ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་རྩོམ་འདེམས་ཀློག་གི་གསལ་བསྒྲགས།
ཀློག་མཁན། བྱམས་པ་དགེ་ལེགས་(གཅན་རང་སད།)།
བཀླག་བྱ། སྤྲིན་གྱི་ཕོ་ཉའི་ཤོ་ལོ་ཀ་འགའ། (ཞོར་དུ་སྤྲིན་གྱི་ཕོ་ཉས་བོད་ཀྱི་རྩོམ་རིག་ལ་ཤུགས་རྐྱེན་ཅི་ཐེབས་སྐོར་ལ་གླེང་མོལ།)
ཀློག་དུས། གཟའ་སྤེན་པ། ཟླ་ ༩ བའི་ཚེས་ ༡༢ ཀྱི་ཕྱི་དྲོ་དུས་ཚོད་༣་་པ་ནས་ ༤།༣༠ བར།
ཀློག་ས། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ།
ན་ནིང་དེར་ཡོང་ནས་ཨ་ཁུ་པད་མ་འབུམ་ལགས་དང་ཐུག་ནས་སྐྱིད་པོ་བྱུང་། རྗེས་མ་ཞིག་ལ་ཡང་སྐྱར་དེ་རུ་ཡོང་ནས་ལྷོད་ལྷོད་ངང་ཁ་བརྡ་རེ་བྱེད་ན་འདོད་ཀི
འདི་ལྟའི་གོ་སྒྲིག་ཞིག་གནང་བཞིན་ཡོད་པར་སྙིང་ནས་བཀའ་དྲིན་ཆེ་ཞུ།
འདིར་ངེད་རང་སྒེར་ངོས་ནས་དྲི་བ་འགའ་ཡོད།
བོད་རྩོམ་ཀློག་འདེམས་གོ་སྒྲིག་གནང་བའི་དགོས་དམིགས་འགྲེལ་བརྗོད་ཞིག་གནང་རོགས་མཁྱེན།
དེ་ནས། འདེམས་ཀློག་གཙོ་བོ་དང་གླེང་མོལ་ཞོར་ལ་རེད་དམ། གླེང་མོལ་གཙོ་བོ་དང་འདེམས་ཀློག་ཞོར་ལ་རེད།
འདེམས་ཀློག་དང་གླེང་མོལ་ལ་བཅར་མ་ཐུབ་རུང༌། དེ་གཉིས་དྲ་ངོས་ནས་བལྟ་ཐུབ་རྒྱུའི་གོ་སྐབས་འདུག་གམ།
རྗེས་ཕྱོགས་འདེམས་ཀློག་གི་གོ་སྐབས་བསྐྲུན་ན། ཨ་རིའི་མངའ་སྡེ་གཞན་ཁག་ལ་ཡོད་པའི་བོད་རིགས་དོ་སྣང་ཅན་དག་དྲ་རྒྱ་དང་ཁ་པར་སོགས་བརྒྱུད་ནས་ཉམས་ཞུགས་ཐུབ་རྒྱུའི་གོ་སྐབས་བསྐྲུན་འཆར་ཡོད་དམ། སྐུ་མཁྱེན། གོང་གི་དྲི་བ་འདི་དག་ལ་ལན་ཁ་གསལ་ཞིག་གནང་རོགས་མཁྱེན།
གཅན་རང་སེལ་ལགས་ཀྱི་ཐེངས་འདིའི་བྱ་བ་ལམ་ལྷོང་ཡོང་བར་སྨོན། ཁྱེད་ཀྱི་སྙན་ངག་་གཙོས་རྩོམ་ཡིག་རྣམས་དུས་དེབ་དང་ཉིད་ཀྱིད་སྙན་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ། དྲ་རྒྱ་སོགས་ནས་ཀློག་བཞིན་ཡོད།
འདི་ན་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གདན་ས་གསར་བ་ཤར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་སྐོར་ཡོད་པས། དྲ་གྲོགས་རྣམས་ཀྱིས་གཟིགས་ནས་དགོངས་ཚུལ་ལྷུགས་པོར་གསུང་རོགས་ཞུ།
