རྩམ་ཕྲུག
༡༽
ཀུན་དགའ་དོན་འགྲུབ་ཆེད་དུ།།
སེར་སྐྱ་བརྒྱ་སྟོང་མངས་པོ།།
ཨ་རིའི་གཞུང་ཚབ་ཁང་ནང་།།
གྲོག་མ་ཚང་ལ་འཛུལ་འཛུལ།།
༢༽
ཀུན་དགའ་དོན་འགྲུབ་ཆེད་དུ།།
ཕྱོགས་བཞིའི་རབ་བྱུང་མངས་པོ།།
ཆོས་ལ་ངེས་འབྱུངས་སྐྱེས་ལྟར།།
ནུབ་ཕྱོགས་འགྲོ་བར་ཟང་ཟིང་།།
༣༽
ཀུན་དགའ་དོན་འགྲུབ་ཆེད་དུ།།
འཇིན་རྟེན་ཕ་མ་མངས་པོས།།
བུ་ཕྲུག་སློབ་གྲྭར་མི་བཏང་།།
ནུབ་ཕྱོཊ་མི་གཡོག་གཏོང་གིན།།
༤༽
ཀུན་དགའ་དོན་འགྲུབ་ཆེད་དུ།།
སློབ་གྲྭའི་དགེ་ལས་མངས་པོ།།
སློབ་མའི་བདེ་དོན་བསྐྱུར་ནས།།
ཌོ་ལར་འཚོལ་བར་ཕེབས་ཀྱིན།།
༥༽
ཀུན་དགའ་དོན་འགྲུབ་ཆེད་དུ།།
དེང་དུས་གཞོན་སྐྱེས་མངས་པོས།།
རང་ཡུལ་བཙོན་ལྟར་སྣང་ཞིང་།།
ནུབ་ཕྱོགས་དག་ཞིང་ལྟར་འཛིན།།
༦༽
ཀུན་དགའ་དོན་འགྲུབ་ཆེད་དུ།།
སྙིགས་དུས་སྐྱེ་བོ་མངས་པོས།།
ཁྲེལ་དང་བག་ཡོད་སྤངས་ཏེ།།
གཡོ་རྫུན་རྐུན་ཇག་བྱེད་ཀྱིན།།
༧༽
ཀུན་དགའ་དོན་འགྲུབ་ཆེད་དུ།།
སྤྱོད་ངན་ཁྲེལ་མེད་མངས་པོས།།
གཡོ་ཇུས་འཛུམ་གྱིས་བསླུ་བའི།།
འཇིག་རྟེན་གསར་པ་སྐྲུན་གྱིན།།
༨༽
ཀུན་དགའ་དོན་འགྲུབ་ཆེད་དུ།།
སྙིགས་དུས་མི་རྣམས་ཕལ་ཆེར།།
ཡོད་ཚད་ཚུལ་འཆོས་བྱེད་པའི།།
གཡོ་ཇུས་འཕྲུལ་འཁོར་འདྲ་འདྲ།།
༩༽
ཀུན་དགའ་དོན་འགྲུབ་ཆེད་དུ།།
མི་རྣམས་བདག་འཛིན་ཇེ་ཆེར།།
དོགས་པ་རྣམ་རྟོག་ཇེ་མངས།།
གཡོ་ཟོལ་ཚུལ་འཆོས་ཇེ་མཁས།།
༡༠༽
ཀུན་དགའ་དོན་འགྲུབ་ཆེད་དུ།།
འཇིག་རྟེན་སྔར་ལས་ཟང་ཟིང་།།
མི་རྣམས་སྔར་བས་བྲེལ་བྲེལ།།
གནམ་ས་མགོ་འཇུག་སློག་གིན།།
སྤྱི་ལོ་ ༢༠༡༣ ཟླ་བ་ ༨ ཚེས་ ༡༨ ཞོགས་པར་བྲིས།
ཀུན་དགའ་དོན་གྲུབ་ཀུན་ལ་དགོས། །
མི་དགོས་པ་ནི་དབུལ་ཕོངས་རེད། །
