རེས་གཟའ་པ་སངས། སྤྱི་ལོ་༢༠༡༢ ལོའི་ཟླ་༡༢ ཚེས་༡༤
ཨ་རིའི་མངའ་སྡེ་མཱེཟིཆུའུཟི་(Massachusetts)ནང་དབྱིན་སྐད་ཚིག་གཅིག་ཀྱང་མི་གོ་བའི་རྒྱ་མོ་ལཱི་ཞའོ་ཇེ་ཟེར་བ་ཞིག་ལ་ཉེན་རྟོག་པས་གློག་རྒྱུག་བཙུགས་ནས་ལུས་པོར་རྨ་བཟོས་འདུག
ཀུ་ཤུ་རྟགས་ཅན་གྱི་ཁ་པར་ལྔ་པ་ཐོན་ནས་ཟླ་ཤས་རིང་འདིར་ཉོ་མཁན་མང་དྲགས་ནས་དུས་ཐོག་ཏུ་མཁོ་འདོན་མི་ཐུབ་པའི་གནས་སུ་གྱུར་ཡོད་ཅིང་། ཕྱིས་སུ་རྒྱལ་སྤྱིའི་ཁྲོམ་རྭར་འགྲེམས་སྤེལ་བྱེད་ཚད་ཉུང་དུ་བཏང་ནས་ད་ཆ་ཨ་རིའི་མཛད་སྤྱོད་པ་ཚོར་དུས་ཐོག་ཏུ་ཁ་པར་མཁོ་འདོན་བྱེད་ཐུབ་པར་གྱུར་ཡོད།
ད་ཆ་རྒྱལ་སྤྱིའི་ཁྲོམ་རྭ་ཁག་ཏུ་འགྲེམ་སྤེལ་བྱེད་འགོ་ཚུགས་པ་དང་དུས་མཉམ་ལྟ་བུར། ཟླ་འདིའི་ནང་ནས་ཨ་རིའི་ནང་ནས་ཆོད་གན་མི་དགོས་པའི་ཐོག་ནས་ཀུ་ཤུ་ལྔ་པ་ཉོ་ཐུབ་པ་བཟོས་ཤིང་།ཀུ་ཤུ་ཁེ་ལས་རང་ཉིད་ཀྱི་ངོས་ནས་མི་གཅིག་ལ་ཆེས་མང་ན་ཁ་པར་གཉིས་ལས་བཙོང་མི་ཆོག་པའི་རྩ་དོན་བཞག་ནས་འཚོང་འགོ་བརྩམས་ཡོད་པ་རེད།
རྒྱ་ནག་གི་གྲོང་ཁྱེར་ཧྲེང་ཧེ་ནས་ཡིན་པའི་ལཱི་ཞའོ་ཇེ་ཟེར་བའི་བུད་མེད་ཅིག་གིས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་གཉིས་ཉོས་པ་དང་། དེའི་རྗེས་སུ་སླར་ཡང་ཀུ་ཤུ་ཚོང་རྭར་སོང་ནས་ཁ་པར་ཉོ་ཐབས་བྱས། ཚོང་གཉེར་པས་མོའི་ངོ་བྱང་(ID) ལ་ཞིབ་བཤེར་བྱས་རྗེས་མོ་ལ་ཁ་པར་འཚོང་མི་ཐུབ་ལུགས་འགྲེལ་བརྗོད་བྱས། འོན་ཀྱང་། ལཱི་ཞའོ་ཇེ་ཡིས་དབྱིན་སྐད་ཚིག་གཅིག་ཀྱང་མི་ཤེས་པས་རྒྱབ་ཁུག་ནང་གི་ཤོག་སྒོར་བསྟན་ནས་ང་ལ་སྒོར་མོ་ཡོད། ང་ལ་འཚོང་དང་ངས་སྒོར་མོ་འཐོལ་བ་སྤྲད་ཆོག་པའི་བརྡ་བསྟན་པ་དང་། ཚོང་གཉེར་བས་འགྲེལ་བཤད་ག་ཚོད་བརྒྱབ་ཀྱང་མོ་རང་ཨུ་ཚུགས་ཀྱིས་བསྡད་པས། མཐར་ཚོང་གཉེར་བས་ཉེན་རྟོག་པ་སྐད་བཏང་འདུག
