མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ། ཨེ་མ་ཧོ་ཡིས་འོས་སྦྱོར་བྱས།
ཡུན་རིང་དག་ལ་མཐོང་བ་དང་།།
ཐོས་སམ་འོན་ཏེ་སེམས་པ་ཡིས།།
གང་གི་ཚུལ་ནི་ཁྱད་འཕགས་པ།།
ཁྱེད་ཀྱི་རང་བཞིན་འགའ་བརྗོད་སྙམ།།
དང་པོར་ཐོས་པའི་མཐའ་རྒྱ་བཅད།།
བར་དུ་བསམ་པས་ཐེ་ཚོམ་བསལ།།
ཐ་མར་རྒྱུད་ལ་ཡང་དག་སྦྱར།།
ཁྱེད་ནི་ངེས་དོན་དགེ་བའི་བཤེས།།
ཚུལ་གནས་གསེར་གྱི་སྡོང་པོ་བརྟན།།
བསམ་གཏན་གཡུ་ཡི་ལོ་མས་ལྕིད།།
ཤེས་རབ་འབྲས་བུ་ཡོངས་སུ་སྤུད།།
བསླབ་གསུམ་དཔག་བསམ་དགའ་ཚལ་རྒྱས།།
ཆོས་ཀྱི་གཞུང་ལུགས་མཐར་ཕྱིན་ཞར།།
མི་ཆོས་གཙང་མའི་ཁྱད་ཆོས་རྫོགས།།
ད་དུང་ཚན་རིག་རྣམ་བཞག་གསལ།།
དོན་གྱི་བློ་ལྡན་ཁྱེད་ལས་སུ།།
ཁ་ནས་ནམ་མཁས་གར་ཁྱབ་པའི།།
སེམས་ཅན་ཟེར་ཞིང་མིག་ཟུམ་ཟུམ།།
དོན་ལ་ཤ་ཁྲག་གིས་འཚོ་བ།།
དེ་འདྲའི་རྣམ་ཐར་རྒྱང་དུ་དོར།།
སེམས་ཅན་སུ་ཡིན་མར་གྱུར་བའི།།
གནས་ལུགས་སེམས་ཀྱིས་རྟོགས་ནས་སུ།།
སྲོག་གི་སྦྱིན་པའི་སྟེར་སྒོ་འབྱེད།།
དོན་གྱི་སྙིང་རྗེ་ཁྱོད་ལ་མངའ།།
ཤར་ནུབ་གོ་ལའི་ཁྱོན་ཀུན་ཏུ།།
སྙན་པའི་མེ་ཏོག་འཛུམ་པར་བརྡལ།།
ལུགས་གཉིས་གཏམ་གྱི་དྲི་ངད་ལ།།
སྐྱེ་དགུའི་བུང་བ་སྤྲིན་ལྟར་མཆེད།།
འབད་ལ་གསེར་དངུལ་རིན་ཆེན་གྱི།།
ནོར་བདག་ཆེན་པོར་གྱུར་བ་ནི།།
ཁྱོད་ལ་མཚོན་ན་ཡུད་ཙམ་མོད།།
ཆོག་ཤེས་ནོར་ལས་མེད་ཅེས་གྲགས།།
ནང་ལ་ཆོག་འཛིན་གྱིས་དབུལ་བ།།
བདག་ཅག་ཕྱི་ཚུལ་ཙམ་ལ་གཡེང་།།
ངེས་ཤེས་ཡོན་ཏན་གྱིས་གཏམས་ཁྱོད།།
འདོད་ཆུང་ཚུལ་གྱིས་ཀུན་ལས་བརྗིད།།
ཚིག་གི་ལམ་དུ་གོལ་བ་དག།
ཐོས་བསམ་ཆགས་སྡང་ལག་ཆར་བཀོལ།།
ཁྱོད་ནི་གང་ཤེས་རང་གཞན་གྱི།།
ཕན་བདེའི་སྤྱོད་ལམ་ཉིད་དུ་སོང་།།
སྲོག་གི་སྦྱིན་པ་སྦྱིན་པའི་གཙོ།།
དམར་ཟས་སྤངས་བ་སྙིང་རྗེའི་མཐུ།།
བྱམས་བརྩེའི་དོན་ལ་དངོས་གནས་པ།།
ཁྱོད་དང་འདྲ་བ་མང་བ་མིན།།
བྱ་དངོས་གང་ལའང་ཕན་གནོད་ཀྱི།།
ཆ་ཤས་གཉིས་སུ་སྣང་བ་ལ།།
ཁྱོད་ཀྱིས་གང་བྱེད་རྣམ་ཀུན་ཏུ།།
ཕན་པ་ཆེ་ཕྱིར་ངོ་མཚར་གནས།།
ཕྱི་ནང་རྐྱེན་གྱིས་ཉམ་ཐག་པ།།
ཁ་བ་དཀར་པོའི་རང་བཞིན་ལ།།
དོན་གྱི་ཤ་ཚས་གཏམ་སྨྲ་བ།།
ཁྱོད་ཀྱི་རྣམ་དཔྱོད་ཕྱོགས་མ་ལྷུང་།།
ཕྱོགས་མེད་ཐབས་དང་ཤེས་རབ་ཀྱིས།།
ཁྱོད་ལ་བསྟོད་ན་བསྟོད་པ་སྟེ།།
བསྟོད་སྨད་ཚིག་གཞན་ཅ་ཅོ་ཡིས།།
ཁྱོད་ཀྱི་ངོ་བོ་མཚོན་མི་ནུས།།
འགའ་ཞིག་ཁྱོད་ལ་བསྔགས་པའམ།།
སྨད་པའང་གྲུབ་མཐའི་ཆགས་སྡང་ཙམ།།
བདག་ནི་ཁྱོད་ཀྱི་དྲང་བདེན་དང་།།
ལྷག་བྱམས་རྟུལ་ཕོད་དག་གིས་ཚིམས།།
འདོད་དང་སྡང་ཞེན་ལ་རྔམ་པའི།།
