ཉེ་བའི་ཟླ་བ་ཁ་ཤས་རིང་ཨ་མདོ་རྔ་བ་གཙོས་པའི། བོད་གྱི་ས་ཁུལ་ཁག་ཅིག་ཏུ། རང་ལུས་མེ་བསྲེགས་བཏང་ནས། རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་ངོ་རྒོལ། གཅིག་རྗེས་ཉིས་མཐུད་དུ་བྱས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགོན་བདག བཙན་བྱོལ་བོད་གཞུང་གི་བཀའ་བློན་ཟུར་བ་ ཀིརྟི་རིན་པོ་ཆེ་ལ་བཅར་འདྲི་ཞུས་ཡོད།
དཔལ་ལྡན་རྒྱལ་གྱིས།
རིན་པོ་ཆེས་བོད་ལ་བཅང་པའི་དུང་བ་དང་ཆོད་སེམས་ལ་རྗེས་སུ་ཡི་རངས་ཞུ། ཟུར་དུ་ཞུ་རྒྱུར། རིན་པོ་ཆེའི་གསུང་སྐད་དེ་ཨམ་མདོའི་གདངས་ལ་དབུས་གཙང་གི་ཚིག་འདྲེས་པ་ཞིག་འདུག དེ་ལ་ཡོངས་གྲགས་སུ་ཨ་མདོའི་དབུས་གཙང་སྐད་ཟེར། ཕྱོགས་གཉིས་ཀ་ཨ་མདོ་བ་ཡིན། ཕྱོགས་གཉིས་ཀས་ཨ་མདོའི་སྐད་ཤེས། དེས་ན་ཨ་མདོའི་སྐད་གཙང་མ་ཞིག་བསྐྱོན་ན་ལེགས། དཔེར་ན་ཨ་མཆོག་རིན་པོ་ཆེ་བཞིན། འདི་བསམ་འཆར་ཙམ་དུ་ཕུལ་བ་ལས་གཞན་གང་ཡང་མིན།
རྨུ་ཐག་གི་བུ་རྒྱུད་ལགས།
ཨ་མདོའི་སྐད་གཙང་མ་ཞིག་བསྐྱོན་དུ་བཅུག་ནས་གཞན་དང་ཕར་ཞོག ང་ཚོ་ཁམས་པ་དང་དབུས་གཙང་པ་ཚོ་ཡང་མི་གོ་བའི་ཆེད་དུ་ཡིན་ནམ། ཧ་ཧ་རྩེད་མོ་ཡིན་གདའ། རང་ཉིད་ཨམ་སྐད་གཙང་མ་ཞིག་ཉན་འདོད་ཡོད་ཙང་རེད། ཡིན་དང་ཡིན། ཡི་དགོས་བྱུང་།
ཡིན་དང་ཡིན་དགོས།
བོད་སྐད་གསུང་ན་ཆོལ་གསུམ་གང་གི་སྐད་ཐོག་ཐོག་ནས་གསུངས་ཀྱང་ཁྱད་པར་མེད། རིན་པོ་ཆེ་སྐུ་ཚེ་ཡུན་རིང་བརྟན་པར་ཤོག། །།
རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་རྗེས་སུ་ཡུན་རིང་ཞུ། བཅར་འདྲིར་ཐེངས་ཁ་ཤས་ལ་ཉན་པ་ཡིན། ངས་གོ་ནོར་ཐེབས་མེད་ན་་་རང་ལུས་མེར་བསྒྲོན་པ་རྒྱ་བོད་གཉིས་ཀར་ཕན་གྱིན་མེད་པ་འདྲ་ཞིག་གསུངས་བྱུང་། གུས་པས་འདི་ནས་སྐྱོན་ཞིག་གླེང་པ་མ་ཡིན་པར་ལྷག་བསམ་ནམ་དག་གིས་དྲན་སྐུལ་ཙམ་བྱས་པ་ཡིན་ལགས།
སྐབས་རེར་མཆན་བུ་རེ་འདེབས་འདོད་ཡོད་པ་བཞིན་དེ་རིང་དེབ་སྐྱེལ་བྱས་པ་ཡིན་པས་ཚང་མར་འཚམ་འདྲི་ཞུ།
