ཆབ་མདོ་ཤེས་རབ།
——————–
ཁ་སང་རྒྱ་གར་དབུས་གཞུང་གིས་རྒྱལ་དབང་ཀརྨ་པའི་བླ་བྲང་དང་དགོན་པ་བཞེངས་ཆེད་ཧི་མ་ཅལ་མངའ་སྡེ་ནང་ཁུལ་ནས་ས་ཆ་ག་བར་གཟིགས་ཀྱང་ཆོག་པའི་ཐག་གཅོད་བྱས་འདུག །དེ་ནི་ཧ་ཅང་གི་རྒྱལ་ཁ་ཆེན་པོ་རེད་སྙམ། དེས་ཀྱང་རྒྱ་གར་གཞུང་གི་ཀརྨ་པ་ལ་ཆེ་མཐོང་ག་ཚོད་གནང་གི་ཡོད་པ་དེ་གསལ་པོ་ཆགས་པ་རེད། ད་དུང་མ་འོངས་པར་བླ་བྲང་གིས་དངུལ་ཉར་སྟངས་ཐད་ལ་ཡང་ལམ་སྟོན་གནང་ཡོད་འདུག །ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་གཞུང་གིས་བཀག་འགོག་མེད་ཅིང་ཕེབས་ལམ་དང་བཞུགས་གནས་བཅས་ཚང་མར་སྲུང་སྐྱོབ་ཆ་ཚང་གནང་བའི་ཐོག་ནས་ཁ་སང་གནས་མཆོག་ཝ་ར་ཎ་སི་ལ་ཆིབས་སྒྱུར་གནང་ཡོད། གལ་སྲིད་རྒྱ་གར་དབུས་གཞུང་གིས་ཀརྨ་པ་ལ་ལྟ་སྟངས་དེ་རྒྱ་གར་གྱི་གསར་ལམ་ཁག་ཅིག་ནང་བཤད་པ་ལྟར་ཡིན་ན་དེ་ལྟར་ཡོང་མི་སྲིད་པ་རེད།
སོ་ཉུལ་ཡིན་པ་དང་སོ་ཉུལ་གྱི་དོགས་གཞི་ཅན་ཞིག་ཡིན་ན། དེ་ལ་ག་རེ་བྱེད་ཀྱི་རེད་ཟེར་ན། ད་ཕན་རྒྱ་དཀར་ནག་གཉིས་ཀའི་ལམ་སྲོལ་ལྟར་ན། དང་པོ་དེ་འཛིན་བཟུང་གིས་རྒྱལ་ཁབ་དེའི་ནང་ཁྲིམས་ཐག་བཅད་པ་དང༌། གཉིས་པ་དེ་རང་ཉིད་གང་ནས་ཡོང་སའི་རྒྱལ་ཁབ་དེར་ཕྱིར་རྩིས་སྤྲོད་བྱེད་པ། གསུམ་པ་དེ་རྒྱལ་ཁབ་གཞན་པ་ཞིག་ནང་མཐར་སྐྲོད་བཏང་བ་དེ་རེད། འོན་ཀྱང་ཀརྨ་པ་རྒྱ་གར་ནང་ཕེབས་ནས་མི་ལོ་བཅུ་ཕྱིན་ཟིན་ན་ཡང་། དེ་ལས་ལྡོག་སྟེ་རྒྱ་གར་གཞུང་གིས་དམིགས་བསལ་ས་ཆ་ཉོ་ཆོག་པའི་ཆོག་མཆན་གནང་བ་དང༌། འགྲུལ་བཞུད་ཆོག་པ། སྐུ་ཡི་སྲུང་སྐྱོབ་བྱེད་པ་སོགས་ཆེ་མཐོང་དང་གུས་བཀུར་ཆེན་པོ་བྱེད་བཞིན་པ་འདི་རེད། ད་སེམས་ཁྲལ་ག་རེ་འདུག
དོགས་པ་ཡོད་ན་ཨ་རིར་ནང་ཕེབས་བཅུག་གི་རེད་དམ། དེ་ནས་བྲོས་འགྲོ་ཡི་མ་རེད་པེ། ལ་དྭགས་ལ་ཕེབས་བཅུག་གི་རེད་དམ། རྒྱ་མིའི་ཐད་འཕུར་གནམ་གྲུ་ཡོང་ན་སྐར་མ་ཁ་ཤས་མ་རེད་པེ། རྒྱ་གར་གཞུང་གིས་འགྲོ་སོང་ཕངས་མེད་བཏང་ནས་རྒྱ་མིའི་སོ་པ་ཞིག་སྲུང་སྐྱོབ་བྱེད་དགོས་དོན་གང་ཡིན་ནམ། ག་རེའི་ཉེན་ཁ་ཡོད་པ་ཡིན་ནམ། སོ་པ་སྡོད་སའི་ས་ཆ་ཕུལ་བའི་ལུགས་སྲོལ་ཞིག་རྒྱལ་ཁབ་སུ་ལ་ཡོད་དམ། སོ་པ་ལ་དངུལ་ཉར་སྟངས་ཀྱི་ལམ་སྟོན་གནང་བའི་ལུགས་སྲོལ་ཞིག་རྒྱལ་ཁབ་གང་ན་ཡོད་དམ།