ཉེན་རྟོག་པ་སླེབས་ནས་མོ་ལ་གསལ་བཤད་བྱས་ཀྱང་མ་ཉན་པར་མ་ཟད། ཁུག་མའི་ནང་དུ་ཤོག་སྒོར་ཕོན་ཆེན་པོ་བཟུང་ཡོད་པ་བཅས་ལ་བརྟེན་ནས། ཚོང་ཁང་ཕྱི་ལ་ཐོན་དགོས་ལུགས་བཤད་པར་མོས་ཉེན་རྟོག་པ་གཉིས་ཀར་ཕུད་རྒྱག་བྱས། ཉེན་རྟོག་པས་མོ་རང་ནག་འཚོང་རྒྱག་མཁན་རེད་འདོད་ནས་ལག་ནས་བཟུང་དེ་ཕྱིར་འཁྲིད་རྩིས་བྱས་པ་ན། མོ་རང་དངངས་སྐྲག་དང་བཅས་ཉེན་རྟོག་པ་གཉིས་ཀྱི་ལག་ནས་འབྲོ་ཐབས་བྱས་འདུག་པ་དང་། དེ་མུར་ཉེན་རྟོག་པས་མོའི་རྐང་ལག་བཞི་བོར་གློག་རྒྱུག་བཙུགས་འདུག
ཕྱིས་སུ་གསར་འགོད་པས་མོའི་མ་འོངས་པའི་ཁྱོ་ག་སྟེ། ཨ་རི་བ་རྗོན་ཧུའི་གྷོ་ལ་བཅར་འདྲི་བྱས་པར། ཁོས་ཉེན་རྟོག་པ་ཚོས་ཁྲིམས་བརྒལ་བྱས་ཡོད་པས། ཁོས་ངེས་པར་དུ་ཁྲིམས་གཏུགས་བྱས་ནས་ཉེན་རྟོག་ལས་ཁུངས་ངོས་ནས་ཁོའི་མ་འོངས་པའི་བཟའ་ཟླར་དགོངས་སེལ་ཞུ་རུ་འཇུག་གི་ཡིན་ཟེར་ཞིང་། མོའི་ལག་ཏུ་དངུལ་དམར་སྟོང་ཕྲག་ཁ་ཤས་འཁྱེར་ནས་ཚོང་ཁང་དུ་འགྲོ་དགོས་ཅི་ཡིན་དང་། ཀུ་ཤུ་རྟགས་ཅན་གྱི་ཁ་པར་དེ་འདྲ་མང་པོ་ཉོ་དགོས་དོན་སོགས་ཀྱི་ཐད་ལ་སྐད་ཆ་དྲིས་པར། དེ་ནི་མོའི་ནང་མི་ཚོ་རྒྱ་ནག་ལ་ཡོད་པ་དང་། རྒྱ་ནག་ཏུ་ཀུ་ཤུ་ཁ་པར་རག་ཁག་པ་དང་། རག་ན་ཡང་འཚོང་བཞིན་པའི་ཀུ་ཤུ་ལྔ་བ་མང་ཤོས་རྫུན་མ་ཡིན་པས་ཨ་རི་ནས་ཉོ་ཐབས་བྱས་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག
ཉེན་རྟོག་ལས་ཁུངས་ཀྱི་ངོས་ནས་ད་དུང་གནས་ཚུལ་དེའི་ཐད་གསལ་བཤད་དམིགས་བསལ་ཅང་བྱས་མི་འདུག་པ་དང་། ཁྲིམས་ཁང་ལ་གཏུགས་བཤེར་བྱས་ཡོད་མེད་སོགས་ཀྱང་ད་ལྟའི་ཆར་གསལ་བོ་མེད་པ་རེད།
མོ་རང་བློ་ཁོག་ཡོད་ན་རྒྱ་གི་ཉེན་རྟོག་ལ་བདེ་འདྲ་བྱེད་དགོ་རེད་།
རྒྱ་མི་ཧམ་པ་ཆེ་བའི་ངོས་ཅིག་རེད།
རྒྱ་མོ་འདི་ཡིས་ང་ཚོ་ཤར་ཕྱོགས་པས་རུལ་སུངས་ཀྱི་རུལ་ངན་བསྟན་འདུག ཉེན་རྟོག་པ་ཐུགས་ཁག་མི་འདུག ང་རང་ཨ་རིའི་ཉེན་རྟོག་པ་ཅིག་ཡིན་ན་ཡང་་་་་
