ཨེ་མ་ཧོ།
ན་མོ་གུ་རུ་མ་ཧཱ་མ་ཏི་ཡེ།
ཆོས་སྐུ་སྣང་བ་མཐའ་ཡས།།
ལོངས་སུ་སྤྱན་རས་གཟིགས་དབང་།།
སྤྲུལ་སྐུ་པདྨ་འབྱུང་གནས།།
ཀུན་གཟིགས་པཎ་ཆེན་བླ་མ།།
ཤར་རིའི་ཟླ་བ་དཀར་པོ།།
གློ་བུར་སྤྲིན་པས་སྒྲིབ་ཀྱང་།།
སྙིང་གི་དུང་ཟླ་དཀར་པོ།།
ནམ་ཡང་སྒྲིབ་པ་མི་འདུག།
གངས་དཀར་རི་བོའི་རྒྱན་ཆ།།
གངས་སེང་དཀར་པོའི་དཔུང་ཡ།།
གངས་ཅན་བོད་མིའི་སྙིང་ནོར།།
པཎ་ཆེན་བླ་མ་དྲན་བྱུང་།།
ཉེར་བརྒྱད་ལོ་འཁོར་འདས་ཀྱང་།།
ཉེར་བདུན་ཟག་མེད་ཡེ་ཤེས།།
ཉེར་དྲུག་ཐོ་རངས་སྐར་ཆེན།།
ཉེར་ལྔའི་ཡོན་ཏན་ལྡན་ཡོད།།
ཕ་ས་བཟུང་བའི་དཔའ་བོ།།
ཧི་མ་ལ་ཡའི་གཡག་རྒོད།།
བསུབ་མེད་ལོ་རྒྱུས་རིང་མོ།།
སྙིང་གི་ཁབ་ཏུ་གསལ་ཡོད།།
འོས་སྤྲུལ་མི་མོས་མིན་ཡང་།།
ཆབ་སྤྲུལ་མ་དགའ་མིན་ཡང་།།
ཁྱེད་ལ་འབྲེལ་བའི་ཀརྨ།།
གུས་པའི་སེམས་ལ་དུང་ཡོད།།
དཔའ་བོ་གཡུལ་ལ་འདས་སོང་།།
གཡོ་ཁྲམ་ཟ་ཁ་དར་སོང་།།
གཤིན་རྗེ་རྒྱ་མ་མེ་ལོང་།།
ཆུ་ལ་གཡུགས་པ་མིན་ནམ།།
རྒྱལ་ཁབ་ཐུགས་ལ་བརྣགས་ནས།།
གསེར་ཞལ་ཞིང་ལ་ཕེབས་ཀྱང་།།
མཁྱེན་བརྩེའི་བུམ་པ་བཟང་པོ།།
ཁོ་བོའི་སྐལ་བ་བྱས་སོང་།།
འཁོར་འདས་ལག་པའི་ལྟོ་རྒྱབ།།
དྲང་བདེན་རིག་པའི་མེ་ལོང་།།
ངོ་ལྐོག་མཚུངས་པའི་མི་ལ།།
ཞལ་གཟིགས་གནང་བར་དགའ་སོང་།།
འགྲོ་རྣམས་ཕན་བདེའི་འཚོ་ཞིང་།།
བསྟན་པ་བཤད་སྒྲུབ་དར་རྒྱས།།
རྫོགས་ལྡན་དང་པོའི་ལོངས་སྤྱོད།།
ཀུན་ལ་ཐོབ་པར་སྨོན་ནོ།།
ཞེས་པ་རབ་གནས་མེ་སྤྲེལ་ཟླ་ཚེས་ལ་པཎ་ཆེན་ཡང་སྲིད་སྐོར་ལ་རྨིས་པའི་རྐྱེན་ལས་ཤྲྰིས་གང་ཤར་དུ་རྫོགས་ཆེན་དུས་འཁོར་འོད་གསལ་ཆོས་གླིང་ནས་ཨེ་མ་ཧོས་བྱིས་པར་དགེའོ།། །།
གནད་དོན་འདིར་ལྷ་ཕབ་ནས་བརྩད་གཅོད་བྱེད་འོས། སྐུ་རྟེན་ཚོས་གོང་ས་མཆོག་ལ་བཀའ་བཀྱོན་གནང་སྲིད་མོད། དེ་ལྟར་ངོས་ལེན་བྱེད་འོས།
ཆོས་སྐུ་ཀུན་ཏུ་བཟང་པོ་འོད་དཔག་མེད་།
ལོངས་སྐུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་།
སྤྲུལ་སྐུ་པད་མ་འབྱུང་གནས་ལ་གསོལ་བ་འདེབས་།
ཆོས་ལུངས་སྤྲུལ་གསུམ་ལ་གསོལ་བ་འདེབས་།