མི་ཁ་ཤས་ཀྱིས་ཀརྨ་པ་ཕར་ཚུར་ཕེབས་སྐབས་རྒྱ་གར་གཞུང་ལ་ཞུ་དགོས་པ་དེ་འགྲུལ་བཞུད་ལ་དམ་དྲག་ཡོད་པ་བསམ་གྱིན་འདུག །དེ་ལྟར་གཏན་ནས་མ་རེད། དེ་ནི་ཀརྨ་པ་ཟེར་བ་དེ་མི་དཀྱུས་མ་དང་མི་འདྲ་བར་མི་ཆེན་པོ་ཡིན་པའི་རྟགས་རེད། དེ་ཚོ་ཚང་མ་སྐུ་ཡི་སྲུང་སྐྱོབ་དང་འབྲེལ་བ་ཡོད་པ་རེད། གོང་ས་མཆོག་ཀྱང་དེ་ལྟར་ཡིན་ངེས་ལ། རྒྱ་གར་རང་གི་མི་ཆེན་དང་ཧིན་དུའི་བླ་ཆེན་དེ་ཚོ་ཡང་གང་དུ་ཕེབས་དགོས་ཀྱང་། སྔོན་དུ་འབྲེལ་ཡོད་ལས་ཁུངས་ལ་ཞུས་ནས་སྲུང་སྐྱོབ་ཀྱི་གྲྭ་སྒྲིག་དགོས་པ་རེད། གལ་སྲིད་སྲུང་སྐྱོབ་ཐད་ཡག་པོ་མེད་ན་ཕེབས་ཐུབ་ཀྱི་མེད་པ་རེད། དེས་ན་ཁོང་རྣམ་པ་འགྲུལ་བཞུད་ནི་ང་ཚོ་མི་ཕལ་པ་དང་གཅིག་མཚུངས་དགོས་པ་བསམ་བློ་གཏོང་ན་ག་ལ་འགྲིག
རྒྱ་གར་གཞུང་གིས་ཀརྨ་པ་ལ་དོགས་པ་བྱེད་ཀྱིན་མེད་པའི་དཔང་རྟགས་གསལ་ཤོས་ནང་གི་གསལ་ཤོས་གཅིག་ག་རེ་རེད་ཟེར་ན། ཁོང་དང་མཉམ་དུ་བྲོས་ཕེབས་མཁན་མང་པོ་ཞིག་དེང་སང་ཡང་རྒྱ་གར་ནང་རང་དབང་ངང་གནས་སྡོད་བྱེད་བཞིན་ཡོད་པ་དེ་རེད། གལ་སྲིད་ཀརྨ་པ་ལ་དོགས་པ་ཡོད་ན། ཁོང་དང་མཉམ་དུ་ཡོང་མཁན་དེ་ཚོ་རྒྱ་གར་ནང་མི་ལོ་བཅུ་ལྷག་སྡོད་པའི་རིང་། རྒྱ་གར་གཞུང་གིས་འདྲི་རྩད་ཙམ་ཡང་མི་བྱེད་པ་ག་རེ་ཡིན་ནམ། ཁོང་ཚོ་དམ་དྲག་གང་ཡང་མེད་པ་བོད་པ་སྤྱི་མཚུངས་འགྲོ་སྐྱོད་ཚང་མ་རང་དབང་ཡོད་པ་ཅི་ཡིན་ནམ། དེ་ཚོ་གང་ལ་བསམས་ཀྱང་བློ་ཇེ་བདེ་དང་སེམས་པ་ཇེ་སྐྱིད་རེད།
ཀརྨ་པ་ཝ་ར་ཎ་སིར་མ་ཕེབས་སྔོན་གོང་ས་མཆོག་དང་མཇལ་འཕྲད་གནང་ཞིང༌། དེའི་སྔོན་དུ་གོང་ས་མཆོག་ནས་དོན་རྐྱེན་དེ་དང་འབྲེལ་བའི་གསལ་བཤད་ཐེངས་བཞི་ཙམ་གནང་མཛད་པ་དང༌། བཀའ་ཤག་དང་སྤྱི་འཐུས་ཀྱི་ངོས་ནས་ཀྱང་ཧ་ཅང་གིས་ཐུགས་ཁུར་ཆེན་པོ་གནང་སྟེ། བཀའ་བློན་ཁྲི་པ་རང་ཡང་ཀརྨ་པའི་སྐུ་མདུན་དུ་ཐེངས་མང་བཅར་བ་དང༌། དེ་བཞིན་བོད་པའི་ཚོགས་པ་སྐྱིད་སྡུག་དང༌། ཧི་མ་ལ་ཡི་རི་རྒྱུུད་ཀྱི་མི་རིགས་ཁག །མདོར་ན། ད་རེས་བོད་གཞུང་དམངས་གཉིས་ཀྱིས་གནང་སྟངས་དེས། བོད་པའི་སྤྱི་ཚོགས་འདི་སྔར་དང་མི་འདྲ་བར་གོ་རྟོགས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་དང༌། ཆིག་སྒྲིལ་དང་མཛའ་འབྲེལ་གྱི་རྣམ་པ་ཤུགས་ཆེ་རུ་ཕྱིན་ཡོད་པའི་ཁར། མཉམ་རུབ་ཀྱི་ཐོག་ནས་ནུས་པ་འདོན་དགོས་པའི་ཚོར་ཤེས་རྙེད་འདུག་པ་མཐོང་ནས་དགའ་སྤོབས་སྐྱེས་བྱུང༌།
མདོར་ན། རྒྱ་གར་གཞུང་གི་གནང་སྟངས་དང༌། བོད་གཞུང་དམངས་གཉིས་ཀྱི་གནང་སྟངས། ཀརྨ་པ་སྐུ་སྒེར་གྱི་གནང་སྟངས་བཅས་གང་ལ་གཞིགས་ཀྱང༌། ང་ཚོའི་མ་འོངས་པའི་མདུན་ལམ་ནི་རབ་རིབ་དང་མག་མོག་ཅིག་མ་ཡིན་པར། འགྱེལ་ས་ནས་ལངས་ངེས་པའི་ཆིག་སྒྲིལ་གྱི་ནུས་པའི་འོད་སྟོང་འབར་བཞིན་ཡོད་པ་དེའོ།།
ལགས་སོ། མོས་མཐུན་ཡོད།
བླ་མ་མཚུངས་མེད་དེ་ལ་གསར་ཤོག་འགའ་ཞིག་གིས་འཆལ་གཏམ་བཀོད་པ་ལ་རྩ་བ་ཉིད་ནས་དང་པོ་ནས་ཡིད་ཆེས་མེད།
རྒྱལ་བ་ཀརྨ་མཆོག་རྟག་ཏུ་རྒྱལ་ཅིག བསྟན་འགྲོའི་དོན་དུ་ཞབས་པད་བརྟན་ཅིང་། མཛད་འཕྲིན་རྒྱས་པར་ཤོག བོད་གངས་ཅན་ཡུལ་དར་ཞིང་རྒྱས་པར་བྱིན་གྱིས་རློབས་ཤིག
བཀྲ་ཤིས་བའི་གསར་འགྱུར་ཅིག་རེད་་་་་་་་་ཚེ་རིང་ལོ་བརྒྱ་་་་་
ངེས་པར་དུ་ཤེས་དགོས་པ་ཞིག་ལ་ཆོལ་ཁ་དང་ཆོས་རྒྱུད་གང་ཞིག་ཡིན་ནའང་།དཀའ་ངལ་ལ་འཕྲད་དུས་༧གོང་ས་མཆོག་དང་བོད་གཞུང་མ་གཏོགས་རེ་ས་མེད་པ་དེ་ཤེས་དགོས་པ་རེད།རྒྱ་གར་གཞུང་གིས་བརྩེ་གཟིགས་དག་ཀྱང་༧གོང་ས་མཆོག་དང་བོད་གཞུང་ལ་འབྲེལ་བ་དམ་པོ་ཡོད་པ་རེད།
རྒྱ་གར་གཞུང་གིས་རྒྱལ་བ་ཀརྨ་པར་དོན་ངོ་མའི་ཆེས་མཐོང་ཡིན་ནམ་ རྣོན་ཤུགས་དང་ སྲིད་དོན་གྱི་དགོས་མཁོའི་དབང་གི་ཡིན་སུས་ཀྱང་བརྗོད་དཀའ་བ་ཞིག་རེད་བདའ་ རྒྱ་གར་གཞུང་གིས་རྒྱལ་བ་ཀརྨ་པ་མཆོག་ཨ་རིར་ལན་གཅིག་ཕེབས་རྒྱུའི་མཆོག་ཅན་སྤྲད་ལེ་མིན་ཚེ་ དེ་རྗེས་ཐེང་གཉིས་ཙམ་ཕྱི་རྒྱལ་དུ་ཕེབས་རྒྱུའི་མཆོག་ཅན་གང་བྱས་ནས་བཀག་འགོག་བྱེད་ལེ་རེད་ རྒྱ་གར་གཞུང་ནས་ཁ་ཞེ་གཉིས་མེད་ཀྱི་ཆེས་མཐོང་ཡོད་ན་ས་ཆ་ཉོ་བའི་མཆོག་ཅན་མི་དགོས་པ་ད་ལྟ་ཡོད་བཞིན་ལེའི་རྒྱལ་བ་ཀརྨ་པའི་མ་དགོན་རུམ་སྟེག་དགོན་དུ་གདན་ཞུ་དགོས་ལེ་རེད་ རྒྱལ་བ་ཀརྨ་མཆོག་ལ་རྒྱ་གར་གསར་འགོད་པའི་ཁུངས་མེད་ཀྱིས་རྒྱལ་ཡོངས་དསར་ལམ་ཁག་ནང་ཉིན་ཚན་བཏུད་མར་ཁོང་ལ་མཆན་དམས་ཞུས་པ་དེ་དག་དྲང་བདེན་མིན་པའི་གསར་ལམ་ཁག་ནང་གསལ་གྲགས་རྒྱ་ཆེ་སྤེལ་ཏེ་རྒྱ་གར་མང་ཚོགས་ཀྱི་དྭོགས་པ་སེལ་དགོས་ལེ་རེད་ རྒྱལ་བ་ཀརྨ་པ་མཉམ་དུ་ཕེབས་རོགས་ཚང་མར་རྒྱ་གར་གཞུང་ནས་དོགས་པ་མེད་པའི་དཔང་རྟགས་ཁོང་ཚོར་ལོ་ངོ་མང་པོ་སོང་ཡང་དྲི་རྕད་ཙམ་ཡང་མེད་པ་དེ་རེད་ཟེར་བར་ ཁོང་ཚོ་ཉིན་རེར་གར་འགྲོ་དང་གང་བྱེད་རྒྱ་གར་གྱི་སོ་ཉུལ་པའི་ཉིན་དེབ་ནང་ཞིབ་ཕྲ་གསལ་ཐིང་ངེར་མཁོད་མེད་པ་སུའི་བརྗོད་ཐུབ་ལེ་རེད་ རྒྱ་གར་གཞུང་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་ལེ་རེད་དེ་་་་་་་
ཆབ་མདོ་ཤེས་རབ་ལགས། བསམ་ཚུལ་སྤེལ་བ་གུས་བརྩི་ཡོད་ཀྱང་། ཀརྨ་པ་སོ་པ་ཡིན་ཚུལ་གྱི་འཁྱོག་བཤད་ལ་གསལ་བཤད་འདྲ་དགོས་རྒྱུ་མ་མཐོང་། དེ་ནི་དཀྲོག་གཏམ་རང་རེད་མ་གཏོགས་རྒྱ་གར་དབུས་ས་གཞུང་གང་གིས་ཀྱང་དེ་ལྟའི་རྣམ་འགྱུར་བསྟན་མེད་འདུག ཡིན་ནའང་། དེང་སང་བོད་པ་ཚོས་གླེང་བཞིན་པ་ཞིག་ནི། ཀརྨ་པ་མཆོག་ཕྱི་རྒྱལ་ན་བོད་ཀྱི་བུད་མེད་དབྱངས་ཅན་ཟེར་བ་ཞིག་གི་ཚོགས་པ་རྒྱ་མིའི་བོད་ཟེར་བ་ཞིག་གི་སློབ་སྟོན་པ་གནང་འདུག་ཟེར་བའི་དཀྲོག་གཏམ་ཡིན་ན། དངོས་གནས་ཡིན་ན་ཅིག་འདུག དེ་སྐུ་ཉིད་ནས་མཁྱེན་ན་གསལ་བཤད་བྱེད་དགོས་ངེས་ཤིག་ཡིན་པར་སེམས་སོང་།
ཞོར་དུ། བསམ་ཚུལ་དངོས་གཞི་དང་བསམ་ཚུལ་གྱི་ཁ་བྱང་གཉིས་ཀ་འབྲེལ་བ་ཁྱོན་ནས་མི་འདུག་ཞུ་རྒྱུ་དང་། དེ་ནི་ཉིད་རང་བརྩེ་དུང་དང་དད་པའི་དབང་དུ་སོང་བའི་ཚོར་བ་སྐྱེན་པོས་ཁ་བྱང་ཅིག་རེད་འདུག
ཀརྨ་པ་སྐུ་ཚེ་ཡུན་བརྟན་ཤོག །