རྒྱ་མོ་དེ་དབྱིན་སྐད་ཚིག་གཅིག་ཀྱང་མི་ཤེས་ན་མོའི་མ་འོངས་བའི་ཁྱོ་ག་ལ་ཇི་ལྟར་ཐུག་པ་དང་ད་ལྟའི་བར་དུ་ལྐུགས་པའི་ཚུལ་གྱིས་མ་འོངས་བའི་ཁྱོ་ག་དང་མཉམ་དུ་འཚོ་བ་ཡིན་ནམ། མི་སུ་ཡིན་རུང་རྒྱ་འདིའི་རིགས་ལ་ཡིད་གཟབ་བྱེད་དགོས་ཡ།
ཨ་རིའི་བསྡད་ནས་དབྱིན་སྐད་ཚིག་ཅིག་མི་ཤེས་ཟེར་ན་ཧམ་བཤད་མིན་འགྲོ གང་ལྟར་གོ་བརྡ་མ་འཕྲོད་པ་གསལ་བོ་ཡིན་ངེས་རེད། མ་ཟད། ཁྱོ་གས་རྒྱབ་སྐྱོར་ཇི་ལྟར་བྱས་ཀྱང་མོ་ལ་རྒྱའི་གཡོ་ཅན་གྱི་གཤིས་ཚུལ་ཏན་ཏན་འདུག་ག འདི་རིགས་ལའང་གསལ་འགྲེལ་བྱས་ཀྱང་མི་ཉན་ན་གློག་རྒྱུག་གི་བྲོ་བ་མྱོང་ཙམ་བྱས་བཅུག་ན་འགྲིག་སེ་འདུག
རྒྱའི་ཧམ་པ་ལ་དེ་ལྟར་གོ་བརྡ་སྤྲད་པ་ཡག་བྱུང་། ཚིག་གཅིག་མི་ཤེས་ཟེར་བ་དེ་ཡང་ཧམ་པ་རྫུན་མ་ཞིག་མ་ཡིན་འགྲོ་ས་མེད། འདི་རྒྱ་གཤིས་ངན་ཤོས་དེ་རེད། མ་ཤེས་མདོག་མདོག། མི་ཤེས་མདོག་མདོག། མི་གོ་མདོག་མདོག། མ་གོ་དོག་མདོག། མ་རིག་མདོག་མདོག། མི་རིག་མདོག་མདོག། འགྲོ་བ་མིའི་ཀུན་སྤྱོད་ཆ་མ་ཚང་བའི་མི་རིགས་ཁྲམ་པ་བ་ཡོད་ཡ། ཨ་རི་བ་ཚང་ལ་ཧམ་པ་བཤད་དེ་སུན་པོ་བཟོ་ལུགས་མེད་པ་གསལ་སྟོན་གྱི་ཁྲིམས་ཆད་གཅོད་དགོས་པ་རེད།
གནས་ཚུལ་གོ་ལ་མ་གོ་ལ་འགྲེལ་བཤད་རྒྱབ་རྒྱུ་སྔ་དྲགས་པ་རེད།
མ་གཞི་ནས་གནས་ཚ་འབྱུང་ས་རྒྱ་མོ། གནས་ཚུལ་ཤོད་མཁན་བོད་མི། གནས་ཚུན་བདེན་རྫུན་དབྱེ་འབྱེད་ཀྱི་འགྲེལ་བཤད་བྱེད་མཁན་མིང་བརྫུས་། ད་དེ་ཚོར་ཁུངས་ལུང་གང་ཡང་ཡོད་པ་མ་རེད།
ཁ་སྩང་དེ་རིང་ཀུ་ཤུ་རྟགས་ཅན་ཁ་པར་ལ་དབྱིངས་ཞུགས་པ་དང་། རྒྱ་མོ་དེས་རང་ཉིད་དཀར་འདོན་གྱི་ཚུལ་ག་ཇི་ལྟར་བསྟན་རུང་ཨ་རི་བས་ཁྲིམས་ལྟར་ཐག་གཅོད་བྱེད་ངེས་རེད།
སྔ་ཕྱི་མ་གཏོགས་ཨ་རི་འདི་རྒྱ་ནག་གི་དབང་འོག་ལ་འགྲོ་རྒྱུ་ཡིན་པ་གསལ་པོ་རེད། སྐད་ཆ་འདི་ཨ་རིའི་ཚན་རིག་པ་ཚོས་ཚན་རིག་ཐོག་ནས་བརྟག་པ་བྱས་ནས་ཤོད་ཀྱི་འདུག། རྒྱུ་མཚན་གཤམ་འོག་གི་ལྟར་ཡིན།
༡༽ཨ་རིའི་ནང་ལ་ཨ་རིའི་མི་འབོར་ཇེ་ཉུང་དང་རྒྱ་རིགས་མི་འབོར་ཇེ་མང་གིས་ལོ་ལྔ་བཅུའི་ནང་ལ་རྒྱ་རིགས་མི་འབོར་བརྒྱ་ཆ་སུམ་བཅུ་ལྷག་བརྒལ་བ་དང་། དེ་ནས་ལོ་ཉི་ཤུའི་ནང་ལ་རྒྱ་རིགས་མི་འབོར་༦༠ལྷག་བརྒལ་གྱི་འདུག
༢༽ལོ་སུམ་བཅུའི་ནང་ལ། རྒྱ་ནག་དཔལ་འབྱོར་སྟོབས་ཤུགས་ཇེ་ཆེར་འགྲོ་བའི་ཐོག། ཨ་རིའི་༢༠༠༨ནས་ལོ་ལྟར་དཔལ་འབྱོར་ཉམས་རྒུད་ལ་འགྲོ་མུས། འདི་ནས་རྩིས་པའི་ལོ་༢༠ནང་རྒྱ་ནག་གིས་ཨ་རིའི་དཔལ་འབྱོར་གྱི་སྟོབས་ཤུགས་མགོ་གནོན་གྱི་འདུག
༣༽ཚན་རིག་ཡར་རྒྱས་འགྲོ་ཤུགས་གོམས་བགྲོད་ད་ལྟ་རྒྱ་ནག་ཇེ་མགྱོགས་ཡོད་པ་དང་། ལོ་ལྟར་རྒྱ་ནག་གིས་ཚན་རིག་ཐོག་སྒོར་མོ་ཇེ་མང་གཏོང་བའི་ཐོག། ཨ་རིའི་ཚན་རིག་གི་མ་རྩ་སྒོར་མོ་ཇེ་ཉུང་ལ་འགྲོ་སྟབས། ལོ་ཉི་ཤུའི་ནང་ལ་རྒྱ་ནག་གིས་ཚན་རིག་ཞིབ་འཇུག་ནུས་པ་ཨ་རི་དང་སྙོམས་ཀྱི་འདུག
༤༽རྒྱ་རིགས་ཀྱི་མིའི་དཀའ་ངལ་ལ་བཟོད་སྲན་དེ་ཨ་རིའི་མི་ལས་ལྡབ་གཅིག་ལྷག་མཐོ་བ་ཡོད་པ།
༥༽རྒྱལ་སྤྱིའི་ཐོག་རང་འབྱུང་འཐོན་ཁུངས་ལ་བདག་པོ་དང་བདག་དབང་བྱེད་པའི་སྟོབས་ཤུགས་དེ་རྒྱ་ནག་གིས་ཨ་རི་མཉའ་གནོན་བྱས་ཟིན་པ། དཔེར་ན། ཨ་ཧྥ་རི་ཀའི་རང་འབྱུང་ཐོན་ཁུངས་མང་ཆེ་བ་རྒྱ་ནག་གིས་བདག་ཟིན་པ་དང་། དེ་བཞིན་སོ་ཊིའི་རྒྱལ་ཁབ་ཕུད་པའི་སྣུམ་ཚོང་མཁན་གྱི་རྒྱལ་ཁབ་མང་ཆེ་བས་རྒྱ་ནག་ལ་དམིགས་བསལ་ཉོ་སྒྲུབ་པའི་བདག་དབང་སྤྲད་ཟིན་པ། དཔེར་ན། ལོ་གཉིས་ཀྱི་གོང་ལ་མཐའ་ན་ཨི་རག་གིས་ཀྱང་རྒྱ་ནག་དང་ཚོང་འབྲེལ་གཙོ་བོར་བྱ་རྒྱུ་ཡིན་པའི་གན་རྒྱའི་ཐོག་ཨ་རིའི་ཟུར་དུ་ཕུད་པའི་གནས་ཚུལ་ཐོན་འདུག
གལ་ཆེ་ཤོས་དེ། རྒྱལ་བ་རིན་པོ་ཆེས་གཙོས་པའི་རྒྱལ་སྤྱིའི་ནང་ལ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོར་རྒྱབ་སྐྱོར་གནང་མཁན་ཚོས། གནས་ཚུལ་འདི་ལ་ཞིབ་འཇུག་གིས། ཨ་རིའི་ནང་ལ་མ་འོངས་པའི་བདུན་ལམ་ཐོག་བགྲོ་གླེང་ཚོགས་འདུ་དང་། ཨ་རིའི་གནས་བབ་ཉེན་ཁ་ཡོད་པ་འདི་གསུངས་དགོས་ཀྱི་འདུག
