ཤར་ཕྱོགས་ཁུག་རྟ།
ཉེ་རབས་བོད་ཀྱི་སྲིད་དོན་བྱུང་རབས་ཡིག་ཚགས་དང་དབུས་ཀྱི་དམངས་ཁྲོད་གསུང་གཞས་དག་ལ་རྒྱུས་ཡོད་ཅིག་ཡིན་ན། ཀ་ཤོད་ཆོས་རྒྱལ་ཉི་མ་ཟེར་ན་མི་མཁྱེན་མཁན་མེད། ཕྱོགས་བསྐྱོད་ལས་བྲེལ་བར་གསེང་མིན་ན་རྩོམ་འདིར་ཀ་ཤོད་པའི་སྐོར་ཞིབ་ཏུ་བརྗོད་དགོས་པའི་གནས་ཚུལ་རེ་འགའ་འདུག་ཀྱང་། དུས་ལ་བབ་ན་སྡིངས་ཆ་ཆེ་སར་ཞིབ་ཏུ་བརྗོད་ངེས་ཡིན། སྐབས་འདིར་སྡོམ་ཚིག་རང་བཞིན་དུ་བཀོད་ན་ཀ་ཤོད་ཆོས་རྒྱལ་ཉི་མ་ལགས་ནི་དེ་སྔ་བོད་མ་ཤོར་གོང་གི་བཀའ་ཤག་ལྷན་རྒྱས་ཁྲོད་ཀྱི་བཀའ་བློན་མགོ་གཉིས་མ་༼དཱ་མ་རུ་ཡང་ཟེར།༽ཞེས་ཡོངས་སུ་གྲགས་པ་དེ་ལྟར་རེད་ལ། རྩ་དོན་དང་སྒེར་དོན་བརྗེ་བོ་རྒྱབ་བཞག་པའི་གནས་ཚུལ་མང་པོ་ཡོད་པའི་ཁྲོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་འཁྲུལ་བྲལ་ཆུང་སྲིད་རིན་པོ་ཆེ་ལའང་དོགས་གཞིའི་ལས་རྩོམ་མཁན་གྲས་ནས་ཀྱང་གདོང་དུ་ཐོན་མཁན་ཧུར་བརྩོན་ཅན་ཞིག་ཡིན་པས། གནས་ཆུང་སྐུ་ཕེབས་ཁོའི་སྟེང་ཁྲོས་ཏེ་སྡིག་མཛུབ་བསྟན་པའི་གྲངས་༼བརྙན་ཐུང་ཞིག་ཀྱང་ཡོད། མཆན། ༽ངེས་ཅན་དུ་སླེབས་ཡོད། མཐར་མི་ཚེ་ལམ་དུ་ལྷུང་མེད་ཅིང་དེ་རིང་གི་ལོ་རྒྱུས་དེབ་ཐེར་ཁྲོད་ཁོང་དཀར་པོ་ཞིག་ཆགས་གཞི་མེད་པར་གྱུར་ཡོད། ཟླ་འདིའི་ཚེས་གཅིག་ཉིན་གནས་ཆུང་གྲྭ་ཚང་དུ་གནས་ཆུང་དང་ཚེ་རིང་མཆེད་ལྔ་སྤྱན་འདྲེན་གྱི་གནས་ཚུལ་དེས་ཁོ་བོར་གནས་ཚུལ་འདི་ལམ་སེང་དྲན་པ་གསོས།
ད་ཐེངས་ཕྱོགས་བསྐྱོད་ལམ་བར་དུ། ལྷ་མོ་ཚེ་རིང་མཆེད་ལྔས་སྲིད་སྐྱོང་བློ་བཟང་སེང་གེའི་ཞལ་ལ་རྡོར་དྲིལ་ཕྱག་ཏུ་བསྣམས་ཏེ་སྡིག་མཛུབ་དང་བཅས་ཕྱག་ནས་ཀྱིས་ཐེངས་གཉིས་གཞུས་པའི་ཚུལ་དེར་མཇལ། ཐེངས་གཉིས་པ་དེ་སྲིད་སྐྱོང་གི་སྤྱན་ལ་ཕོག་པ་འདྲ། སྲིད་སྐྱོང་ལགས་ཀྱི་དབུ་ཡང་ཡར་གཡུག་མར་གཡུག་ཐེངས་གཅིག་གནང་སོང་། གཅིག་བྱས་ན་ཕྱག་ནས་སྤྱན་ལ་འཛུལ་ཏེ་ན་ཟུག་བསླངས་བ་འདྲ། གནས་ཆུང་ཆོས་རྒྱལ་ཆེན་པོས་ཀྱང་དེ་བཞིན་བཀའ་ལུང་ནང་མདུན་ན་འདོན་༼བཀའ་བློན། སྲིད་སྐྱོང་ལ་གོ ༽ཁྱེད་ཀྱིས་སྔར་འགྱོད་ཕྱིས་སྡོམ་གྱིས་ཐུགས་འགན་ལེགས་པར་མ་བཞེས་ན། ༧གོང་ས་མཆོག་གི་སྐུ་ཕྱྭར་ཉེན་འཚབ་ཆེ་སྐོར་བཀའ་བསྩལ་འདུག དགོད་བྲོ་བ་ཞིག་ལ་ཚེ་རིང་མཆེད་ལྔའི་བརྙན་འཕྲིན་དེའི་སྐད་ཆ་རྫུན་བཟོ་བྱས་ཏེ། གླེང་ཕྱོགས་དེ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་ཟླ་བ་ཚེ་རིང་གི་ཐོག་ཏུ་བསྒྱུར་ཐུབ་བྱས་འདུག ཞིབ་ཏུ་བལྟས་པས་ཕྱག་ནས་ཀྱིས་ཐེངས་དང་པོ་སྲིད་སྐྱོང་མཆོག་དང་། ཐེངས་གཉིས་པ་སྲིད་སྐྱོང་དང་ཚོགས་གཙོའི་བར་ནས་རྒྱབ་གྲལ་དང་། ཐེངས་གསུམ་པ་སླར་ཡང་སྲིད་སྐྱོང་གི་ཞལ་ལ་གཞུས་ཏེ་དབུ་འདར་ཟུག་ཐེབས་པ་གོང་ཞུས་ལྟར་དང་། ཐེངས་བཞི་པ་ཚོགས་གཙོ་དང་ཁྲིམས་ཞིབ་པའི་བར་ནས་རྒྱབ་གྲལ་དུ་གཞུས་པ་ཞིག་བརྙན་ལམ་ནས་མཇལ།
རྣམ་པ་ཚོས་གསལ་བོ་མཁྱེན་དགོས་པ་ཞིག་ནི། སྨན་རྩིས་ཁང་བཙུགས་ནས་ལོ ༡༠༠ འཁོར་བའི་དུས་དྲན་སྐབས་༧གོང་ས་མཆོག་གིས་ཐུགས་ཕམ་གྱི་བཀའ་སློབ་དེ་ནི་གནད་དོན་གཉིས་ལ་གསུངས་པ་ཡིན་ཏེ། གཅིག་སྨན་རྩིས་ཁང་དང་། གཉིས་འཛིན་སྐྱོང་བཀའ་ཤག་དང་ལྷག་པར་དེའི་ཁྱབ་ཁོངས་འཕྲོད་བསྟེན་ལས་ཁུངས་གཉིས་རེད། ”འདྲ་ཆགས་པོ་དང་གཟི་བརྗིད་ཁོག་སྟོང་”གསུངས་པ་རྣམས་ནི་སྲིད་སྐྱོང་བློ་བཟང་སེང་གེ་རང་ལས་འཇུག་ཡུལ་གཞན་མེད་པ་གསལ་བོ་རེད། སྨན་རྩིས་ཁང་ལ་བཀའ་བཀྱོན་ཕེབས་པ་ནི་ཐེངས་འདི་ཙམ་མིན་ལ། ཁུངས་སྐྱེལ་ཡིག་ཆ་དང་བཅས་འདིའི་སྐོར་སྐབས་གཞན་དུ་གཞུང་འབྲེལ་སྡིངས་ཆར་ཞིབ་ཚགས་གླེང་འདོད་ཡོད། ༧གོང་ས་མཆོག་གིས་སྨན་རྩིས་ཁང་གི་ལས་དོན་བྱེད་ཕྱོགས་ཐད་ཐུགས་ཕམ་རབ་དང་རིམ་པར་གནང་ཡོད་པ་མ་ཟད། བཀའ་བཀྱོན་ཐེངས་མང་གནང་ཡོད་པ་རིམ་པར་མི་མང་ལ་གསལ་བོ་ཆགས་དགོས་ངེས་རེད་སྙམ།
དེ་རིང་གླེང་བྱའི་གནད་དོན་གཙོ་བོ་སྟེ་ལྷ་མི་ཀུན་སྤྱོད་གཅིག་པ་ཞེས་ཡོངས་སུ་གྲགས་པ་དེ་ནི་བདེན་པ་རེད། ད་ཐེངས་བོད་མི་ཚང་མར་དེ་དོན་དངོས་ར་གསལ་འཕྲོད་བྱུང་ཡོད་ཤག་ཡིན། དུས་འཁོར་དབང་ཆེན་གྱི་སྐོར་དང་སྲིད་སྐྱོང་གི་སྐུ་པར་༧གོང་ས་མཆོག་གི་སྐུ་པར་ལས་ཀྱང་རྩ་ཆེར་རྩིས་སྐོར། བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་ལས་དོན་གནང་ཕྱོགས་ལ་མཉམ་རུབ་བྱེད་རྒྱུར་འགན་མ་བཟོད་ནས་རྩ་དགོངས་ཞུས་སྐོར། གཞུང་གི་ཁྲིམས་སྒྲིག་ཁག་དང་འགལ་བའི་ལམ་ནས་༼ སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་སྔོན་རྩིས་གཏན་འབེབས་སྐབས་རེ་རེ་བཞིན་ཐེར་འདོན་གནང་བ་ཁག མཆན།༽འོས་བསྡུའི་སྐབས་སྤྱི་ཚོགས་འཁྲུགས་གཞིའི་ལས་དོན་སྣ་མང་གནང་ཡོད་པ་མ་ཟད། རྒྱབ་སྐྱོར་བ་མདོ་སྟོད་སྤྱི་ཟུར་ཨྱོན་སྟོབས་རྒྱལ། བེ་རི་འཇིགས་མེད་དབང་རྒྱལ་སོགས་མི་སྣ་མང་པོས་བོད་སྤྱིའི་དམ་ཚིག་ལ་རྒྱར་འགན་འཁུར་གང་ཡང་མ་གནང་བ་མ་ཟད། ཨ་རིར་གནས་སྡོད་ལི་ཐང་བློ་བཟང་འཇམ་དཔལ་ཟེར་བ་སོགས་ཀྱིས་ཚོགས་གཙོ་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་མང་པོར་མི་གསོད་ཁྲག་སྦྱོར་གྱི་འཇིགས་སྐུལ་བཏང་བ། དོལ་རྒྱལ་ཚོགས་པའི་དམངས་ཁྲོད་ཁ་བརྡའི་གཙོ་སྐྱོང་གཏེ་བོ་ཞིག་གིས་སྲིད་སྐྱོང་བློ་བཟང་སེང་གེར་ཡིག་ངག་གཉིས་ནས་རྒྱབ་སྐྱོར་ཞུས་པ། སྲིད་སྐྱོང་རང་གིས་ཀྱང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅའ་འདྲིའི་ནང་ཚོགས་གཙོ་མཆོག་གིས་མི་བསད་སྐོར་གྱི་གླེང་རྙོག་ཇེ་ཆེར་བཏང་བ། ཁ་སྔོན་འཚོགས་མ་ཐག་པའི་སྐབས ༡༥ པའི་ཚོགས་དུས ༡༡ པའི་སྟེང་སྲིད་སྐྱོང་མཆོག་གིས་སྔར་བྱས་ཀྱི་འགལ་འཛོལ་ལ་བཟོད་གསོལ་དགོངས་དག་ཞུ་རྒྱུའི་རྣམ་འགྱུར་ཙམ་སྟོན་རྒྱུ་ལྟ་ཅི། ནོངས་འགྱོད་ཙམ་ཡང་མེད་པར་༧གོང་ས་མཆོག་གི་བཀའ་སློབ་དང་འོས་བསྡུའི་བརྒྱུད་རིམ་བཅས་པར་ལོག་འགྲེལ་ཅི་གནང་ཀུན་ལ་མཐུན་སྣང་དུ་གྲུབ་ཡོད་པ་རེད།
གལ་སྲིད་བཀའ་སྤྱི་གཉིས་ནས་ད་ཐེངས་འོས་བསྡུའི་བརྒྱུད་རིམ་ཆ་ཚང་ལ་བོད་མིའི་ཚོགས་ཆུང་གཅིག་དང་། ཨ་རི་དང་རྒྱ་གར་གཞུང་ལྟ་བུར་འབོད་སྐུལ་གྱིས་ཕྱི་མིའི་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་ཀྱིས་ཚད་ལྡན་ཞིབ་འཇུག་མཐར་ཕྱིན་པ་ཞིག་གནང་ཐུབ་པ་ཡིན་ན། ཞིབ་འཇུག་གྲུབ་དོན་ནང་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ལགས་དང་ཁོའི་རྒྱབ་སྐྱོར་མགོ་འདོམས་པ་ཚོས་བོད་སྤྱིའི་གོང་བུའི་ནུས་པར་འགན་འཁུར་གང་ཡང་ཞུས་མེད་པའི་གནས་ཚུལ་འཁོད་རྒྱུ་ནི་གཡོལ་ཐུབ་མེད་པ་ཞིག་རེད། གནས་སྟངས་འདི་བཞིན་དངོས་དོན་དུའང་འབྱུང་འགྱུར་ལོ་གཅིག་ལྷག་ནང་བོད་ཕྱི་ནང་ཀུན་ལ་གསལ་བོ་གསལ་རྐྱང་ཆགས་རྒྱུ་ཡིན་པ་ནི་གདོན་མི་ཟ་བ་ཞིག་རེད་ལ། བོད་ཀྱི་རིག་གནས་དང་ལས་འབྲས། སྐྱེ་བ་སྔ་ཕྱིའི་གནས་ཚུལ་ལ་གོ་བ་ཅུང་ཙམ་རྙེད་ཡོད་མཁན་ཞིག་ཡིན་ན། གནས་ཆུང་ཆོས་རྒྱལ་ཆེན་པོ་དང་ཚེ་རིང་མཆེད་ལྔའི་བཀའ་ཆད་ཕོག་པའི་གནས་སྟངས་འདིས་ནི་ཡོངས་སུ་གསལ་བཤད་བྱས་ཟིན་པས། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་རང་ཉིད་ཀྱི་ཕྱག་རང་ཉིད་ཀྱི་བྲང་ཁར་ཐེངས་གཅིག་བཞག་སྟེ་དགོངས་བཞེས་གནང་བ་ཡིན་ན། རང་ཉིད་ལ་བོད་མི་ས་ཡ་དྲུག་ནང་གཟུར་གནས་ཤེས་ལྡན་མི་སྣ། སྤྱི་སེམས་ཅན། དོ་སྣང་ཅན། མཁས་པ་དང་རྩོམ་པ་པོ། གཞུང་ཞབས་དང་གཞུང་ཞབས་ཟུར་པ་བཅས་ཀྱི་ཁྲོད་ཡིད་ཆེས་གནང་མཁན་ཆེས་དཀོན་པར་གྱུར་ཟིན་པ་ནམ་ལངས་ཉི་ཤར་གྱི་ཚུལ་དུ་ཐུགས་རྒྱུད་ལ་ཁྲ་ལམ་མེར་ཤར་ངེས་ཤིང་། འོས་བསྡུའི་བརྒྱུད་རིམ་ནང་འོས་མི་རང་ཉིད་དང་རང་ཉིད་ཀྱི་རྒྱབ་སྐྱོར་པའི་བྱེད་བབ་ཀྱིས། ༧གོང་ས་མཆོག་དང་བོད་སྤྱིའི་དམ་ཚིག་ལ་རྒྱར་ལྟོས་མེད་ཁྱད་གསོད་མང་དག་བྱས་ཡོད་པར་བརྟེན། མ་འོངས་པའི་བོད་འདི་ཉེན་ཁ་ཧ་ཅང་ཆེ་བའི་ལམ་དུ་དེད་ཡོད་པའང་མཁྱེན་ནས། ཞེད་སྣང་དང་ནོངས་འགྱོད་སྔ་ན་མེད་པ་ཞིག་ཀྱང་སྐྱེ་ངེས།
ཧ་ཅང་བློ་ཕམ་དགོས་པ་ཞིག་ནི། ང་དེ་རིང་ཡོད་སའི་བལ་ཡུལ་གྱི་གཞིས་ཆགས་ཁུག་ཀྱོག་འདིར། བོད་མི་ཚོས་གནས་ཆུང་དང་ཚེ་རིང་མཆེད་ལྔས་སྲིད་སྐྱོང་བློ་བཟང་སེང་གེར་བཀའ་ཆད་ཕོག་པའི་གནས་སྟངས་དེར་ཞེད་སྣང་ཚད་ལས་བརྒལ་བ་བྱེད་བཞིན་པ་དེ་རེད། བརྒྱུད་ལམ་ཁག་ཏུ་ལྟ་ཞིབ་བྱས་ནའང་། བཙན་བྱོལ་བོད་མི་ཙམ་མིན་པར། ཚེ་རིང་མཆེད་ལྔས་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ་བསྟུན་མར་ཕྱག་ནས་ཀྱིས་སྡིག་མཛུབ་དང་བཅས་ཏེ་གཞུས་པ་ནི། བོད་ནང་གི་བོད་མི་རྣམས་ཀྱང་རྣམ་རྟོག་སྐྱེ་གཞི་ཞིག་ཏུ་གྱུར་དང་འགྱུར་བཞིན་པ་ནི་གསང་ཐབས་མེད་པ་ཞིག་རེད། མི་མང་གིས་”ད་བཀའ་ཤག་གིས་༧གོང་ས་མཆོག་ལ་དགོངས་སེལ་སྐྱབས་འཇུག་དང་། གཞུང་བསྟེན་སྲུང་མ་དམར་ནག་གཉིས་ལ་བསྐང་བཤགས་རྒྱ་ཁྱབ་ཏུ་གནང་སྟེ། ཡང་བསྐྱར་སྤྱན་འདྲེན་གྱིས་དགོངས་པ་དྭངས་ཡོད་མེད་འཁྲུན་ཐག་གང་མགྱོགས་མ་བཅད་ཚེ། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ་དོན་རྐྱེན་ག་རེ་བྱུང་ཡོང་། དཀོན་མཆོག་མཁྱེན་”ཞེས་དང་། ཡང་རེ་འགས། ”དེ་སྔར་དོལ་རྒྱལ་ཚོགས་པས་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ་རྒྱབ་སྐྱོར་བྱས་པས་རྟེན་འབྲེལ་འཕྱུག་པ་ཡིན་ནམ་”ཟེར། དེ་བཞིན་ལ་ལས། ”དུས་འཁོར་དབང་ཆེན་སྐོར་༧གོང་ས་མཆོག་གསེར་ཞལ་ལྷམ་མེར་བཞུགས་པའི་དྲུང་ནས་ཀྱང་མངོན་སུམ་ལ་བསྙོན་ཏེ་ཁས་ལེན་མ་གནང་བས་བཀའ་ཆད་ཕོག་པ་མིན་ནམ་”སོགས་རྒྱལ་ཁམས་ཀྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་གསུངས་པ་ལྟར། གླེང་གཞི་དེ་དག་གིས་ས་གནམ་ཐམས་ཅད་རབ་ཏུ་ཀུན་ཏུ་ཁྱབ་འདུག