དྲ་གྲོགས་ལགས།
“ཁ་སང་རྒྱ་གར་དབུས་གཞུང་གིས་རྒྱལ་དབང་ཀརྨ་པའི་བླ་བྲང་དང་དགོན་པ་བཞེངས་ཆེད་ཧི་མ་ཅལ་མངའ་སྡེ་ནང་ཁུལ་ནས་ས་ཆ་ག་བར་གཟིགས་ཀྱང་ཆོག་པའི་ཐག་གཅོད་བྱས་འདུག” ཅེས་པ་འདིའི་ཁུངས་ཤིག་སྟོན་རོགས་ཞུ།
གནས་ཚུལ་དེ་ཡག་པོ་རེད། འོན་ཀྱང་རྒྱ་གར་གསར་ཤོག་གང་ནས་བྱུང་དང་མགྲིན་ཚབ་པ་སུ་བརྒྱུད་ནས་གནས་ཚུལ་ཡོང་བ་ཡིན་ཁ་གསལ་དགོས་པར་སྣང་།
༡༽ཆབ་མདོ་ཤེས་རབ་ལགས་ཀྱི་རྩོམ་ཡིག་འདིའི་ཁ་བྱང་མ་གཏོགས་ཀློག་འཁོམ་མ་བྱུང་བས་ངས་འདིར་ཁ་བྱང་རང་ལ་ལྟས་ནས་རྒྱབ་སྐྱོར་དང་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།
༢༽ངས་ཀྱང་མ་འོངས་པར་ཀརྨ་པ་མཆོག་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་དགོངས་བླ་ན་མེད་པ་ཆོལ་ཁ་དབྱེར་མེད།ཆོས་བརྒྱུད་ཆོས་ལུགས་རིས་མེད་ཀྱི་མཛད་ཚུལ་ལྷུར་བཞེས་གནང་ཚེ་གང་གི་ནུས་པའང་བོད་མི་སྤྱི་དང་ཆོས་ལུགས་སྤྱི་ལ་ཁྱབ་པ་མ་ཟད།ལོ་རྒྱུས་ཀྱི་གནས་བབ་དང་ད་ལྟའི་དངོས་ཡོད་གནས་སྟངས་གང་ལ་གཞིགས་ནའང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ་ཞིག་ཆགས་རྒྱུའི་རྨང་གཞི་ཡོད་པ་རེད།དེ་ལྟར་འགྱུར་བའི་རེ་བ་དང་ཡིད་ཆེས་ཞུ་གི་ཡོད།
༣༽ཡིན་ནའང་རྒྱལ་དབང་ཀརྨ་པ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དེ་དག་ལེགས་སྒྲུབ་ཡོང་དགོས་ན།གང་ཉིད་དང་ཐག་མི་རིང་བའི་ཆབ་སྲིད་འཁྲབ་མཁན་གྱི་མི་སྣ་ཆེས་ཉུང་ཤས་ཤིག་ཡོད་པ་དེ་དག་ལ་གཟིགས་སྟངས་མ་ནོར་བ་གནང་དགོས་པའང་དགོས་གལ་གྱི་གསོལ་འདེབས་ཞུ་དགོས་གལ་མཐོང་།ཆབ་སྲིད་ཀྱི་མི་སྣ་ནི་གདུག་རྩུབ་ཆེ་བས་གང་ལའང་བརྩིས་ཀྱི་མེད་སྟབས་ཀརྨ་པ་མཆོག་གི་རླབས་ཆེན་གྱི་མཛད་འཔྲིན་ལ་དོ་ཕོག་གཏང་རྒྱུའི་ཉེན་ཆེན་པོ་ཡོད་པ་རེད།
༤༽མདོར་ན་ད་ལྟ་རྒྱལ་དབང་ཀརྨ་པ་མཆོག་གི་སྐུ་མདུན་ལ་རེ་བ་ཆེན་པོ་ཞིག་དང་ཉེན་ཁ་ཆེན་པོ་ཁ་སྤྲོད་དུ་གནས་ཡོད་པ་རེད།