དེ་ལྟར་བྱུང་ན། ཨ་རིའི་མང་ཚོགས་གཉིད་སད་ནས་རང་གཞན་ཚང་མར་ཕན་པ་ཇེ་ལེགས་རེད། ངས་བལྟས་ན་ཞི་བདེ་ལས་དང་པོ་དམངས་གཙོ་གཙོ་བོར་འཛིན་ནས་དམངས་གཙོའི་རྒྱལ་ཁབ་ཁག་ལ་རྒྱ་ནག་དམངས་གཙོར་འགྲོ་བའི་ལས་འགུལ་སྤེལ་ཐུབ་ན། བོད་ལ་ཡང་ཇེ་ཕན་རེད། ཞི་བདེ་དགོས་ཟེར་ན། དེས་ཁ་ཡོད་ལག་ཡོད་ལ་འགྱུར་བ་གཏོང་རྒྱུ་ཅང་མིན་འདུག། དེ་ལས་དམངས་གཙོ་དགོས་ཟེར་ན། ཚང་མས་དོ་སྣང་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐུབ།
ཨ་རིའི་ཀུ་ཤུའི་ཚོང་ཁང་ནང་གི་ཅ་ལག་ཉོ་མཁན་མང་ཆེ་བ་རྒྱ་མི་རེད།
རྒྱ་རིགས་དེ་ཚོ་ཧམ་པ་ཚ་བོ་ཡིན་པས་རྟགས་འདི་རེད། སོ་སོར་དངུལ་ཡོད་ན་ཅི་ཞིག་བྱས་ན་འགྲིག་གི་ཡོད་བསམ་བསྡད་ཡོད་པ་རེད། གོན་ཁྲན་ཏང་གི་གཡོ་སྒྱུ་ཕྲམ་གསུམ་གྱིས་སློབ་གསོའི་རྒྱུད་རླན་དེ་སྒོར་མོ་མང་བོ་ཞིག་ཡོད་ཕྱིན་ཆད་ཁྲིམས་དང་ལུགས་སྲོལ་གང་ལའང་ལྟ་མི་དགོས་བསམ་པའི་འཁྲུལ་སྣང་ང་རྒྱལ་གྱི་ཁེངས་བསྡད་ཡོད་རེད། །
རྒྱ་མོ་ནི་Massachusetts ཡིན་ཡང་མོས་རྒྱ་ནག་ནང་བཞིན་ཁྲིམས་མེད་ལུགས་མེད་བྱས་ས་ནི་ཨ་རིའི་Nashua,New Hamshire གྱི་ཀུ་ཤུ་རྟགས་ཅན་ཀྱི་ཚོང་ཁང་ཞིག་རེད་།
Didn’t have enough English to know that the Apple Store manager had asked her to leave
Tasered outside an Apple Store. Source: WCVB TV
FORTUNE — Where’s Apple PR when you need them?
In a story that’s bound to be widely picked up, local TV news stations in New England were having a field day Wednesday with blurry cellphone video of a tiny 44-year-old Chinese woman being held to the ground and tasered outside an Apple Store by a pair of Nashua, N.H., police.
Piecing together the accounts of the police, the woman’s 12-year-old daughter and her American boyfriend, this is what led to the confrontation:
