ཀརྨ་བསམ་འགྲུབ་ལ་ལོ་བཅོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག Posted on 2010-06-242010-06-24 By ཁ་བརྡ་ 22 Comments on ཀརྨ་བསམ་འགྲུབ་ལ་ལོ་བཅོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག གནས་ཚུལ་ཞིབ་ཕྲ་གཤམ་གྱི་འབྲེལ་ཐག་བརྒྱུད་ནས་གཟིགས། http://www.rfa.org/english/news/tibet/sentenced-06242010103713.html གསར་འགྱུར།
རྒྱ་ནག་དམར་པོའི་གཞུང་འཛིན་པ་དེ་ཚོ་ཅི་འདྲའི་སྡིག་སེམས་གནག་པ་ལ། ངེད་ཅག་བོད་མི་ཤེས་ཡོན་ཅན་དང། རང་རིགས་ལ་ལྷག་བསམ་དང་ལ་རྒྱ་ཅན། རང་རིགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་བདེ་སྒྲུབ་མཁན་སོགས་མདོར་ན་རང་རིགས་ཀྱི་བདེ་སྡུག་ལ་བསམ་གཞིགས་བྱེད་ནུས་པ་གང་ན་ཅི་ཡོད་རེ་རེ་བཞིན་འདི་འདྲའི་ཉེས་མེད་བསྙོན་འཛུགས་ཐོག་འཇིགས་རུང་གི་བཙོན་ཁང་ཞིག་ནས་མི་ཚེ་ཕལ་ཆེར་བསྐྱལ་དུ་འཇུག་པ་སོགས་ལ་བསམ་ན་སྐྱོ་བ་བཟོད་མེད་ཅིག་སྐྱེ་ཡོང་གི་འདུག
ད་ལམ་ཁ་གཉིས་ཡོད། ལམ་ཁ་དང་པོ་ནི་ཀརྨ་བསམ་གྲུབ་ཀྱིས་མུ་མཐུད་ཁྲིམས་ར་གོང་མར་ཁྲིམས་གཏུགས་བྱེད་དགོས། ཁྲིམས་གཏུགས་བྱས་ཏེ་ཁྲིམས་གཅོད་ལ་འགྱུར་བ་ཡོང་གི་མ་རེད་དེ། གཞན་དབང་འོག་གི་ཐོབ་ཐང་དེ་བླངས་བཞག་ན། རྒྱལ་སྤྱིའི་ཐོག་ཁོང་ཉེས་མེད་ཡིན་པ་དང་ཁྲིམས་ཐག་བཅད་པ་དེར་མོས་མཐུན་མེད་པའི་རྣམ་པ་གསལ་བར་མཚོན་ཐུབ་ཀི་རེད། ལམ་ཀ་གཉིས་པ་ནི། བོད་ཀྱི་ཁོར་ཡུག་སྡེ་ཚན་དང་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ཁག་གིས། གནད་དོན་འདི་ལྗང་ཁུ་ཚོགས་པ་སོགས་རྒྱལ་སྤྱིའི་ཁོར་ཡུག་ཚོགས་པ་དང་རྩ་ཆེའི་སྲོག་ཆགས་སྲུང་སྐྱོབས་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ལ་ཞུ་སྐུལ་བྱེད་དགོས། ཀརྨ་བསམ་གྲུབ་ཀྱི་སྐུ་ཟླ་དེ་བུད་མེད་བློ་སྟོབས་ཅན་ཞིག་རེད་འདུག འོན་ཀྱང་ཕྲུ་གུ་ལ་ལྟ་སྐྱོང་སོགས་བྱེད་དགོས་པས། ཕྱི་ཕྱོགས་སུ་བཀའ་མོལ་གནང་སྐབས། རྒྱ་ནག་གི་ཁྲིམས་དང་མ་འགལ་བ་གནང་གལ་སྙམ། ད་དངོས་གནས་བོད་པ་ཚོས་རིག་པ་སྒྲིམ་དགོས་འདུག