ཁོ་བོ་ལྟ་བུར་མཚོན་ན། མི་མང་གི་གླེང་གཞི་དང་དོགས་པ་རྣམ་རྟོག་དེས། སྤྱི་ཟླ ༤ ཚེས ༢ ཉིན་གྱི་མཚན་མོར་གཉིད་ཀྱང་རྩ་ཡལ་དུ་སོང་། གནས་ཆུང་ཆོས་རྒྱལ་ཆེན་པོས་སྲིད་སྐྱོང་བློ་བཟང་སེང་གེའི་ཕྱག་ཏུ་རྡོ་རྗེ་མནའ་ཆུ་བླུགས་ཏེ་ཉེན་བརྡ་བཏང་འདུག་པ་དང་། ཚེ་རིང་མཆེད་ལྔ་དྲག་ཏུ་ཁྲོས་པའི་ཚུལ་དེར་ལྟ་མི་ཐུབ་པ་ཞིག་རེད། ངའི་རེ་བར། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་འོས་བསྡུའི་བརྒྱུད་རིམ་ནང་མི་མང་ལ་དབུ་བསྐོར་ཞུས་པའི་གནས་ཚུལ་ཐམས་ཅད་ངོས་ལེན་གནང་མི་ཐུབ་ཀྱང་། དུས་འཁོར་དབང་ཆེན་དང་སྐུ་པར་གྱི་གནས་ཚུལ་ཞལ་བཞེས་གནང་སྟེ་ཡོངས་གྲགས་ལྷ་མི་གཉིས་ལ་དགོངས་སེལ་ཞུས་ན། མ་འོངས་པར་ཀ་ཤོད་ཆོས་རྒྱལ་ཉི་མ་ལྟར་མིན་པར། སྐུ་ཚེའི་མཛད་འཕྲིན་ལམ་དུ་ལྷོང་ངེས་རེད་སྙམ་པ་ཞིག་རིགས་པའི་ལམ་ནས་མཐོང་གི་འདུག་པས། གང་ཟག་ལས་སྒྲིག་འཛུགས་གལ་ཆེ་བ་དང་། ལུང་ཚན་དང་ཆོལ་ཁ་ལས་སྤྱི་བའི་ཆིག་སྒྲིལ་གལ་ཆེ་བའི་༧གོང་ས་མཆོག་གི་ལམ་སྟོན་འོག་ད་ནས་བཟུང་ཞལ་ཞེ་གཉིས་མེད་དང་། མངོན་ལྐོག་མེད་པར་བློ་གཅིག་སེམས་གཅིག་གིས་ཕེབས་ཏེ་སྔ་འགྱོད་ཕྱིས་སྡོམ་ངང་བོད་སྐྱོབམཛད་འཕྲིན་གཤའ་མ་ཞིག་སྐྱོང་བའི་དམ་བཅའ་གངས་ལྗོངས་ལྷ་མི་ཡོངས་ཀྱི་མདུན་སར་འཇོག་དགོས་པའི་དུས་ལ་བབས་འདུག
༢༠༡༦། ༤། ༥། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁྲིས་སུ་སྦྱར།།
ཚོགས་གཙོ་སྤེན་ཚེ་ལགས་དང་། སྲིད་སྐྱོང་བློ་སེད་གཉིས་ངའི་དཔུང་པ་གཡས་གཡོན་ལྟ་བུ་ཡིན། ཤར་ཕྱོགས་ཁུག་རྟ་ཁྱོད་ནི་དཀྲུགས་གཞི་འཇོག་མཁས་ཞིག་འདུག ཉི་གཅིག་ཁྱོད་ཡོ་རོབ་བསླེབ་ཆེ་ངས་ཁྱོད་རང་ཆེད་ལག་རྟགས་ཉར་ནས་སྤྲད་ཆོག ད་དུང་དཀྲུགས་ཤིང་ཅང་རྒཐོབས་ཨ།
ཡང་། ཤར་ཁུག་ངུ་སྐད་ཤོར་སོང་། ཧ་ཧ།། །།
ཧཧཧཧཧ་་་་་ལས་ངན་པ་གང་བསགས་ཡིན་ནམ། ཤར་ཁུག་འདིས་རྟོགས་བཟོ་ལ་ལྟོས་དང་གཞན་དང་མ་འདྲ་བ་སྐད་གྲགས་ཅན་ཞིག་བཟོ་དགོས་བསམ་ནས་་་་་་་་་་་
ཨ་ཁ་ཡང་ཤར་ཁུག་ངུ་རྒྱུའི་མགོ་བཙུགས་སོང། ག་ཚད་ངུས་ཀྱང་བློ་སེང་ཐོབ་ཚར་བ་རེད་ཁྱོད་རང་ཚེ་འདིར་བློ་སེང་གི་འོག་ལ་མགོ་སྒུར་ནས་འདུག་རྒྱུའི་ལས་བསགས་འདུག ད་ཁྱེད་ལ་ཤོད་རྒྱུ་བཀྲབ་རྒྱུ་ཡོད་ན་སྤྱི་འཐུས་གྲོས་ཚོགས་ནང་དུ་འཁྲབ་རོགས། ད་རིང་གི་མདོ་སྨད་སྤྱི་འཐུས་ནང་དུ་ཁྱེད་རང་བསླེབས་ཡོད་མདོག་ཁ་བོ་རེད། དེ་དུས་བསྟན་པ་ཡར་འཕེལ་དང་འཇུ་ཆེན་བུ་མོ་གཉིས་ནས་ཁྱེད་ལ་ལེགས་གསོལ་ཞུ་ངེས་རེད། ཡང་ཁྱེད་རང་འཇུ་ཟའི་རྩར་བསླེབས་དུས་ངོ་གདོང་མི་འགྱུར་བའི་རེ་བ་ཡོད། ད་སྒུགས་ནས་བསྡད་ཡོད། མང་པོ་བཤད་ཅང་ཕན་གྱི་མ་རེད་མི་ཚོས་ཁྱེད་རང་གི་སྐད་ཆར་བདག་པོ་བརྒྱབ་ཀྱི་མི་འདུག
བལ་ཡུལ་ནི་རྒྱ་ནག་གསང་བའི་ལས་ཁུངས་ནས་བཙན་བྱོལ་ནང་གི་གསང་མྱུལ་པ་ཚོར་བཀོད་འདོམས་བྱེད་གནས་དང་དངུལ་སྤྲད་ས་ཡིན་པ་ཚེ་བཀྲ་བླ་མས་གསུངས་ཟིན་པས། སྤེན་ཚོགས་ཀྱི་མི་སྣ་གཙོ་བོ་འདི་བལ་ཡུལ་དུ་སླེབས་དོན་ཅི། ད་གསལ་པོ་ཆགས་སོང་།
ཀ་ཤོད་པ་འདྲ་མ་ཟེར། །
ཀ་ཤོད་པ་ཡི་སྡུག་རེད། །
སྲིད་སྐྱོང་སློབ་བཟང་སངས་རྒྱས། །
མི་ཞིག་མ་རེད་ཁྱི་རེད། །
ངོ་ཚ་མེད་པའི་ཁྱི་རྒན། །
ལབ་རིན་གླེང་རིན་མི་འདུག །
ཁོ་ལ་ཡིད་ཆེས་བྱེད་ན། །
མ་རིགས་རྨོང་པའི་རྟགས་རེད། །
ཤར་ཕྱོགས་ཁུག་རྟའི་དྲང་གཏམ། །
འགའ་རེས་རྣ་བར་མི་སྙན། །
མི་སྙན་ན་ཡང་བདེན་གཏམ། །
ལོ་རྒྱུས་ཁྲོད་ལ་གནས་ངེས། །
གཟུར་གནས་ཤར་ཕྱོགས་ཁུག་རྟ། །
བདེན་གཏམ་བྲིས་པར་བསྟོད་དོ། །
ད་དུང་དངོས་ཡོད་གནས་ཚུལ། །
དྲང་བདེན་ལམ་ནས་འབྲི་དགོས། །
བདེན་གཏམ་ཤོག་ངོར་ཕབ་ཚེ། །
ལྐུགས་པ་འགའ་རེ་ཁྲོས་ནས། །
རྡོ་དང་གཡུག་པའི་རྡུང་སྲིད། །
དེ་ཚོར་ཁྱེད་ཀྱིས་གཟོབས་ཤིག །
ས་ས་དང་རྡོ་རྡོ་ཡི་སར་བཞག་སོང་། ཏག་ཏག་རེད།
ཤར་ནས་ནུབ་ལ་དཀྲུགས་ནུབ་ནས་ཤར་ལ་དཀྲུགས་ཀྱང་བློ་སེང་
ཐུབ་མ་སོང་ངོ་།
ཤར་ཁུག་གིས་སྐད་ཆ་དྲང་པོ་བཤད་འདུག ད་དུང་མ་མཐུད་འདི་ལྟར་རྩོམ་ཡིག་གང་མང་སྤེལ་བའི་རེ་བ་ཡོད།
ཤར་ཁུག་གིས་བདེན་བདེན་འདྲ་མོ་བྲིས་འདུག་ཀྱང་། ཚེ་རིང་མཆེད་ལྔས་ཕྱག་ནས་སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀར་བྲབ་བཞིན་འདུག་པ་ཚང་མས་མཐོང་། དེ་བས་ཚེ་རིང་མཆེད་ལྔའི་བཀའ་ལུང་གི་ཡི་གེར། མཇལ་ཞུ་བ་ཁག་ཅིག་ལ་གདུག་ཚོད་ཟུངས། སོགས་གསུངས་སྐོར་འཁོད་འདུག་པའི་མཇལ་ཞུ་བ་ཟེར་བ་སུ་ཡིན་གསུང་རྒྱུ་ཡོན་ན་གསུངས་དང་།
ཤར་ཁུག་གི་རྩོམ་དྲང་པོ་བྲིས་འདུག བློ་སེང་འདིའི་བཙན་བྱོལ་བོད་པ་ཕུང་ས་རེད།
བློ་བཟང་སེང་གེ་དང་བཀའ་ཤག་གི་ལས་དོན་གྲུབ་འབྲས་ཡིན་ནའང་འདྲ། འཐུས་ཤོར་རིགས་ཡིན་ནའང་འདྲ། ཡིག་ཐོག་ལ་བཀོད་ཚར་བའི་རྗེས་ལ། དེ་ཡིག་ཚགས་ཀྱི་ངོ་བོ་ནས་གསལ་པོར་སྡོད་ཀྱི་རེད། འདི་ནི་ལོ་རྒྱུས་སུ་འགོད་པ། ལོ་རྒྱུས་ནང་གསལ་པོར་འཇོག་པ་ཟེར་བ་དེ་རེད། མ་འོངས་པ་ན་ད་ལྟའི་རྩོམ་ཡིག་འདི་དག་ལོ་རྒྱུས་ཀྱི་གླེགས་བམ་ནང་ཚུད་འགྲོ་བ་རེད། རྩོམ་ཡིག་འདི་ཚོར་འདོད་པ་མེད་མཁན་ཚོས་ཀྱང་རང་རང་གི་ལྟ་སྟངས་ཡི་གེ་འགོད་དགོས་པ་རེད། དེ་ནས་མ་འོངས་པ་ན་ཞིབ་འཇུག་བྱེད་མཁན་དག་གིས་དབྱེ་བ་འབྱེད་ཀི་རེད། དེ་མིན། ཅིག་རེད་མིག་རེད་ལབ་ནས་ལན་འདེབས་ཚིག་གྲུབ་རེ་སྤེལ་བ་ཙམ་དང་། མང་ཚོགས་ནང་ལ་སྐད་ཆ་སྟོང་པ་རེ་བཤད་པ་ཙམ་གྱིས་ཅི་གང་ཕན་གྱི་མ་རེད། མདོག་ཉེས་ན། དེ་དག་ལོ་རྒྱུས་ནང་ལ་འཁོད་མི་འཁོད་ཐེ་ཚོམ་རེད། ཁ་ནས་བཤད་བསྡད་པས་འགྲིག་གི་ཡོད་པ་མ་རེད། ལག་པ་འགུལ་ནས་མ་བྲིས་ན། ལོ་རྒྱུས་ནང་ཐེབས་ཀྱི་མ་རེད། ལོ་