The woman, Xiaojie Li, a Chinese national who lives in Newton, Mass., bought two iPhone 5s last Friday at the Apple Store in Nashua’s Pheasant Lane Mall and was told when she tried to purchase more that she’d reached Apple’s (AAPL) two-per-customer limit. When she made a video of other customers she claimed had bought more than two units, Apple staffers asked her to leave.
She revisited the mall Tuesday to pick up two more iPhone 5s she had ordered online, but the store refused to sell them. The store manager asked her to leave — a request she says she didn’t understand. The manager then asked a police officer assigned to provide mall security to escort her out.
“The officer approached her, told her she wasn’t welcome in the store, and she refused to leave,” Nashua police captain Bruce Hansen told WCVB TV. He described the use of electroshock weapons as standard procedure when a subject refuses to obey a lawful order or resists arrest.
According to police, Li was carrying about $16,000 in cash when she was arrested. She said she was buying the phones for relatives in China. Even if she was an iPhone 5 reseller, her boyfriend told a WCVB reporter, “does it rise to the level of getting a beating from police?”
Li has been charged with two misdemeanors — criminal trespass and resisting arrest.
བོད་ལ་རྒྱ་མི་མི་དགའ་བས་ལམ་སོང་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་བྱེད་ཀྱི་ཡོད། རྒྱ་མོ་དེ་འདྲ་རིགས་བོད་པ་ནང་དུ་ཡང་ཡོད་ཀྱི་རེད། ངས་འདིར་གསལ་འདོན་མི་དགོས་དགོངས་མངའ་ལྟར་རེད། རྒྱ་མོས་དབྱིན་སྐད་ཚིག་གཅིག་ཀྱང་ཤེས་ཀྱི་མ་རེད་ཟེར་ན་རྫུན་མ་རེེད། མ་འོངས་ཁྱོ་ག་གིས་་རྒྱ་སྐད་ཤེས་ཀྱི་ཡོད་པ་ཁྱེད་རྣམས་གོ་མི་འདུག ཁ་པརཉོ་བའི་གནས་ཚུལ་ཆུང་ཆུང་ཞིག་རྟོག་གཞིག་མ་བྱེད་པར་ཧམ་བཤད་གཅིག་གི་ལམ་གླེང་སྣ་ཚོགས་བྱུང་བ་བོད་ཀྱི་གཤིས་ཀ་མེད་འདྲོ།
རྒྱ་ངན་དེ་ཚོའི་ཧམ་པ་ཟེར་དུས་་་་ཚང་མས་ཤེས་ཤེས་པོ་རེད་ལ་་་་་་འགྲིག་ཤག་་་་དྲང་བོ་ཤོད་ན་་་དབྱིན་སྐད་ཚིག་ཀྱང་མི་ཤེས་པའི་རྒྱ་མི་དཔེ་མང་བོ་འདུག་་་་ཧམ་པ་རྐྱང་བས་ཁ་གསོས་བསྡད་ཡོད་ནི་རེད་དོ།
ང་རང་ཚོ་ལ་སྒོར་མོ་མེད་པ་རེད་མ་གཏོགས་རྒྱ་མོ་ནང་བཞིན་འཚང་ག་བརྒྱག་རྒྱུ་ཉག་ཅིག་ཡིན་ཡ།
དཔེར་ན་རྒྱ་གར་ཁ་པར་ཚོང་ཁང་དག་གི་ནང་དུ་ལྟ་དང་ཤེས་ཀྱི་ཡོད་ཡ།
ཨ་རོ། འབྲོག་རྒན། ཁྱོ་འབྲོག་རྒན་འཕྲུལ་མེད་ཅིག་ཡིན་ས་མ་རེད་ཨ། འབྲོག་རྒན་ཞིག་གི་ཡོན་ཏན་མེད་ཀི་ཡ། རང་གི་མྱི་རིགས་མི་བཟང་བའི་ངན་བཤད་དང་ངུ་སྡུག་རྐྱང་བྱས་ནས་འདུག་ནི། འབྲོག་པ་ཚང་ལ་དཀོན་ས་ཡོད། མྱིང་འདི་མོ་ཟིག་གི་འོག་ནས་ཁ་འདི་མོ་ཟིག་གྲགས་ན། འབྲོག་པ་ཆ་བོ་ལ་ཡང་རྐང་རྩ་ཅང་མེད་ནི་འདྲ་ཟིག་རེད།
ཨ་རོགས། གནམ་ལགས། ངས་ད་ཅི་རྒྱུས་ལོན་བྱས་ནས་གོ་བ་ལྟར་ན་རྒྱ་མོ་འདི་རྒྱ་ནག་གི་མྱི་གཤིས་ངན་ཤོས་དེ་མ་རེད་བཟང་ཤོས་དེ་རེད་ཟེར་གྱི་འདུག ད་ལྟ་རྒྱ་ནག་གི་མྱི་གཤིས་ཡག་ཤོས་དེ་འདི་འདྲ་ཞིག་ཡིན་པའི་རྒྱུ་མཚན་ནི། མར་ལེ་གཞུང་ལུགས་ཀྱི་གད་སྙིགས་རུས་ལུགས་ཀྱ་རུས་པར་ཐིམ་ཟིན་པའི་བརྡ་རྟགས་འཁྲུལ་མེད་ཟེར་གྱི་འདུག འོན་ཀྱང་བདེན་མིན་མི་ཤེས་ཡ། ད་དུང་སྐད་ཆ་དེ་བདེན་མིན་བརྟག་དགོས། མ་བརྟགས་གོང་ནས་གང་སར་མ་བཤད་རོགས། དྲ་གྲོགས་ཚོ།