ཨ་ཨ་ཨ་ ད་དཔེ་རེད་ས་མི་ལོ་བཅོ་ལྔ་ཟེར་ན་མི་ཚེ་གཅིག་རེད། ཕོ་ཤི་རེ་ཨ། སྙིང་རྗེ་ཁོང་གི་ནང་མི་དང་ཁོང་རང་ཉིད་བཅས་ལ་གུས་མོས་མཆོག་གསུམ་རྒྱལ་བ་ཡོངས་ལ་གསོལ་བ་འདེབས་པས་ལས་རྒྱུ་འབྲས་ཀྱི་ཐིག་གང་ཡོད་པ་དེ་འགྲོ་བ་མི་འདི་ཚོ་ལ་ངོ་མ་གཅིག་སྟོན་རོགས་ཞུ་བ་ཡིན། ཨ་ཁེ་རེ་མོ་ད་ཅི་བྱེད་དགོས་གི་ཡོད་ན། ཐབས་ཤེས་ནི་མི་འདུག སྙིང་ནི་རྗེ་གི། ཨ་ཨ་ཨ་ཨ་ཨ་
ད་ནི་་་་ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་གྱི་ལས་འགུལ་ཞིག་སྤེལ་རན་ལ་ཐོན་འདུག བོད་ས་ནས་བོད་མི་གསོན་པོར་འཚོ་མི་ཆོག་ན། རྒྱ་མི་རིགས་ལ་དེ་བས་ཀྱང་ཐོབ་ཐང་མེད་པ་ཞིག་རེད། ཨ་ཤུ་རེ་ཁོ་་ད་ཡིན་ན་ཉམ་ཆུང་སྡོད་ཤེས་ཀྱང་བཙན་པོས་འདི་ལྟར་ཐུབ་ཚོད་བྱེད་ཀྱིན་འདུག
སྤྱི་ལོ་༢༠༡༠ ལོའི་ཟླ་༦ ཚེས་༢༤ ཉིན། འཛམ་གླིང་ཁྱོན་གྱི་གྲོས་ཚོགས་༣༠ ལྷག་གི་འཐུས་མི་གྲངས་༡༣༣ ཙམ་གྱིས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་G 20 ཡི་འགོ་ཁྲིད་ཚོར་བོད་མིའི་དཀའ་སྡུག་བསལ་བ་ལ་རྒྱབ་སྐྱོར་གྱི་ལས་གཞི་རྩོམ་དགོས་པའི་སྐུལ་མ་གནང་ཡོད་པ་རེད།
ཨ་ཁ་བོད་མི་ཞིག་མི་ལོ་བཅོ་ལྔ་རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་བློ་ཕམ་རེད། ཕྱི་སྡོད་བོད་མིའི་རྣམས་ནས་རྒྱལ་སྤྱིའི་ཐོག་ཁོར་ཡུག་སྡེ་ཚན་དང་འགྲོ་བ་མིའི་ཐོབ་ཐང་དང་རྩ་ཆེའི་སྲོག་ཆགས་སྲུང་སྐྱོབས་ཚོགས་པ་སོགས་ལ་འབོད་སྐུལ་བྱེད་དགོས་རྒྱུ་ནི་ལས་འགན་རེད་དེ་ལུགས་གནང་རོགས་ཞུ།
རྒྱ་ནག་སྲིད་གཞུང་གི་མགོ་ཁྲིད་ཀླད་རྙིང་ཁག་ཅིག་གི་གོ་གནས་ལ་འགྱུར་བ་མ་སོང་བར་དུ་གནས་ཚུལ་འདི་འདྲ་མུ་མཐུན་འབྱུང་གི་རེད། ཡིན་ནའང་ངའི་སེམས་ཁྲལ་ཆེ་ཤོས་ནི། ང་ཚོའི་སྤུ་ཟླ་བསམ་ཕོད་ཤོད་ཕོད་དག་ལ་སྡུག་སྦྱོང་མནར་གཅོད་ཀྱིས་ལུས་སེམས་ཐང་བོ་མེད་པར་བཟོ་བ་འདི་རེད། འདི་ནི་ཧ་ཅང་གི་ཉེན་ཚབས་ཆེན་པོ་ཞིག་རེད། ངས་གོ་ཐོས་ཤིག་ལ་བོད་པ་རྒྱ་ཡིག་ནང་རྩོམ་འབྲི་མཁན་སྐུ་ཞབས་རྟ་མགྲིན་དབང་ཆེན་ལགས་སྨྱོན་པར་ཆགས་ནས་ཁྲི་འདུ་གྲོང་ཁྱེར་ན་གད་སྙིགས་གི་ཁྲོད་ཉུལ་བཞིན་པའི་གནས་ཚུལ་གོ་རྒྱུ་འདུག