ཀུན་གླེང་གིས་དགེ་འདུན་ཆོས་འཕེལ་གླེང་འདུག Posted on 2013-12-192013-12-19 By ཁ་བརྡ་ 10 Comments on ཀུན་གླེང་གིས་དགེ་འདུན་ཆོས་འཕེལ་གླེང་འདུག གློག་བརྙན་།, བཅར་འདྲི།
དགེ་འདུན་ཆོས་འཕེལ་གྱིས་མ་དམག་དང་ཨ་མདོ་བ་འཛིང་དུས་བོད་གཞུང་གིས་མེ་མདའ་ཁ་རྡུམ་ལྔ་བརྒྱ་ཙམ་གྱི་རོགས་པ་ཡང་བྱས་ཡོད་པ་མ་རེད་ཅེས་བརྗོད་འདུག
ཁྱིམ་ཚང་གཅིག་ཡིན་པ་བརྗེད་ཚར་བས་རེད། རྒྱ་དམར་གུང་ཁྲན་ཏང་ཨ་མདོར་ཡོང་དུས་ཤིག་ཅིག་རྐང་པ་སླེབས་པའི་ཚོར་བ་ཡང་བྱུང་ཡོད་དམ།
མཁས་དབང་དགེ་འདུན་ཆོས་འཕེལ་ནི་བོད་མི་རིགས་ཀྱི་རིག་གཞུང་ལ་ཕུལ་བྱུང་བའི་མཁས་དབང་ཞིག་ཡིན་པས། རང་གཞུང་གིས་གཞན་གྱི་ཁ་དབྱངས་ལ་རྒྱུགས་ནས་བརྟག་དཔྱད་ཞིབ་འཇུག་མེད་པར་བཙོན་ཁང་དུ་བཅུག་པ་ནི་དེ་འདྲ་བློ་ཕམ་གྱི་གནས་སྟངས་ཤིག་མ་རེད་དམ། ད་ནི་འདས་ཟིན་པའི་སྐྱོན་གནད་གླེང་བ་ལས་མ་འོངས་པ་བོད་མི་རིགས་ཀྱི་ཁ་ཕྱོགས་འཚོལ་ན་བཟང་སྙམ།
མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་གསུང་། ནང་བསྟན་ཀླུ་བསྒྲུབ་དགོང་རྒྱན་སོགས་དང་། འཇིག་རྟེན་ཡང་དེབ་ཐེར་དཀར་པོ་སོགས་འདུག་ན་དཔེ་ཀློག་ཙམ་ལས་ཉམ་ལེན་མ་ཐུབ་། འོན་ཀྱང་འདོད་པའི་བསྟན་བཅོས་དེ་ཉམ་ལེན་ཡག་པོ་བྱེད་ཐུ་སོང་བས་བཀའ་དྲིན་ཆེའོ་དགེ་ཆོས་རིན་པོ་ཆེ།
རྒན་པད་མ་འབུམ་ནི་རྩོད་མེད་ཡོངས་གྲགས་ཀྱི་མཁས་པ་ཞིག་རེད། ཁོ་ལ་གསར་གཏོད་དང་ཞིབ་འཇུག་གི་རིག་གནས་ལྟ་ཚུལ་ཐུན་མོང་བ་ཞིག་འདུག ཆབ་བྲག་དང་ཀླུ་སྨྱོན་སོགས་ཀྱི་ཁོའི་དོ་ཟླ་ཞིག་ཡོང་ཐབས་མེད། ཐ་ན་དོགས་འདྲི་ཡག་པོ་ཞིག་ཀྱང་བྱེད་ཐུབ་མེད་ག
པད་མ་འབུམ་ལགས། བོད་ཀྱི་ཆོས་ལུགས་གང་ན་རང་གི་བླ་མ་ལས་ལྷག་པའི་བསམ་བློ་བཏང་མི་ཆོག་ཟེར་གྱི་འདུག གཞུང་ལུགས་གང་ན་གསུངས་ཡོད་པ་རེད།སྟོན་པ་ཤཀྱ་ཐུབ་པས་ངས་གང་གསུངས་པ་ལ་བརྟག་དཔྱད་བྱེད་དགོས་གསུངས་བ་དེ་ཁྱེད་ཀྱིས་མ་གོ་བ་རེད་དམ།གོ་ཡང་བསམ་བཞིན་ལྡོག་ཕྱོགས་ནས་བཤད་ཀྱི་ཡོད། སྐད་ཆ་འདི་དྲང་བདེན་མེད་པའི་སྐད་ཆ་མ་རེད་དམ། ཁྱེད་རང་རྩོམ་པ་པོ་ཞིག་ཡིན་ན་དྲང་གཏམ་བཤད་པ་གལ་ཆེན་རེད།
སྐུ་ཞབས་པད་མ་འབུམ་ལགས་ཀྱིས་བོད་ཀྱི་ཆོས་ལུགས་གང་ན་རང་གི་བླ་མ་ལས་ལྷག་པའི་བསམ་བློ་བཏང་མི་ཆོག་ཅེས་བཤད་པ་དེ་ནི་མཁས་ཐལ་ལ་ཤོར་བ་མིན་ནམ།དེ་ལྟར་ན་བོད་ཀྱི་སྔར་རབས་དང་ཉེ་རབས་ཀྱི་མཁས་པ་ཚོས་ནང་ཆོས་ལ་གསར་གཏོད་རང་བཞིན་མ་བྱུང་བར་ངོས་འཛིན་དགོས།རྗེ་ཙོང་ཁ་པས་རི་བོ་དགེ་ལུགས་པའི་སྲོལ་ཇི་ལྟར་གཏོད་དམ། མ་གཞི་ནས་སྟོན་པས།སྲེག་བཅད་བརྡར་བའི་གསེར་བཞིན་དུ།།ལེགས་པར་བརྟག་ལ་ང་ཡི་བཀའ།།བླང་བ་བྱ་ཡི་གུས་ཕྱིར་མིན།།ཞེས་གསུངས་པའི་དུམ་བུ་དེ་ཁོང་གིས་མ་ཐོས་པ་འདྲ།
དགེ་འདུན་ཆོས་འཕེལ་གྱིས་མ་དམག་དང་ཨ་མདོ་བ་འཛིང་དུས་བོད་གཞུང་གིས་མེ་མདའ་ཁ་རྡུམ་ལྔ་བརྒྱ་ཙམ་གྱི་རོགས་པ་ཡང་བྱས་ཡོད་པ་མ་རེད་ཅེས་བརྗོད་འདུག
ཁྱིམ་ཚང་གཅིག་ཡིན་པ་བརྗེད་ཚར་བས་རེད། རྒྱ་དམར་གུང་ཁྲན་ཏང་ཨ་མདོར་ཡོང་དུས་ཤིག་ཅིག་རྐང་པ་སླེབས་པའི་ཚོར་བ་ཡང་བྱུང་ཡོད་དམ།
མཁས་དབང་དགེ་འདུན་ཆོས་འཕེལ་ནི་བོད་མི་རིགས་ཀྱི་རིག་གཞུང་ལ་ཕུལ་བྱུང་བའི་མཁས་དབང་ཞིག་ཡིན་པས། རང་གཞུང་གིས་གཞན་གྱི་ཁ་དབྱངས་ལ་རྒྱུགས་ནས་བརྟག་དཔྱད་ཞིབ་འཇུག་མེད་པར་བཙོན་ཁང་དུ་བཅུག་པ་ནི་དེ་འདྲ་བློ་ཕམ་གྱི་གནས་སྟངས་ཤིག་མ་རེད་དམ། ད་ནི་འདས་ཟིན་པའི་སྐྱོན་གནད་གླེང་བ་ལས་མ་འོངས་པ་བོད་མི་རིགས་ཀྱི་ཁ་ཕྱོགས་འཚོལ་ན་བཟང་སྙམ།
མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་གསུང་། ནང་བསྟན་ཀླུ་བསྒྲུབ་དགོང་རྒྱན་སོགས་དང་། འཇིག་རྟེན་ཡང་དེབ་ཐེར་དཀར་པོ་སོགས་འདུག་ན་དཔེ་ཀློག་ཙམ་ལས་ཉམ་ལེན་མ་ཐུབ་། འོན་ཀྱང་འདོད་པའི་བསྟན་བཅོས་དེ་ཉམ་ལེན་ཡག་པོ་བྱེད་ཐུ་སོང་བས་བཀའ་དྲིན་ཆེའོ་དགེ་ཆོས་རིན་པོ་ཆེ།
