ཆབ་ཆར་སློབ་མའི་སྐད་འབོད། Posted on 2010-10-242010-10-24 By ཁ་བརྡ་ 1 Comment on ཆབ་ཆར་སློབ་མའི་སྐད་འབོད། གོང་གསལ་བརྙན་འཕྲིན་འདི་སྐུར་མཁན་གྱིས་ཁ་བརྡ་ལའང་བསྐུར་འདུག་མོད། ད་བར་རྐྱེན་དབང་གིས་འགོད་ཐུབ་མ་སོང་། འདིར་ཨེ་ཤ་ཡ་རླུང་འཕྲིན་ཁང་གིས་བཀོད་པ་བསྐྱར་དུ་བཀོད་ཡོད་ལགས། གསར་འགྱུར།
ཡིད་སྐྱོའི་གནས་ཚུལ། བློ་བཟང་ཆོས་འཕེལ་གྱིས། སུའི་སི་རི་ཀོན་ཆོས་འཁོར་དགོན་གྱི་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ཕུན་ཚོགས་བཀྲ་ཤིས་མཆོག་ཕྱི་ཟླ་༡༠པའི་ཚེས་༡༩ཉིན་གྱི་དགོང་མོར་ཆུ་ཚོད་༧དང་སྐར་མ་༣༠ཐོག་སྐུ་ཞི་བར་གཤེགས་འདུག། དམ་པ་ཁོང་ནི་ཕྱི་ལོ་༡༩༣༦ མེ་བྱི་ལོར་མདོ་ཁམས་ཏྲེ་ཧོར་དར་རྒྱས་ཁུལ་དུ་བྲག་གདོང་ཚང་ཞེས་པའི་དཔོན་རྒྱུད་ཀྱི་ཁྱིམ་ཚང་དུ་ཡབ་བློ་བཟང་ཚེ་རིང་ དང་།ཡུམ་ཚེ་དཔག་སྒྲོལ་མ་གཉིས་ཀྱི་རིགས་སྲས་སུ་སྐུ་འཁྲུངས།ཆུང་གཞོན་ནུའི་དུས་ནས་དར་རྒྱས་དགོན་དུ་ཆོས་སྒོར་ཞུགས་ཏེ་ཡི་གེ་འབྲི་ཀློག་དང་།ཆོས་སྤྱོད་འདོན་ཆ།རིགས་ལམ་སློབ་གཉེར་སོགས་ལ་བརྩོན་སྦྱང་གནང་།དགུང་ལོ་༡༨ལ་སོན་པ་ ༡༩༥༥ལོར་དབུས་འགྱུར་ལྷ་ལྡན་དུ་ཕེབས་ཏེ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་མཁས་མང་བློ་ གསལ་བྱེ་བའི་གླིང་གྲྭ་ཚང་ཏྲེ་ཧོར་ཁམས་ཚན་དུ་ཆོས་ཞུགས་གནང་བོད་ས་མ་ཤོར་བར་སློབ་གཉེར་གནང་། དེ་ནས་༡༩༥༩ལོའི་དུས་འགྱུར་སྐབས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཏེ་གཞུང་ལུགས་སློབ་གཉེར་འཕྲོ་སྐྱོང་མུ་འཐུད་གནང་བཞིན་པའི་མུར།མདོ་སྔགས་ཆོས་སྤྱོད་ཀྱི་བྱ་རིམ་དང་།དབང་ལུང་མན་ངག་གསན་བཞེས།ཆོས་སྒར་གྱི་སྤྱི་བྱེའི་ལས་དོན་ལ་ཧུར་འབུངས་བཅས་མཚན་ཉིད་དང་ལྡན་པའི་གྲྭ་སའི་དགེ་འདུན་པ་ཞིག་གི་རྣམ་ཐར་རྒྱུན་འཁྱོངས་གནང་། ༡༩༦༩ལོར་སྦག་སའི་ཆོས་སྒར་ལྷོ་ཕྱོགས་གཞིས་སྒར་ཁག་ཏུ་སྤོས་སྐབས་འབྲས་སྤུངས་བློ་གླིང་ཁོངས་མོན་གོར་ཕེབས་ཏེ་མུ་ འཐུད་སློབ་གཉེར་གནང་ནས་༡༩༨༤ལོར་འབྲས་སྤུངས་ཆོས་སྒར་དུ་དགེ་བཤེས་ཀྱི་མཚན་རྟགས་བཞེས།དེ་ནས་ཐ་མ་ཉིན་ མཚན་ཀུན་ཏུ་ཉམས་སུ་ལེན་ཞེས་པའི་མན་ངག་ཉམས་བཞེས་ཀྱིས་བྱ་བྲལ་དུ་ཕེབས་རྒྱུའི་ཐུགས་ཐག་གཙང་གཅོད་གནང་ མཚམས།སྐྱབས་རྗེ་རྡོ་བུམ་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་བཀའ་གསུང་ལྡོག་མ་ནུས་ཤིང་།ཉིད་ཀྱིས་ཀྱང་འཕྲལ་ཕུགས་ཀྱི་ དགག་དགོས་རྒྱུ་མཚན་མང་པོ་ཞིག་ལ་གཟིགས་ནས་ཧོར་ཆོས་རྗེ་རིན་པོ་ཆེ་བསྟན་འཛིན་བློ་བཟང་དམ་ཆོས་མཆོག་གི་དགེ་ རྒན་གྱི་ཐུགས་འགན་བཞེས་ཏེ་ཆོས་ཕྱོགས་དང་།ཉིན་རེའི་བྱ་སྤྱོད་སྐོར་སོགས་སློབ་སྟོན་གྲོགས་དན་གྱི་ཐུགས་འཁུར་དཔྱིས་ ཕྱིན་པ་གནང་། ༡༩༩༥ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་སུའི་སི་རི་ཀོན་ཆོས་འཁོར་དགོན་གྱི་ མཁན་ཐོག་བཞི་པའི་མཁན་པོར་བསྐོ་བཞག་སྩལ་དོན་བཞིན་༡༩༩༦ལོ་ནས་མཁན་པོའི་ཐུགས་འཁུར་རྩིས་བཞེས་གནང་སྟེ་ དགོན་པའི་རྒྱུན་ལྡན་ཆོས་སྤྱོད་ཀྱི་ལས་དོན་སྤྱི་དང་།ཕྱི་མིར་ཆོསའཆད་སྤེལ།དེ་བཞིན་ཡུལ་འདིར་གནས་འཁོད་བོད་མི་རྣམསཀྱི་ཆོས་ཕྱོགས་ཀྱི་རེ་འདུན་སྐོང་ཐབས་སོགས་བསྟན་འགྲོའི་དོན་དུ་ལྷག་བསམ་རྨ་མེད་ཀྱིས་ཞབས་འདེབས་གནང་། ཕྱི་ལོ་༢༠༠༤ལོར་མཁན་པོའི་ལས་འཁུར་དགོངས་འཁྲོལ་བརྩེ་གཟིགས་ཡོང་བའི་ཞུ༧སྙན་ཕུལ་བར།གནས་སྐབས་རིང་མུ་ འཐུད་དགོན་པའི་མཁན་པོའི་མཚན་གནས་རང་འཇགས་སུ་བཞེས་ཏེ།འདོན་ཆ་ཆོ་ག་ཕྱག་ལེན་བྱེད་སྒོ་དང་།འཛིན་སྐྱོང་ བཅས་ཀྱི་ཐུགས་འགན་བཞེས་དགོས་བཀའ་ཕེབས་ལྟེ་འདི་ལོའི་བར་ལོ་༡༣ལྷག་རིང་ཞབས་འདེབས་ལྷག་བསམ་གཡོ་མེད་ཞུས། ༢༠༡༠ལོར་ད་ཆ་ལོ་ནའི་བབས་དང་བསྙེན་སྒྲུབ་ཅི་ནུས་འབད་འབུངས་ཞུ་འདུན་མཆོས་པའི་རྒྱུ་མཚན་དང་སྦྲགས་བསྐྱར་དུ་དགོངས་༧སྙན་ཕུལ་བ་ལྟར་དགོངས་འཁྲོལ་སྩལ་ཐོན་བཀའ་དྲིན་ཆེ་སྟེ་ཚེ་གཞུག་ཏུ་སྒྲུབ་པ་ཉམས་ལེན་ལ་གཞོལ་བཞིན་ལྷོད་བཞུགས་གནང་རྒྱུའི་ཐུགས་བཞེད་ཡོད་བཞིན་པའི་མུར།འདི་ལོའི་ཕྱི་ཟླ་བདུན་པ་ཡན་མན་ཙམ་ནས་སྐུ་ཁམས་མི་བདེ་བའི་ རྣམ་པ་ཇེ་མངོན་དུ་སོང་ཡང་ཞལ་འདོན་ཉམས་བཞེས་རྒྱུན་ལྡན་ལྟར་གནང་བཞིན་བཞུགས་ཤིང་།ཕྱི་ཚེས་༡༠ཉིན་སྨན་པས་ངག་བཀོད་ལྟར་ཕོ་བར་གཤགས་བཅོས་ཞུས་པ་གང་ལེགས་བྱུང་བའི་རྣམ་པ་མངོན་ཡང་།ཕྱི་ཚེས་༡༦ཉིན་སླར་ཡང་གཤགས་བཅོས་འཕར་མ་ཞིག་བྱ་དགོས་བྱུང་བ་དང་།དེ་ནས་བསྙུན་ཁམས་ཇེ་ལོད་ཀྱིས་འདི་ཟླའི་ཚེས་༡༩ཉིན་ཕྱི་དབུགས་ཀྱི་རྒྱུ་བ་ བསྡུས་ཏེ་གཞི་དུས་ཀྱི་ཆོས་སྐུ་མངོན་དུ་གྱུར། ཉིན་རེའི་ཞལ་འདོན་ཉམས་བཞེས་ལ་ཆ་མཚོན་ན།བླ་མའི་རྣལ་འབྱོར་སྔོན་དུ་བཏང་བའི་སྒོ་ནས་གསང་བདེ་འཇིགས་གསུམ་དང་།གསང་བདག་འཁོར་ཆེན།ནྭ་རོ་མཁའ་སྤྱོད།་སྒྲོལ་མ་བཅས་ཀྱི་བདག་བསྐྱེད་ཆག་མེད་ཐོག་དུས་སྐབས་འོས་འཚམས་གང་ཐོབ་དང་བསྟུན་ལྷག་པའི་ལྷ་དེ་དག་ཅི་རིགསས་ཀྱི་བསྙེན་པ་ཚད་ལྡན་སྐྱེལ་གནང་མཛད། མཛད་འཁུར་ཐད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱོགས་སུ་མི་ཡོད་པའི་དོན་སྒོ་ཚང་བ་བྱུང་ཡོད་ཅེས་དགོངས་༧སྙན་ཐེངས་དང་པོ་ཕུལ་སྐབས་དགྱེས་གསུང་གི་དབུགས་དབྱུང་སྩལ་ཡོད།
ཡིད་སྐྱོའི་གནས་ཚུལ།
བློ་བཟང་ཆོས་འཕེལ་གྱིས།
སུའི་སི་རི་ཀོན་ཆོས་འཁོར་དགོན་གྱི་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ཕུན་ཚོགས་བཀྲ་ཤིས་མཆོག་ཕྱི་ཟླ་༡༠པའི་ཚེས་༡༩ཉིན་གྱི་དགོང་མོར་ཆུ་ཚོད་༧དང་སྐར་མ་༣༠ཐོག་སྐུ་ཞི་བར་གཤེགས་འདུག། དམ་པ་ཁོང་ནི་ཕྱི་ལོ་༡༩༣༦ མེ་བྱི་ལོར་མདོ་ཁམས་ཏྲེ་ཧོར་དར་རྒྱས་ཁུལ་དུ་བྲག་གདོང་ཚང་ཞེས་པའི་དཔོན་རྒྱུད་ཀྱི་ཁྱིམ་ཚང་དུ་ཡབ་བློ་བཟང་ཚེ་རིང་ དང་།ཡུམ་ཚེ་དཔག་སྒྲོལ་མ་གཉིས་ཀྱི་རིགས་སྲས་སུ་སྐུ་འཁྲུངས།ཆུང་གཞོན་ནུའི་དུས་ནས་དར་རྒྱས་དགོན་དུ་ཆོས་སྒོར་ཞུགས་ཏེ་ཡི་གེ་འབྲི་ཀློག་དང་།ཆོས་སྤྱོད་འདོན་ཆ།རིགས་ལམ་སློབ་གཉེར་སོགས་ལ་བརྩོན་སྦྱང་གནང་།དགུང་ལོ་༡༨ལ་སོན་པ་ ༡༩༥༥ལོར་དབུས་འགྱུར་ལྷ་ལྡན་དུ་ཕེབས་ཏེ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་མཁས་མང་བློ་ གསལ་བྱེ་བའི་གླིང་གྲྭ་ཚང་ཏྲེ་ཧོར་ཁམས་ཚན་དུ་ཆོས་ཞུགས་གནང་བོད་ས་མ་ཤོར་བར་སློབ་གཉེར་གནང་། དེ་ནས་༡༩༥༩ལོའི་དུས་འགྱུར་སྐབས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཏེ་གཞུང་ལུགས་སློབ་གཉེར་འཕྲོ་སྐྱོང་མུ་འཐུད་གནང་བཞིན་པའི་མུར།མདོ་སྔགས་ཆོས་སྤྱོད་ཀྱི་བྱ་རིམ་དང་།དབང་ལུང་མན་ངག་གསན་བཞེས།ཆོས་སྒར་གྱི་སྤྱི་བྱེའི་ལས་དོན་ལ་ཧུར་འབུངས་བཅས་མཚན་ཉིད་དང་ལྡན་པའི་གྲྭ་སའི་དགེ་འདུན་པ་ཞིག་གི་རྣམ་ཐར་རྒྱུན་འཁྱོངས་གནང་། ༡༩༦༩ལོར་སྦག་སའི་ཆོས་སྒར་ལྷོ་ཕྱོགས་གཞིས་སྒར་ཁག་ཏུ་སྤོས་སྐབས་འབྲས་སྤུངས་བློ་གླིང་ཁོངས་མོན་གོར་ཕེབས་ཏེ་མུ་ འཐུད་སློབ་གཉེར་གནང་ནས་༡༩༨༤ལོར་འབྲས་སྤུངས་ཆོས་སྒར་དུ་དགེ་བཤེས་ཀྱི་མཚན་རྟགས་བཞེས།དེ་ནས་ཐ་མ་ཉིན་ མཚན་ཀུན་ཏུ་ཉམས་སུ་ལེན་ཞེས་པའི་མན་ངག་ཉམས་བཞེས་ཀྱིས་བྱ་བྲལ་དུ་ཕེབས་རྒྱུའི་ཐུགས་ཐག་གཙང་གཅོད་གནང་ མཚམས།སྐྱབས་རྗེ་རྡོ་བུམ་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་བཀའ་གསུང་ལྡོག་མ་ནུས་ཤིང་།ཉིད་ཀྱིས་ཀྱང་འཕྲལ་ཕུགས་ཀྱི་ དགག་དགོས་རྒྱུ་མཚན་མང་པོ་ཞིག་ལ་གཟིགས་ནས་ཧོར་ཆོས་རྗེ་རིན་པོ་ཆེ་བསྟན་འཛིན་བློ་བཟང་དམ་ཆོས་མཆོག་གི་དགེ་ རྒན་གྱི་ཐུགས་འགན་བཞེས་ཏེ་ཆོས་ཕྱོགས་དང་།ཉིན་རེའི་བྱ་སྤྱོད་སྐོར་སོགས་སློབ་སྟོན་གྲོགས་དན་གྱི་ཐུགས་འཁུར་དཔྱིས་ ཕྱིན་པ་གནང་། ༡༩༩༥ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་སུའི་སི་རི་ཀོན་ཆོས་འཁོར་དགོན་གྱི་ མཁན་ཐོག་བཞི་པའི་མཁན་པོར་བསྐོ་བཞག་སྩལ་དོན་བཞིན་༡༩༩༦ལོ་ནས་མཁན་པོའི་ཐུགས་འཁུར་རྩིས་བཞེས་གནང་སྟེ་ དགོན་པའི་རྒྱུན་ལྡན་ཆོས་སྤྱོད་ཀྱི་ལས་དོན་སྤྱི་དང་།ཕྱི་མིར་ཆོསའཆད་སྤེལ།དེ་བཞིན་ཡུལ་འདིར་གནས་འཁོད་བོད་མི་རྣམསཀྱི་ཆོས་ཕྱོགས་ཀྱི་རེ་འདུན་སྐོང་ཐབས་སོགས་བསྟན་འགྲོའི་དོན་དུ་ལྷག་བསམ་རྨ་མེད་ཀྱིས་ཞབས་འདེབས་གནང་། ཕྱི་ལོ་༢༠༠༤ལོར་མཁན་པོའི་ལས་འཁུར་དགོངས་འཁྲོལ་བརྩེ་གཟིགས་ཡོང་བའི་ཞུ༧སྙན་ཕུལ་བར།གནས་སྐབས་རིང་མུ་ འཐུད་དགོན་པའི་མཁན་པོའི་མཚན་གནས་རང་འཇགས་སུ་བཞེས་ཏེ།འདོན་ཆ་ཆོ་ག་ཕྱག་ལེན་བྱེད་སྒོ་དང་།འཛིན་སྐྱོང་ བཅས་ཀྱི་ཐུགས་འགན་བཞེས་དགོས་བཀའ་ཕེབས་ལྟེ་འདི་ལོའི་བར་ལོ་༡༣ལྷག་རིང་ཞབས་འདེབས་ལྷག་བསམ་གཡོ་མེད་ཞུས། ༢༠༡༠ལོར་ད་ཆ་ལོ་ནའི་བབས་དང་བསྙེན་སྒྲུབ་ཅི་ནུས་འབད་འབུངས་ཞུ་འདུན་མཆོས་པའི་རྒྱུ་མཚན་དང་སྦྲགས་བསྐྱར་དུ་དགོངས་༧སྙན་ཕུལ་བ་ལྟར་དགོངས་འཁྲོལ་སྩལ་ཐོན་བཀའ་དྲིན་ཆེ་སྟེ་ཚེ་གཞུག་ཏུ་སྒྲུབ་པ་ཉམས་ལེན་ལ་གཞོལ་བཞིན་ལྷོད་བཞུགས་གནང་རྒྱུའི་ཐུགས་བཞེད་ཡོད་བཞིན་པའི་མུར།འདི་ལོའི་ཕྱི་ཟླ་བདུན་པ་ཡན་མན་ཙམ་ནས་སྐུ་ཁམས་མི་བདེ་བའི་ རྣམ་པ་ཇེ་མངོན་དུ་སོང་ཡང་ཞལ་འདོན་ཉམས་བཞེས་རྒྱུན་ལྡན་ལྟར་གནང་བཞིན་བཞུགས་ཤིང་།ཕྱི་ཚེས་༡༠ཉིན་སྨན་པས་ངག་བཀོད་ལྟར་ཕོ་བར་གཤགས་བཅོས་ཞུས་པ་གང་ལེགས་བྱུང་བའི་རྣམ་པ་མངོན་ཡང་།ཕྱི་ཚེས་༡༦ཉིན་སླར་ཡང་གཤགས་བཅོས་འཕར་མ་ཞིག་བྱ་དགོས་བྱུང་བ་དང་།དེ་ནས་བསྙུན་ཁམས་ཇེ་ལོད་ཀྱིས་འདི་ཟླའི་ཚེས་༡༩ཉིན་ཕྱི་དབུགས་ཀྱི་རྒྱུ་བ་ བསྡུས་ཏེ་གཞི་དུས་ཀྱི་ཆོས་སྐུ་མངོན་དུ་གྱུར། ཉིན་རེའི་ཞལ་འདོན་ཉམས་བཞེས་ལ་ཆ་མཚོན་ན།བླ་མའི་རྣལ་འབྱོར་སྔོན་དུ་བཏང་བའི་སྒོ་ནས་གསང་བདེ་འཇིགས་གསུམ་དང་།གསང་བདག་འཁོར་ཆེན།ནྭ་རོ་མཁའ་སྤྱོད།་སྒྲོལ་མ་བཅས་ཀྱི་བདག་བསྐྱེད་ཆག་མེད་ཐོག་དུས་སྐབས་འོས་འཚམས་གང་ཐོབ་དང་བསྟུན་ལྷག་པའི་ལྷ་དེ་དག་ཅི་རིགསས་ཀྱི་བསྙེན་པ་ཚད་ལྡན་སྐྱེལ་གནང་མཛད། མཛད་འཁུར་ཐད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱོགས་སུ་མི་ཡོད་པའི་དོན་སྒོ་ཚང་བ་བྱུང་ཡོད་ཅེས་དགོངས་༧སྙན་ཐེངས་དང་པོ་ཕུལ་སྐབས་དགྱེས་གསུང་གི་དབུགས་དབྱུང་སྩལ་ཡོད།