འདི་བདེན་པ་ཞིག་མ་ཡིན་པའི་ཡིད་ཆེས་ཡོད།
ཨ་ཁ། དཀོན་མཆོག་མཁྱེན། ད་ང་ཚོར་ཀརྨ་འཕྲིན་ལས་སྐྱོབ་པའི་ཐབས་ལམ་གསར་བ་དེ་འདྲ་རེ་ཨེ་ཡོད། ཁོང་ལོ་བཅོ་ལྔའི་རིང་བཙོན་འཇུག་བྱས་པ་ཡིན་ན་བོད་གངས་ཅན་ལྗོངས་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་མཁན་དང་འཁོར་ཡུག་སྲུང་སྐྱོབ་བྱེད་མཁན་གྱི་མི་སྣ་གལ་ཆེན་འདི་མེད་པར་གྱུར་བ་དང་གཅིག་མཚུངས་རེད། རྒྱུན་ཆད་མེད་པའི་གཉའ་གནོན་ཚད་མེད་འདི་ལ་ངས་མགོ་སྒུར་ཐུབ་པ་མི་འདུག།
ཁྱེད་རང་ཚོས་དུས་བབ་དྲ་ཚིག་སྟེང་གི་དབུས་བླུགས་འབྲས་ལ་གཟིགས་དང་མངོན་གསལ་དོད་པོས་མཁྱེན་ཐུབ། ད་ཐེངས་གི་གནས་ཚུལ་འདི་དགེ་སློབ་ཁ་ཤས་ཤིག་གི་ནོར་འཁྲུལ་ལས། བྱིངས་གཞན་གྱི་ནོར་འཁྲུལ་དུ་རྩིས་ན་འགྲིག་ཨེ་ཡོང་། བོད་གཞུང་དང་ཤེས་རིག་ལས་ཁུངས་ཀྱིས་འདི་འདྲ་ཐག་གཅོད་གནང་མདོག་ཁ་བོ་མ་རེད་བསམ་བཞིན་ཡོད། གང་ལྟར་གཞོན་སྐྱེས་དེ་དག་རྒྱ་ལག་ཏུ་ཤོར་མ་བཅུག་པ་བྱེད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཡིན། སྙིང་ནས་གཅེས་པའི་གཞོན་སྐྱེས་འདི་དག་ང་ཚོ་བོད་གངས་ཅན་གྱི་སོན་རྩ་ཡིན། ཐུགས་རྗེ་གཟིགས། རོགས་རམ་གནང་རོགས།།
ཡ་ད་བརྒྱ་བཤད་ཚིག་གི་རྩ་བ་ཚར་སོང་བ་རེད། ང་ཚོས་འདི་ནས་མཁས་མདོག་གིས་མང་བོ་ཞིག་པང་བསྒྲིགས་ནས་བཤད་མ་བཤད་མེད། དེ་བས་སྐུ་ཞབས་ཞོགས་དུང་གིས་བཤད་པ་བཞིན། ཝ་རྔ་མ་ཉིལ་ལེར་འགྲོ་བ་ལས་སྟག་འཛུམ་དྲུག་གྱི་ལེར་ཤི་བས་དགའ་ཞེས་པའི་ལམ་ཁ་བདམས་པ་རེད། ན་ནིང་ད་ལོར་གཞིས་ལུས་སྤུན་ཟླ་མང་བོའམ། ལྷག་པར་དུ་ཤེས་ཡོན་པ་དང་འདི་འདྲའི་ཚད་ལྡན་གྱི་དཔའ་བོ་མང་དུ་འཐོན་གྱི་ཡོད། ཁོང་ཚོའི་བསམ་བློ་དང་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས། ང་ཚོའི་བྱེས་འབྱོར་བ་དག་གིས་ལྐོག་ལྐོག་སིལ་སིལ་དང་ཕན་མེད་ལས་གཞི་རྩོམ་པའི་སྤྲེའུའི་ཆོ་ག་དག་བསྒྱུར་བཅོས་བཏང་ན་ཡག་པོ་རེད། ང་ཚོ་ལ་ཁ་མ་གཏོགས་ལག་པ་མེད་མཁན་རྐྱང་རྐྱང་ཡིན་པ་དེའི་ཕྱིར་རེད། ད་ཡིན་ན་ཁ་བཙིམ་ནས་ལག་པ་འགུལ་བའི་དུས་ལ་བབ་ཡོད།
ཀརྨ་བསམ་གྲུབ་ལགས་ལ་ཉེས་ཆད་བཅུག་མི་ལོ་བཅོ་ལྔ་བྱས་པར་སེམས་ནས་སྐྱོན་བ་སྐྱེས་ཤིང་གདུང་སེམས་མཉམ་སྐྱེད་བྱེད། ང་ཡི་ཕ་ཡུལ། ཉི་ཟླའི་གྲོང་ན་ཡོད། ཉི་ཟླ་ལྷན་འཛོམས་ཡོད་དུས། ས་གཞིར་འོད་སྣང་འཛོམས་པ། ཉི་མ་རེ་ཞིག་ནུབ་ཐལ། ཟླ་བ་གཟའ་ཡིས་ཟིན་ཐལ། ནམ་མཁའ་སྟོང་བར་གྱུར་སོང་། ས་གཞི་མུན་པས་བསྒྲིབས་སོང་། ང་ཡི་ཕ་ཡུལ། གངས་ཅན་ལྗོངས་ན་ཡོད། བོད་རིགས་ལྷན་འཛོམས་ཡོད་དུས། གངས་ལྗོངས་བདེ་ཞིང་སྐྱིད་པ། ཕ་མ་སྡུག་གིས་འདས་སོང་། སྤུན་གྲོགས་བཙོན་དུ་བཅུག་སོང་། ང་རང་ས་མཐར་སྤྱུག་སོང་། སེམས་པ་སྐྱོ་བས་ཁང་སོང་། སྤྱི་ལོ་༢༠༡༠ལོའི་ཟྤྱི་ཟླ་བཞི་བར་Rishkesh ནས་བྲིས།
རྒྱ་དམར་གྱིས་བོད་རིགས་རྣམས་འབུར་འཇོམས་བྱེད་པའི་ཕྱིར་འཆར་གཞི་ཡོད་པའི་སྒོ་ནས་ བོད་རིགས་བྱས་རྗེས་ཅན་དང་། བོད་རིགས་ཤེས་ཡོན་ཅན། བོད་རིགས་བོད་ལ་དགའ་མཁན། བཅས་རྩ་མེད་བཏང་དང་གཏོང་བཞིན་འདུག་པས། ཀྱེ་བོད་རིགས་སྤུན་གྲོགས་ཚོ། ང་ཚོས་སྔར་ལས་ལྷག་པའི་མཐུན་སྒྲིལ་དང་སྙིང་སྟོབས་དགུ་འགྱུར་བསྐྱེད་པའི་དུས་ལ་བབ་ཡོད། ང་ཚོས་ནམ་ཡང་སེམས་ཤུགས་ཉམས་མི་རུང་ལ་ནམ་ཡང་གླེན་འཛིང་བྱེད་མི་རུང་། ་དེ་བས་མཐའ་གཅིག་ཏུ་རྒྱ་དམར་གྱི་གཡོ་འཕྲུལ་ལ་ང་ཚོས་ཐབས་མཁས་གསང་བའི་ཐོག་ནས་བརྡུང་བརྡེག་ཚ་ནན་བྱེད་དགོས།
ཀྱེ་མ་ཀྱེ་ཧུད། མི་ལོ་བཅོ་ལྔ་དུས་ཡུན་ཐུང་ཐུང་ཞིག་མ་རེད། གདུང་སེམས་མཉམ་སྐྱེད་ཡོད། བོད་མིའི་སྐྱིད་སྡུག་མཉམ་མྱོང་སྲིད་ན་རྒྱལ་གྱུར་ཅིག བོད་རྒྱལ་ལོ།།
ཨ་ ཤི་རེ་ཁོ།
བླ་མ་མཁྱེན། གཞིས་ལུས་བོད་མིའི་ལས་དབང་།
