ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཟླ་༥ བའི་ཚེས་ ༧ ཉིན་གྱི་ཕྱི་དྲོ་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་སྙན་ངག་པ་ལྗང་བུའི་སྙན་ངག་གི་དཔེ་དེབ་གཟི་མིག་དགུ་བ་ཞེས་པ་དེའི་དབྱིན་འགྱུར་མ་འགྲེམས་སྤེལ་སྒོ་འབྱེད་དང་། ཁོང་གིས་བཟོ་སྒྲིག་བྱེད་བཞིན་པའི་གློག་བརྙན་དབྱར་རྩྭ་ཟེར་བ་དེའི་དུམ་བུ་ཁ་ཤས་སྔོན་གཟིགས་སུ་འབུལ་རྒྱུ་རེད། གཟི་མིག་དགུ་བ་ཞེས་པ་སྙན་དེབ་དེ་དབྱིན་སྒྱུར་གནང་མཁན་ནི་ཧྥ་རན་སི་ཤར་ཕྱོགས་པའི་སྐད་ཡིག་དང་རིག་གཞུང་སློབ་གླིང་ཟེར་( National Institute of Oriental Languages and Cultures, Paris) བ་དེའི་དགེ་རྒན་ཆེན་མོ་བོད་མིང་ལ་བདེ་སྦྱིན་བཟང་མོ་(Dr. Heather Stoddard)ཟེར་བ་དེ་ཡིན་ཞིང་། ད་རེས་ལ་རྩེ་ལ་སྙན་དེབ་དེའི་རྩོམ་པ་པོ་དང་སྒྱུར་བ་པོ་གཉིས་ཀ་ཕེབས་ནས་ལྗང་བུའི་སྙན་ངག་གི་ལྟ་བ་དང་། རྩོམ་གཤིས། རྩོམ་སྟངས་བཅས་ལ་གླེང་མོལ་གནང་རྒྱུ་རེད།
བར་གསེང་ཐུང་ངུ་ཞིག་གི་རྗེས་ལ་དབྱར་རྩྭ་ཞེས་པའི་གློག་བརྙན་བཟོ་སྒྲིག་བྱེད་བཞིན་པ་དེའི་དུམ་བུ་སྐོར་ཞིག་སྔོན་གཟིགས་སུ་འབུལ་རྒྱུ་ཡིན་པ་དང་། གློག་བརྙན་དེས་དེང་སང་མི་མང་པོས་དོ་སྣང་བྱེད་པའི་དོན་དག་སྟེ། བོད་ཀྱི་ཡུལ་ཁམས་མང་པོར་དབྱར་རྩྭ་དགུན་འབུ་རྐོ་འཐུ་བྱེད་པ་དེས་སྤྱི་ཚོགས་དང་ཁོར་ཡུག་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་ཡོད་འཚོལ་ཞིབ་བྱས་ཡོད་སྐད།
ཕྱི་དྲོ་དུས་ཚོད་ ༣ པ་ནས་ ༤།༣༠ བར་གཟི་མིག་དགུ་བ།
ཕྱི་དྲོ་དུས་ཚོད་ ༥ པ་ནས་ ༧ པ་བར་གློག་བརྙན་དབྱར་རྩྭ།
སྐུ་ཞབས་ལྗང་བུའི་སྙན་ངག་གི་གསུང་བཤད་སྐོར་ལ་ཉན་རེ་ཧ་ཅང་ཆེ།
མཁས་དབང་མ་བདེ་སྦྱིན་བཟང་མོ་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ལ་རྩེ་དཔེ་མཛོད་ཁང་གིས་འདས་མ་ད་གསུམ་ལ་བོད་ཀྱི་རྩོམ་རིག་པ་དང་སྒྱུ་རྩལ་པ། ཆེད་མཁས་པ། སྙན་ངག་པ་སོགས་གདན་འདྲེན་བྱས་ཏེ་བགྲོ་གླེང་བྱས་དང་བྱེད་བཞིན་པ་དང་བོད་ཀྱི་སྣོད་བཅུད་སོགས་བསྡུ་རུབ་ཀྱིས་འོད་སྡེར་གཉེར་བ། ད་དུང་ད་ལྟའི་བོད་སྐད་ཡིག་ཀྱི་གནས་བབ་ལ་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་རྐྱང་སྒྲུབ་བཞིན་ཡོད་པས། འགན་འཛིན་པདྨ་འབུམ་གཙོས་ལས་མི་ཡོངས་ལ་སྙིང་ཐག་པ་ཐུགས་རྗེ་ཆེ་ཞུས་པ་ཡིན།
ལ་རྩེ་དཔེ་མཛོད་ཁང་གིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་ཀྱི་རིག་གནས་ཐད་ལ་བྱས་རྗེས་རླབས་ཆེན་བཞག་དང་འཇོགས་བཞིན་ཡོད་ཁུ ངོ་མ་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད།
རིག་གཞུང་ཕབས་བསྒྱུར་གྱི་ཕྱག་ལས་ནི། རང་རེའི་རིག་གཞུང་མི་ཉམས་འཕེལ་རྒྱས་ཀྱི་ཐབས་ལམ་དག་དང་། ཐད་ཀར་འབྲེལ་བ་ཡོད་ཙང་། དེ་ནི་ཆེས་གཟི་བརྗིད་དང་། ཕན་རླབས་ཆེ་བའི་བྱ་བ་ཞིག་ཡིན་པ་སུ་ལའང་བཤད་ཅི་དགོས། འོན་ཀྱང་། རིག་གཞུང་ཕབས་བསྒྱུར་གྱི་ཕྱག་ལས་གནང་མཁན་ཚོས་ངེས་པར་དུ་ཐུགས་གཟབ་མཛད་དགོས་པ་ཞིག་ལ། ཁོང་ཚོས་རིག་གཞུང་ཕབས་བསྒྱུར་གྱི་ལས་གང་ཞིག་གནང་རུང་། སྐབས་འཁེལ་གྱི་བསྒྱུར་བྱ་དེ་ཉིད་ཀྱིས། རང་རེའི་རིག་གཞུང་འདི་ཉིད་འཕེལ་རྒྱས་དང་། སྤྱི་ཚོགས་ཀྱི་བསམ་བློ་མཐོར་འདེགས་བཅས་ཀྱི་སྐོར་ལ་ཁེ་ཕན་ཅི་འདྲ་ཞིག་འབྱུང་མིན་ཐུགས་དཔོག་གང་ལེགས་གནང་རྒྱུ་གལ་ཆེ། གལ་སྲིད་དེ་ལས་ལྡོག་སྟེ། རང་ཉིད་ཀྱི་སྙན་ཐོབ་ཙམ་ལ་དྲག་ཏུ་རེ་ཞིང་། བབ་ཅོལ་གྱི་ངང་གིས་ཕྱག་ལས་དེ་རིགས་ལ་འཇུག་རྒྱུ་མང་དྲག་པ་ཡིན་ན། སྐབས་རེར་ཕན་པ་ལས་གནོད་ཚབས་ཀྱང་འབྱུང་སྲིད་པས། དེ་དོན་དེང་རབས་བོད་ཀྱི་ལོཙཱ་བ་ཚོས་དགོངས་འཇགས་འཚལ།།ཞེས་པད་དཀར་ཕོ་ཉ་རུ་འབོད་པས་འབྲུག་ཨ་མི་ཏཱ་བྷའི་རི་ཁྲོད་ནས་སྤྲིངས་པའོ།།