http://www.youtube.com/watch?v=3qcJa8vKWS4&NR=1
རང་རང་གི་ས་ནས་འཕག་འཚག་རེ་རྒྱག་དགོས་པ་རེད།
དེས་ཕན་ཚོད་གཅིག་ཕན་གྱི་རེད།
དམིགས་ཡུལ་གང་ཡོད་པ་དེ་ཡང་གང་འཚམ་འགྲུབ་ངེས་པ་རེད།
ཐེམ་ཆེན་པ་ཟེར་བ་འདི་ཤིག་ལྡན་པ་ཞིག་ཡིན་ས་རེད། ཤིག་ལྡན་དགོན་པ་ཁྱབ་བསྒྲག་བྱེད་ཀིན་འདུག་ཀ
བློ་བཟང་ལགས།
ང་དགེ་ལུགས་པ་ཞིག་མིན། ཡིན་ན་ངས་སྤྱི་ཚོགས་ནང་གི་གདོན་འདྲེ་ང་ཡིན་ཟེར་ནས་གདོང་ལ་འབུད་ཕོད་ཀྱི་མ་རེད། ང་དགེ་ལུགས་པ་ཞིག་མིན་པའི་རྒྱུ་མཚན་གྱིས་ངས་དགེ་ལུགས་པའི་མ་དགོན་དགའ་ལྡན་དགོན་པ་གསར་བ་དེ་ཀུན་གྱིས་མཁྱེན་རྟོགས་ཡོང་སླད་སྤྱི་ཚོགས་ཁྲོད་ཁྱབ་བསྒྲགས་བྱས་པ་ཡིན། ད་དུང་ཡིད་མི་ཆེས་ན་ང་དགེ་ལུགས་པ་ཡིན་ན་དཀོན་མཆོག་གསུམ་མནའ་སྐྱེལ་ཆོག ད་ཆོག་གམ། དོལ་ཚོགས་ཡིན་ན་དགེ་ལུགས་པ་ཡིན་པའི་ཁྱབ་པ་ཁྱོད་ཀྱིས་ལོས་ཤེས།
དོལ་ཚོགས་ཡིན་ན་དགེ་ལུགས་པ་ཡིན་པའི་མ་ཁྱབ། དགེ་ལུགས་པའི་བདག་པོ་རྗེ་ཙོང་ཁ་བའི་གསུངས་པོད་༡༨ ཀྱི་ནང་དོལ་རྒྱལ་ལམ་ཤིག་ལྡན་ཟེར་བའི་ཚིག་གཅིག་གསུངས་ཡོད་ན་ངས་བཤད་པ་ཐམ་ཅད་རྫུན་ཡིན།
ཐེམ་ཆེན་ཁྱོད་ངས་ཤེས་ཀི་ཡོད། ཁྱོད་ཟི་ཁྲོན་ཁྲུན་འདུ་ན་ཡོད་པ་ཡིན་ན་་་ཧཧ
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།
ཁྱེད་ནས་ལ་རྩེ་ཡི་བོད་རྩོམ་འདེམས་ཀློག་ལ་ཐུགས་སྣང་གནང་བ་ལ་ཐུགས་རྗེ་ཆེ། ཁྱེད་ཀྱི་དྲི་བ་འདི་དག་ལ་ད་བར་དུ་ལན་འདེབས་མ་ཐུབ་པ་ལ་དགོངས་པ་འཚོམ་མེད་ཤག
བོད་རྩོམ་འདེམས་ཀློག་འདི་འགོ་བཙུགས་ནས་ཆད་མ་མཐུད་ཀྱིས་ལོ་གཉིས་ཙམ་འགྲོ་བཞིན་ཡོད། དང་པོ་འགོ་བཙུགས་དུས་ནེའུ་ཡོག་གི་བོད་པ་གཞོན་སྐྱེས་རྣམས་པ་དམིགས་པ་ཡིན། དེ་ཡང་བཙན་བྱོལ་སྤྱི་ཚོགས་སུ་སྐྱེས་ཏེ་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭར་སོང་ནས་འཚར་ལོངས་བྱུང་བ་རྣམས་པ་ཡིན། ཚང་མས་ཤེས་གསལ་ལྟར། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་ཕྲུག་རྣམས་བོད་ཡིག་འབྲི་ཀློག་གི་ནུས་པ་དམའ་བོ་ཡིན་པ་དང་། དེ་འདྲའི་བོད་ཕྲུག་ནེའུ་ཡོག་ན་ཧ་ཅང་མང་པོ་ཡིན་པ་དེ་དག་ལ་བོད་ཡིག་གི་ཤེས་ཚད་ཇེ་མཐོར་གཏོང་བ་ལ་ཕན་ཐོགས་རེ་ཨེ་ཡོང་སྙམ་ནས་བོད་རྩོམ་འདེམས་ཀློག་འདི་འགོ་བརྩམས་པ་ཡིན།
