ལོག་སྨྲ་ཚར་གཅོད།
ཚན་རྩལ་ལས་བྱུང་ཀུ་ཤུ་རྟགས་ཅན་དྲན་གདུང་འཕྲིན་གྱི་ཕོ་ཉར་བསྐོས།།
དེ་ཡི་ངོས་ཀྱི་མེ་ལོང་རེ་ལ་གཉེན་ཉེ་ཀུན་གྱི་གཟུགས་རིས་ཕབ།།
དྲ་བའི་རླབས་ཕྲེང་གཡོ་ཐེངས་རེ་ལ་སྐྱོ་བ་སངས་པའི་གདོང་གྲོགས་གྱུར།།
གཉེན་ཉེ་དྲན་པའི་སྐྱོ་གདུང་རིང་མོ་དེ་རིང་འདི་ནས་མཇུག་བསྡུས་སམ།།
འདོད་པས་གདུང་བའི་གཞོན་ནུ་དག་གིས་ཅུང་ཟད་འབྲལ་ཡང་མི་ཕོད་པ།།
ཕྱོགས་དང་ཕྱོགས་མཚམས་གང་དུ་ཡོད་ཀྱང་སྐད་ཅིག་ཉིད་ལ་འབྲེལ་ལམ་གྱུར།།
མདུན་ན་གནས་བཞིན་ཕན་ཚུན་དགའ་བའི་བརྩེ་གདུང་ཟབ་མོའི་གཏམ་གླེང་བྱེད།།
ཤོག་ཐོག་འབྲི་བའི་གཏམ་རྒྱུད་རིང་མོ་དེ་རིང་འདི་ནས་མཇུག་བསྡུས་སམ།།
ཅི་འདོད་གང་དགོས་བདེ་བླག་སྒྲུབ་མཁས་དགོས་འདོད་ནོར་བུ་གཉིས་པ་འདིས།།
མཁའ་ཐོག་མི་བཟོས་སྲུང་སྐར་བརྒྱུད་ནས་དྲ་ཐག་གོ་ལའི་ཁྱོན་ལ་འབྲེལ།།
གློག་རྡུལ་འཕྲུལ་གྱི་དཔེ་དེབ་ཁང་ནས་རིག་མཛོད་སྒོ་མོ་འབྱེད་སླ་བས།།
ཤོག་དེབ་ཀློག་པའི་ལོ་རྒྱུས་རིང་མོ་དེ་རིང་འདི་ནས་མཇུག་བསྡུས་སམ།།
ཡག་པོ་བྲིས་འདུག་ཐུག་རྗེ་ཆེ།
ཡག་པོ་བྲིས་འདུག་ཐུག་རྗེ་ཆེ།
ཀུ་ཤུ་རྟགས་ཅན་རྣ་རྩར་སྦྱར་བའི་ཀླད་པ་རྣ་བ་སྐྱོན་ཅན་གྱུར།།
ཀུ་ཤུ་འོད་མདང་ཉིན་མཚན་ཀུན་ཏུ་མིག་ལ་ཕོག་པས་མིག་དབང་ཉམས།།
ཀུ་ཤུ་དུས་ཀུན་ལག་པར་འཆང་བའི་ཤེས་ཡོན་ལས་དོན་འཐུས་ཤོར་གྱུར།།
ཀུ་ཤུ་དབང་ཤུགས་མི་རྣམས་ཀུན་ཀྱང་བྲན་གཡོག་བཀོལ་ལ་དྲན་པ་མཛད།།
ཀུ་ཤུ་རྟགས་ཅན་རྣ་རྩར་སྦྱར་བའི་ཀླད་པ་རྣ་བ་སྐྱོན་ཅན་གྱུར།།
ཀུ་ཤུ་འོད་མདང་ཉིན་མཚན་དབྱེར་མེད་མིག་ལ་ཕོག་པས་མིག་དབང་ཉམས།།
ཀུ་ཤུ་དུས་ཀུན་ལག་པར་འཆང་བའི་ཤེས་ཡོན་ལས་དོན་འཐུས་ཤོར་གྱུར།།
ཀུ་ཤུ་དབང་ཤུགས་མི་རྣམས་ཀུན་ཀྱང་བྲན་གཡོག་བཀོལ་ལ་དྲན་པ་མཛད།།
རང་གི་ཀུ་ཤུ་ཁ་པར་དེ།།
ཆུ་ཚོད་རེ་ལ་རེ་རེ་སྣོག།
གང་ཞིག་ཉིན་བརྒྱ་སོང་བ་ན།།
དུས་བརྒྱ་མ་ལུས་ཟད་པར་ངེས།།
སྔོན་བྱོན་མཁས་རྣམས་ཀུ་ཤུའི་དྲིན་ལས་མིན།།
དེང་གི་མཁས་དབང་ཀུ་ཤུར་འཐམ་ནས་མིན།།
མ་འོངས་དྲན་དབང་ཀུ་ཤུས་སྐྱོང་ཐབས་མེད།།
ཀུ་ཤུ་བཟུང་ན་མཁས་བཙུན་བཟང་གསུམ་བྲལ།
བཀྲིས་བདེ་ལེགས
ཚན་རྩལ་ཀུ་ཤུ་རྟགས་ཅན་འདི། །
བཀའ་འགྱུར་བསྟན་འགྱུར་རང་གཞུང་ཀུན། །
ཐམས་ཅད་ཚང་བར་ཡོད་པས་ན། །
སངས་རྒྱས་གསུང་གི་སྤྲུལ་པར་ངེས། །
ཚན་རྩལ་ཀུ་ཤུ་རྟགས་ཅན་འདི། །
མི་ཡུལ་དམྱལ་ཁམས་ཐམས་ཅད་དང་། །
དམག་འཁྲུགས་ནད་མུག་འཁྲིག་སྲེད་བསྟན། །
འདི་ནི་བདུད་ཀྱི་ཆོ་འཕྲུལ་ངེས། །