༥༽མཐའ་དོན་རྒྱལ་དབང་ཀརྨ་པ་མཆོག་སྐུའི་གསང་གསུམ་གྱི་ཉེར་འཚེ་མཐའ་ཞི་ནས་མཛད་འཕྲིན་གྱི་འོད་སྣང་འཛམ་གླིང་མཐའ་དབུས་ཡོང་ལ་ཁྱབ་པའི་སྨོན་ལམ་ཞུ་རྒྱུ་ཡིན།
གསལ་བཤད་འདི་ཧ་ཅང་གི་ཡག་པོ་འདུག རྒྱུ་མཚན་ནི་རྙོག་དྲ་འདིའི་ནང་དུ་ནང་བཀྲ་མ་ཤིས་པའི་ཆའང་འདྲེས་ཡོད་པ་དུས་བབ་སྒང་མཚུར་ཕུ་བླ་བྲང་གི་མཁན་པོ་ཞིག་གིས་རྩོམ་ཡིག་སྤེལ་བ་ལྟར་མ་ཡིན་ནམ། དོན་ངོ་མར་མཁྲེགས་འཛིན་པ་དག་གིས་བོད་འདི་ཁ་ཡར་ལ་འགྲོ་གི་འཇུག་གི་མེད་པ་དེའང་གསལ་བོ་རེད།
༸རྒྱལ་དབང་༸ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གང་གི་ཆོས་སྲིད་ཀྱི་མཛད་འཕྲིན་མཐའ་དག་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁྱབ་པར་ཤོག
ཀརྨ་པ་ཁྲི་ལོར་བརྟན་པར་ཤོག བོད་གཞུང་ཚུ་ཕུར་བླ་བྲང་ཁྲི་ལོར་བརྟན་པར་ཤོག རྒྱུད་སྟོད་གྲྭ་ཚང་ལ་རྙོག་དྲ་མ་ལྷག་པར་ཤོག
ཀརྨ་པས་བོད་འདི་འགྱེལ་ས་ནས་སློང་ཐུབ་ན། དཔེ་མི་ཚད་ཡག་པོ་རེད། རྗེས་སུ་ཡི་རངས་ཡོད། ངའི་བསམ་བློར་བོད་འདི་འགྱེལ་ས་ནས་སློང་ཐུབ་མཁན་༸གོང་ས་མཆོག་ཡིན་འགྲོ་སྙམ་ཡོད། འོན་ཀྱང་ཀརྨ་པས་ཐོག་མར་བཀའ་རྒྱུད་ཀྱི་བསྟན་པ་འགྱེལ་ས་ནས་སློང་རྗེས། བོད་འདི་འགྱེལ་ས་ནས་སློང་ཐུབ་ན་དགའ་རྒྱུ་རེད་བསམ་གི། ཐུགས་རྗེས་གཟིགས། ང་ཚོ་འགྱེལ་ས་ནས་སློང་མཁན་གཞན་ཞིག་ཡོད་པ་དེ་རིང་གཞི་ནས་ཧ་གོ་སོང། རྒྱལ་དབང་ཀརྨ་པ་མཆོག་ལ་མངོན་པར་བསྟོད་དོ། །།།
གོང་དུ། དྲ་གྲོགས་འགས་ནང་ཁུལ་དབྱེན་དཀྲུགས་ཀྱི་མཆན་བུ་འགའ་སྤེལ་འདུག་པས།
དེ་དག་བཀག་ཡོད་པ་མ་ཟད་དེའི་རིགས་མུ་མཐུད་འགོག་གི་ཡིན།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
བསྟོད་པ་ཀ་ར་མ། །
བླ་མ་བྱས་ཀྱང་ཀ་ར་མ། །
རྒྱལ་པོ་བྱས་ཀྱང་ཀ་ར་མ། །
སྐྱབས་མགོན་དཔོན་པོ་ཀ་ར་མ། །
ཀརྨ་བཀའ་བརྒྱུད་རྒྱལ་གྱུར་ཅིག །
ལ་རྒྱའི་དཔའ་བོ་ཀ་ར་མ། །
བན་གྱི་སྤྱི་མེས་ཀ་ར་མ། །
ལས་ཀྱི་བདག་པོ་ཀ་ར་མ། །
རྐུན་མའི་དཔོན་པོ་ཀ་ར་མ། །
བཀའ་བརྒྱུད་གཏོར་མཁན་ཀ་ར་མ། །