རྒྱུས་ནང་མ་ཐེབས་པ་ཡིན་ན། ད་ལྟ་ལྟ་སྟངས་གཉིས་ཡོད་པ་འདི་རྩོམ་ཡིག་སྤེལ་མཁན་ཚོའི་ལྟ་སྟངས་ཀྱིས་མནན་ནས་གཅིག་གིས་འཐུས་པ་ཆགས་འགྲོ་གི་རེད། རྩོམ་ཡིག་འབྲི་མཁན་འདི་ཚོས་རྩོམ་ཡིག་རེ་བྲིས་ཡོང་དུས། དེ་ཉེན་ཁ་དང་གནད་འགག་གཉིས་ཀ་ཆགས་ཡོད་པ་རེད། གྲོས་ཚོགས་ར་བའི་ནང་ན། དེབ་ཐེར་དུ་འགོད་ཆེད་ཆེད་སྐད་ཆ་བཤད་ཀྱི་ཡོད་ཅེས་ཟེར་མཁན་ཡོད་པའང་གནད་འགག་འདིས་རེད། བློ་བཟང་སེང་གེ་དང་བཀའ་ཤག་གི་འཐུས་ཤོར་གླེང་བའི་རྩོམ་ཡིག་མང་སོང་བ་ཡིན་ན། ལོ་རྒྱུས་ནང་ལ་རང་བཞིན་གྱིས་ནག་པོ་ཆགས་བསྡད་ཡོད་པ་རེད། ང་ཚོར་འཐུས་ཤོར་སྐོར་འབྲི་མཁན་ལས་གྲུབ་འབྲས་གླེང་བའི་རྩོམ་ཡིག་འབྲི་མཁན་མེད་སོང་བ་ཡིན་ན། བློ་བཟང་སེང་གེ་དང་བཀའ་ཤག་སྐབས་འདི་རང་བཞིན་གྱིས་ནག་པོ་ཆགས་འགྲོ་བ་རེད། དེ་ལོ་རྒྱུས་ནང་ལ་འཁོད་འགྲོ་བ་རེད། ཚང་མས་གཟབ་གཟབ་བྱེད་དགོས་པ་རེད།
ཤར་ཕྱོགས་ནས་རྩོམ་དྲང་པོ་བྲིས་འདུག་པས་བསྟོད་དོ། སྲིད་སྐྱོང་བློ་སེང་ལགས་ནས་སླར་ཡང་ལོ་ལྔ་རིང་སྲིད་གཞུང་བསྐྱངས་རྒྱུ་ཡིན་སྟབས་ཁོང་ནས་ནོར་འཁྲུལ་ཡོ་བསྲང་དང་འདས་པའི་ཉམས་མྱོང་དང་། ལྷག་པར་དུ་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་རྒྱུ། ཆོས་སྐྱོང་དང་ཚེ་རིང་སྤྱན་སྔའི་བཀའ་ལུང་ལྟར་༧གོང་ས་མཆོག་དགོངས་པ་དག་པར་ཁ་ཞེ་གཉིས་མེད་ཐོག་ཕྱག་ལས་གནང་རེ་ཡོད། དེ་མིན་བོད་མི་ཚང་གི་ལས་དབང་གཡང་སར་སླེབས་རྒྱུ་ཡིན་པ་ངེས་སོ། ཚང་མས་ཡིད་ཟབ་དགོས་པ་ཡིན།
བློ་བཟང་སེང་གེ་དང་བཀའ་ཤག་གིས་ལོ་ལྔའི་ནང་ལ་གྲུབ་འབྲས་ཅན་གྱི་ལས་ཀ་གཅིག་ཀྱང་བྱས་མེད་པའང་མ་རེད། ཡིན་ནའང་། དེ་ཚོ་ཡིག་ཐོག་ནས་གླེང་མཁན་མེད་པས། རང་བཞིན་གྱིས་ལོ་རྒྱུས་ཡིག་ལམ་ནས་བློ་བཟང་སེང་གེ་འཐུས་ཤོར་གཏོང་མཁན་དང་ལོ་རྒྱུས་ནང་ལ་ནག་པོ་ཆགས་ཉེན་འདུག འདས་པའི་ལོ་ལྔའི་ནང་ལ་འཐུས་ཤོར་མང་པོ་སོང་བ་བདེན་པ་རེད། ཕྱིས་འབྱུང་གི་སྐབས་ལ་དེ་འདྲ་མི་གནང་བ་ཞིག་བྱེད་མ་ཐུབ་ན། སྲིད་སྐྱོང་ལ་བསྡད་པའི་དགོས་དོན་མ་འགྲུབ་པ་ཡིན་སྟབས། ད་ནི་ཡག་པོ་གནང་གི་རེད་བསམ་གྱི་ཡོད།
ཤར་ཕྱོགས་ཁུག་རྟས་བློ་བཟང་སེང་གེའི་འཐུས་ཤོར་གླེང་བ་ལ་ཅི་གང་བཤད་རྒྱུ་མེད། ཀ་ཤོད་ཆོས་རྒྱལ་ཉི་མ་དང་གཅིག་རེད། ད་དུང་དེ་ལས་སྡུག་གི་རེད་ལབ་སྟངས་འདིར་དགའ་པོ་མེད། ངོ་རྒོལ་ཡོད། ཡིན་ནའང་། མཆན་སྤེལ་མཁན་ཚོས་དེ་ལ་སྣང་འཇོག་མི་བྱེད་སྟངས་ལ་བལྟས་ན། ཀ་ཤོད་ཆོས་རྒྱལ་ཉི་མ་དང་གཅིག་རེད་ལབ་ན། མགོ་བོ་ནང་ལྡེམ་ལྡེམ་བྱེད་ཀྱི་ཡོད་པ་འདྲ་པོ་འདུག
ཤར་ཕྱོགས་ཁུག་རྟ་ནི་བྱེས་ཡུལ་འདིའི་ཤེས་ཡོན་པ་མང་དག་ཅིག་གི་ནང་ནས། རྒྱུན་ལྡན་ཆབ་སྲིད་གཙོས་བོད་དོན་གྱི་གལ་འགངས་ཐད་ལ་རྩོམ་འབྲི་བ་འཕགས་ཤོས་ཤིག་ཡིན་པ། ད་སྐབས་དོ་སྣང་ཅན་ཚོས་ངོས་ཟིན་ཡོད་ཤག་ཡིན། དེ་ནི་ད་བར་ཁོས་ཁ་བརྡ་དྲ་འདིར་གཅིག་པོར་བྲིས་པ་དག་ལ་བལྟས་ནའང་ཤེས་སླ། ཁོས་ཅི་ཞིག་བྲིས་པ་མཐའ་དག་གང་ཡང་ནོར་མེད་པ་ཞིག་རེད་ཅེས་སུས་ཀྱང་བཤད་མི་ཐུབ་ནའང་། གང་བྲིས་པ་དག་གི་ནང་ན་ང་ཚོའི་གཞུང་སྒེར་གཉིས་ཀས་བསམ་གཞིག་དང་ཡིད་གཟབ་གནང་དགོས་ས་ཡོད་པ་ར་སྤྲོད་གཏང་མི་དགོས་པ་ཞིག་རེད། དེའི་རྒྱུ་མཚན་ཡང་ཁོས་ཅི་ཞིག་ལ་ལད་ཟློས་བྱས་པ་ཙམ་མིན་པ་གཙོ་བོ་ཞིབ་འཇུག་ཟེར་བ་འདི་འབྲི་སྙིང་ལ་འཛིན་མཁན་ཞིག་ཡིན་པས་རེད་འདོད། རྒྱུ་མཚན་འདིའི་དབང་གིས་ཁོའི་བྲིས་རྩོམ་ལ་དོ་སྣང་པའང་མང་ཚོད་ཀྱང་། ཅུང་ཡིད་མི་མགུ་བ་ཞིག་ལ་ཁོ་དང་ཁོའི་རྩོམ་ལ་དོན་དམ་པའི་དཔྱད་པ་གནང་མཁན་ནི། ཤེས་ཡོན་པ་དང་ནམ་རྒྱུན་དྲ་སྟེང་ལ་མཆན་དང་རྩོམ་སྤེལ་བ་ཚོའི་ནང་ན་དཀོན་པ་དེ་རེད། འདི་ནི་དྲ་གང་ཞིག་ལ་རྩོམ་དང་མཆན་འབྲི་བ་ཚོར་རྩོམ་དང་མཆན་འབྲི་བའི་གནས་ཚད་ཏག་ཏག་མ་ལོན་པའི་ཞན་ཆ་ཞིག་ཏུ་ཁས་མ་བླང་ཐུ་མེད་རེད། གཞན་ནམ་རྒྱུན་ཤར་ཁུག་འདི་ཅིག་ཅིག་ལབ་ནས་ཁར་གང་ཡོང་བཤད་མཁན་ཚོ་ནི་ཅི་ཡང་མ་ཡིན་པ་སུས་ཀྱང་ཤེས་ཤེས་པ་ཞིག་རེད་ལ། བསྐལ་པ་མ་ལྟུང་བར་རིགས་འདི་མི་འཛད་པ་ནི་ས་ཐོག་འདི་དང་མི་རིགས་གང་གི་སྐལ་ཞིག་ཀྱང་ཡིན་པར་སེམས།
ཤར་ཁུག་ལགས།
་
བློ་སེང་སྡུག་ཀྱང་བོད་སྤྱི་པའི་སྲིད་སྐྱོང་རེད། །
བློ་སེང་སྐྱོ་ཡང་ཞི་ཅིང་ཕིན་གྱི་ཁ་གཏད་རེད། །
བློ་སེང་བླུན་ཡང་བོད་མི་རིགས་ཀྱི་རེ་ས་རེད། །
བློ་སེང་སྒེར་ལ་མ་དགའ་ཡང་མི་མང་གིས་བསྐོས་པ་རེད། །
་
མི་མང་གི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་པ་ནི། ཤར་ཁུག་ཁྱོད་ཀྱིས་དྲངས་འདུག
ངོ་མ་སྐད་ཆ་དྲང་མོ་བཤད་འདུག་རྩོམ་འབྲི་ན་འདི་འདྲ་བྲིས་དང་བརྗོད་དོན་ཟབ་ལ་བརྗོད་ཚིག་སྙན་ཐུགས་རྗེ་ཆེ་ཤར་ཁུག་དྲ་འབུ་ཚང་མ་ཁྱོད་ལྟ་བུ་ཡིན་ན་ཅི་མ་རུང་།
ད་ཐེངས་ཤར་ཁུག་གིས་དངོས་ཡོད་དོན་མཐུན་གྱི་རྩོམ་ཡིག་གནད་ལ་ཁེལ་བ་ཞིག་བྲིས་འདུག ལེགས་སོ་དང་ཐུགས་རྗེ་ཆེ་ཞུ།
