རྒྱ་ཡིག་གི་ ་་འཛམ་གླིང་གསར་གནས་དྲ་རྒྱ་ སོགས་དུ་མ་ཞིག་གིས་དབྱིན་ཡུལ་གྱི་ནོར་སྲིད་དུས་ཚོད”ཅེས་པའི་ཐོག་བཀོད་པའི་གནས་ཚུལ་ཞིག་གང་སར་ལུང་འདྲེན་བྱས་ཏེ་བཀོད་པ་ལྟར་ན། ཀྲུག་ཡོང་ཁང་གིས་རང་གི་གོ་གནས་རྩིས་སྤྲོད་བྱས་པ་དང་། དེ་དང་མཚུངས་སུ་ནང་ཁུལ་གྱི་ཚོགས་འདུའི་ནང་པའོ་ཞི་ལེ་ལ་སྲུང་སྐྱོབ་བྱས་པའི་སྐྱོན་ཆ་ངོས་ལེན་གནང་། ནོར་སྲིད་དུས་ཚོད་ཀྱིས་བརྗོད་པར། ཕྱི་ཚུལ་ལྟར་ན། ཀྲུག་ཡོང་ཁང་ནི་སྔ་བཞིན་དམར་ཤོག་དབུས་གཞུང་གི་སྲིད་ཁྲིམས་ཀྱི་མགོ་གཙོ་དང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་རེད། ཡིན་ནའང་། ཁོའི་ཉིན་རྒྱུན་གྱི་དབང་ཆ་དེ་ད་ལྟའི་བདེ་འཇགས་མགོ་གཙོ་མིན་ཅན་ཀྲུའུ་ལ་སྤྲད་ཡོད་པ་རེད་ཅེས་རྒྱ་གཞུང་གི་་མཐོ་རིམ་མི་སྣ་གསུམ་གྱིས་གནས་ཚུལ་ཕྱི་གྱར་བྱས་འདུག།
གནས་ཚུལ་ཤེས་མཁན་འདི་ཚོས་བརྗོད་དོན་ལྟར་ན། ཀྲུག་ཡོང་ཁང་གིས་དབང་ཆ་རྩིས་སྤྲོད་བྱེད་དགོས་དོན་གཙོ་བོ་ནི། ད་ལོའ་ཟླ་༣ དང་༤ པའི་མགོར་དམར་ཤོག་གཞུང་ནང་ཁུལ་དུ་པའོ་ཞི་ལེ་ཡི་གནད་དོན་ཐག་གཅོད་ལ་བརྒལ་ལན་བྱེད་སྐབས་ཀྲུག་ཡོང་ཁང་གིས་ཧུར་ཐག་དང་ཤུགས་ཆེན་པོས་པའོ་ཞི་ལེའི་དོན་དུ་སྐད་ཆ་བཤད་པས་ཡིན་འདུག པའོ་ཞི་ལེ་གོ་གནས་མ་གཡུག་པའི་སྔོན་ལ། ཕྱིའི་ལྟ་སྣང་ལ། ཀྲུག་ཡོང་ཁང་གི་ཚབ་ཆབ་སྲིད་ཅུའུ་ནང་ཁོ་པའི་རྒྱུན་ལས་རྗེས་སྐྱོང་བ་ཡིན་པ་རེད། ཡིན་ནའང་། ཁྲུང་ཆིན་གྱི་བདེ་སྲུང་མགོ་གཙོ་ཝང་ལི་ཅོན་ཨ་རིའི་དོན་གཅོད་ཁང་དུ་འཛུལ་བ་ནས། དེ་ནི་དམར་ཤོག་གི་ལོ་དུ་མའི་ནང་གི་ཆབ་སྲིད་ཉེན་ཚབ་ཆེ་ཤོས་ཤིག་གི་སྣ་འདྲེན་པར་ཆགས་པ་རེད། དེ་ལ་བརྟེན་ནས་པའོ་ཞི་ལེ་ཡི་བཟའ་ཟླ་ཀུ་ཁེ་ལེ་ཡང་དབྱིན་ཇི་ཚོང་པ་ཧེ་ཝུ་ཌི་ལྐོག་གསོད་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས། པའོ་ཞི་ལེ་ཡི་དོན་དག་གིས་རྒྱ་ནག་དམར་ཤོག་མཐོ་རིམ་མི་སྣའི་ནང་རང་ཉིད་སྒེར་གྱི་ཁེ་ཕན་ཆེད་བསམ་བློའི་ནང་ཕན་ཚུན་འགལ་ཟླ་ཡོད་པ་ཕྱིར་མངོན་བྱས་པ་ཡིན་ཚུལ་བརྗོད་འདུག
ནོར་སྲིད་དུས་ཚོད་ནང་བཀོད་གནས་ལྟར་ན། ད་ལོའི་དམངས་འཐུས་ཚོགས་ཆེན་ཐེངས༡༨ པ་མ་འཚོགས་སྔོན་ལ་མི་དམངས་ཀྱི་མིག་སྔར་ཀྲུག་ཡོང་ཁང་གི་གོ་གནས་མར་འབེབས་རྒྱུ་མིན་པ་དང་། དེ་སྐབས་ཁོ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུ་ཅིང་ཐའོ་དང་མཉམ་དུ་རྒན་གསོ་བྱ་རྒྱུ་ཡིན་པའི་ཚོད་དཔག་གནང་གི་འདུག
ནང་གནས་གསལ་པོར་ཤེས་མཁན་མགོ་ཁྲིད་ཅིག་གིས་བརྗོད་པ་ལྟར་ན། གལ་སྲིད་ཀྲུག་ཡོང་ཁང་གི་དབང་ཆ་ཡོངས་གྲགས་ཀྱིས་བླངས་པ་ཡིན་ན་。ཧ་ཅང་ཉེན་ཁ་ཆེན་པོ་ཡིན་པ་རེད། རྒྱུ་མཚན་ནི། ཁོ་ནི་སྲིད་ཁྲིམས་ཀྱི་མགོ་གཙོ་ཡིན་པས་ལམགོ་ཁྲིད་གཞན་པ་ཚོའི་ལོ་མང་པོའི་རིང་གི་གསང་དོན་ཉར་ཡོད་ཚུལ་བརྗོད་འདུག ཝུན་ཅ་པའོ་ཚུད་པའི་མགོ་ཁྲིད་སྐོར་ཞིག་ཆབ་སྲིད་ལ་སྒྱུར་བཅོས་བྱེད་འདོད་མཁན་ཡིན་ནའང་ཀྲུག་ཡོང་ཁང་ཐེ་བའི་མཁྲེགས་འཛིན་པ་སྐོར་ཞིག་དེ་ལ་ངོ་རྒོལ་བྱེད་མཁན་ཡིན་གནས་ཀྱང་འདུག
ད་ལྟའི་རྒྱ་ནག་གི་ཆེས་མཐོའི་མགོ་ཁྲིད་ནང་ཁུལ་གྱི་རྙོག་དྲ་དེ་དང་། ད་ལོའི་སྟོན་ཀ་འཚོགས་རྒྱུ་ཡིན་པའི་དམངས་འཐུས་ཚོགས་ཆེན། དེའི་སྐབས་ཀྱི་མགོ་ཁྲིད་བཅོས་སྒྲིག་ཆེན་པོའི་རྗེས་ཀྱི་རྒྱ་ནག་དམར་ཤོག་གཞུང་དེ་ཇི་འདྲ་ཞིག་ཆགས་རྒྱུ་ཡིན་པ་རེད། བཅོས་བསྒྱུར་གྱི་རེ་བ་ཕྲན་ཙམ་ཡོང་གི་རེད་དམ་ཡང་ན་སྔར་ལྟར་མཁྲེགས་པོ་བྱས་གནས་ཀྱི་རེད། ང་ཚོའི་ངོས་ནས་ད་ལྟ་ནས་རྔ་ལ་དཔག་པའི་འཆམ་འཁྲབ་རྒྱུ་ཡོད་པ་རེད་དམ།
