ཀ་སྦུག་ཏུ་རྟ་མགྲིན་ཐར་ལགས་ཀྱི་ཆེད་དུ་མར་མེ་ཁྲོམ་སྐོར་གནང་བ། Posted on 2012-06-182012-06-18 By ཁ་བརྡ་ 11 Comments on ཀ་སྦུག་ཏུ་རྟ་མགྲིན་ཐར་ལགས་ཀྱི་ཆེད་དུ་མར་མེ་ཁྲོམ་སྐོར་གནང་བ། གནས་ཚུལ་མཁོ་གཏོང་བ་སངས་རྒྱམ། ཁ་སང་སྤྱི་ཚེས་༡༧་ཉིན་གྱི་དགོང་དྲོར་ཀ་ལོན་སྦུག་ཏུ་ས་གནས་བུད་མེད་དང་གཞོན་ནུ་གཉིས་ཀྱིས་གོ་སྒྲིག་གི་འོག་ཏུ་སེར་སྐྱ་མི་དམངས་བརྒྱ་ལྷག་གིས་རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་ལགས་ཀྱི་ཆེད་དུ་མར་མེ་ཁྲོམ་སྐོར་གནང་ཡོད། ཕྱི་ཚེས་༡༥་ཉིན་ལ་མདོ་སྨད་གཅན་ཚ་རྫོང་དུ་རང་ལོ་༦༤་ཡིན་པའི་བོད་རིགས་འབྲོག་པ་རྟ་མགྲིན་ཐར་ལགས་ཀྱིས་རྒྱ་ནག་གི་དྲག་གནོན་ལ་ངོ་རྒོལ་དང་རྒྱལ་དབང་རིན་པོ་ཆེ་རང་ཡུལ་དུ་ཕེབས་ཐུབ་པ་དང་བོད་རྒྱལ་ཁབ་ཀྱི་རང་ས་ཟིན་པའི་ཆེད་དུ་རང་ལུས་མེ་མཆོད་དུ་ཕུལ་ནས་འདས་གྲོངས་སུ་ཕྱིན་ཡོད་པ་རེད། དེར་བརྟེན། རྒྱ་གར་རྡ་རམ་ས་ལ་གཙོ་བོར་གྱུར་བའི་ས་གནས་ཁག་ཏུ་ཁོང་གི་ཆོད་སེམས་ལ་རྒྱབ་སྐྱོར་དང་རང་ལུས་མེ་མཆོད་དུ་ཕུལ་བར་གདུང་སེམས་མཉམ་སྐྱེད། ཁོང་གི་བཟའ་ཟླ་ཆོས་མོ་ཐར་དང་། བུ་རྟ་མགྲིན་སྐྱབས་དང་བུད་ཕྲེང་རྡོ་རྗེ་གཉིས། བུ་མོ་རྡོ་རྗེ་འཚོ་བཅས་ལ་སེམས་གསོ་བཅས་བྱེད་པའི་ཆེད་དུ་མར་མེ་ཁྲོམ་སྐོར་དང་དགོན་པ་ཁག་ཏུ་མཆོད་འབུལ་སྨོན་ལམ་འཚོགས་བཞིན་པ་ལ་བརྟེན་ནས། རྒྱ་གར་བྱང་ཤར་ས་ཁུལ་གྱི་ཀ་རྡོར་སྒང་གསུམ་དུའང་ལས་འགུལ་དེ་སྤེལ་བཞིན་པའི་གྲས་སུ། ཁ་སང་དགོང་དྲོར་ཀ་ལོན་སྦུག་ཏུའང་ས་གནས་བུད་མེད་དང་གཞོན་ནུ་གཉིས་ཀྱིས་གོ་སྒྲིག་གི་འོག་ཏུ་མི་གྲངས་བརྒྱ་ལྷག་གིས་མར་མེ་ཁྲོམ་སྐོར་གནང་ཡོད། མར་མེ་ཁྲོམ་སྐོར་ཀྱི་ལས་འགུལ་དེ་ནི་ཀ་སྦུག་གཡུ་ལོ་བཀོད་པའི་རྒན་གསོ་ཁང་དུ་སེར་སྐྱ་མང་ཚོགས་མཉམ་མཛོམས་གནང་ནས་ཚད་མེད་ཡོན་ཏན་མ་དང་བདེན་ཚིག་སྨོན་ལམ་དབྱངས་རྟ་དང་བཅས་འུར་འདོན་དང་སྦྲགས། མྱ་ངན་གྱི་ངག་བཅད་སྐར་མ་གཅིག་གི་རིང་མཛད་ཅིང་བྱང་ཆུབ་སེམས་མཆོག་མ་ཞལ་འདོན་