སྤྱི་ཟླ་བདུན་པའི་ཚེས་༡༠ཉིན་གྱི་ཕྱི་དྲོའི་དུས་ཚོད་༣པ་ནས་༥བར་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་། བསྟན་འཛིན་བདེ་སྐྱིད་དང་བླ་མ་པད་མ་དབང་གྲགས། རིག་འབྱུང་དོན་གྲུབ་བཀྲ་ཤིས་གསུམ་ནས་”ཚེག་བར་གྱི་བར་སྟོང་བཞག་ནས་བོད་ཀྱི་སྐད་ཡིག་ྐློག་ཐབས་ཀྱི་དཀའ་ངལ་སེལ་ཐུབ་མིན་སྐོར་”བགྲོ་གླེང་གནང་གི་ཡོད། ད་ཕན་གནད་དོན་འདིའི་ཐོག་བོད་སྐད་ཀྱི་བརྙན་འཕྲིན་དང་དྲ་རྒྱ་སོགས་སུ་བགྲོ་གླེང་སྣ་ཚོགས་བྱུང་ཡོད་ཅིང་། ད་རེས་བགྲོ་གླེང་བ་གསུམ་གྱིས་ཀྱང་ལྟ་ཚུལ་མི་འདྲ་བ་གསུམ་གྱི་ཐོག་ནས་བགྲོ་གླེང་གནང་གི་རེད། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་ལ་ཕེབས་ཐབས་མེད་པའི་རྒྱང་རིང་གི་དོ་སྣང་ཅན་ཚོས་དུས་ཚོད་དེ་གའི་སྟེང་ལ་འབྲེལ་ཐག་འདི་(www.trace.org/livestream.html)མནན་ན་ཐད་ཀར་བལྟ་ཉན་བྱེད་ཐུབ་པ་མ་ཟད་དྲ་ཐོག་ནས་སོ་སོའི་བསམ་ཚུལ་དང་དྲི་བ་ཡང་གཏོང་ཐུབ།
དེ་ནི་དཔེར་ན།
ཚེགས་ཆེ་དོན་ཆུང་།
ཚེ ག ས ་ ཆེ ་ དོ ན ་ ཆུ ང ་ །
ཚེགས ་ ཆེ ་ དོན ་ ཆུང ་ །
འདི་འདྲ་ཡིན་ན་དཔེ་ཟགས་པ་རེད།
དུས་ཚོད་རྒྱ་གར་དུས་ཚོད་རེད་དམ།
ཀུན་ཕན་ ཐེབས་རྩ ཚོགས་པ་ ནས་ བགྲོ་གླེང་ གི གླེང་གཞི་ དུས་ཚོད་ འཕྲོ་རླག་ གཏོང་བྱེད་ འདྲ་པོ་ འདུག
དུས་ཚོད་དེ་ཨ་རིའི་དུས་ཚོད་རེད།
མཁན་པོ་པདྨ་དབང་གྲགས་འདི་ནི་ལྷག་བསམ་དང་མཁྱེན་ཡོན་ཐད་གཞན་དྲིང་མི་འཇོག་མཁན་ཞིག་ཡིན། གཞན་གཉིས་ཀྱི་ལོ་རྒྱུས་མི་ཤེས། ཁོང་གིས་ཚེག་ཆེན་ཚེག་ཆུང་གི་རིགས་པ་འདི་གསར་བཏོད་གནང་བར་ཐུགས་རྗེ་ཆེ་ཞུ།