ཀུན་དགའ་དོན་གྲུབ་ཀུན་ལ་དགོས། །
མི་དགོས་པ་ནི་སེར་སྣ་རེད། །
ཀུན་དགའ་དོན་གྲུབ་མི་དགོས་པའི།།
གྲུབ་ཆེན་བརྒྱད་ཅུ་དབུལ་ཕོངས་མིན།།
ཀུན་དགའ་དོན་གྲུབ་མི་དགོས་པའི།།
བྱ་བྲལ་སྦྱིན་པའི་ཚོགས་ཆེན་རྫོགས།།
ད་ངས་བན་དེ་བ་དང་འགྲན་ཐུབ་ས་མ་རེད། མ་ཎི། ཤེར་ཤིང་དང་འཕགས་བསྟོད་བཅས་འདོན་ནས་བསྡན་ན་ཡག་ས་རེད་དོ།། །།
དྲ་གྲོགས་ཀརྡོ་ལགས་ཐུགས་རྗེ་ཆེ།
ཅུང་ངལ་གསོས་ནས་ཕེབས་ནའང་འགྲིག ངོས་རང་ཧང་གྷ་རི་ལ་ཐེངས་གཉིས་ཙམ་སླེབས་མྱོང་་རྒྱལ་ས་བྷུ་དྷ་པེས་ལ་ཉིན་ཁ་ཤས་བསྡད་མྱོངས། རྗེས་མར་ཞལ་མཇལ་ཡོང་བའི་རེ་བ་ཡོད། བྷུ་དྷ་པེས་ལ་ཡོད་པའི་བྷུ་དྷིས་མཐོ་སློབ་ཞེས་པ་རུའང་འགྲོ་མྱོངས། གཅིག་བྱས་ན་ཁྱེད་དེ་གར་བཞུགས་ཡོད་ན་མཇལ་བའི་རེ་བ་ཡོད་ད། གྲོགས་པོ། བདེ་མོ།
དྲ་གྲོགས་ཀརྡོ་ལགས་ཤེར་སྙིང་ལས་མིག་མེད་གཟུགས་མེད་ཐམས་ཅད་སྟོང་པ་ལས་སོགས་གསུངས་པས་དེས་ན་དེ་ལས་ཐམས་ཅད་ཡོད་དོ་ཐམས་ཅད་གྲུབ་པོ་ཞེས་པའི་བཀའ་འགྱུར་ཅིག་བཀླག་ན་མ་རེད་པས། སྟོང་ངོ་མེད་དོ་ཞེས་པར་འུ་ཅག་གི་བོད་མི་རིགས་ཚོས་རྟེན་འབྲེལ་ལེགས་མཚོན་དུ་བརྩི་སྲོལ་མེད། དགོངས་པ་བཞེས་རོགས་ཞུ།
དྲ་གྲོགས་སུ་ཧང་གྷ་རིའི་རྒྱལ་ས་བུ་ད་པེསཏྲེ་ཕེབས་ན་ཕེབས་བསུ་ཡོད། བཞུགས་ས་དང་བདུན་ཕྲག་གཅིག་གི་ཞལ་ལག་བསྙེན་བསྐུར་ཞུ་ཐུབ་བོ། །
ཡུལ་ནང་དུ་ད་ཡོད་ལག་ཐོག་ཁ་པར་ཨང་། ༠༦ ༣༠ ༩༠ ༣༩ ༧༨༨
དྲ་གྲོགས་ཀརྡོ་ལགས་ཐུགས་རྗེ་ཆེ་ཞུ།། ངེས་པར་དུ་ཉིན་ཅིག་དེར་ཡོང་གི་ཡིན། ཡུལ་དེའི་མིང་ཧང་གྷ་རི་ཞེས་པ་དེ་དབྱིན་སྐད་དུ་གྲོད་པ་ལྟོགས་པ་ལ་བཤད་དུས་ཁོང་ཚོས་མིང་དེ་བསྒྱུར་གྱི་ཡིན་ཟེར་གྱི་ཡོད་པ་རེད། དེ་བཞིན་བྷུ་དྷ་པེསཌ་ཞེས་པ་གྲོང་ཁྱེར་རྒྱལ་ས་དེའི་མིང་ལའང་འགྲེལ་བཤད་སྙིང་རྗེ་བོ་རྒྱབ་རྒྱུ་འདུག རྒྱལ་ཁབ་འདི་ཡུ་རོབ་ཀྱི་ནང་ནས་དཔལ་འབྱོར་སོགས་གང་ཅིའི་ཐད་ནས་སྐྱོ་ཙམ་རེད།