དང་འབྲེལ་ནས་འགོ་འཛུགས་གནང་སྟེ་ཀ་སྦུག་གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་གོམ་བགྲོད་ཀྱིས་མར་མེ་ཁྲོམ་སྐོར་གནང་ཡོད། ད་ཐེངས་ཀྱི་མར་མེ་ཁྲོམ་སྐོར་ཀྱི་ལས་འགུལ་འདིའི་ནང་དུ་ཀ་སྦུག་ཐར་བ་ཆོས་གླིང་དགོན་པ་དང་སྲད་རྒྱུད་དགོན་པ་དང་ཟེ་དཀར་དགོན་པ་བཅས་ཀྱི་དགེ་འདུན་པ་དང་སེམས་ཤུགས་ལྡན་པའི་མང་ཚོགས་དོན་གཉེར་བ་རྣམས་མཉམ་ཞུགས་གནང་ནས་རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་ལགས་དང་ཁོང་གི་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་རྗེས་དྲན་མྱ་ངན་ཞུས་ཏེ་མར་མེ་ཁྲོམ་སྐོར་དེ་མཇུག་སྡུད་གནང་ཡོད། རྟ་མགྲིན་ཐར་ལགས་སྐུ་འདས་གྲོངས་སུ་མ་ཕྱིན་པའི་སྔོན་དུ་ཁོང་གིས་རང་གི་སྐུ་པར་ཞིག་དང་ཞལ་ཆེམས་ཀྱི་ཡི་གེ་ཞིག་ཉིན་དེའི་ཞོགས་པར་རང་གི་ཉལ་ཁྲིའི་སྟེང་དུ་བཞག་ནས་རང་ཉིད་ཀྱི་སྐེད་པ་ལ་རྡོ་སྣུམ་དང་འབྲེལ་ནས་སྲིང་བལ་མང་བོ་དཀྲིས་པ་དང་གྲོད་ཁོག་ནང་དུ་རྡོ་སྣམ་མང་བོ་འཐུང་རྗེས་གཅན་ཚ་རྫོང་དྲག་ཆས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་རང་ལུས་ལ་མེ་སྦར་ནས་རང་སྲོག་བློས་བཏང་སྟེ་རྒྱ་ནག་གིས་བོད་དབང་བསྒྱུར་ལ་ངོ་རྒོལ་གནང་ཡོད། ཁོང་གིས་ཞལ་ཆེམས་ཀྱི་ཡི་གེ་ནི་འདི་ལྟར་དུ། ༼བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། འཛམ་གླིང་ཞི་བདེ་ཡོང་བའི་རེ་བ་དང་། རྒྱལ་དབང་རིན་པོ་ཆེ་རང་ཡུལ་དུ་ཕེབས་པའི་རེ་འདུན། བོད་རྒྱལ་ཁབ་རང་ས་ཟིན་པའི་དོན་དུ་ངས་རང་ལུས་མེ་མཆོད་དུ་འབུལ་རྒྱུ་ཡིན།༽ཞེས་བཀོད་ཡོད། གསར་འགྱུར།
སྤྱིར་བཏང་གཞོན་ནུ་དང་བུད་མེད་གཉིས་ཀྱིས་ད་བར་ལས་འགུལ་མང་པོ་སྤེལ་མྱོང་ཡོད་ཀྱང་། ད་ནས་བཟུང་ཕལ་ཆེར་ལས་འགུལ་རྫོགས་ཚར་བ་འདྲ། གང་ཡིན་ཟེར་ན་བོད་ནང་ནས་མེ་མཆོད་ཕུལ་ཐེངས་རེ་རེར་མར་མེ་ཁྲོམ་སྐོར་རེ་མ་གཏོགས་བྱེད་རྒྱུ་ཅི་ཡང་མེད་པ་འདིས་ངོ་མ་ཐང་ཆད་སོང། དེ་མ་གཏོགས་རྒྱལ་སྤྱིའི་སྟེང་མི་གྲངས་འདི་འདྲའི་མང་པོ་ཞིག་གིས་རང་སྲོག་བློས་གཏོང་བྱས་པ་འདི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་རྣམས་དང་ལྷག་པར་ཏུ་དྲང་བདེན་ལ་དགའ་བའི་དཔོན་རིགས་དག་གི་རྣ་ལམ་དུ་བསྐྱལ་ཐུབ་ན་མི་ལེགས་སམ། དེ་མིན་གཞན་ཞིག་ཏུ་བློ་བཟང་ཡེ་ཤེས་མིང་ཅན་གྱིས་འདིར་མཆན་གཅིག་བཀོད་ཡོད་ཀྱང་། དེ་ནི་གོང་གི་དེ་དང་འབྲེལ་བ་མེད་པས་སུབ་དགོས་ངེས་རེད་ལ་ལྷག་པར་དུ་སྤྱི་ཚོགས་ནང་ཁུལ་དཀྲུག་ཤིང་རྒྱག་མཁན་གྱི་རིགས་མེད་པར་་གཏོང་དགོས་ངེས་རེད། གལ་སྲིད་ཁྱེད་ལ་དེ་འདྲའི་བདེན་པ་ཡོད་ན་གདོང་དང་གདོང་ཁུག་ནས་སྐད་ཆ་གསལ་བོ་བཤད་ན་ཡག་གི་རེད། དེ་མིན་ང་ཚོའི་སྤྱི་ཚོགས་ནང་དཀྲུག་ཤིང་རྒྱག་ནི་མང་མེད་ན་ཉུང་མེད་པ་མཁྱེན་གྱི་མེད་དམ། ད་རུང་དཀྲུག་ཤིང་རྒྱག་དགོས་ཀྱི་འདུག་གམ། འདི་ལྟར་དཀྲུག་ཤིང་རྒྱབ་པ་ཡིན་ན་རྒྱ་མིའི་སོ་བ་སུ་ཡིན་སུའི་ཐག་ཆོད་ཐུབ་བམ།
ཀརྨ་ཡེ་ཤེས་ལགས། དེ་འདྲ་སེ་ལབ་དགོས་ཡག་འདུག་པས། སོ་སོའི་བློ་ངོར་མ་བབས་ཐམས་ཅད་རྒྱ་མི་དང་ངན་འབྲེལ་ཡོད་རེད་ཟེར་ན་་་་ཡག་པོ་རང་ཨེ་ཡོད། དེ་མིན་བདེན་པའི་དཔང་རྟགས་ཡོད་ན་གསུང་དང་། གཞན་མ་གཏོགས་གང་བྱུང་བཤད་ཡག་མཚམས་འཇོག་གནང་ན་མཛེས། མ་གཞི་ནས་བཙན་བྱོས་སྤྱི་ཚོགས་ནང་དུ་སྐད་ཆ་དེ་འདྲ་བཤད་ཡག་ལ་གོམས་ཚར་བ་རེད། བདེན་པའི་ཁུངས་སྐྱེལ་ནི་ད་བར་བྱུང་མྱོང་མེད་པ་རེད། སོང་ཙང་ང་རང་ཡིན་ན་་་་མི་ལ་དེ་འདྲའི་མ་ཉེས་ཁ་གཡོག་བྱེད་ཡག་ལ་དགའ་པོ་སེ་མེད།
ཀ་རྡོར་སྒང་གསུམ་གྱི་བོད་མི་འདི་ཚོས་རྒྱ་གར་མི་སེར་གྱི་ཐོབ་ཐང་ཚང་མ་བླངས་ནས་རྒྱ་གར་དུ་གཏན་སྡོད་བྱེད་པའི་དམིགས་ཡུལ་བྱེད་བཞིན་པ་ཡིན་པའི་གནས་ཚུལ་གོ་ཐོས་བྱུང་།
མེ་ཏོག་དཀར་པོ་ལགས། ང་ལ་སེམས་ཁྲལ་ཆེན་པོ་འདུག རྒྱ་གར་གྱི་ཀ་རྡོར་སྒང་གསུམ་དུ་སྡོད་པའི་བོད་རིགས་ཚོས་བོད་རང་བཙན་དང་བོད་དབུ་མ་གཉིས་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པར་མ་ཟད། རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྡད་ནས་བོད་ལ་ཕྱིར་ལོག་རྩིས་བྱེད་ཀྱི་མེད། དེར་བརྟེན། བོད་ཀྱི་མི་རིགས་ཀྱི་ངོ་བོ་དང་བོད་ཀྱི་རིག་གཞུང་གི་རིན་ཐང་ཉམས་རྒུད་དུ་འགྲོ་བར་ཉེན་ཚབས་ཆེན་པོ་རེད།
རྒྱ་མཚོའི་གཏིང་ནས་མེ་ལྕེ་འདི་ལྟར་མཆེད།། རྒྱ་མཚོའི་མཐའ་ནས་གླུ་ཆུང་དེ་ལྟར་བླངས།། རྒྱ་མཚོ་སྔོན་མོའི་རེ་བ་ནམ་མཁར་བཅོལ།། རྒྱ་མཚོ་སྔོན་མོ་ང་ཚོ་ཡིན་ན་ཨང་།།
ཀྱེ་མ། བསླུ་མེད་རྩ་གསུམ་མགོན་པོས་ཐུགས་རྗེས་གཟིགས།། བོད་ཀྱི་ཆེད་དུ་རང་ལུས་མཆོད་ཕུལ་ཡང༌།། སྲིད་དོན་ལས་ལ་ཇི་ལྟར་སྔར་བཞིན་ལས།། འགྱུར་བ་མེད་པ་འདི་ལ་གཟིགས་སུ་གསོལ།།
དཔའ་བོ་ཁོང་གི་རེ་སྨོན་ཐམས་ཅད་མྱུར་དུ་འགྲུབ་པའི་སྨོན་ལམ་ཡོད།
སྤྱིར་བཏང་གཞོན་ནུ་དང་བུད་མེད་གཉིས་ཀྱིས་ད་བར་ལས་འགུལ་མང་པོ་སྤེལ་མྱོང་ཡོད་ཀྱང་། ད་ནས་བཟུང་ཕལ་ཆེར་ལས་འགུལ་རྫོགས་ཚར་བ་འདྲ། གང་ཡིན་ཟེར་ན་བོད་ནང་ནས་མེ་མཆོད་ཕུལ་ཐེངས་རེ་རེར་མར་མེ་ཁྲོམ་སྐོར་རེ་མ་གཏོགས་བྱེད་རྒྱུ་ཅི་ཡང་མེད་པ་འདིས་ངོ་མ་ཐང་ཆད་སོང། དེ་མ་གཏོགས་རྒྱལ་སྤྱིའི་སྟེང་མི་གྲངས་འདི་འདྲའི་མང་པོ་ཞིག་གིས་རང་སྲོག་བློས་གཏོང་བྱས་པ་འདི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་རྣམས་དང་ལྷག་པར་ཏུ་དྲང་བདེན་ལ་དགའ་བའི་དཔོན་རིགས་དག་གི་རྣ་ལམ་དུ་བསྐྱལ་ཐུབ་ན་མི་ལེགས་སམ།
དེ་མིན་གཞན་ཞིག་ཏུ་བློ་བཟང་ཡེ་ཤེས་མིང་ཅན་གྱིས་འདིར་མཆན་གཅིག་བཀོད་ཡོད་ཀྱང་། དེ་ནི་གོང་གི་དེ་དང་འབྲེལ་བ་མེད་པས་སུབ་དགོས་ངེས་རེད་ལ་ལྷག་པར་དུ་སྤྱི་ཚོགས་ནང་ཁུལ་དཀྲུག་ཤིང་རྒྱག་མཁན་གྱི་རིགས་མེད་པར་་གཏོང་དགོས་ངེས་རེད། གལ་སྲིད་ཁྱེད་ལ་དེ་འདྲའི་བདེན་པ་ཡོད་ན་གདོང་དང་གདོང་ཁུག་ནས་སྐད་ཆ་གསལ་བོ་བཤད་ན་ཡག་གི་རེད། དེ་མིན་ང་ཚོའི་སྤྱི་ཚོགས་ནང་དཀྲུག་ཤིང་རྒྱག་ནི་མང་མེད་ན་ཉུང་མེད་པ་མཁྱེན་གྱི་མེད་དམ། ད་རུང་དཀྲུག་ཤིང་རྒྱག་དགོས་ཀྱི་འདུག་གམ། འདི་ལྟར་དཀྲུག་ཤིང་རྒྱབ་པ་ཡིན་ན་རྒྱ་མིའི་སོ་བ་སུ་ཡིན་སུའི་ཐག་ཆོད་ཐུབ་བམ།