ཨ་རོགས། གནམ་ལགས། ངས་ད་ཅི་རྒྱུས་ལོན་བྱས་ནས་གོ་བ་ལྟར་ན་རྒྱ་མོ་འདི་རྒྱ་ནག་གི་མྱི་གཤིས་ངན་ཤོས་དེ་མ་རེད་བཟང་ཤོས་དེ་རེད་ཟེར་གྱི་འདུག ད་ལྟ་རྒྱ་ནག་གི་མྱི་གཤིས་ཡག་ཤོས་དེ་འདི་འདྲ་ཞིག་ཡིན་པའི་རྒྱུ་མཚན་ནི། མར་ལེ་གཞུང་ལུགས་ཀྱི་གད་སྙིགས་རུས་ལུགས་ཀྱི་རུས་པར་ཐིམ་ཟིན་པའི་བརྡ་རྟགས་འཁྲུལ་མེད་ཟེར་གྱི་འདུག འོན་ཀྱང་བདེན་མིན་མི་ཤེས་ཡ། ད་དུང་སྐད་ཆ་དེ་བདེན་མིན་བརྟག་དགོས། མ་བརྟགས་གོང་ནས་གང་སར་མ་བཤད་རོགས། དྲ་གྲོགས་ཚོ།
ཁོ་རེ། གནམ། ཨོ་་་་་ངས་ཧ་གོ་སོང་ཡ། ངའི་བཤད་རྒྱུ་དེ་ཁྱོད་ཀྱི་གནའ་བར་མ་འགྲོ་ལུགས་ལྟར་ན་ཁྱོད་ཀྱང་རྒྱ་གར་ཚོང་ཁང་ནང་དུ་འཚངས་ག་བརྒྱབ་མྱོང་ཡོད་ཤག་རེད། འབྲོག་པ་དེ་ཚོ་རྐང་རྩ་མེད་ན་འོ་ན་གང་ཞིག་ན་ཡོད་དམ། ཧཧ་ཧ་ཧ་ཧ་ཧ་་་་་་་་་་
ཨ་ཁུ་ཐེ་བོ་མཚན་ཅན། ཁྱོའི་གསུངས་ནས་མྱི་སྐད་ཟིག་གྲགས་ནོ་ལ་དགའ་ཐལ་རེ། ཡིན་ན་ཡང་། ད་ཅི་ཟེར་ནི་མ་རེད། ད་ཕྱི་ཟེར་ནི་རེད། ཡང་གཅིག་བཤད་ན། ངས་ཡིག་སྐད་མ་གཏོགས་མྱི་སྐད་ཅང་མི་གོ་བས། མཚམས་རེར་ཁ་བརྡ་ཚང་ནས་མྱི་སྐད་རེ་གོ་ན་དགའ་ནི་ཟིག་རེད། ངོ་མ་ཡིན།
གནའ་བར་མ་འགྲོ་ལུགས་བཤད་ན་རྣ་བར་མི་འགྲོ་འི། ཨ་གནའ་མྱི་ཨུ་ཚུགས་ཅན། ང་གུ་ཤུ་ལྔ་བ་མ་དགོས་གུ་ཤུ་དང་པོ་ཡང་ཉོ་མི་ཐུབ་ནི་ཟིག། ཚོང་ཁང་ལ་འཚང་ཁ་རྒྱག་དགོས་དོན་མེད་པ་རེད། ཤེས་སོང་ངམ། འབྲོག་རྒན།
དབྱིན་སྐད་ཚིག་གཅིག་མི་ཤེས་མཁན་ཞིག་གི མི་ཚེའི་བདེ་སྡུག་ཇི་ལྟར་གླེང་བ་རེད། ཚིག་གཅིག་མི་ཤེས་མཁན་ཞིག་གི་ཁ་པར་ཇི་ལྟར་ཉོ། རྗེས་ཕྱོགས་ཡིད་གཟབ་བྱོས། སྔོན་ཆད་ཡང་ཨ་རི་ནས་ipad མི་གཅིག་གི་གཅིག་མ་གཏོགས་ཉོ་མི་ཆོག་ཞེས་བཤད་ཡོད་ཀྱང་། དེའི་སྐོར་བཀག་འགོགས་བྱེད་ཀྱིན་མེད། གང་ཡིན་ཟེར་ན། གཅིག་ཉོས་ཚེ་རྗེས་ཤུལ་ཕང་བསྒྲིགས་ཡོད་སྣེ་ལ་མཐུད་ནས་ཡང་བསྐྱར་ཉོས་ན་ངོ་ཟིན་གྱི་མེད།