རྒྱ་ནག་དམར་པོའི་གཞུང་འཛིན་པ་དེ་ཚོ་ཅི་འདྲའི་སྡིག་སེམས་གནག་པ་ལ། ངེད་ཅག་བོད་མི་ཤེས་ཡོན་ཅན་དང། རང་རིགས་ལ་ལྷག་བསམ་དང་ལ་རྒྱ་ཅན། རང་རིགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་བདེ་སྒྲུབ་མཁན་སོགས་མདོར་ན་རང་རིགས་ཀྱི་བདེ་སྡུག་ལ་བསམ་གཞིགས་བྱེད་ནུས་པ་གང་ན་ཅི་ཡོད་རེ་རེ་བཞིན་འདི་འདྲའི་ཉེས་མེད་བསྙོན་འཛུགས་ཐོག་འཇིགས་རུང་གི་བཙོན་ཁང་ཞིག་ནས་མི་ཚེ་ཕལ་ཆེར་བསྐྱལ་དུ་འཇུག་པ་སོགས་ལ་བསམ་ན་སྐྱོ་བ་བཟོད་མེད་ཅིག་སྐྱེ་ཡོང་གི་འདུག
ད་ལམ་ཁ་གཉིས་ཡོད། ལམ་ཁ་དང་པོ་ནི་ཀརྨ་བསམ་གྲུབ་ཀྱིས་མུ་མཐུད་ཁྲིམས་ར་གོང་མར་ཁྲིམས་གཏུགས་བྱེད་དགོས། ཁྲིམས་གཏུགས་བྱས་ཏེ་ཁྲིམས་གཅོད་ལ་འགྱུར་བ་ཡོང་གི་མ་རེད་དེ། གཞན་དབང་འོག་གི་ཐོབ་ཐང་དེ་བླངས་བཞག་ན། རྒྱལ་སྤྱིའི་ཐོག་ཁོང་ཉེས་མེད་ཡིན་པ་དང་ཁྲིམས་ཐག་བཅད་པ་དེར་མོས་མཐུན་མེད་པའི་རྣམ་པ་གསལ་བར་མཚོན་ཐུབ་ཀི་རེད།
ལམ་ཀ་གཉིས་པ་ནི། བོད་ཀྱི་ཁོར་ཡུག་སྡེ་ཚན་དང་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ཁག་གིས། གནད་དོན་འདི་ལྗང་ཁུ་ཚོགས་པ་སོགས་རྒྱལ་སྤྱིའི་ཁོར་ཡུག་ཚོགས་པ་དང་རྩ་ཆེའི་སྲོག་ཆགས་སྲུང་སྐྱོབས་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ལ་ཞུ་སྐུལ་བྱེད་དགོས།
ཀརྨ་བསམ་གྲུབ་ཀྱི་སྐུ་ཟླ་དེ་བུད་མེད་བློ་སྟོབས་ཅན་ཞིག་རེད་འདུག འོན་ཀྱང་ཕྲུ་གུ་ལ་ལྟ་སྐྱོང་སོགས་བྱེད་དགོས་པས། ཕྱི་ཕྱོགས་སུ་བཀའ་མོལ་གནང་སྐབས། རྒྱ་ནག་གི་ཁྲིམས་དང་མ་འགལ་བ་གནང་གལ་སྙམ།
ད་དངོས་གནས་བོད་པ་ཚོས་རིག་པ་སྒྲིམ་དགོས་འདུག
ཨ་ཨ་ཨ་
ད་དཔེ་རེད་ས་མི་ལོ་བཅོ་ལྔ་ཟེར་ན་མི་ཚེ་གཅིག་རེད།
ཕོ་ཤི་རེ་ཨ།
སྙིང་རྗེ་ཁོང་གི་ནང་མི་དང་ཁོང་རང་ཉིད་བཅས་ལ་གུས་མོས་མཆོག་གསུམ་རྒྱལ་བ་ཡོངས་ལ་གསོལ་བ་འདེབས་པས་ལས་རྒྱུ་འབྲས་ཀྱི་ཐིག་གང་ཡོད་པ་དེ་འགྲོ་བ་མི་འདི་ཚོ་ལ་ངོ་མ་གཅིག་སྟོན་རོགས་ཞུ་བ་ཡིན།
ཨ་ཁེ་རེ་མོ་ད་ཅི་བྱེད་དགོས་གི་ཡོད་ན།
ཐབས་ཤེས་ནི་མི་འདུག
སྙིང་ནི་རྗེ་གི།