ཤར་ཕྱོགས་ཁུག་རྟས་རྩོམ་ཡིག་གནད་ལ་ཁུལ་བ་ཞིག་བྲིས་འདུག སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།འཇུ་ཆེན་གྱི་རྒྱུགས་ཁྱི་འགའ་དང་ཀླད་མེད་ཁམས་རྒན་འགའ་ཡིས་དུས་རྟག་ཏུ་ཁྱེད་ལ་གཞི་མེད་སྐྱོན་བརྗོད་བྱེད་ཀྱིན་འདུག ཁྱི་ཕྲུག་དེ་དག་གིས་བྲིས་བའི་ཡིག་རྙོག་ལ་གནད་གང་ཡང་མེད་པས་མུ་མཐུད་ནས་བོད་མི་རིགས་ཀྱི་ཆེད་དང་༧ གོང་ས་མཆོག་གི་བཀའ་དགོངས་དང་འགལ་མཁན་ཚང་མ་རྩོམ་ཡིག་གི་ལམ་ནས་དག་གསལ་གནང་རོགས།
སྤྱིར་བཏང་དེང་རབས་ཅན་གྱི་སྲིད་གཞུང་ཞིག་ཡིན་ན་གནས་ཆུང་དང་ཚེ་རིང་མ་ཟེར་བ་ལྟ་བུའི་ལུང་བསྟན་ལ་ཉན་ཁུལ་བྱེད་པ་ལས་ལྡོག་སྟེ་ཁྲིམས་ཐོག་ནས་བཀའ་འགོག་བྱེད་ཀྱི་རེད། ང་ཚོ་མང་པོ་ཞིག་གིས་རང་རང་དེངས་རབས་པ་དང་། དེངས་རབས་ཀྱི་ཤེས་ཡོན་ལ་གོ་རྟོག་ཅུང་ཟད་རེ་ཡོད་མཁན་ཡིན་བསམ་གྱི་ཡོད་རེད། ད་དུང་ཡང་ཆེ་སའི་ང་ཚོའི་དམངས་གཙོའི་འོས་འདེམས་ཀྱི་སྲིད་གཞུང་གིས་འདི་འདྲའི་ལྷ་འདྲེ་ཁོག་བབ་ཀྱི་ལུང་བསྟན་ལ་ཉན་ཁུལ་བྱེད་པ་དེ་ངོ་མ་ང་རང་ཚོས་ང་རང་ཚོའི་དམངས་གཙོ་དང་། ཤེས་ཡོན་གོ་རྟོགས། རང་བཀུར་གྱི་སྤོབས་པ་བཅས་ལ་བརྙས་བཅོས་རྡོག་རོལ་ཤེས་བཞིན་དུ་གཏོང་བའི་བྱ་སྤྱོད་ཅིག་རེད། གལ་སྲིད་ང་རང་ཚོ་ངོ་མ་དམངས་གཙོ་ལ་བཀུར་བ་དེངས་རབས་ཅན་གྱི ཤེས་ཡོན་ལ་དུང་མཁན་རེ་ཡིན་ན་འདིའི་རིགས་ནི་ང་ཚོའི་སྤྱི་ཚོགས་ཀྱི་སེམས་ཁམས་ནས་འདོར་རྐྱང་བྱེད་དགོས་པ་ཞིག་རེད།
ཤེས་ཡོན་ཡོད་མཁན་གྱི་སྡེ་དང་མེད་མཁན་གྱི་སྡེ་གཉི་གས་ང་ཞེན་ཁོག་བྱས་མེད། ཞེན་ཁོག་གནང་མཁན་ཁྱེད་རང་རེད་ཅེས། ཕར་མཛུབ་མོ་བསྟན་པ་ལས་རང་ལ་མཛུབ་མོ་བསྟན་ནས་ང་ལ་སྐྱོན་འདུག་ཟེར་མཁན་མེད་པ། རང་སྐྱོན་ཤེས་ན་སངས་རྒྱས་ཡིན་ཟེར་བའི་དཔེ་ལས་ཤེས་ཐུབ། ད་གང་ལྟར་ཞེན་ཁོག་བྱས་ན་བྱས་ཚར་བ་རེད། འོས་ཤོག་ཡང་བླུགས་ཚར་བ་རེད། མ་འོངས་པའི་སྲིད་སྐྱོང་ལོ་ལྔ་སྲིད་སྐྱོང་བློ་བཟང་སེང་གེས་གནང་རྒྱུ་རེད། སྐྱོན་ཡོད་མེད་གང་ལྟར་ལོ་ལྔའི་རིང་བོད་མིའི་སྲིད་སྐྱོང་ཡིན་པ་རེད། དེ་ངེས་པར་དུ་ངེས་ལེན་གནང་དགོས་པའི་གནད་དོན་ཞིག་རེད་བསམ། སྲུང་མ་གཉི་གས་༧གོང་ས་མཆོག་གི་སྐུ་མདུན་དགོངས་སེལ་གནང་དགོས་ཚུལ་དང་། དེ་ནས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དགོས་ཚུལ་སོགས་ལས། མི་མང་གི་མདུན་དགོངས་སེལ་དགོས་ཚུལ་གང་ཡང་མི་འདུག དེ་འདྲ་དགོས་རྒྱུ་མ་རེད། གང་ལྟར་ད་ནས་བཟུང་འོས་ཤོག་སྐབས་ཀྱི་སྐྱོན་བརྗོད་སོགས་མ་གླེང་ན་ཡག་པོ་འདུག དེ་མིན་གྱི་སྐྱོན་ཆ་རིགས་ལས་ཀའི་ཐད་ཀ་ཐད་ཀར་སྐྱོན་སེལ་ངེས་པར་དུ་གནང་དགོས།
ང་ཚོ་ཁ་བསམ་གཉིས་མེད་ཀྱིས། བོད་བསྟན་པ་ཆབ་སྲིད་འདི་སློབ་བཟང་སངས་རྒྱས་ལག་པར་ཡང་བསྐྱར་བཞག་ན་ཡག་པོ་མེད་པ་དངོས་མཐོང་བློས་དཔགས་ཀྱིས་གསལ་གསལ་ཐང་ཐང་ག་ཚོད་བཟོས་ན་ཡང་། ཁམས་རིགས་བྱ་ངན་པ་ཚོས་ཆོལ་ཁ་བྱས་སོང་ཟེར་ནས། ཤེས་ལྡན་པ་མི་མང་དང་དྲང་ལྡན་པའི་བོད་མི་ཡོད་ཚད་ལ་མངོན་ལྐོག་གི་བྱེད་ནུས་གང་རུང་བཏོན་ནས་ནག་འདད་བྱས་བ་དང་། ད་རེ་ཡི་བོད་དོན་འདི་ཁམས་ཞེན་ཁོ་ན་ཙམ་གྱིས་རྒྱལ་དུ་བཅུག་ཡོད། དེ་ལྟར་བོད་མའི་བསམ་བློ་ལ་གུས་རྩི་མ་བྱུང་བ་རེད།
དེ་ནས་ཅིག་ཡོད་པ་དེ་ལྷ་མོ་དང་གནས་ཆུང་སོགས་རེད། ད་གནས་ཆུང་གིས་བོད་རྒྱ་ཆེ་སྤྱི་དོན་ལ་དོ་ཕོག་བྱུང་ལུགས་ཀྱི་ལྷ་ལུང་བབ་ན་ཡང་། ཁམས་ཞེན་ཅན་ཚོས་གནས་ཆུང་གཡུག་དགོས་རེད། དུས་རབས་དང་མི་མཐུན་རབས། ཡིད་ཆེ་མེད་རབས། སོགས་སློབ་བཟང་སངས་རྒྱས་ཀྱི་བྱས་ཉེས་དང་བྱེད་ཉེས་གླེང་ན། བཀབ་གང་ཐུབ་བྱེད་པ་འདི་ནི། དོན་གྱིས་ཁམས་ཞེན་ཅན་ཚོ་ཚད་ལས་བརྒལ་བ་བསྟན་པ་རེད། ཡག་པོ་རྩ་བ་ཉིད་ནས་མ་རེད།
བློ་བཟང་སངས་རྒྱས་དང་ཁོའི་འཁོར་མི་ཚོའི་བསམ་བློ་དང་བྱ་སྤྱོད་བྱས་ལས་ཀྱི་ནག་ཉེས་ཀྱི་ཀླུང་ནས་ང་ཚོ་དངོས་བར་དུ་རྒྱལ་ཐུབ་པ་བྱེད་དགོས།
སློབ་བཟང་སངས་རྒྱས་ཀྱིས་དང་པོ་བོད་ཀྱི་ཁྲིམས་གཞི་ཁྲིམས་ཡིག་ལ་རྩིས་མེད། གཉིས་པ་བོད་མི་མཁས་བ་ཚོ་རྩིས་མེད། གསུམ་པ་ལྷ་སྲུང་མཐུ་ཅན་ཚོ་རྩིས་མེད། འདི་འདྲ་ཞིག་གང་ག་འདྲ་ཟིག་ཆགས་པ་རེད།
མི་འུ་ཐུག་དུས་ལྷ་བབ་པ་རེད་མ་གཏོགས། གནས་སྟངས་འདི་དང་པོ་ནས་བྱུང་བ་ཞིག་མ་རེད།
དམངས་གཙོ་དང་ཤེས་ཡོན་གྱི་གོ་རྟོག་ཅི་ཙམ་ཡོད་ན་ཡང་ཡུལ་དེའི་ལྷ་མིའི་བདེ་སྡུག་གི་རྒྱལ་ཁབ་སྲུང་ཐུབ་པ་ཞིག་དགོས། འདི་དག་ལ་དོ་ཕོག་བྱས་ནས་དམངས་གཙོ་བས་རྒྱལ་ཁབ་ཞིག་འཛིན་སྟངས་གང་ན་ཡང་མེད། མིའི་དད་མདུན་དང་ལྷའི་དགོས་འདུན་མི་དགོས་ན། རྒྱལ་ཁབ་ཞིག་ཡོད་པ་ལས་མེད་ན་བཟང་།
ཤར་ཁུག་ནས་ཆེད་དུ་དམིགས་ནས་བྲིས་པ་ཞིག་ལས་མངོན་འབྲེལ་ངོ་མ་གང་ཡིན་གསལ་པོ་བྲིས་མི་འདུག །མི་ཀྱོག་ཀྱོག་གིས་མཆན་ཀྱོག་ཀྱོག་ཅིག་བྲིས་ནས་༧སྐྱབས་མགོན་རིན་པོ་ཆེ་དགོངས་པ་ཚོམ་འདུག་ཟེར་ནས་མཚན་སྨད་ཅིག་དང་། དགོངས་ལོ་འགྲིབ་པའི་ཉེན་འགེལ་ཞིག་ཀྱང་བློ་སེང་ལ་བཀལ་འདུག་པ་དེ་ལྟར་ཡིན་ན། སྔར་རྒྱ་ལོ་བཀའ་བློན་ཁྲི་པ་ཡིན་སྐབས་ཕྱི་རྒྱལ་ནས་གསར་འགོད་གསལ་བསྒྲགས་ཤིག་ནང་ཕར་སྤྲད་རྒྱུ་ཕར་སྤྲད། ཚུར་ལེན་རྒྱུ་ཚུར་ལེན་ཞེས་གསུངས་སྐབས་དགུང་ལོ་ཐུང་དུ་འགྲོ་རྒྱུ་ཡོད་ན་དེ་སྐབས་འགྲོ་དགོས་པ་ལས་ད་ལྟ་གློ་བུར་ཐུང་དགོས་པ་དམིགས་བསལ་གང་ཡང་མ་མཐོང་།
xxxའཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་ཨབ་ཕྲུག་ཚོས། ཤར་ཕྱོགས་ཁུག་རྟར་ཅི་ཙམ་སྨད་ཀྱང་གསེར་འོད་ཇེ་འཕྲོས་ཡིན། མི་གཟུགས་བདུད་དུ་ཤར་བ་དེ་དག་ལ་དགྲ་དགྲ་བྷྱོ་བྷྱོ། ཤར་ཕྱོགས་ཁུག་རྟ་མཁྱེན།
བོད་མའི་སྲིད་སྐྱོངརྒྱལ་འགྱུར་ཅིག །
བོད་ཀྱི་བདེན་མཐའ་གསལ་འགྱུར་ཅིག །
སྲིས་སྐྱོང་བློ་སེང་རྒྱལ་འགྱུར་ཅིག །
སྲིད་སྐྱོང་ཁ་གཏད་ཕམ་འགྱུར་ཅིག །
ཤར་ཁུག་་་་བལ་ཡུལ་རྒྱ་མིའི་གཞུང་ཚབ་ཁང་དུ་འགྲོ་བར་ཐོས་རྒྱུ་འདུག་གོ བོད་དོན་ཡིན་ནམ། སྒེར་དོན་ཡིན་སུས་ཧ་གོ།
ཤར་ཁུག་ལགས། ད་གཏན་ཚིག་དང་རྒྱུ་མཚན་ག་ཚོད་ཤིག་སྲིད་སྐྱོང་གི་མདུན་དུ་སྤུངས་ཀྱང་། ཁོང་གིས་ཉག་ཙམ་བྱེད་ཀྱི་མ་རེད། གང་ཡིན་ཟེར་ན། ཁོང་གི་གདོང་པ་དེ་གླང་ཆེན་གྱི་ལྤགས་པ་ལས་གྲུབ་པ་སོང་ཙང་། ངོ་ཚ་ཟེར་བ་དང་བཟང་སྤྱོད་ཟེར་བ་དེ་འདྲ་མེད་པ་རེད།
ཀ་ཤོད་པ་འདྲ་མ་ཟེར། །
ཀ་ཤོད་པ་ཡི་སྡུག་རེད། །
སྲིད་སྐྱོང་སློབ་བཟང་སངས་རྒྱས། །
མི་ཞིག་མ་རེད་ཁྱི་རེད། །
བློ་སེང་ལ་འོས་ཐོབ་སོང་། སྤེན་པ་ཚེ་རིང་ལ་གུས་ཞབས་ཐོབ་སོང་། ད་སྒྲུང་རྫོགས་ཚར་བ་རེད། རྩོད་པ་ཆོས་ལ་ཕྱིན་ཚར་སོང་། ད་ག་རེ་རྩོད་ཀྱི་ཡོད་དམ།
སུ་ལ་ཐོབ་ན་དཔོན་པོ་ཡིན། སུ་ལ་བྱམས་ན་ཕ་མ་ཡིན། སུ་ལ་དྲང་ན་བླ་མ་ཡིན། སུ་ལ་ཕོགས་ན་སྡུག་གྱོང་ཡིན།
བཀའ་ཤོད་མགོ་བདེ་མ་རེད། ཤར་ཁུག་དབུ་བདེ་རེད་འདུག
རང་སྐྱོན་གཞན་ལ་བཏགས་ནས། རང་དོན་སྒྲུབ་ལ་འབད་སོང་།
གོང་གི་འགྲེལ་ལོག་དེ་བརྟེན་ནས་ཁོ་བོའི་བསམ་ཚུལ་ཞིག་ཞུ་འདོད་བྱུང་། སྤྱིར་མདུན་ན་འདོན་ཞེས་པ་རྒྱལ་པོའི་སྐུ་བཅར་བཀའ་བློན་དང་དྲུང་ཡིག་ལྟ་བུ་ལ་གོ་དགོས་པས་སྤྱི་ནོར་གོང་ས་སྐྱབས་མགོན་མཆོག་བོད་ཀྱི་སྲིད་དབང་གི་འགན་ཞེས་པའི་སྐབས་ཁོང་གི་མདུན་ན་འདོན་ནི་བཀའ་སྤྱི་ལྷན་རྒྱས་ལ་གོ་ཆོག་རུང་ད་ལྟ་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མངས་ཀྱིས་བདམས་པའི་དབུ་ཁྲིད་ལ་རྩིས་སྤྲོད་ཟིན་པས་ཁོང་གི་མདུན་ན་འདོན་དེ་བཀའ་སྤྱི་ལྷན་རྒྱས་ལ་མི་གོ་བར་སྐུ་བཅར་བ་གཞན་ཞིག་དགོས་མ་ཡིན་ནམ། གལ་སྲིད་དེ་ལྟ་མིན་ན་རང་རེའི་ཆབ་སྲིད་ཀྱི་དབུ་ཁྲིད་གཙོ་བོ་དེ་ལ་སྲིད་སྐྱོང་གི་མིང་མི་ཐོབ་པར་བཀའ་བློན་གྱི་མིང་ཐོབ་ཙམ་དུ་འགྱུར་བས་སོ། དེར་བརྟེན་ཆོས་རྒྱལ་གྱི་བཀའ་ལུང་དུ་མདུན་ན་འདོན་ཞེས་གསུངས་པ་སུ་ལ་གོ་མིན་དཔྱད་དགོས་པའི་གནས་ཞིག་གོ
མདུན་ན་འདོན་ཟེར་བའི་ཐ་སྙད་དེ་ངོ་འཕྲོད་ཐུབ་ཀྱི་མེད་སླར་གནས་ཆུང་ལ་བཀའ་ལུང་ཞུས་ན་ལེགས་སོ་།
ཤར་ཁུག་ལ་ཁག་མེད་བློ་སེང་བཀའ་ཤག་ནས་ཕྱིར་འབུད་གཏང་བའི་མི་ཞིག་རེད་ཁྱེད་རང་ག་རེ་བཤད་ན་ཡང་འགྲིག་གི་རེད་དོ་།
བློ་བཟང་སེང་གེས་ཀ་ཤོད་པ་འཁྲབ་པའི་ལོ་རྒྱུས་ད་བར་མ་རིག་མ་ཐོས་མོད། འབྱུང་བྱ་འདིས་བོད་པའི་སྤྱི་ཚོགས་དཀྲུག་པ་ལ་ཀ་ཤོད་པ་ལས་ལྷག་ཅིག་ཡིན། དེ་སྔོན་ཟམ་གདོང་བླ་མ་ཟེར་དུས་མིག་ནང་ལ་མི་འཇོག་ཅིང་། ཟུར་ཟ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པ་ཁོ་བོས་དངོས་སུ་མཐོང་མྱོང་མོད། ཕྱིས་སུ་ཟམ་གདོང་བླ་མའི་ཐུགས་སྲས་ལྟ་བུར་གྱུར་འདུག ཡང་དགའ་ལྡན་ཕོ་བྲང་ལ་སྡང་ཞིང་ལྷག་པར་སྐུ་དྲག་རྣམས་མིག་ནང་གི་གྲོག་མ་ལྟ་བུར་བརྩི་ཡང་། ཕྱིས་སྐུ་སྒེར་ནས་དངུལ་དངོས་ཞུས་ཏེ་ལྡི་ལིར་དབྱིན་ཡིག་སྦྱོང་ཁུལ་དང་། ད་ལྟའི་ཆར་སྐུ་སྒེར་གྱི་སྐུ་ཚབ་ཡིན་བཟོ་ལྟ་བུའི་འདུ་བྱེད་སྐྱོང་བཞིན་འདུག ཡང་ཉིས་སྟོང་བཅུ་གཅིག་ལོར་བློ་སེང་ཡག་རབ་ཀྱིས་འོས་ལྡུག་མཁན་ཞིག་ཡིན་མོད། ཕྱིས་བློ་སེང་མིག་ནང་གི་འཚེར་མ་ལྟ་བུར་བརྩི་བ་སོགས། མདོར་ན་རང་གི་ཕེ་ཕན་ཆེད་ཌ་རུ་མགོ་འཁྲབ་པ་ལ་བྱང་ཆ་ལྡན་ལ། འཁྱོག་བཤད་བྱེད་པར་ངོ་ཚ་ཞེ་ཁྲེལ་མེད་མཁན་ཞིག་ཡིན། དཔེར་ན་ཚེ་རིང་མཆེད་ལྔས་བློ་སེང་ཁོ་ནར་དམིགས་ཏེ། མཆོད་འབྲུས་བཞུས་པ་དང་། ཕྱག་ནང་གི་རྡོ་རྗེའང་གཞུ་བར་བརྩམས་པ་སོགས། མིག་ཚང་མས་ལྟ་རྒྱུ་རིག་རྒྱུ་ཡོད་པའི་བརྙན་པར་ཡོད་བཞིན་དུ་ཧམ་པ་འདི་ལྟར་འཆད་ཀྱིན་མི་འདུག་གམ། ཁོས་ནམ་རྒྱུན་༸གོང་ས་མཆོག་གི་ཐུགས་སྲས་ཡིན་མདོག་གི་རྩོམ་མང་དུ་སྤེལ་བ་དང་། དབུ་མའི་ལམ་ལ་རྒྱབ་སྐྱོར་གྱིས་༸རྒྱལ་བའི་བཀའ་སྒྲུབ་ཀྱི་ཡོད་མདོག་བྱེད་པའང་། གཞན་མ་ཡིན་པར་བོད་ཀྱི་རང་བཙན་འཐབ་རྩོད་པ་ཚོར་འབུར་འཇོམས་དང་། སྤྱི་ཚོགས་ལས་འབུད་ཐབས་ཁོ་ནར་བརྩོན་པ་ཡིན། ཅི་སྟེ་ཁོ་༸གོང་སར་དད་པ་དང་། ལྷ་སྲུང་རྣམས་ལ་ཡིད་ཆེས་དང་དད་པ་ཡོད་ན། ཆོལ་གསུམ་སྤྱི་ལ་སྨན་པའི་སྨྱུག་ཁ་མི་སྐོར་དོན་ཅི་ཡིན་ནམ། སྲིད་སྐྱོང་བློ་སེང་ལེགས་ཞན་ཅི་ཡང་། དམངས་གཙོའི་ལམ་ནས་བདམས་པའི་དབུ་འཁྲིད་གཅིག་ལ། འདི་ལྟའི་དམའ་འབེབས་ཁྱད་གསོད་བྱེད་པ་ནི། གཞིས་བྱེས་བོད་མི་ཡོངས་ལ་མཐོང་ཆུང་བྱས་པ་ཞིག་མ་ཡིན་ནམ། ད་རེས་འོས་བསྡུའི་ཁྲོད་ཆོལ་ཞེན་དབང་གིས་༸རྒྱལ་བའི་དགོངས་པ་འཁྲུག་པ་དང་། ཆོས་སྐྱོང་རྣམས་ཀྱང་ཐུགས་ཕམ་ཏེ་གསུང་ཇི་ཙམ་བསྐྱོན་པ་ཤེས་བཞིན་དུ། ཁོས་རྩོམ་འཆལ་འདི་ལྟར་སྤེལ་སྟངས་འདིར་གཅིག་གཟིགས་དང་། ཡང་སྙིང་འབྱུང་བྱ་འདི་སུའི་སྐུ་ཚབ་ཡིན་ནམ། ད་དུང་འདི་ཉིད་མདོ་སྨད་ཀྱི་སྤྱི་འཐུས་སུ་སླེབས་ཀྱིན་པ་འདྲ། ད་བསྟན་པ་ཡར་འཕེལ་ལ་གྲོགས་པོ་བཟང་པོ་ཞིག་རེག་སོང་། མདོར་ན་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཀྱི་ཀ་ཤོད་པ་ལས། བཅུ་བཞི་པའི་སྐབས་ཀྱི་ཀ་ཤོད་པ་འདི། ལྡབ་ཁྲི་སྟོང་མང་པོས་ལོད་པ་ཡོད། ཅི་བས་ཞེ་ན་བཅུ་གསུམ་པའི་སྐབས་ཀྱི་ཀ་ཤོད་པར་བྱས་རྗེས་དཀར་ནག་གཉིས་ཀ་ཡོད་ཀྱང་། བཅུ་བཞི་པའི་སྐབས་འདིར་ཆོལ་གསུམ་དཀྲུག་པའི་ཉེས་བྱས་ཁོ་ན་ལས་མེད་པས་སོ།།
སློབ་བཟང་སངས་རྒྱས་ཟེར་ན་སུ།།
བློ་བཟང་སངས་རྒྱས་ཟེར་ནའང་སུ།།
བློ་བཟང་སེང་གེར་བརྫུས་པ་དེ།།
རྫུན་མཁན་གཏེ་པོ་སྙིང་ཁམས་ཅན།།
སྤྱིར་བཏང་ཤར་ཁུག་ཀྱང་གདོན་འདྲེ་དོ་རྒྱལ་བརྟེན་མཁན་ཞིག་ཡུན་ཚོད་ངས་ངོ་ཤེས་ཨ་མདོ་བ་མི་ཞིག་ཡོད་ཁོས་ང་ལ་བཤད་མྱོང་། བལ་ཡུལ་རྒྱ་མི་གཞུང་ཚབ་ཏུ་སོང་འདུག་ དེ་ནི་བོད་མི་མང་སྤྱི་འཐུས་ཞིག་ཡིན་པའི་ཆ་ནས་བཟང་ངན་གང་ཡིན་ནམ། སྤྱི་སྒེར་ག་རེ་དོན་ཡིན་ནམ
ཡ་མཚན་པ་ཞིག་མརེད་དམ།
ཤར་ཁུག་ལགས་ལ་ཁག་མི་འདུག དེ་རིང་བདེ་སྲུང་བཀའ་བློན་གྱིས་ཀྱང་རྩ་དགོངས་ཞུས་འདུག་ཟེར། གོ་ཐོས་བྱས་ན། ལི་ཐང་སློབ་བཟང་སངས་རྒྱས་ཀྱིས་ཀྱང་རྩ་དགོངས་ཞུ་རྒྱུ་གཏན་འཁེལ་འདུག་ཟེར།
ཟླ་བ་དང་ཏི་སི་ཟེར་བ་འདི་གཉིས་བློ་བཟང་སེང་གེའི་རྒྱབ་སྐྱོར་བ་ཡིན་ཐག་ཆོད་རེད། གནད་འགག་གི་སྐབས་སུ་དོན་དག་གླེང་རྒྱུའི་བློ་ཁོག་ཡོད་པ་མ་རེད། རྫུན་བཤད། མགོ་བསྐོར་བཏང་རྒྱུ་ལས་ཀ་རེད། དོལ་རྒྱལ་གྱི་རྗེས་སུ་འབྲང་བ། འཐབ་ཕྱོགས་གཅིག་གྱུར་ཁང་བརྒྱུད་གཞུང་ཚབ་ཁག་གིས་གསོལ་སྟོན་ལ་གདན་འདྲེན་ཞུས་ན་འགྲོ་མཁན་ཞིག་ཡོད་པ་ནི། ཁམས་པ་མི་ངན་རེ་འགའ་རེད། རྒྱལ་ཁབ་བཙོང་མཁན་ཡང་ཁམས་པ་མི་ངན་རེ་འགའ། ༧གོང་ས་མཆོག་ལ་ངོ་རྒོལ་ཞུ་མཁན་ཡང་ཁམས་པ་མི་ངན་རེ་འགའ། བོད་མིའི་ཆིག་སྒྲིལ་གཏོར་མཁན་གླེན་པ་ཁམས་པ་རེ་འགའ་ཡིན་པ། འཛམ་གླིང་ཀུན་གསལ་ཡིན་པས། ཟླ་བ་དང་ཏི་སི་གཉིས་ཀྱིས་ལས་འགན་སྒྲུབ་དགོས་པ་ཁག་མི་འདུག
ཧཧ་་མི་འཁྱམ་སྐད་ལ་སོམས་ལ་ཤོད། རྩམ་པ་ལྡད་དེ་མིད། ཁྱོད་ཀྱིས་ང་བློ་སེང་གི་རྒྱབ་སྐྱོར་བ་ཡིན་པ་ག་དུས་ནས་ཤེས། གཏམ་ལུང་གང་གིས། མ་ཟད་ང་ཁམས་པ་ཡིན་པའི་རྒྱུ་མཚན་ཨེ་ཡོད། གནད་འགག་གང་འདྲ་ཞིག་ཏུ་ངས་གཏམ་མ་སྨྲས་པར་བསྡད་སོང་བ་ཤོད་རྒྱུ་ཨེ་ཡོད། མ་གཞི་ན་བློ་གཟུར་གནས་ཤིག་ཡིན་ན། ཤར་ཁུག་གི་རྩོམ་དག་ཀློགས་ལ་ཞིབ་གདང་རྒྱོབས། མིག་གསལ་ཙམ་དང་། རྣ་བ་ཆེ་ཙམ་བྱས་ཏེ་སྤྱི་ཚོགས་མཐོང་ཡག་བྱོས། འདིར་ངས་ཆོལ་ཞེན་འཆད་ཀྱིན་མེད། ད་བློ་སེང་དང་སྤེན་ཚེའི་རྒྱབ་སྐྱོར་བ་ཟེར་བ་བསྡད་མེད། ཆར་པ་བབས་ཟིན་ཏེ། ཆུ་ཐག་ཀྱང་ཆོད་སོང་། ཁྱོད་གང་དུ་འཁྱམ་སོང་བ་ཡིན། ཆང་ཁང་ནང་མིན་ནམ། མི་བསླེབས་སར་མ་སླེབས་ཀྱང་། ཉན་རྣ་བྱེད་པའི་ནུས་པ་ཙམ་ཡོད་པར་བྱོས་ཨང་།
ཤར་ཁུག་ལྟ་བུ་ཞིག་ད་རེས་སྤྱི་འཐུས་སླེབས་པ་དེ་མདོ་སྨད་བྱེས་པ་ཚོས་མདོག་ཅིག་བསྟན་ཚར་རེད། ད་ནི་ཆོལ་གསུམ་ཆིག་སྒྲིལ་དང་རྡ་སའི་རི་མགོ་ལ་རེ་བ་རྒྱག་མཁན་ཞིག་ཡོད་པ་མ་རེད།
ཤར་ཁུག་གལ་སྲིད་སྤྱི་འཐུས་ཐོབ་ན། གང་མགྱོགས་སྤྱི་འཐུར་ནས། མར་བུད་ཐབས་བྱེད་དགོས་རེད།
ཁམས་ཕྲུག་དེ་དག་གིས་ཤར་ཕྱོགས་ཁུག་རྟའི་གསུང་འགྲིག་གི་མི་འདུག་གསུང་སོང་ལ་གསུང་ཆོག་པ་ཞིག་ཀྱང་རེད།ཡིན་རུང་བདེན་པ་དང་གནས་ལུགས་སྒྲུབ་ནས་སྐད་ཆ་འདི་དག་བདེན་པ་མ་རེད་བཅས་བཀོད་དགོས་བ་རེད་མ་གཏོགས་དེ་མིན་གནས་ལུགས་ཀྱིས་རྩོད་པ་རྒྱག་མི་ཐུབ་པར་ཁ་ནས་ཚིག་ངན་རེ་ལབ་ན་རང་མདོག་སྟོན་གྱི་ཡོད་རེད་རང་ཚུགས་ཤོར་གྱི་ཡོད་རེད།ད་དུང་ཁམས་པ་གླེན་རྒན་ཟེར་བའི་ཚིག་དེ་འང་ཁྱེད་ཚོ་ལྟ་བུའི་གནས་ལུགས་ཀྱིས་ཡིད་སེམས་འགུག་ཐུབ་པའི་བདེན་པ་བཤད་རྒྱུ་མེད་ཐོག་གཞན་ལ་གཞི་མེད་སྐྱོན་བརྗོད་བྱས་བའི་ཉེར་ལན་གྱིས་ཁམས་པ་མཐའ་འཁོབ་ཀྱི་ཡུལ་ཅེས་འཇུ་ཆེན་ལ་སོགས་བོད་ཁུལ་བལྟ་རྟོགས་སུ་འགྲོ་དུས་འཇུ་ཆེན་ཁོང་རང་གིས་གསུང་ཡོད་པ་རེད།མཁས་བ་མེད་ས་རིག་གནས་ཀྱི་རྨང་གཞི་ཞན་ས།ད་དུང་རྒྱུ་མཚན་དང་གནས་ལུགས་བཤད་ན་ཉན་མི་ཤེས་མཁན།མདོ་སྟོད་ཀྱི་སྤྱི་འཐུས་རྣམས་ཀྱི་བྱེད་སྟངས་དང་མི་མང་ཁྱེད་ཅག་གི་སྐད་ཆ་བཤད་སྟངས་ལ་བལྟས་ན་མདོ་སྟོད་མཐའ་འཁོབ་ཡིན་པ་དང་མཐའ་འཁོབ་ཀྱི་མི་རྣམས་ད་དུང་རིག་གཞུང་གི་རྐང་ཚུགས་མེད་པ་སོགས་ཀྱི་རྟགས་མི་ངན་བྱབ་ཆུང་དུས་རྟག་ཏུ་དྲང་བདེན་བཞད་མཁན་ལ་དགག་པ་རྒྱག་མཁན་དང་ལམ་ལོག་ཏུ་འཁྲིད་མཁན་ལ་མངགས་བརྗོད་བྱེད་མཁན་ཁྱེད་ཅག་གི་ལས་ག་རེ་མ་དག་པ་རེད་དམ།
བཀའ་བློན་རྣམས་རེ་རེ་བཞིན་དགོངས་པ་ཞུ་བཞིན་འདུག སེང་གེ་བཀའ་ཤག་ལ་ཡོད་པ་ནི་འཇུ་ཆེན་གྱི་མཇུག་མ་སྐམ་པོ་ལས་ལྷག་མེད།
