློན་འགས་རྒྱ་གར་ལ་བལ་ཚོང་བརྒྱག་སའི་ས་ཚིགས་སུ་བཟོས། ། རྗེས་སུ་ཉམས་པས་བཅུ་གསུམ་པ་ས་འདིར་ཉེན་ཡོལ་ལ་ཕེབས་པའི་ཁང་བ་ཞིག་ཡོད་པ་དེ་དིང་སང་འབྲུག་པའི་རྒྱལ་མོས་བདག་གཉེར་བྱས་ཡོད། བཀའ་བློན་གསར་བ་འགས་ཀྱང་ཁང་བ་བརྩིགས་པ་དང་བཟོ་གྲྭ་བཙུགས། རྗེས་སུ་སྤོན་མདའ་ཚང་དང་ཚ་རོང་སོགས་ཀྱི་ཚོང་ལམ་དང་། ཁམས་པ་ཚོགས་པ་གསར་འཛུགས་དང་ཚོང་ལམ་དམ་པོ་བཟོས། གྲོ་མོ་དགེ་བཤེས་ཀྱི་དགོན་པ་ཐར་བ་ཆོས་གླིང་བཏབ་པ་དང་། དར་མདོ་རིན་པོ་ཆེས་སློབ་གྲྭ་བཙུགས། ཞྭ་སྒབས་པས་གློག་བརྙན་ཁང་སོགས་བཟོས ཡབ་གཞིས་ཚང་ཡང་ས་འདིར་གཞི་ཚུགས་ནས་བཀའ་བློན་སྦུགས་ཀྱི་ཐུག་བཟོ་ཁང་བཙུགས། བོད་གསར་བས་སྐྱིད་སྡུག་ཚོགས་པ་འདྲ་མིན་དང་། བོད་གཞུང་སློབ་གྲྭ་དང་། ཟངས་དཀར་དགོན་པ་དང་། སྲད་རྒྱུད་པའི་དགོན་པ་སོགས་བཏབ། བོད་སློབ་འདི་དེང་སང་ཤར་བའི་ལག་ན་ཡོད་ཀྱང་སྒོ་བྱང་དང་མིང་བསྒྱུར་མེད།
ཧཧཧཧ་་་
ད་མང་བོ་མི་བཤད།
ངས་བཤད་འདོད་པ་ནི་བཀའ་བློན་སྦུགས་ནས་མར་ཤི་རི་གོ་རི་ལ་མ་སླེབས་པའི་བར་དེར་བྲག་རི་ཆེན་པོ་ཞིག་ཡོད་པ་དེའི་ངོས་ན་བཀྲ་ཤིས་བྲག་ཞེས་བྲིས་ཡོད། ཡིག་འདྲི་དེ་གཉིས་བྲིས་ནས་མི་ལོ་བརྒྱ་ཕྲག་འགའ་སོང་ཡོད་ཀྱང་ད་དུང་བསུབ་མེད། བོད་པ་དང་རྒྱ་གར་ནེ་པ་ལེ་མི་སུ་ལ་ཐུག་ནས་དྲིས་དང་སྐད་མི་དག་ཡང་ད་དུང་བཀྲ་ཤིས་བྲག་ཅེས་འབོད་པ་ཡིན། དེ་བཞིན་དུ་བཀའ་བློན་སྦུགས་ཀྱང་སྒྲ་མ་དག་པར་ཀ་ལིང་པོང་ཟེར་བ་རེད། གདོང་སྟག་སོགས་ཀྱིས་ཀ་ལིང་པོང་རྒྱ་གར་སྐད་དང་ཐོད་པ་ལ་གོ་བར་བཤད་པ་ནི་རྣམ་དཔྱོད་ཀྱི་མིག་མེད་པའི་ལོག་གཏམ་ཁོ་ནའོ།།
ཧཧཧ
ཡིག་འབྲུ་གཉིས