ཨ་ཨ་ཨ་ཨ་ཨ་
མི་ལོ་༡༥ དཀོན་མཆོག་མཁྱེན་
ད་ནི་་་་ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་གྱི་ལས་འགུལ་ཞིག་སྤེལ་རན་ལ་ཐོན་འདུག བོད་ས་ནས་བོད་མི་གསོན་པོར་འཚོ་མི་ཆོག་ན། རྒྱ་མི་རིགས་ལ་དེ་བས་ཀྱང་ཐོབ་ཐང་མེད་པ་ཞིག་རེད། ཨ་ཤུ་རེ་ཁོ་་ད་ཡིན་ན་ཉམ་ཆུང་སྡོད་ཤེས་ཀྱང་བཙན་པོས་འདི་ལྟར་ཐུབ་ཚོད་བྱེད་ཀྱིན་འདུག
ཡ་ཡ་
ད་ག་རེ་བྱས་ན་དགའ་གི་ཡོད་ནི་མི་ཤེས་གི་
ཨ་ཧ་བོ་ཡིན་ན
རྒྱ་འདྲེ་ཕ་རོ་ཟ་རྒྱུ་སང་ཨ
སྤྱི་ལོ་༢༠༡༠ ལོའི་ཟླ་༦ ཚེས་༢༤ ཉིན། འཛམ་གླིང་ཁྱོན་གྱི་གྲོས་ཚོགས་༣༠ ལྷག་གི་འཐུས་མི་གྲངས་༡༣༣ ཙམ་གྱིས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་G 20 ཡི་འགོ་ཁྲིད་ཚོར་བོད་མིའི་དཀའ་སྡུག་བསལ་བ་ལ་རྒྱབ་སྐྱོར་གྱི་ལས་གཞི་རྩོམ་དགོས་པའི་སྐུལ་མ་གནང་ཡོད་པ་རེད།
ཨ་ཁ་བོད་མི་ཞིག་མི་ལོ་བཅོ་ལྔ་རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་བློ་ཕམ་རེད། ཕྱི་སྡོད་བོད་མིའི་རྣམས་ནས་རྒྱལ་སྤྱིའི་ཐོག་ཁོར་ཡུག་སྡེ་ཚན་དང་འགྲོ་བ་མིའི་ཐོབ་ཐང་དང་རྩ་ཆེའི་སྲོག་ཆགས་སྲུང་སྐྱོབས་ཚོགས་པ་སོགས་ལ་འབོད་སྐུལ་བྱེད་དགོས་རྒྱུ་ནི་ལས་འགན་རེད་དེ་ལུགས་གནང་རོགས་ཞུ།
སྒྲོན་དཀར་མཚོའི་སྐོར་འདི་ན་འདུག
http://ragshul.blogspot.com/
རྒྱ་ནག་སྲིད་གཞུང་གི་མགོ་ཁྲིད་ཀླད་རྙིང་ཁག་ཅིག་གི་གོ་གནས་ལ་འགྱུར་བ་མ་སོང་བར་དུ་གནས་ཚུལ་འདི་འདྲ་མུ་མཐུན་འབྱུང་གི་རེད། ཡིན་ནའང་ངའི་སེམས་ཁྲལ་ཆེ་ཤོས་ནི། ང་ཚོའི་སྤུ་ཟླ་བསམ་ཕོད་ཤོད་ཕོད་དག་ལ་སྡུག་སྦྱོང་མནར་གཅོད་ཀྱིས་ལུས་སེམས་ཐང་བོ་མེད་པར་བཟོ་བ་འདི་རེད། འདི་ནི་ཧ་ཅང་གི་ཉེན་ཚབས་ཆེན་པོ་ཞིག་རེད། ངས་གོ་ཐོས་ཤིག་ལ་བོད་པ་རྒྱ་ཡིག་ནང་རྩོམ་འབྲི་མཁན་སྐུ་ཞབས་རྟ་མགྲིན་དབང་ཆེན་ལགས་སྨྱོན་པར་ཆགས་ནས་ཁྲི་འདུ་གྲོང་ཁྱེར་ན་གད་སྙིགས་གི་ཁྲོད་ཉུལ་བཞིན་པའི་གནས་ཚུལ་གོ་རྒྱུ་འདུག
འདི་བདེན་པ་ཞིག་མ་ཡིན་པའི་ཡིད་ཆེས་ཡོད།