དགེ་ཆོས་ལགས་ལ། ད་ལྟའི་བར་ལ་ཆེ་བསྟོད་ཆེ་ཤོས་ཕུལ་མཁན་དེ། རཀ་ར་རིན་པོ་ཆེ་ཉིད་ཡིན་པ་འདྲ།
ཡིན་དང་ཡིན་རཀ་ར་རིན་པོ་ཆེ་ནས་དགེ་ཆོས་རིན་པོ་ཆེ་ཡི་སློབ་བསོད་ནམ་ཅན་ཞིག་ལུས་ཡིན།
རྒན་པད་མ་འབུམ་ནི་རྩོད་མེད་ཡོངས་གྲགས་ཀྱི་མཁས་པ་ཞིག་རེད། ཁོ་ལ་གསར་གཏོད་དང་ཞིབ་འཇུག་གི་རིག་གནས་ལྟ་ཚུལ་ཐུན་མོང་བ་ཞིག་འདུག ཆབ་བྲག་དང་ཀླུ་སྨྱོན་སོགས་ཀྱི་ཁོའི་དོ་ཟླ་ཞིག་ཡོང་ཐབས་མེད། ཐ་ན་དོགས་འདྲི་ཡག་པོ་ཞིག་ཀྱང་བྱེད་ཐུབ་མེད་ག
པད་མ་འབུམ་ལགས། བོད་ཀྱི་ཆོས་ལུགས་གང་ན་རང་གི་བླ་མ་ལས་ལྷག་པའི་བསམ་བློ་བཏང་མི་ཆོག་ཟེར་གྱི་འདུག གཞུང་ལུགས་གང་ན་གསུངས་ཡོད་པ་རེད།སྟོན་པ་ཤཀྱ་ཐུབ་པས་ངས་གང་གསུངས་པ་ལ་བརྟག་དཔྱད་བྱེད་དགོས་གསུངས་བ་དེ་ཁྱེད་ཀྱིས་མ་གོ་བ་རེད་དམ།གོ་ཡང་བསམ་བཞིན་ལྡོག་ཕྱོགས་ནས་བཤད་ཀྱི་ཡོད།
སྐད་ཆ་འདི་དྲང་བདེན་མེད་པའི་སྐད་ཆ་མ་རེད་དམ། ཁྱེད་རང་རྩོམ་པ་པོ་ཞིག་ཡིན་ན་དྲང་གཏམ་བཤད་པ་གལ་ཆེན་རེད།
དངོས་པ་དོན་གྱི་མཁས་་དབང་པད་མ་འབུམ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད།
སྐུ་ཞབས་པད་མ་འབུམ་ལགས་ཀྱིས་བོད་ཀྱི་ཆོས་ལུགས་གང་ན་རང་གི་བླ་མ་ལས་ལྷག་པའི་བསམ་བློ་བཏང་མི་ཆོག་ཅེས་བཤད་པ་དེ་ནི་མཁས་ཐལ་ལ་ཤོར་བ་མིན་ནམ།དེ་ལྟར་ན་བོད་ཀྱི་སྔར་རབས་དང་ཉེ་རབས་ཀྱི་མཁས་པ་ཚོས་ནང་ཆོས་ལ་གསར་གཏོད་རང་བཞིན་མ་བྱུང་བར་ངོས་འཛིན་དགོས།རྗེ་ཙོང་ཁ་པས་རི་བོ་དགེ་ལུགས་པའི་སྲོལ་ཇི་ལྟར་གཏོད་དམ།
མ་གཞི་ནས་སྟོན་པས།སྲེག་བཅད་བརྡར་བའི་གསེར་བཞིན་དུ།།ལེགས་པར་བརྟག་ལ་ང་ཡི་བཀའ།།བླང་བ་བྱ་ཡི་གུས་ཕྱིར་མིན།།ཞེས་གསུངས་པའི་དུམ་བུ་དེ་ཁོང་གིས་མ་ཐོས་པ་འདྲ།