དགོངས་དག་གོང་གི་དེ་༼བློ་བཟང་ཡེ་ཤེས་མིང་ཅན༽ཞེས་པ་དེ་༼ཀརྨ་ཡེ་ཤེས་མིང་ཅན་༽ཅེས་ཞེས་ནོར་བཅོས་ཡོང་བ་ཞུ།
ཀརྨ་ཡེ་ཤེས་ལགས། དེ་འདྲ་སེ་ལབ་དགོས་ཡག་འདུག་པས། སོ་སོའི་བློ་ངོར་མ་བབས་ཐམས་ཅད་རྒྱ་མི་དང་ངན་འབྲེལ་ཡོད་རེད་ཟེར་ན་་་་ཡག་པོ་རང་ཨེ་ཡོད། དེ་མིན་བདེན་པའི་དཔང་རྟགས་ཡོད་ན་གསུང་དང་། གཞན་མ་གཏོགས་གང་བྱུང་བཤད་ཡག་མཚམས་འཇོག་གནང་ན་མཛེས། མ་གཞི་ནས་བཙན་བྱོས་སྤྱི་ཚོགས་ནང་དུ་སྐད་ཆ་དེ་འདྲ་བཤད་ཡག་ལ་གོམས་ཚར་བ་རེད། བདེན་པའི་ཁུངས་སྐྱེལ་ནི་ད་བར་བྱུང་མྱོང་མེད་པ་རེད། སོང་ཙང་ང་རང་ཡིན་ན་་་་མི་ལ་དེ་འདྲའི་མ་ཉེས་ཁ་གཡོག་བྱེད་ཡག་ལ་དགའ་པོ་སེ་མེད།
ཀ་རྡོར་སྒང་གསུམ་གྱི་བོད་མི་འདི་ཚོས་རྒྱ་གར་མི་སེར་གྱི་ཐོབ་ཐང་ཚང་མ་བླངས་ནས་རྒྱ་གར་དུ་གཏན་སྡོད་བྱེད་པའི་དམིགས་ཡུལ་བྱེད་བཞིན་པ་ཡིན་པའི་གནས་ཚུལ་གོ་ཐོས་བྱུང་།
གངས་ཅན་བོད་ཀྱི་དཔའ་བོ་ཚོ་ནམ་ཡང་དྲན
ཀརྨ་ཡེ་ཤེས། ཁུངས་སྐྱེལ་རྒྱུ་མེད་ན་ཁ་ལ་བདག་པོ་རྒྱག་གལ་ཆེ་བ་མཐོང་།
ཡིག་ནོར་ཞབས་ཞུ་བ་ལགས། དེ་ལ་ཁྱོད་ལ་སེམས་ཁྲལ་ག་རེ་འདུག
མེ་ཏོག་དཀར་པོ་ལགས། ང་ལ་སེམས་ཁྲལ་ཆེན་པོ་འདུག རྒྱ་གར་གྱི་ཀ་རྡོར་སྒང་གསུམ་དུ་སྡོད་པའི་བོད་རིགས་ཚོས་བོད་རང་བཙན་དང་བོད་དབུ་མ་གཉིས་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པར་མ་ཟད། རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྡད་ནས་བོད་ལ་ཕྱིར་ལོག་རྩིས་བྱེད་ཀྱི་མེད། དེར་བརྟེན། བོད་ཀྱི་མི་རིགས་ཀྱི་ངོ་བོ་དང་བོད་ཀྱི་རིག་གཞུང་གི་རིན་ཐང་ཉམས་རྒུད་དུ་འགྲོ་བར་ཉེན་ཚབས་ཆེན་པོ་རེད།
རྒྱ་མཚོའི་གཏིང་ནས་མེ་ལྕེ་འདི་ལྟར་མཆེད།།
རྒྱ་མཚོའི་མཐའ་ནས་གླུ་ཆུང་དེ་ལྟར་བླངས།།
རྒྱ་མཚོ་སྔོན་མོའི་རེ་བ་ནམ་མཁར་བཅོལ།།
རྒྱ་མཚོ་སྔོན་མོ་ང་ཚོ་ཡིན་ན་ཨང་།།
ཀྱེ་མ། བསླུ་མེད་རྩ་གསུམ་མགོན་པོས་ཐུགས་རྗེས་གཟིགས།།
བོད་ཀྱི་ཆེད་དུ་རང་ལུས་མཆོད་ཕུལ་ཡང༌།།
སྲིད་དོན་ལས་ལ་ཇི་ལྟར་སྔར་བཞིན་ལས།།
འགྱུར་བ་མེད་པ་འདི་ལ་གཟིགས་སུ་གསོལ།།