དཔལ་དགྱེས་རྡོ་རྗེ།
ན་མོ་གུ་རུ་ཛྙྰ་ན་ཡེ།
ཀ་དག་ངོ་བོ་སྤྲོས་བྲལ་གྱི་ངང་ནས།།
ཁ་སྦྱོར་རང་བཞིན་འོད་གསལ་གྱི་རིག་པ།།
ག་བུར་ཐུགས་རྗེ་མཚུངས་མེད་ཀྱི་ཀུན་ཁྱབ།།
ང་རྒྱལ་རྣམ་དག་ཡིད་བཞིན་གྱི་ནོར་བུ།།
ཅ་ཅོས་དབེན་པའི་ཀུན་བཟང་གི་དགའ་ཚལ།།
ཆ་ཡོད་མཆེད་པོའི་གཤིས་ཀ་ཡི་བརྩེ་གདུང་།།
ཇ་ཆང་འདོད་ཡོན་ཚོགས་འཁོར་གྱི་ལོངས་སྤྱོད།།
ཉ་གང་ཟླ་བཞིན་ཕྲིན་ལས་འདི་ངོ་མཚར།།
ཏ་ཐྰ་ག་ཏའི་བསྟན་པ་ཡི་ཕན་བདེ།།
ཐ་དག་སྐྱོབ་པའི་དགེ་ལེགས་ཀྱི་གཞི་མ།།
ད་ལྟའི་དུས་རབས་མཛེས་པ་ཡི་རྒྱན་ཆ།།
ན་མོ་སྒོ་གསུམ་དད་གུས་ཀྱི་ཞིང་ཁམས།།
པ་ར་མི་ཏ་ཕར་ཕྱིན་གྱི་ཐེག་པ།།
ཕ་ཆོས་གསང་སྔགས་ཐུགས་དམ་གྱི་སྙིང་ནོར།།
བ་ལ་ཧ་བཞིན་བརྩོན་འགྲུས་ཀྱིས་འཚོ་ཞིང་།།
མ་ལུས་འགྲོ་ལ་དམིགས་པ་ཡི་སྨོན་འཇུག།
ཙ་ར་གཅོད་པའི་སྒོམ་པ་ཡི་སྙིང་པོ།།
ཚ་གྲང་གང་ལ་མི་འཇིགས་ཀྱི་དཀའ་སྤྱོད།།
ཛ་ཡའི་བསྟན་འཛིན་ཀུན་མཐུན་གྱི་ལྟ་སྤྱོད།།
ཝ་ལེར་ཕྱི་གསལ་ནང་གསལ་གྱིས་རིས་མེད།།
ཞྭ་རྩོད་ཆེན་པོའི་ནང་འཁོར་གྱི་ཞེ་འཁོན།།
ཟ་ཧོར་བརྒྱུད་པའི་མདོ་སྔགས་ཀྱི་སྡོམ་གསུམ།།
འ་འུར་ཁྲོད་ནས་ནང་རལ་དུ་སོང་ན།།
ཡ་རབས་སྲོལ་བཟང་ནུབ་པ་འདི་ཆག་སྒོ།།
ར་ལྟར་གྱོང་བའི་དཀོར་གཉེར་གྱི་ལག་པར།།
ལ་རྒྱའི་དུང་ཟབ་ཤོར་བ་ཡི་ངན་འཕྲུལ།།
ཤ་ཚའི་སྙིང་གཏམ་མི་ཟད་ཀྱི་གསང་གཏམ།།
ས་ལམ་ཡོན་ཏན་གཏེར་མཛོད་ཀྱི་བར་ཆད།།
ཧ་ལམ་ཕྱི་ནང་གསང་གསུམ་གྱི་འགལ་རྐྱེན།།
ཨ་མའི་བུ་ལ་མཆིས་པ་ཡི་ཕྱག་རྒྱ།།
ཨི་ལྡན་དབྱངས་གསལ་བརྡ་འཕྲིན་གྱི་མེ་ལོང་།།
ཨུ་ཚུགས་མིན་པར་གདམས་ངག་གི་དོ་ཧ།།
ཨེ་མ་དོན་སྙིང་ཆེན་པོ་ཡི་ཐོལ་རྩོམ།།
ཨོ་ལོ་ཁ་ཤོམ་ཅན་ལ་རྫོང་བརྔན་ལགས།།
རིག་འཛིན་ནམ་མཁའ་འོད་ཟེར་གྱིས་སྐུལ་ངོར།།
གང་ཤར་དཔལ་དགྱེས་རྡོ་རྗེ་ཡིས་ཕུལ་ལོ།།
ཀ་བ་དེ་འབོམ་འདའ་།
ཁ་དེ་ཆུང་འདའ་།
ག་འདྲ་ཡིན་ནམ་།
ང་ནི་མི་ཤེས་ལོ་།
ཅ་ཅོ་མང་འདའ་།
ཆ་རྒྱུས་མི་འདའ་།
ཇ ཆང་ཞིམ་འདའ་།
ཉ་མོ་ཤི་བའི་དུག་རོ་།
ཧ་ཧ་