ཡིན་ན་ཡང་། ང་ཚོས་དམིགས་ཡུལ་ལ་བཟུང་བའི་གཞོན་སྐྱེས་དེ་གྲས་ཡོང་མཁན་ཧ་ཅང་དཀོན་པོ་ཡིན་སྟབས་ང་ཚོའི་དམིགས་ཡུལ་ལ་འགྱུར་བ་འགྲོ་རྒྱུ་ཡིན་པ་འདྲ། ཡིན་ན་ཡང་གང་འདྲ་ཞིག་ལ་འགྱུར་རྒྱུ་ང་རང་གིས་ཀྱང་མི་ཤེས། བསམ་བློ་གཏོང་བཞིན་ཡོད། འདིའི་སྐོར་ལ་དགོངས་འཆར་གྱི་ཞལ་འདེབས་རེ་གནང་རོགས།
སྤྱིར་བཏང་བོད་རྩོམ་འདེམས་ཀློག་གི་ཀློག་པ་དང་གླེང་མོལ་གང་གཙོ་བོར་འཛིན་པ་ཀློག་པ་པོ་དང་བཀླག་བྱའི་རྩོམ་ལ་རག་ལས་ཡོད། ད་རེས་གཅན་རང་སད་ལ་མཚོན་ན་བོད་རྩོམ་གྱི་ལོ་རྒྱུས་ཐོག་ལ་སྤྲིན་གྱི་ཕོ་ཉའི་འབྲི་སྟངས་ལྟར་བོད་རྩོམ་ཅི་བྱུང་གིས་མཚོན་པའི་གསུང་རྒྱུ་མང་པོ་འདུག་པས་གླེང་མོལ་དེ་གསལ་འདེབས་བྱས་པ་ཡིན། བཀླག་བྱའི་རྩོམ་འགའ་རེ་ལ་དེ་དག་གི་ཚིག་དོན་ལ་གོ་བ་ལེན་སྟངས་བྲོ་བ་མྱོང་སྟངས་མ་གཏོགས་གཞན་ཅི་ཡང་མི་གླེང་བའི་སྐབས་ཀྱང་ཡོང་གི་ཡོད།
ཁྱེད་ནས་འདེམས་ཀློག་ལ་དངོས་སུ་ཞུགས་མི་ཐུབ་ཀྱང་དྲ་ངོས་ནས་ལྟ་ཐུབ་པ་དང་རྒྱུད་ལམ་འདྲ་མིན་བརྒྱུད་ནས་དེ་ལ་ཞུགས་ཐུབ་མིན་ཟེར་བ་འདི་གཙོ་བོ་མི་མང་ཉུང་ལ་ཐུག་ཡོད་པ་རེད། མི་མང་པོ་ལ་དགོས་འདུན་དེ་ཡོད་ན་ཁྱེད་ཀྱིས་བཏོན་པའི་ཐབས་ལམ་དེ་བསམ་བློ་ཞིག་གཏོང་དགོས་པ་རེད་སྙམ།
འོ་ད་ཨ་རི་ནས་སྐྱེས་པའི་བོད་ཕྲུག་འདི་ཚོ་ལ་བོད་ཡིག་ལབ་ན་ལོབ་ད་ལོབ་གི ཡིན་ན་ཡང་འདི་ནི་ས་གནས་འགོ་བྱེད་དེ་ཚོ་དང་ཕ་མར་རག་ལས་ཀི ཕ་མ་ཚོ་ཡང་དྲག་གི གཙོ་བོ་ས་གནས་འགོ་འཛིན་འདྲ་བོ་དེ་ཚོར་རག་ལས་ཀི རྡ་ས་བུ་གསོ་ཁང་ནས་ཐོན་པ་ཅིག་ས་གནས་འགོ་བྱེད་ལ་བསྡད་ན་རིག་གཞུང་སྐོར་ལ་རྒྱབ་གཉེར་མི་རེག འདི་ལ་ངས་མནའ་བསྐྱལ་ཆོག དེ་ལས་གྲྭ་ལོག་དང་། གསར་འབྱོར། ཝ་ན་ནས་སློབ་ཐོན་བྱས་པ་དེ་ཚོ་དྲག་ཀ་འདུག དེ་ན་ས་གནས་ན་འགོད་བྱེད་གོང་གི་སྡེ་ཚན་གང་ཡིན་ན་དེ་ལྟར་འབྲེལ་བ་བྱས་ཚེ། ཏན་ཏན་ཕྲུག་གུ་ཚོ་ལ་ཉི་མའི་སློབ་གྲྭ་ལྟ་བུ་ཚོགས་ལོས་ཐུབ་འདོད།