ང་ནི་ལྷ་འདྲེ་ལ་དེ་ཙམ་གྱི་ཚད་འཛིན་མེད། གལ་ཏེ་ལྷ་དངོས་གནས་ཡིན་ཚེ། ‚ཚེ་རིང་མ་ཡོངས་གྲགས་འབོད་ཚུལ། ‚ དོན་དངོས་ཐོག་མཚམས་རེའི་ལས་རྒྱུན་དུ་བསྟན་མ་བབ་ཀྱིན་ཡོད་པ་རེད་ཟེར། གང་ལྟར་ཡང་ཁོང་གིས་སྲིད་སྐྱོང་ལ་མི་འདོད་པའི་རྣམ་འགྱུར་བསྟན་སོང་། ཐོག་དང་པོ་སྲིད་སྐྱོང་མཇལ་དར་ཁྱེར་ནས་གདོང་དུ་བུད་རྩིས་སྐབས་ཡ་བྱས་མ་སོང་། དེ་ནས་ཕྱག་ནས་ཀྱིས་ཐེངས་གཉིས་ཞུས་སོང་། དེ་རྗེས་བྱུང་བ་རྣམས་ཤར་ཁུག་གིས་བཤད་པ་ལྟར་རེད། ཚོགས་གཙོ་ལ་ཞུས་མིན་དབྱེ་ཁག་པོ་འདུག། ་ཁོང་གི་རྒྱབ་དུ་ཡོད་པ་དེ་ཚོ་དང་། སྲིད་སྐྱོང་དང་ཁོང་གཉིས་ཀྱི་བར་ནས་རྒྱབ་ལ་ཐེངས་ཁ་ཤས་ཞུས་སོང་ལ། ཐེངས་གཅིག་ཚོགས་གཙོ་ལ་གཏོར་བའི་བཟོ་ཞིག་མཐོང་བྱུང་། འོན་ཀྱང་མཐའ་མ་དེར་ལུང་བསྟན་དེ་ཚོགས་གཙོ་ལ་བརྒྱབས་ནས་ཚོགས་གཙོ་ལ་འཐམས་སོང་། ད་དུང་སྐབས་དེར་ཡོད་པའི་སྐུ་ཞབས་ཤིག་གིས་བཤད་པ་ལྟར་ན། མདར་དར་དེ་སྤེན་པ་ཚེ་རིང་ལ་གནང་སོང་ཟེར། གང་ལྟར་ཡང་ལུང་བསྟན་དེ་སྤེན་པ་ཚེ་རིང་ལ་
གནང་བ་དང་ཁོང་ལ་འཐམས་པ་དེ་བརྙན་ཐུང་རང་ནས་མཐོང་རྒྱུ་ཡོད། དེ་ཙམ་རེད། མི་ཞིག་ལ་རྒྱབ་སྐྱོར་གྲངས་ཀའི་སྟེང་ནས་ཚད་ལྡན་ཡིན་མིན་མཚོན་མི་ཐུབ་ཀྱང་། གོ་རྟོགས་ཡོད་མིན་ལ་མ་ལྟོས་པར་མི་མང་གིས་འོས་བླུགས་པ་དེ་ལ་མང་གཙོའི་འགྲོ་ལུགས་ཀྱི་སྟེང་ནས་རྩི་བཀུར་ཞུ་དགོས། ངས་འོས་དེ་སྲིད་ཀྱང་ལ་མ་འཕངས་ཀྱང་། ད་ཆ་མང་བའི་མངོན་འདོད་ལྟར་རྩི་བཀུར་ཡོད།
སྲོད་སྐྱོང་་་་ནོར་བཅོས
ད་དེང་སང་དྷ་སར་ལྷ་འདྲེ་སྨྱོ། བླ་མ་སྨྱོ། སྐུ་དྲག་རིང་ལུགས་སྨྱོ། ཆབ་སྲིད་པ་རྣམས་སྨྱོ། གསར་འགོད་པ་རྣམས་སྨྱོ། རྩོམ་པ་པོ་རྣམས་སྨྱོ། ད་ཡིན་ན་གཞི་མེད་དུ་གྱུར་ངེས་འདུག
ཧཱུམ། སྔོན་ཚེ་དབང་དྲག་པདྨའི་སྐུ་དྲུང་དུ། །སངས་རྒྱས་བསྟན་པ་འཛིན་པའི་སྐྱེས་བུ་ལ། །གྲོགས་དང་འཕྲིན་ལས་སྒྲུབ་པའི་གཡར་དམ་ཅན། །མཐུ་ལྡན་སྲུང་མ་རྣམས་ཀྱིས་དགྲ་བགེགས་བསྒྲོལ། །
དགོངས་པ་ཞུ་དགོས་མཁན་དེ་བློ་བཟང་སེང་གེ་ནས་ཞུ་དགོས་པ་རེད། བཟང་སྤྱོད་དང་ལྡན་པའི་ངང་༧གོང་ས་མཆོག་དང་ཆོས་སྐྱོང་སྲུང་མའི་བཀའ་ཆད་ཕོག་པ་དེ་ལྟར་དགོངས་ཞུ་གནང་དགོས་ཀྱང་། ཡིད་ཕམ་པ་ཞིག་ལ་སེང་གེའི་བཀའ་ཤག་གི་གསེར་ལྟ་བུའི་བཀའ་བློན་དེས་དགོངས་པ་ཞུས་འདུག ཡིན་ཀྱང་ལོས་ཡིན། ཁྲམ་པ་རྫུན་མ། གདོང་པགས་མཐུག་པ་ལ་ནི་རྡོ་བ་འདྲ་བའི་བཀའ་བློན་དག་གི་མཉམ་དུ་བཞུགས་ཐུབ་ཡ་ཁག་པོ་རེད་ཝ།
xxxརྒྱ་རི་སྒྲོལ་མ་དང་xxདངོས་གྲུབ་ཚེ་རིང་གཉིས་ཀྱིས་འོས་བསྡུའི་སྐབས། བློ་བཟང་སེང་གེར་རྫུན་བཤད་རོགས་དང་མ་བིན་འཁྲབ་རོགས་བྱས་པ་ཚང་མ་ཤེས་ཡོད་ཝ། ད་དེ་རིང་གཟིགས་དང་། འོས་ཤོག་ཁོ་ནའི་ཆེད་གཞུང་དངུལ་བཏང་བའི་མོན་གྷོ་ཏའི་རྐང་སྤོལ་རྩེད་ཐང་དཔལ་ལྡན་ལྷ་མོས་མགོ་བཀོག་འདུག་གཱ ད་ལྷ་མི་གཟུར་གནས་དམ་ཚིག་ཅན་ཚོས་རྟགས་སྟོན་གྱི་འདུག་གཱ བློ་བཟང་སེང་གེ་གཟབ་གཟབ་བྱས་མ་གཏོགས། དཀོན་མཆོག སྲུང་མས་ཏག་ཏག་བཟོས་ཡོང་།
སུམ་ཅུ་པའི་སྐོར་དང་བོད་ཀྱི་ལོ་རྒྱུས་ཁག་ཅིག
https://www.facebook.com/karmadorje.nyerchhagpa.1
ཤར་ཁུག་ལ་བལ་ཡུལ་རྒྱ་མི་གཞུང་ཚབ་ནས་ཁྱེད་རང་གཉེན་འབྲེལ་འཕྲད་དུ་འགྲོ་ནའང་ཡིག་ཆ་སྟེར་རྒྱུ་ཡིན་ཞེས་དེར་དྲུང་ཡུག་ཀིན་སུ་ཡིན་པ་བོད་མའི་ཞིག་ལ་གསང་གཏམ་འགྲོ་བཞིན་ཡོད་པ་དེ་གང་རེད། བྱས་དུས་ཤར་ཁུག་ལ་ཡིད་ཆེས་རྩ་ནས་མེད། སྤེན་ཚེ་དང་ཤར་ཁུག་རྩ་ནས་མི་འདྲ་རེད། སྤེན་ཚེ་ལགས་རྗེས་མ་བཀའ་ཁྲི་ལ་ལང་འཆར་ཡོད་དེ་དུས་ངས་རྒྱབ་སྐྱོར་ཡོད། ཤར་ཁུག་ད་ལོ་གཅིག་ན་སྤྱི་འཐུས་ཐོབ་ནའང་རྗེས་མ་ཐོནབ་ནོ་མ་རེད། ཁོ་ནི་རྒྱ་དམར་ཕོག་ཟན་ཡིན་སྲིད་ཡང་ན་སྒེར་དིན་ལ་ངོ་དགའ་ཡང་ཡིན་སྲིད་རེད།
ད་ཤ་ཁུག་ཁྱེད་རང་གྲོ་ཚོགས་ནང་ག་རེ་བྱེད་རྒྱུ་འདུག་ངས་བལྟ་ཆོག གསེར་རྟ་ཚུལ་ཁྲིམས་དང་དགེ་བཤེས་སྨོན་ལམ་མཐར་ཕྱིན་གཉིས་ཀྱིས་ཁྱོས་གང་བྱས་ཤེས་གསལ་རེད། ཁོ་གཉིས་ཀྱིས་ཁྱོད་མགོ་བོ་ཀྱག་བཅུག་གི་མ་རེད། དེ་དུས་སོ་སོའི་ཁ་སྟབས་ངོ་མ་དེ་ཤེས་འོང་གི་རེད། དོན་དམ་པར་ཁྱོད་ལ་མདོ་སྨད་པ་ཚོས་ཁྱི་སྔུན་བསྟན་རྒྱུ་ལག་མགོ་ཞིག་ལས་འཇོན་ཐང་ཆེ་བས་རྐུབ་སྟེགས་སྤྲོད་པ་ཞིག་མ་རེད། དང་པོ་དེ་ཤེས་པར་བྱོས། དེ་ནས་འཁྲབ་སྟོན་གྱིས་དང་ཧ་གོ་ཡོང་།
་་་་་་་་་་ ཁོ་ནི་རྒྱ་དམར་ཕོག་ཟན་ཡིན་སྲིད་ཡང་ན་སྒེར་དིན་ལ་ངོ་དགའ་ཡང་ཡིན་སྲིད་རེད། ་་་་ཟེར།
ཧཱུྃ། སྔོན་ཚེ་དབང་དྲག་པདྨའི་སྐུ་དྲུང་དུ། །སངས་རྒྱས་བསྟན་པ་འཛིན་པའི་སྐྱེས་བུ་ལ། །གྲོགས་དང་འཕྲིན་ལས་སྒྲུབ་པའི་གཡར་དམ་ཅན། །མཐུ་ལྡན་སྲུང་མ་རྣམས་ཀྱིས་དགྲ་བགེགས་བསྒྲོལ། །དམ་ཉམས་སྲིད་སྐྱོང་སློབ་བཟང་ཐལ་བར་རློག །
ཤར་ཕྱོགས་ཁུག་རྟས་བོད་ཀྱི་རྩ་དོན་སྐོར་ལ་བཤད་དུས་ང་ངོ་རེ་ཚ། ཟླ་བ་ཚེ་རིང་དང་ལག་སྦྲེལ་བྱེད་མཁན་ཞིག་གིས་གནས་ཆུང་དང་ལྷ་མོས་བཀའ་ལུང་དང་བྱ་སྤྱོད་ལ་འགྲེལ་བཤད་ལོག་པ་བརྒྱབ། ཧ་ཧ་ད་ཁྱེད་རྒྱ་མིའི་དར་ཆ་འཁྱེར་ནས་གྲོས་ཚོགས་ན་ཡོང་རྩིས་མེད་དམ་། ཨ།
མང་བཀུར་སྲིད་སྐྱོང་རྒྱལ་འགྱུར་ཅིག
བློ་སེང་སྲིད་སྐྱོང་རྒྱལ་འགྱུར་ཅིག
བོད་ཀྱི་སྲིད་སྐྱོང་རྒྱལ་འགྱུར་ཅིག
བོད་མིའི་སྲིད་སྐྱོང་རྒྱལ་འགྱུར་ཅིག
སྲིད་སྐྱོང་རྒྱལ་འགྱུར་ཅིག
དམ་ཉམས་བསྒྲལ་འགྱུར་ཅིག