གཞུང་པ་ཚེ་དབང་བསོད་ནམས།
ཀོ་རོ་ན་༡༩་ཏོག་དབྱིབས་ནད་ཡམས་འདི།
ཁ་ཐག་ཉེ་འགྱང་མེད་པ་འཛམ་གླིང་ཁྱབ།
ག་ནས་བལྟས་ཀྱང་སྐལ་བའི་ནད་ཡམས་འདྲ།
ང་ཚོ་ཚང་མས་ཚོགས་བསགས་སྡིག་སྒྲིབ་སྦྱོངས།
ཅ་ཅོ་མང་བའི་སྟོང་གཏམ་ཉུང་ན་དགའ།
ཆ་འཇོག་ཡིད་ཆེས་ལས་འབྲས་རྟག་ཏུ་སྲུངས།
ཇ་དང་ཆུ་དང་འོ་མ་མང་ཙམ་འཐུང།
ཉ་ཕག་ལ་སོགས་ཤ་རིགས་ཉུང་དུ་གཏོོང།
ཏོག་དབྱིབས་ནད་ཡམས་༡༩་རྣམ་སྨིན་ནད།
ཐ་དད་ཆོས་ལུགས་རང་རང་ཐབས་ཤེས་ཟབ།
དོན་མེད་དཀྲོགས་གཏམ་ཕན་མེད་གནོད་པའི་རྒྱུ།
ན་རྒྱུ་ཚ་རྒྱུ་འཇིག་རྟེན་མི་གི་ལས།
སྤང་ལ་མེ་ཤོར་འདྲ་བའི་ཏོག་དབྱིབས་ནད།
ཕན་རྒྱུའི་སྨན་བཅོས་མེད་ན་སྔོན་འགོག་ཟབ།
བླ་མ་དཀོན་མཆོག་རྒྱུན་དུ་སྤྱི་བོར་སྒོམ།
མ་དང་མཁའ་འགྲོ་ཆོས་སྐྱོང་འཕྲིན་ལན་ཟབ།
གཞན་ཕན་སྙིང་རྗེ་ནང་ཆོས་རྩ་བ་རེད།
ཟང་ཟིང་ནོར་ལ་ཞེན་ཆགས་ཆུང་དུ་གཏོང།
འ་འུར་ཆབ་སྲིད་ནད་ཡམས་ག་ནས་ཞི།
ཡ་རབས་ལས་འབྲས་སྲུང་ན་ནད་ཡམས་ཞི།
རེ་བ་བཅོལ་ས་མཆོག་གསུམ་སྤྱི་བོར་བསྟེན།
ལས་འབྲས་ཚུལ་བཞིན་སྲུང་རྒྱུ་འགོ་མང་འགན།
ཤ་ཚའི་གཏམ་ལ་སྙན་ཆ་མེད་ན་ཡང།
ས་སྟེང་སྐྱེ་བོ་ཀུན་གྱི་བློ་ལ་བཞོག།
ཧམ་ཆེན་རྒྱ་ལ་ཡིད་ཆེས་ག་ནས་ཐུབ།
ཨ་རོགས་འཛམ་གླིང་མི་མང་གཉིད་མ་ཤོར།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་
ནས་ཕྱི་ལོ་༢༠༢༠་ཕྱི་ཟླ་༤་པའི་ཚེས་༥་ཉིན་རང་ཁྱིམ་དུ་བྲིས།
དྲ་གྲོགས་ཚོ་དགོང་དག་འདིར་སྦྲེལ་ཟིང་ངང་བྲིས་པས་ཙ་སྡེ་ཆད་འདུག།
ཙ་བ་ཏོག་དབྱིབས་ནད་ཡམས་རྒྱ་ནས་སླེབས།
ཚ་ཚ་འུར་འུར་རྒྱུད་ནས་འཛམ་གླིང་ཁྱབས།
ཛ་དྲག་ཆེ་བའི་ཏོག་དབྱིབས་ནད་ཡམས་འདི།
ཝུང་ཧང་ཀོ་རོ་ན་༡༩་མིང་དུ་གྲགས།
ཐོག་མར་འབྱུང་ཁུངས་མེད་པའི་གནད་གདོན་འདི།
བར་དུ་ཁྱབ་བརྡལ་ཆེ་བའི་ཏོག་དབྱིབས་ནད།
མཐའ་མ་ཤི་ལ་ཐུག་པའི་ནད་ངན་འདི།
མཐའ་ཞིག་དེད་ན་རྒྱ་ནག་དམར་གཞུང་རེད།
ཀ་ཡེ་གསོན་དང་མི་མངས་ཚོ། །
ཁ་སྣ་བཀབ་དགོས་སུ་ཡིས་བཟོས། །
ག་འགྲོར་མི་ཉན་སུ་ཡིས་བཟོས། །
ང་དང་བོད་རིགས་མིན་ནོ་ཀྱེ། །
་
ཀ་ཡེ་གསོན་དང་བསམ་ཡོད་རྣམས། །
ཁ་སྣ་བཀབ་དགོས་ཧུན་ཝན་ནད། །
ག་ཚོད་བསམས་ཀྱང་རྒྱ་ཧན་འདྲ། །
ང་དང་ང་ཚོས་སྡིགས་ར་སྐུལད། །
་
ཀ་ཡེ་གསོན་དང་བོད་རིགས་ཚོ། །
ཁ་སྣ་ཡག་པོ་ཁོབས་ཤིག་ཝེ། །
ག་མིན་འདྲ་མིན་ན་འོངས་ཨོ། །
ང་ཡི་ཤ་ཁྲག་གཅིག་པ་ཚོ། །
ཀོ་རོ་ན་༡༩་རྒྱ་ཡུལ་ཝུན་ཧང་ནས་འཁྲུངས།
ཁ་ལུད་ཁ་རླུང་རྒྱུད་ནས་འཛམ་གླིིིིིིིིང་ཁྱབ།
ག་ནས་བལྟས་ཀྱང་བསྐལ་བའི་ནད་ཡམས་འདྲ།
ང་ཚོ་ནང་པ་ཡོངས་ཀྱི་གཞན་ཕན་ཆོས་ལ་བརྩོན།
ཅ་ཅོ་འར་འུར་དཀྲོགས་གཏམ་ཉུང་ན་དགའ།
ཆ་རྒྱུས་མེད་པའི་ནད་ཡམས་གསར་པ་ལ།
ཇི་ལྟར་གཞུང་དང་སྨན་པས་ལམ་སྟོན་ལ།
ཉིན་མཚན་དུས་དྲུག་ང་ཚོའི་ཉམས་ལེན་དགོས།