བོད་རང་བཙན་མི་རྩོད་རྒྱུའི་ས་ཡིག་བརྒྱབ་ནས་ཁས་ལེན་བྱེད་པ་དང་། བོད་ཡིག་མི་ཤེས་མཁན་ཚོའི་སྐད་ཆ་ལ་ཉན་བོད་ཡིག་ལེགས་བཅོས་གཏོང་བ་སོགས་གང་བོད་མི་རིགས་དང་སྐད་ཡིག་ཡོད་ཚད་མེད་པ་བཟོ་ཐབས་ཙམ་དང་། བོད་དང་བོད་ཡིག་ཤ་ཚ་ཡོད་མཁན་ཚོར་ཆེད་དུ་བོད་མི་རང་གིས་མནར་གཅོད་གཏོང་གི་འདུག་པས། ད་ནས་བོད་མི་རིགས་འདི་དང་གཏན་ནས་ཁ་བྲལ་ཐབས་ཀྱི་འབད་བརྩོད་བྱེད་རྒྱུ་ལས་ལྷག་མི་འདུག བོད་མི་རིགས་ཀྱི་ཤ་ཞེན་གྱིས་མ་བཟོད་བཤད་པ་ལས་ལྟོ་གོས་ཙམ་ནི་སྔ་མོ་འགྲིག་ཡོད་པས། བོད་ཀྱི་རྩ་དོན་གྱིས་ང་ལ་དམིགས་བསལ་གྱི་ཁེ་ཕན་གང་ཡང་སྟེར་གི་མ་རེད།
དགེ་བཤེས་བཟོད་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྡོ་རྗེ་ཚེ་བརྟན་ཁྲིམས་འཏུགས་བྱེད་རྒྱུ་ཡིན་ཟེར་གོ་ཁུ། འདི་ན་འདུགhttp://forums.phayul.com/forums/index.php?/topic/18269-a-geshe-la-wants-to-sue-dorje-tsten-of-voa/
ངས་བལྟ་བསམས་ནས་བསྡད་ཡོད། ཁྱེད་ཚོས་གྲ་སྒྲིག་ཡག་པོ་བྱོས་མ་གཏོགས་བགྲོ་གླེང་ཚར་རྗེས་དགག་ལན་མེ་ལྕེས་འདུག་མི་ཚུགས་པ་བཟོ་ཡོང་། ཨ་ལ་ཀུ་རེ་ཡིན། བགྲོ་གླེང་གནང་བ་ཡག་པོ་རེད། མང་གཙོའི་དུས་འདིར་བགྲོ་གླེང་གལ་ཆེན་པོ་རེད།
གོ་ཐོས་ལྟར་ན། བསྟན་འཛིན་བདེ་སྐྱིད་ཀྱིས་བོད་ཡིག་ལ་བར་སྟོང་འཇོག་དགོས་བའི་སྐོར་དང་། བླ་མ་པད་མ་དབང་གྲགས་ཀྱིས་ཚེག་རིང་དང་ཚེག་ཐུང་གི་སྐོར།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་བརྗོད་པ་ཐུང་ངུར་གཏོང་ཐབས་ཀྱི་སྐོར་སོགས་ནས་བགྲོ་གླེང་བྱེད་ཀྱི་རེད་ཟེར།
བོད་ཡིག་ལ་བར་སྟོང་འཇོག་སྟེང་ནི་འབྲུག་ཡུལ་གྱི་ཚགས་པར་ཐོག་ནས་མཐོང་མྱོང་། ལུགས་སྲོལ་འདི་ལ་བྱེས་ཡུལ་གྱི་བོད་མི་བོད་ཡིག་ལ་དོ་སྣང་མེད་མཁན་ཚོའི་བསམ་ཚུལ་ག་འདྲ་ཡིན་མིན་མི་ཤེས། གཞིས་ལུས་བོད་མི་ཡི་གེ་བ་རྣམས་ཀྱིས་དགག་པ་རྒྱག་རེད་བསམ། བགྲོ་གླེང་འདི་ཕལ་ཆེར་དུས་ཚོད་འཕྲོ་རླག་བཏངས་པ་མིན་ནམ་སྙམ།
བསྟན་འཛིན་བདེ་སྐྱིད་ཀྱིས། ཚིག་བར་ཡོད་ན་གཅོད་མཚམས་ལ་དཀའ་ངལ་མེད་པར་ཀློག་བདེ་ཞིང་གོ་བརྡ་འཕྲོད་ཡོང་དྲན་ཚོད་རེད།