དུས་ཀྱི་མུན་ནག་གདལ་བའི་ཁྱོད།།
སེམས་དཔའ་ཤེས་རབ་འོད་ཟེར་ཅན།།
མི་འགྱུར་ལྷམ་མེར་འབར་གྱུར་ཅིག།
༢༠༡༧/ ༨/ ༣༡ ཉིན་ཡུལ་མགོ་ལོག་གི་རྒྱལ་ཁམས་པ་ཧཱུྃ་ཀར་རྡོ་རྗེ་རུ་འབོད་པས་ཡུད་ཙམ་པ་ཞིག་ལ་དྲན་པ་ནང་དུ་བཀུག་ནས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་རང་བཞིན་ཅུང་ཙམ་བརྗོད་པའོ། །
མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ། ཨེ་མ་ཧོ་ཡིས་འོས་སྦྱོར་བྱས།
སེམས་ཅན་སུ་ཡིན་མར་གྱུར་པའི།།
གནས་ལུགས་སེམས་ཀྱིས་རྟོགས་ནས་སུ།།
སྲོག་གི་སྦྱིན་པའི་སྟེར་སྒོ་འབྱེད།།
དོན་གྱི་སྙིང་རྗེ་ཁྱོད་ལ་མངའ།།
འབད་ལ་གསེར་དངུལ་རིན་ཆེན་གྱི།།
ནོར་བདག་ཆེན་པོར་གྱུར་པ་ནི།།
ཁྱོད་ལ་མཚོན་ན་ཡུད་ཙམ་མོད།།
ཆོག་ཤེས་ནོར་ལས་མེད་ཅེས་གྲགས།།
སྲོག་གི་སྦྱིན་པ་སྦྱིན་པའི་གཙོ།།
དམར་ཟས་སྤངས་པ་སྙིང་རྗེའི་མཐུ།།
བྱམས་བརྩེའི་དོན་ལ་དངོས་གནས་པ།།
ཁྱོད་དང་འདྲ་བ་མང་བ་མིན།།
༢༠༡༧/ ༨/ ༣༡ ཉིན་ཡུལ་མགོ་ལོག་གི་རྒྱལ་ཁམས་པ་ཧཱུྃ་ཀར་རྡོ་རྗེ་རུ་འབོད་པས་ཡུད་ཙམ་པ་ཞིག་ལ་དྲན་པ་ནང་དུ་བཀུག་ནས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་རང་བཞིན་ཅུང་ཙམ་བརྗོད་པའོ། །
སྟོབས་རྒྱལ་ལ་ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ།
http://tibettimes.net/2017/09/06/162639/
་
དུས་བབ་གསར་འགོད་པས། ཁོང་གསུམ་གྱི་འདྲ་པར་མ་བཏོན་པ་ནི། དེ་འདྲ་བའི་གསར་འགྱུར་གྱི་ཡན་ལག་ཆེན་པོ་ཞིག་མ་ཚང་བར་འདོད། ཁོང་གསུམ་ལ་དགོངས་དག་ཞུ་དགོས་ཚོད་ཙམ་ཆགས་པ་རེད་སྙམ་མོ།།
ཧ་ཧ་ཧ། ད་དགོངས་དག་ཞུ་དགོས་ས་མང་པོ་འདུག
ལགས་རེད། ང་ཚོ་བོད་རིགས་གཞས་པ་དང་གཞས་མ། རྩེད་རིགས་རྟགས་མ་ཐོབ་མཁན་ཉུང་ཉུང་དང་། ཆེ་མཐོང་དེ་ཙམ་མེད་པ་དེ། བོད་མི་རིགས་རྣམས་རང་གི་མི་རིགས་ལ་བཅང་བའི་ལ་རྒྱ་ཆུང་དྲགས་པའི་སྐྱོན་དུ་མཐོང་བཞིན་པ་རེད་འདུག་སྙམ་མོ།།
ཧཱུྃ་ཀར་རྡོ་རྗེ།
གསང་བསྔགས་རྡོ་རྗེ་ཐེག་པའི་གཞི་མ་ལ།།
བླ་མ་སངས་རྒྱས་ལས་ཀྱང་གཙོ་དགོས་པས།།
ཁྱེད་ཀྱི་སྤྱི་བོར་གཞེར་ན་འོས་པ་ལས།།
རང་བཞིན་བརྗོད་ཅེས་སྨྲོས་ན་དེ་ཙམ་མོ།།
ཚུལ་བློར་མཛད་ཕྲིན་རྒྱས་པར་ཐོས་མོད་ཀྱང་།།
གྲུབ་མཐའི་ལར་ཞེན་ཆེ་བས་སེམས་པ་སྐྱོ།
མང་ཐོས་མཁས་པའི་གྲལ་དུ་འཇུག་ཀྱང་རུང་།།
གཟུར་གནས་མཁས་པར་རློམ་ན་འཛོལ་ལགས་སམ།།
སྔ་འགྱུར་རྙིང་མའི་བསྟན་པ་སྤེལ་བ་ཡི།།
བརླབས་ཆེན་ཨ་མའི་བུ་ཞིག་ཡིན་ཀྱང་རུང་།།
སྒང་བ་བོད་ཀྱི་མཐུན་སྒྲིལ་གླེང་ཡོང་དུས།།
ཁ་ཚིག་དོན་དང་འགལ་བས་སེམས་པ་སྐྱོ།
ལུས་