དགོངས་དག འདིའི་ནང་གི་རྒྱ་ཡིག་འདི་ཚོ་མ་དགོས་པའི་ཐལ་བ་རྐྱང་རྐྱང་རེད། འདི་དག་ནོར་བཅོས་རྩ་ནས་གཏོང་ཤེས་ཀྱི་མི་འདུག རྩོམ་སྒྲིག་པ་ཞིག་ནས་བཅོས་རོགས་གནང་། ཐུགས་རྗེ་ཆེ།
དགེ་ལ་འདུན་པ་ཤིན་ཏུ་དཀའ།
འཚང་རྒྱ་བ་ནི་དེ་བས་དཀའ།
དེ་བཞིན་དབང་ཆ་ཐོབ་པ་དཀའ།
དབང་ཕྱིར་སྤྲོད་པ་ལྷག་ཏུ་དཀའ།
མུན་ནག་རྒྱ་ཡི་གནས་བབས་ལ།
ལོང་བས་གླང་ཆེན་དཔག་པ་ལྟར།
ཟེར་འགྲོས་གཡམ་ལ་རྒྱུགས་པའི་གཏམ།
ཞ་ར་གཡག་བཞིན་ཇི་དགར་སྤེལ།
དེ་བས་རྣམ་རྟོགས་ཉུང་བར་བགྱི།
དེ་བས་དོན་ལ་ལེགས་པར་སོམས།
སང་ཉིན་ཇི་བྱུང་མི་ཤེས་པར།
མ་འོངས་བ་ལ་ལུང་མ་བསྟན།
བགྱུ
འགྱུ
བསྒྱུར་མང་པོ་ཞིག་གི་ནང་ནས་
ད་རེས་ཡིག་བསྒྱུར་གསར་འགྱུར་འདི་ཡག་ཤོས
་ཆགས་འདུག་སྙམ།
རྫུན་གྱིས་བརྩིགས་པའི་རྒྱ་མཁར་སོབ་སོབ་འདི།།ནང་གྱོད་བཤད་གཏམ་ཞིག་གིས་འཇིགས་ལ་ཉེ།།
གཡོ་སྒྱུར་མཁས་པའི་རྒྱ་ཡི་མི་རིགས་འདི།།འཛམ་གླིང་གོ་ལའི་ཁྱོན་དུ་མེད་ན་བཟང་།།
བོད་ཡུལ་དམག་གི་བཟུངས་ནས་ལོ་ལྔ་བཅུ།།
བོད་ཡུལ་སྨག་གིས་བཟུངས་ནས་ལོ་ལྔ་བཅུ།།
བོད་ཡུལ་ཁྲག་གིས་སྦགས་ནས་ལོ་ལྔ་བཅུ།།
བོད་ཡུལ་བཙན་འཛུལ་བྱས་ནས་ལྔ་ལོ་བཅུ།།
བོད་མི་ཕྱི་ལ་ཤོར་ནས་ལོ་ལྔ་བཅུ།།
བོད་མིས་གཞིས་འགོ་བསྐྲུན་ནས་ལོ་ལྔ་བཅུ།།
བོད་མིས་སྲིད་གཞུང་བཙུགས་ནས་ལོ་ལྔ་བཅུ།།
བོད་འབིངས་མང་གཙོ་བསྒྱུར་ནས་ལོ་ལྔ་བཅུ།།
བོད་མིས་ཞི་བརྒོལ་བྱས་ནས་ལོ་ལྔ་བཅུ།།
བོད་མིས་གྱེན་བྱས་ནས་ལོ་ལྔ་བཅུ།།