བོད་ཡིག་འདིར་དབྱངས་གསལ་བསྡོམས་པས་ཡིག་འབྲུ་སོ་བཞི་མ་གཏོགས་ཡོད་པ་མ་རེད། དེ་དག་གི་སྦྱོར་ཀློག་ཤེས་སོང་ན། བོད་ཡིག་ཤེས་སོང་བ་རེད། དབྱངས་གསལ་གྱི་ཕྱི་མོ་ཉུང་ཉུང་ཞིག་གི་ནང་ཤེས་བྱའི་ཆོས་ཕལ་ཆེར་ཞིག་སྡུད་ཐུབ་ཀྱི་ཡོད་པ་རེད། འདི་ཧ་ཅང་གི་ངོ་མཚར་དང་རྩ་ཆེན་པོ་རེད། རྒྱ་ནག་གི་ཡི་གེ་ལྟ་བུ་ཡིན་ན། ཡིག་འབྲུ་བརྒྱ་སྟོང་མང་བོ་བློར་ངོར་མེད་ན། བརྗོད་བྱ་འདུམ་བྱེད་ཀྱི་ཚིག་གིས་འདང་གི་ཡོད་པ་མ་རེད། བར་སྟོང་ལུག་སོང་བ་ལྟ་བུ་ལས། རྗོད་ཚིག་ཐུང་ངུར་ཤད་ཀྱིས་བཅད་པ། དཔེར་ན། ང་ཚོ་བོད་པ་རེད། རང་ཡུལ་ཤོར་ནས་ལོ་མང་སོང་། ད་ཚང་མས་མཉམ་རུབ་ཀྱིས། རང་ཡུལ་རང་ལག་ཏུ་ཡོང་བར་འབད་དགོས། ཞེས་པ་ལྟ་བུ་བྲིས་ན། མིག་ལ་འཆར་བདེ་ཞིང་། ཀློག་སླ་བ། བརྡ་སྤྲོད་ཀྱི་འགྲོས་དང་ཡང་མ་འགལ་བ་སོགས་དགེ་མཚན་ཆེ་བར་འདོད།
ཚེག་རིང་དང་ཚེག་ཐུང་ཟེར་ན་ག་རེ་རེད། མགོ་ཚོས་མ་ཐེ།
སྤྱིར་ན་ཚེག་ལ་ཚེག་ཐུང་དང་ཤད་ལ་ཚེག་རིང་ཟེར་སྲོལ་ཞིག་ཡོད་ཀྱང་། བླ་མ་པད་མའི་བརྗོད་བྱ་ཚེག་རིང་ཚེག་ཐུང་ནི་ཚེག་ཡིན་པ་གང་ཞིག་ལ་ཚེག་ཆུང་ཆུང་ཡོངས་ཁྱབ་ཅན་འདི་དང་ཡང་འདི་ལས་ཅུང་ཆེ་བའི་ཚེག་གཅིག་སྟེ་ཚེག་ཆེ་ཆུང་གཉིས་ཡོད་པ་ལ་ཚེག་རིང་ཐུང་གི་མིང་བཏགས་འདུག་ཀྱང་། ངས་ནི་འདི་ལ་ཚེག་ཆེན་དང་ཚེག་ཆུང་ཟེར་གི་ཡོད།
བགྲོ་གླེང་བཀོད་སྒྲིག་བྱས་པར་བཀྲ་ཤིས་བདེ་ལེགས་ཡོད།
ང་ཚོས་བགྲོ་གླེང་བྱེད་དགོས་པ་རེད། བགྲོ་གླེང་ལྷུག་པོར་བྱས་ཏེ་མཐའ་མའི་འབབ་ས་ཞིག་ལ་འབབ་ཐུབ་པ་རེད། འདི་དངོས་ནས་ཡག་པོ་རེད། བཙན་བྱོལ་སྤྱི་ཚོགས་ནས་འཚར་ལོངས་བྱུང་བའི་སློབ་ཕྲུག་ཕལ་ཆེ་བས་བོད་ཡིག་སྦྱངས་རྒྱུ་ཁག་པོ་འདུག་ཅེས་བཤད་བཞིན་པའི་རྒྱུ་རྐྱེན་གཅིག་ཀྱང་འདི་རེད། གང་ལྟར་བགྲོ་གླེང་ཡག་པོ་ཡོང་བའི་སྨོན་འདུན་ཡོད།