ང་རང་ཁ་བརྡའི་ཟིན་བྲིས་ནང་ལ་ཐོག་མར་ཞུགས་པ་དང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་རྒྱལ་སྤྱིའི་སྟེང་ལ་ངོ་སྤྲོད་དྲིལ་བསྒྲགས་ཀྱི་མཛད་འཕྲིན་སྐྱོང་བཞིན་པར་མཇལ་བས་དགའ་བོ་བྱུང་། མ་ཟད་རིན་པོ་ཆེའི་ད་བར་བོད་ཀྱི་ཆོས་སྲིད་གཉིས་ཀར་ཞབས་འདེགས་བླ་མེད་གནང་དང་གནང་བཞིན་པར་བཀའ་དྲིན་ཆེ་ཞུ་བ་དང་འབྲེལ་སྐུ་ཚེ་བརྟན་པའི་སྨོན་འདུན་ཞུ།
གུས་པས་རིན་པོ་ཆེ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་ནས་བཀའ་དྲིན་ཆེ་ལན་བརྒྱར་ཞུ་བཞིན་མཆིས་ལགས། རྒྱུ་མཚན་ནི་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཨ་རིའི་གཞུང་དང་གྲོས་ཚོགས་ལ་གཞིས་བཞུགས་བོད་མིའི་ཡ་ང་བའི་གནས་སྟངས་སྐོར། རེ་འབོད་གནང་རྗེས་དེ་མ་ཐག་ཨ་རི་གཞུང་གིས་རྒྱ་གཞུང་ལ་བོད་ཐོག་འཛིན་པའི་སྲིད་འཇུས་ལ་བསྒྱུར་བ་གཏོང་དགོས་ཀྱིས་འབོད་སྐུལ་ཤུགས་ཆེ་གནང་བས་སོ། རིན་པོ་ཆེ་སྐུ་ཚེ་ཡུན་དུ་བརྟན་ཅིང་ཐུགས་བཞེས་ལྷུན་གྱིས་འགྲུབ་པ་ཤོག། །།
རྩམ་དགའ་ལགས།
ཀིརྟི་རིན་པོ་ཆེས་རང་ལུས་མེ་རུ་སྒྲོན་པ་བོད་རྒྱ་གཉིས་ལ་མི་ཕན་གསུངས་བ་མིན་པ་བོད་མི་རྣམས་དྲག་པོའི་ལམ་དུ་ཞུགས་ཚེ་བོད་རྒྱ་གཉིས་ལ་དཀའ་ངལ་འཕྲད་ཚུལ་གསུངས་ཤིང་། གང་ཐུབ་ཀྱིས་ཚེ་མེད་ཞི་བའི་སྒོ་ནས་ལས་འགུལ་སྤེལ་བའི་འབོད་སྐུལ་ཞུས་བ་མ་ཟད། རང་ལུས་མེ་རུ་སྒྲོན་པ་ནི་རྒྱ་ནག་གི་གཡོ་མཐའ་ཆེ་བའི་སྲིད་ཇིས་བྱུང་བ་གསུངས་སོང་།
རྔ་ཁོག་གི་བསྟན་པའི་བདག་པོ་ཀིརྟི་སྐྱབས་མགོན་ཁྱེད་འདི་ལྟར་བོད་བསྟན་སྲིད་ཀྱི་དོན་དུ་དཀའ་ལས་ལ་མ་འཛེམ་པར་ཕྱོགས་ཀུན་ཕེབས་བཞིན་ཡོད་པར་ཐུགས་རྗེ་ཆེ་ཞུ།
མཐར་ཉིད་སྐུའི་ཕྱོགས་ལྷུང་མེད་པའི་འོད་ཟེར་དེ་བདག་ཅག་རྔ་ཁོག་ན་ཡོད་པའི་དད་ལྡན་རྣམས་ཀྱི་འདོད་པ་སྐོང་ཕྱིར་མྱུར་དུ་ཤར་བར་སྨོན།
སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་རླབས་ཆེན་མཛེད་འཕྲིན་ལ་གུས་འདུད་དང་བརྔགས་བརྗོད་ཡིད་རིངས་ཞུ།
ཁྱེད་ཀྱི་གངས་ལྗོངས་ལ་བཅང་བའི་བརྩེ་སེམས་དང་བོད་མི་རིགས་གི་བདེ་སྡུག་གིས་ཆེད་དུ་སྐུ་ལས་སྐྱོན་པ་བོད་ཟེར་བ་དེ་སེམས་སྟེང་ན་ཡོད་པའི་མི་ཡོངས་ཀྱིས་བརྔགས་བའི་མེ་ཏོག་ཕུལ
མུ་ཐག་གི་རྒྱུད་ལགས