བོད་འགྱེལ་སློང་ངེས་ཀ་ར་མ། །
རྒྱ་ཡི་སོ་བ་ཀ་ར་མ། །
འཛམ་གླིང་ཧེས་རོ་ཀ་ར་མ། །
ཀ་ཡི་ར་མ་མགོར་བཞག་ན། །
ཁ་ལ་རིལ་མ་བསྡུད་ངེས་མ། །
ག་ས་གང་ན་སྟོང་འུར་མ། །
ང་ཚོས་ཀརྨ་པ་ལ་བསྟོད། །
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བོད་མི་ཡོངས་ཀྱི་ནུས་ཤུགས་དང་ཤེས་འབྱོན་དག་བླ་རྒན་ཞིག་དང་འཕྲུ་གུ་ཞིག་གི་ནུས་འབྱོན་ལ་བརྩིས་ནས་སྤྱི་ཚོགས་རྙིང་པ་བཀས་བཀོད་བརྒྱུད་འཛིན་གྱི་བསམ་བློའི་རྨང་གཞི་ད་དུང་དོར་ཐུབ་པ་མེད་པ་འདི་ཡ་མཚན། ཡེ་ཤུ་པ་རྣམས་ཀྱིས་ཡོད་ཚད་དཀོན་མཆོག་བཟོས་པར་འདོད་པ་བཞིན་ང་ཚོ་བོད་མིས་ཀྱང་ཡོད་ཚད་བླ་རྒན་དང་སྤྲུལ་སྐུ་ག་གེ་མོས་བཟོས་པར་འདོད་ཅིང་། ཐ་ན་གཅིན་སྐྱག་མི་ཚོགས་པའི་འཕྲུ་གུ་ཡང་གུས་འདུད་དང་ཆེ་མཐོང་སྤྲད་པའི་ལུགས་སྲོལ་འདི་ཧ་ཅང་དགོད་བྲོ་བ་རེད། འཛམ་གླིང་རྒྱལ་ཀུན་ཏུ་མི་གཅིག་གིས་ལོ་བཅུ་འཕྲག་རེ་ཟུང་རིང་རྒྱལ་ཁབ་ཀྱི་དབང་ཆ་བརྒྱུད་འཛིན་བྱེད་པ་ལ་ངོ་རྒོལ་གྱིས་རང་སྲོག་བློས་གཏོང་གི་ལས་འགུལ་སྤེལ་བཞིན་པའི་སྐབས་འདིར། བོད་མི་ཚོས་བླ་ཆེན་ཚོའི་སྐུ་ཕྲེ་རིམ་བྱོན་གྱི་དབང་ཆ་སླར་གསོའི་ཆེད་འབད་འབུངས་ལྷོད་མེད་གནང་བཞིན་པ་འདི་ངོས་གནས་ཡ་མཚན་རེད། མ་འོངས་པར་བོད་མི་རྣམས་འགྱེལ་ས་ནས་ཡར་ལང་པར་འདོད་ན་བླ་རྒན་དང་སྤྲུལ་སྐུའི་མིང་འཛིན་པར་ཆེ་མཐོང་སྤྲོད་རྒྱུ་ཤུགས་ཆུང་རུ་གཏང་ནས། བོད་མི་ཤེས་འབྱོན་པ་དང་གཞོན་སྐྱེས་རྣམས་ལ་གོ་སྐབས་གསར་པ་སྤྲོད་དགོས། དེ་ལྟར་མ་བྱུང་བར་དུ་ཁ་ནས་ཇི་ལྟར་བཤད་ཀྱང་། དོན་ལ་བཀས་བཀོད་བརྒྱུད་འཛིན་སྐབས་ཀྱི་བསམ་བློའི་རྨང་གཞི་ལ་འགྱུར་བ་བྱུང་མེད་པའི་རྟགས་རེད། ང་ཚོ་ད་དུང་ད་ཏ་མའི་བླ་མའི་སྐུ་ཕྲེང་ཕྱི་མ་ཕྱི་མ་སོགས་ལ་རེ་བཅོལ་ཞིང་དེའི་ཆེད་དུ་གླེང་སློང་བྱེད་དགོས་པ་འདི་ངོས་གནས་ཐབས་སྐྱོ་བོ་རེད། བོད་མི་ཤེས་ཡོན་པ་ཚོས་སྤྱི་ཚོགས་ཀྱི་ཀླད་པའི་འགུལ་ཚད་ཆེ་རུ་གཏོང་དགོས་པ་མ་བརྗེད་རོགས། སྤྱི་ཚོགས་ཀྱི་ཀླད་པའི་མགུལ་ཚད་ཆེ་རུ་མ་ཕྱིན་བར་དུ་རྒྱ་གཞུང་དང་བོད་གཞུང་གཉིས་ཀས་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་ལ་དོ་སྣང་སྤྲོད་དགོས་པ་ཆགས་ཡོད། བོད་མི་རྣམས་ཀྱི་འཕྲུ་གུ་ཆུང་ཆུང་ལ་གུས་བརྩི་དང་ཆེ་མཐོང་སྤྲོད་པའི་ལུགས་སྲོལ་དེ་ནུབ་པ་ལྷན་དུ་བོད་མི་རེའི་ངོས་ནས་ཤེས་འཇོན་གང་ཡོད་སྟོན་པའི་གོ་སྐབས་དེ་གཞི་ནས་ཤར་བ་རེད། དེའི་བར་དུ་ཡོད་ཚད་དང་འཇོན་ཚད་མི་རེ་ཟུང་གི་བྱས་པར་འདོད་པས་ན་ཤེས་འཇོན་པ་རྣམས་རང་བཞིན་གྱིས་སེམས་པ་སྐྱོ་ངེས་ཡིན།
དབང་འདུས་ལགས།
བཀའ་བཀོད་རྒྱུན་འཛིན་གྱི་བསམ་བློ་དེ། བོད་ཕྱི་ལ་འདུག་གམ། ནང་ལ་འདུག བོད་པའི་ལས་བྱེད་པ་ལ་འདུག་གམ། མི་མང་གི་བསམ་བློར་འདུག འདིར་བོད་ཀྱི་དྲ་རྒྱས་ནང་ལ་རྒྱ་གུང་ཕྲན་གྱི་གཏམ་བཤད་ལ་ང་མི་དགའ་བས་་
རྒྱ་གཞུང་གི་གཏམ་བཤད་ལ་མ་དགའ་བ་ཙམ་གྱིས་རྒྱ་མས་བཤད་ཚད་རྫུན་མ་དང་བོད་པས་བཤད་ཚད་བདེན་པར་སྒྲུབ་གང་ནས་ཐུབ། འོན་ཀྱང་ཁྱེད་ཀྱིས་གསུངས་པར་རྒྱུ་མཚན་མེད་པ་མིན། ངས་གསལ་པོར་ཞུ་ཆོག རྒྱ་གཞུང་སྐྱོན་བརྗོད་དེ་བོད་སྤྱི་ཚོགས་རྙིང་པའི་འགྲོ་ལུགས་བརྗོད་པ་རེད། དེ་བདེན་པ་རེད། གལ་སྲིད་རྒྱ་གཞུང་གིས་སྐྱོན་བརྗོད་དེ་བཙན་བྱོལ་གཞུང་ལ་བྱས་ན་དེ་ངོས་བདེན་ཁྲིམས་ཀྱི་གནས་ཚད་སླེབས་མེད། ངས་གོང་དུ་བཀས་བཀོད་བརྒྱུད་འཛིན་གྱི་བསལ་བློའི་གནས་ཚད་ལས་བརྒལ་མི་འདུག་ཅེས་པ་དེ་བོད་མི་རིགས་ཀྱི་བསམ་བློ་འཁོར་ཕྱོགས་ལ་བརྗོད་པ་ཡིན་གྱི། བཙན་བྱོལ་གཞུང་གིས་ཁྲིམས་དང་བསྒྲིགས་གཞི་ལ་བརྗོད་པ་མིན་པས་དགོངས་འགལ་མེད་པར་ཞུ། རྒྱ་མི་མ་སླེབས་སྔོན་གྱི་བོད་གཞུང་དེ་བཀས་བཀོད་བརྒྱུད་འཛིན་མིན་པར་བརྗོད་ན་བདེན་པ་མ་རེད། ༧སྐྱབས་མགོན་མཆོག་གིས་ཀྱང་རྒྱ་མི་མ་སླེབས་སྔོན་དུ་བསྒྱུར་བཅོས་གཏོང་འདོད་ཡོད་ཀྱང་གཏོང་ཐུབ་མ་སོང་ཞེས་གསུངས་གནང་ཡོད།
གང་ལྟར་དྲྭ་རྒྱ་འདི་ལ་གཟིགས་དང་སྟད་མོ་གསར་པ་ཞིག་མཐོང་སྲིད། http://www.tulkulamalobsang.org/