ཡིན་ན་ཡང་ཕྲུ་གུ་ཚོ་འཛིན་གྲྭ་ཚོགས་ན་དེ་ཚོ་ལ་རྩེ་མོ་རྩེ་ས་ཡང་དགོས་གི དེ་དཔེ་མཛོད་ཡོད་ས་དེ་ནས་དཀའ་ལས་ཁེག་ཙམ་འདུག ད་རུང་ཕྲུག་གུ་དེ་ཚོའི་ལག་པ་འདུག་མི་ཐུབ་གི ང་ཚོ་ཆུང་ཆུང་སྐབས་དང་གཅིག་པ་གཅིག་རྐྱང་རེད་འདུག དེ་ཚོས་རྩིག་པ་སོགས་ག་ས་གང་དུ་རི་མོ་འདྲ་བོ་དེ་འདྲ་བྲིས་འགྲོ་གི་འདུག
དེ་ནས་སློབ་ཚན་སྐོར་ནས། བོད་ཡིག་གི་ཀླུ་གཞས་འདྲ་བོ་གནའ་རབས་ཀྱི་དེ་མ་ཡིན་པར། ནག་པོ་ཚོའི་གཞས་འདྲ་བོ་བྲིས་ནས་བུ་གུ་ཚོས་ནང་ནས་ཆོབ་ཚ་བོ་དེ་འདྲ་ལ་གཏོང་བཅུགས་ན། གཞན་པ་ཚོར་དོ་སྣང་རང་བཞིན་གྱིས་སླེབས་ཡོང་གི
ངས་འདི་ནས་ཕ་རྒན་བོད་པ་དང་ཨ་མ་ཨ་རི་བ་ཡིན་པའི་བྱིས་པ་ཞིག་ལ་ལོ་ལྔའི་རིང་བོད་ཡིག་བསླབས་པ་ཡིན་ལ། ད་ལྟ་ས་གནས་འདིའི་བོད་ཕྲུག་ཚོའི་ནང་གི་ཨང་ཀི་དང་པོ་འདྲ་བོ་ཆགས་འདུག གཙོ་བོ་དབུ་ཅན་འབྲི་ཀློག་གི་ཕྱོགས་ནས་ཡིན། ངས་སྨོན་ལམ་བོད་ཡིག་དེ་མོའི་ཨ་མའི་གློག་ཀླད་དུ་བཅུག་སྟེ་ན་ནིང་ནས་བཟུང་ལས་བྱ་ཚང་མ་གློག་ཀླད་དུ་གཏག་གི་འཇུག་གི་ཡོད་ལ་ཡག་ཐག་ཆོད་རེ་བྲིས་ན་ཁྱེར་ཡོང་གི ད་ལྟ་ཧི་གཟུགས་འདི་གཏག་བདེ་ཞིང་གཅིག་གྱུར་ཅན་ཡིན་པས་འདི་བྱིས་པ་འདིར་སློབ་རྩིས་ཡོད། བྱིས་པ་འདིས་བོད་སྐད་བཤད་ཞེ་དྲགས་མི་ཐུབ་ཀི རྒྱུ་མཚན་ནི་ནང་ལ་བསླེབས་ན་ཕ་མ་གཉིས་ཀྱིས་དབྱིན་སྐད་བཤད་པའི་སྟབས་ཀྱིས་རེད། ཕ་མ་གཉིས་ཀ་བོད་པ་ཡིན་པ་འདི་ཚོས་ཀྱང་ངོ་མ་བོད་སྐད་ཅིག་བཤད་ཁ་མི་ཉན་གི་ཡ།
བྲིས་ན།
བྲིས་ནས་
ངས་སྒྲོལ་བྷེའི་གཞས་ཉི་མ་ལྷ་ས་ཞེས་པ་དེ་བྱིས་པ་འདིར་བློ་ལ་འཛིན་དུ་བཅུག་པས་ཉི་མ་གཅིག་ལ་བཟུང་སོང་ལ། ཁ་སང་འདིའི་ཕ་རྒན་གྱིས་རྟེན་འབྲེལ་བསྟོད་པའི་ཚིག ཡན་ལག་འདི་དག་ཐམས་ཅད་ནི།།ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་པ་དེ་ཡང་བློ་ལ་འཛིན་དུ་བཅུག་འདུག་ལ་བློ་ནས་ཆད་ལྷག་མེད་པར་ཡིག་ཐོག་ཏུ་ཡང་འབྲི་ཐུབ་ཀི་འདུག ང་ངོ་མ་བྱིས་པ་འདི་རིགས་ལ་སྤོབས་པ་འདྲ་ཞིག་སྐྱེ་གི བྱིས་པ་འདིའི་ཨ་མ་ཟམ་གདོང་ཚང་གི་ལེགས་སྦྱར་ལ་ཉན་གི་རྡེ་ར་རྡུན་བར་དུ་འགྲོ་གི་འདུག མཁས་པ་དེ་འདྲ་ཞིག་མི་ཚེའི་ནང་མཇལ་མ་མྱོང་ཟེར་གི