རིན་པོ་ཆེ་ཁོང་གི་ཕྱགས་ལས་དང་གསུངས་སྐེད་ལ་ཐུགས་འཚེར་གནང་བ་ཡག་པོ་རེད་་།. བོད་སྐེད་ནང་དུ
རྒྱ་མིའི་སྐེད་དང་ཕྱི་གླིང་བའི་སྐེད་རིགས་སྲེས་པ་མ་རེད་བོད་སྐེད་གཙང་མ་གསུངས་ཀྱི་འདུག་པའི་ཐུགས་འཚེར་གནང་དགོས་ས་མ་རེད། ལྷག་པར་རིན་པོ་ཆེ་་ཁོང་གི་གསུངས་སྐེད་དེ་ཆོལ་གསུམ་་ཐུན་མོངས་གིའི་གོ་བདེ་བོ་ཡག་པོ་ཞིག་འདུག
གཡག་རྒོད་ལགས།
རྔ་སྐད་གཙང་མ་ཞིག་བྲིས་འདུག་པས་དགའ་སོང་། བོད་ཆོལ་གསུམ་གྱིས་བོད་སྐེད་མི་ཟེར་ཡང་རྔ་ཁོག་ནས་སྐད་ལ་སྐེད་ཟེར། ད་ཁྱི་རི་རྒུ་ར་སྡོད་ད་ངི་རི་འབི་ར་ཡོང་།
འདི་ལྟ་བུའི་མཛད་རྗེས་ཆེ་བའི་སྐྱེས་ཆེན་དམ་པ་ཚོ་ལ་གཞུང་མང་གཉིས་ཀའི་ངོས་ནས་འབོད་སྐུལ་རྒྱུན་འཁྱོངས་བྱེད་རྒྱུ་གལ་ཆེ་སྙམ།༸རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག
གཡག་རྒོད་ནི་གཡག་རྒོད་རང་རེད། གཞན་ལ་བལྟ་བའི་མིག་ཡོད་ཀྱང་། རང་ཉིད་བལྟ་ན་མེ་ལོང་དགོས། ཟེར་བ་དེ་ཁྱོད་ལ་མཛའ་ནས་འདུག་གི། ད་ངས་ཁྱོད་ལ་མིང་གཞིའི་རྩ་བ་ཞིག་འབྲི། ན་མོ་མཎྫུ་ཤྲི་ཡ། མཛད་འཕྲིན་མཛད་ལ་འགྲེང་བུ་མེད། བསྔགས་བརྗོད་བསྔགས་ལ་མགོ་ཅན་ས། སྐུ་ངལ་བསྐྱོན་ལ་སྔོན་འཇུག་བ། སེམས་པའི་གཏིང་ལ་མགོ་ཅན་མེད།རྨུ་ཐག་རྨུ་ལ་ར་མགོ་དང་། ཡང་ན་ད་དམུ་འབྲི་བ་ལེགས། ཕྱག་ལས་ཕྱག་ལ་ཡང་འཇུག་མེད། ཕན་ཚུན་བསྲེས་པར་སྔོན་འཇུག་བ། འདི་དག་ངག་ལ་བྱང་བ་ན། མཆན་བུ་འདེབས་ལ་ཤིན་ཏུ་ཕན། རེ་ཞིག་རྫོགས་སོ། འདིར་མིང་གཞིའི་སྐྱོན་རྣམས་བཏོན་པ་ལས་སུམ་ཅུ་པའི་འགྲོས་རྣམས་ལ་ལག་པ་འཆང་མེད། སྔོན་ལ་མིང་གཞི་ཡག་པོ་ཞིག་སྦྱོངས་ཤིག རྗེས་སུ་སུམ་ཅུ་པའི་གཞུང་་་་་་་་་་་་་་་་་་་་་་་།
ཡར་ལུང་ཤོགས།
ན་ཉིན་ཞིག་ལ་ཁོང་༧གོང་ས་མཆོག་གི་ཕེབས་འཁོར་ནང་༧གོང་ས་མཆོག་གི་གཡོན་ཕྱོགས་སུ་ཧམ་པ་ཆེ་མདོག་གིས་བསྡད་པའི་བརྙན་པར་ཞིག་ཁ་བརྡའི་ནང་ནས་མཐོང་སོང་། དེས་ཁོང་ལ་ཡི་ག་ཡང་ལོག་སོང་།
བླབས་ཆེན་གྱི་སྐྱབས་མཆོག་རིན་པོ་ཆེས་བོད་མི་རིགས་ཀྱི་ཆེད་དུ་ལྷགས་བསམ་རྣམ་དག་གི་སྲིད་ཞུ་སྒྲུབས་པར་འགྲངས་ཀྱི་མི་ལང་རེ་ཟུང་གི་ཆོལ་ཁའི་ཕྱོགས་རིས་ཀྱི་སྐད་ཆའི་ནང་དཀྲུགས་བྱེད་བཞིན་འདུག་དེ་ལྟར་མ་གསུང་རོགས།