ཨ་ཁ། དཀོན་མཆོག་མཁྱེན། ད་ང་ཚོར་ཀརྨ་འཕྲིན་ལས་སྐྱོབ་པའི་ཐབས་ལམ་གསར་བ་དེ་འདྲ་རེ་ཨེ་ཡོད།
ཁོང་ལོ་བཅོ་ལྔའི་རིང་བཙོན་འཇུག་བྱས་པ་ཡིན་ན་བོད་གངས་ཅན་ལྗོངས་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་མཁན་དང་འཁོར་ཡུག་སྲུང་སྐྱོབ་བྱེད་མཁན་གྱི་མི་སྣ་གལ་ཆེན་འདི་མེད་པར་གྱུར་བ་དང་གཅིག་མཚུངས་རེད།
རྒྱུན་ཆད་མེད་པའི་གཉའ་གནོན་ཚད་མེད་འདི་ལ་ངས་མགོ་སྒུར་ཐུབ་པ་མི་འདུག།
ཁྱེད་རང་ཚོས་དུས་བབ་དྲ་ཚིག་སྟེང་གི་དབུས་བླུགས་འབྲས་ལ་གཟིགས་དང་མངོན་གསལ་དོད་པོས་མཁྱེན་ཐུབ། ད་ཐེངས་གི་གནས་ཚུལ་འདི་དགེ་སློབ་ཁ་ཤས་ཤིག་གི་ནོར་འཁྲུལ་ལས། བྱིངས་གཞན་གྱི་ནོར་འཁྲུལ་དུ་རྩིས་ན་འགྲིག་ཨེ་ཡོང་། བོད་གཞུང་དང་ཤེས་རིག་ལས་ཁུངས་ཀྱིས་འདི་འདྲ་ཐག་གཅོད་གནང་མདོག་ཁ་བོ་མ་རེད་བསམ་བཞིན་ཡོད། གང་ལྟར་གཞོན་སྐྱེས་དེ་དག་རྒྱ་ལག་ཏུ་ཤོར་མ་བཅུག་པ་བྱེད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཡིན། སྙིང་ནས་གཅེས་པའི་གཞོན་སྐྱེས་འདི་དག་ང་ཚོ་བོད་གངས་ཅན་གྱི་སོན་རྩ་ཡིན། ཐུགས་རྗེ་གཟིགས། རོགས་རམ་གནང་རོགས།།
ཡ་ད་བརྒྱ་བཤད་ཚིག་གི་རྩ་བ་ཚར་སོང་བ་རེད། ང་ཚོས་འདི་ནས་མཁས་མདོག་གིས་མང་བོ་ཞིག་པང་བསྒྲིགས་ནས་བཤད་མ་བཤད་མེད། དེ་བས་སྐུ་ཞབས་ཞོགས་དུང་གིས་བཤད་པ་བཞིན། ཝ་རྔ་མ་ཉིལ་ལེར་འགྲོ་བ་ལས་སྟག་འཛུམ་དྲུག་གྱི་ལེར་ཤི་བས་དགའ་ཞེས་པའི་ལམ་ཁ་བདམས་པ་རེད། ན་ནིང་ད་ལོར་གཞིས་ལུས་སྤུན་ཟླ་མང་བོའམ། ལྷག་པར་དུ་ཤེས་ཡོན་པ་དང་འདི་འདྲའི་ཚད་ལྡན་གྱི་དཔའ་བོ་མང་དུ་འཐོན་གྱི་ཡོད། ཁོང་ཚོའི་བསམ་བློ་དང་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས། ང་ཚོའི་བྱེས་འབྱོར་བ་དག་གིས་ལྐོག་ལྐོག་སིལ་སིལ་དང་ཕན་མེད་ལས་གཞི་རྩོམ་པའི་སྤྲེའུའི་ཆོ་ག་དག་བསྒྱུར་བཅོས་བཏང་ན་ཡག་པོ་རེད། ང་ཚོ་ལ་ཁ་མ་གཏོགས་ལག་པ་མེད་མཁན་རྐྱང་རྐྱང་ཡིན་པ་དེའི་ཕྱིར་རེད། ད་ཡིན་ན་ཁ་བཙིམ་ནས་ལག་པ་འགུལ་བའི་དུས་ལ་བབ་ཡོད།