ཀླུ་སྨྱོན་ལགས། གོང་གི་ཚིག་དེ་ཚོ་རྟེན་འབྲེལ་བསྟོད་པའི་ཚིག་རེད་དམ། སྤྱོད་འཇུག་ཆེན་མོའི་ཚིག་རེད། འ་འ་ད་བླ་རྒན་རག་པོ་ཟེར་ནོ་རེད་ཀོ
ངས་མི་དྲན་གི་ཡ། ཁྱོས་ལྟོས། ངས་དཔེ་ཆ་ལྟ་རྒྱོ་མང་དྲགས་སོང་བས་གཞུང་ཆེན་གཞུང་ཆུང་ཚང་མ་སེམས་ངོ་ན་འདྲེས་བསྡད་ཡོད་ནི་རེད།
དགོངས་དག བོད་རྩོམ་འདེམས་ཀློག་ནི་བོད་ཕྲུག་ཟེར་བ་ལས་བོད་གཞོན་ལ་དམིགས་པ་ཡིན་ཟེར་ན་འགྲིག གཙོ་བོ་འཛིན་གྲྭ་བཅུ་གཉིས་དང་སློབ་གྲྭ་ཆེན་མོ་ཐོན་པའི་གཞོན་སྐྱེས་ལ་དམིགས་པ་ཡིན། བོད་ཕྲུག་སྟེ། ལོ་གསུམ་ནས་ལོ་དྲུག་བར་གྱི་བྱིས་པ་བོད་སྐད་ཀྱི་འཛིན་གྲྭ་ཞིག་ཀྱང་ཡོད། དེ་ནི་བདུན་ཕྲག་གཉིས་རེ་ལ་ཐེངས་རེ་ཡིན། དེ་ལ་བོད་ཕྲུག་རྣམས་ཡག་པོ་ཡོང་གི་འདུག དགེ་རྒན་ཡང་ཡག་པོ་ཞིག་ཡོད།
བློ་བཟང་ལགས།
ངས་བལྟས་ན་ཁྱེད་ཀྱིས་ཁྱབ་མཐའ་ཟེར་བ་ཅི་འདྲ་ཞིག་ཡིན་ཤེས་ཀྱིན་མེད་པ་འདྲ། ངས་དོལ་ཚོགས་ཡིན་ན་དགེ་ལུགས་པ་ཡིན་པས་ཁྱབ་པ་འཆའ་ཡི་ཡོད་པ་ལས། དགེ་ལུགས་པ་ཡིན་ན་དོལ་རྒྱལ་བརྟེན་པའི་ཁྱབ་པ་རེ་ཞིག་ཁས་བླངས་མེད་མོད། དོལ་རྒྱལ་འཇམ་མགོན་ཙོང་ཁ་བའི་བསྟན་སྲུང་གི་གཙོ་བོ་ཡིན་པ་བདེན་ན། དགེ་ལུགས་པ་ཡིན་ན་དེས་དོལ་རྒྱལ་བརྟེན་གྱི་ཡོད་པས་ཁྱབ་པ་ཅེས་ཁས་བླངས་ཀྱང་མི་འགྲིག་པ་ཅི་ཡོད།
བློ་བཟང་ལགས། ཁྱེད་ཀྱིས་ངོ་མ་ང་སུ་ཡིན་གསལ་བོར་ཤེས་འདུག ཁྱེད་ཀྱི་མངོན་ཤེས་འདི་ཁྱོད་ལ་ཁྱོད་དགེ་ལུགས་པའི་ཆོས་སྐྱོང་ཨ་ཁ་མ་བོ་དོལ་རྒྱལ་གྱིས་སྤྲད་པ་ལོས་ཡིན། དགེ་ལུགས་ལྷ་སྲུང་དང་བཅས་པ་ངོ་སོ་ཅིག་བསྟོད།
བཀུར་འོས་ཨ་ཁུ་པད་མ་འབུམ་ལགས་ནས་ལན་ཞིག་གནང་བར་སྙིང་ནས་བཀའ་དྲིན་ཆེ།
སང་ཉིན་གནངས་ཉིན་གྱི་གཟའ་སྤེན་པ་དང་ཉི་མ་གང་རུང་ལ་ངེད་རང་བསམ་ཚུལ་ཅི་ཡོད་ཏན་ཏན་བསྐུར་ནས་ཡོང་གི་ཡིན།
གནས་སྐབས་ལ་དེ་ཙམ་ཞུ།