རེད། འདིར་སྡོད་མཁན་རྒྱ་གར་པ་ཚོས། Hungary ལ་ Hungry ཞེས་ཐེ་ཚོམས་མེད་པར་ལབ་བགྱིད་རེད། བོད་པས་བོད་པར་བོད་མི་ཟེར་བ་ལྟར། ཧང་གྷ་རི་པ་ཚོས་ཁོ་ Magyar མ་གྱར་ཞེས་ཀློག་དགོས་ཀྱང་། འདིར་ཡོད་རྒྱ་མི་ཚོས། མ་ཇར་མ་གཏོགས་ལབ་མི་ཤེས། ཁྱད་མཚར་རྒྱ་སྐད་ནང་གྱ་དང་རྒྱ་སོགས་མེད་པ་འདྲ། དཔལ་འབྱོར་སྐྱོ་སང་ཡོད་པ་བདེན་པ་རེད། འོནད་ཀྱང་ཡོ་རོབ་ནང་ལ་རྒྱ་ནག་གི་གྱོན་ཆས་འོ་འདྲེན་བྱ་ས་ཆེ་ཤོས་ཅིག་ཡིན་པ་ཤོད་མཁན་ཡང་འདུག རྒྱལ་ས་འདི་ཡོ་རོབ་ནང་རགྱལ་ས་མཛེས་ཤོས་ཅིག་ཀྱང་ཡིན་ཟེར་ན་མི་འགྲིགས་པ་མི་འདུག ཡུལ་མི་ཉམས་ཆུང་དང་། སྦུ་སུབ་དོག་སང་འདུག སྔོན་མ་ར་ཤི་ཡའི་སྐད་མ་གཏོགས་ཕྱི་སྐད་སྐད་རིགས་ཤེས་མཁན་ཉུང་ཉུང་ལས་མེད་ན་ཡང་། ད་ཆ་ཨིན་སྐད་རྒྱག་མཁན་ཤ་མོང་རྡོལ་བ་ལྟར་ཡར་རྒྱས་འགྲོ་བཞིན་འདུག
ངའི་གློག་འཕྲིན་ཁ་བྱང་ནི། kardorime@gmail.com
སྔོན་ཞིག་ལ་ས་དེའི་བུ་མོ་ཞིག་ངའི་གྲོགས་པོར་དགའ་བོ་ཆགས་སོང་། མོ་སྙིང་རྗེ་མོ་ཞེ་པོ་ཡོད། བོད་ལ་དགའ་བོ། ལོ་ཆུང་ཆུང་། ཁ་སེམས་དྲང་མོ། ནང་ཆོས་ལ་དད་པོ། ངོ་ནས་ཡ་མཚན་པོ་འདྲ་ཡོད།
ཀུན་དགའ་དོན་འགྲུབ་ཟེར་བའི་ཐ་སྙད་འདི་སྙན་པོ་ཞེ་པོ་རེད། བསྡུས་མིང་ལ་ཀུན་འགྲུབ་ཟེར་ན་དཔེ་སྙན་པོ་འདུག དཔེར་ན་སྦག་སྦག་ཟེར་བའི་མིང་ཁྱད་མཚར་མཚར་བྱས་ནས་བཏགས་པ་ཁ་ཤེས་ཧ་ལས་པའི་སྙན་པོ་རེད་པ།
དྲྭ་བདག་ལགས་ད་དག་མཆན་མགྱོགས་པོ་རྒྱོབ་དང་།