ཀརྨ་བསམ་གྲུབ་ལགས་ལ་ཉེས་ཆད་བཅུག་མི་ལོ་བཅོ་ལྔ་བྱས་པར་སེམས་ནས་སྐྱོན་བ་སྐྱེས་ཤིང་གདུང་སེམས་མཉམ་སྐྱེད་བྱེད།
ང་ཡི་ཕ་ཡུལ།
ཉི་ཟླའི་གྲོང་ན་ཡོད།
ཉི་ཟླ་ལྷན་འཛོམས་ཡོད་དུས།
ས་གཞིར་འོད་སྣང་འཛོམས་པ།
ཉི་མ་རེ་ཞིག་ནུབ་ཐལ།
ཟླ་བ་གཟའ་ཡིས་ཟིན་ཐལ།
ནམ་མཁའ་སྟོང་བར་གྱུར་སོང་།
ས་གཞི་མུན་པས་བསྒྲིབས་སོང་།
ང་ཡི་ཕ་ཡུལ།
གངས་ཅན་ལྗོངས་ན་ཡོད།
བོད་རིགས་ལྷན་འཛོམས་ཡོད་དུས།
གངས་ལྗོངས་བདེ་ཞིང་སྐྱིད་པ།
ཕ་མ་སྡུག་གིས་འདས་སོང་།
སྤུན་གྲོགས་བཙོན་དུ་བཅུག་སོང་།
ང་རང་ས་མཐར་སྤྱུག་སོང་།
སེམས་པ་སྐྱོ་བས་ཁང་སོང་།
སྤྱི་ལོ་༢༠༡༠ལོའི་ཟྤྱི་ཟླ་བཞི་བར་Rishkesh ནས་བྲིས།
ཀརྨ་བསམ་གྲུབ་ལགས་ལ་ཉེས་ཆད་མི་ལོ་༡༥བཙོན་འཇུག་བྱས་པར་གདུང་སེམས་མཉམ་བསྐྱེད་ཡོད།
བཀའ་བློན་ཁྲི་བ་ལགས། ལམ་སྟོན་ཞིག་གནང་རོགས། ཉེས་མེད་བྱིས་པ་དགུ་ལས་འདི་གལ་ཆེན།
རྒྱ་དམར་གྱིས་བོད་རིགས་རྣམས་འབུར་འཇོམས་བྱེད་པའི་ཕྱིར་འཆར་གཞི་ཡོད་པའི་སྒོ་ནས་
བོད་རིགས་བྱས་རྗེས་ཅན་དང་།
བོད་རིགས་ཤེས་ཡོན་ཅན།
བོད་རིགས་བོད་ལ་དགའ་མཁན།
བཅས་རྩ་མེད་བཏང་དང་གཏོང་བཞིན་འདུག་པས།
ཀྱེ་བོད་རིགས་སྤུན་གྲོགས་ཚོ།
ང་ཚོས་སྔར་ལས་ལྷག་པའི་མཐུན་སྒྲིལ་དང་སྙིང་སྟོབས་དགུ་འགྱུར་བསྐྱེད་པའི་དུས་ལ་བབ་ཡོད།
ང་ཚོས་ནམ་ཡང་སེམས་ཤུགས་ཉམས་མི་རུང་ལ་ནམ་ཡང་གླེན་འཛིང་བྱེད་མི་རུང་།
་དེ་བས་མཐའ་གཅིག་ཏུ་རྒྱ་དམར་གྱི་གཡོ་འཕྲུལ་ལ་ང་ཚོས་ཐབས་མཁས་གསང་བའི་ཐོག་ནས་བརྡུང་བརྡེག་ཚ་ནན་བྱེད་དགོས།
བཙན་གི་འོག་ནས་གཉོམ་གི་མི་བ་གི་ད་ནི་བོད་མི་རྣམས་ཀྱི་མེ་མདའ་གྲ་སྒྲིག་བྱེད་རན་མ་ཡིན་ནམ།
ཀྱེ་མ་ཀྱེ་ཧུད། མི་ལོ་བཅོ་ལྔ་དུས་ཡུན་ཐུང་ཐུང་ཞིག་མ་རེད།
གདུང་སེམས་མཉམ་སྐྱེད་ཡོད།
བོད་མིའི་སྐྱིད་སྡུག་མཉམ་མྱོང་སྲིད་ན་རྒྱལ་གྱུར་ཅིག
བོད་རྒྱལ་ལོ།།
ང་ངོ་མ་ངུ་ན་འདོད། གཟའ་ཟླ་སྒྲོན་དཀར་མཚོ་ལགས་ལ་གདུང་སེམས་མཉམ་སྐྱེད་ཡོད།