བོད་མིས་ཐབས་བྱུས་བསྒྲུབ་ནས་ལོ་ལྔ་བཅུ།།
བོད་མིས་ལས་འཆར་བཟོས་ནས་ལོ་ལྔ་བཅུ།།
བོད་དོན་བརྒྱུད་བསྒྲགས་བྱས་ནས་ལོ་ལྔ་བཅུ།།
བོད་མི་ངོ་སྤྲོད་བྱས་ནས་ལོ་ལྔ་བཅུ།།
བོད་མིས་ནང་ཆོས་བཙོང་ནས་ལོ་ལྔ་བཅུ།།
བོད་མིའི་རིག་གཞུང་བཤད་ནས་ལོ་ལྔ་བཅུ།།
བོད་ཀྱི་ལོ་རྒྱུས་བསྒྲུབས་ནས་ལོ་ལྔ་བཅུ།།
བོད་ཀྱི་བདེན་པ་བརྩད་ནས་ལོ་ལྔ་བཅུ།།
བོད་དོན་རྒྱབ་སྐྱོར་བཙལ་ནས་ལོ་ལྔ་བཅུ།།
བོད་ཀྱི་རྒྱལ་ཁབ་ཤོར་ནས་ལོ་ལྔ་བཅུ།།
དགོངས་དག། དམངས་འཐུས་ཚོགས་ཆེན་ནོར། ཏང་འཐུས་ཚོགས་ཆེན་ལ་བཅོ་བར་བྱ།
དྲ་གྲོགས་ཚོ། ཉིན་འདི་ཚོར་ཁ་བརྡ་དྲ་བར་ལོ་མང་རིང་ཡོངས་ཁྱབ་བེད་སྤྱོད་བྱས་དང་བྱེད་ཀྱིན་པའི་ཁོ་བོའི་དྲ་མིང་༼མེ་༽ཞེས་པའི་མིང་ཐོག་ནས་མཆན་བུ་མང་དག་ཅིག་སྤེལ་གྱིན་འདུག་པས་དེ་ནི་ཁོ་བོ་ཤིས་ཚང་ལྗང་མྱུག་མིན་པ་དགོངས་འཇགས་འཚལ།
ཧཧཧཧཧ་་ཤིས་ཚང་ཟེར་མཁན་འདི་སུ་ཡིན་ནམ།
ཧམ་པ་ཆེ་སའི་འདུག༼མེ་༽ ཟེར་ན་ངའི་དྲ་མིང་ངམ་སྨྱུག་མིང་ཡིན།
ཁྱེད་རང་གིས་མེ་སྤེལ་བའི་མཆན་བུ་གཅིག་སྟོན་རྒྱུ་ཡོད་ན་ཆོག
ངས་མེ་འདི་༼མྱེ་༽ལ་བསྒྱུར་ཆོག
དེ་མིན་སུ་ཡང་ཁྱེད་ལ་ཡིད་ཆེས་རྒྱུ་མ་རེད་ལ
སྐད་ཆ་འདི་འདྲ་བཤད་ཆོག་པའི
་དབང་ཚད་ཡང་ཁྱེད་ལ་མེད་དོ།།
རྒྱ་རྒན་ཀྲིག་ཡུང་ཁང་ནི་བོད་དང་ཡུ་གུར་མི་རིགས་ཀྱི་ཞི་བའི་འཐབ་རྩོད་ལ་དྲག་གནོན་བྱེད་མཁན་གྱི་གཏེ་བོ་ཞིག་རེད། ལས་ད་ལྟ་བྱས་ན། ད་ལྟ་སྨིན་ཟེར་བ་ཅི་མ་བདེན། ད་ནི་རྒྱ་རྒན་ཀྲིག་གི་མགོ་ལ་རྒྱ་ནག་གི་ཉི་མ་དམར་པོ་བཟོད་དཀའ་བ་དེ་འཆར་གྱིན་ཡོད་པ་འདྲ།
ཝང་ལིས་ཅོན་གྱིས་པོ་ཞི་ལེ་ཁྲོམ་ལ་བཏོན།
པོ་ཞི་ལེས་ཀྲིག་ཡུང་ཁང་ཁྲོམ་ལ་བཏོན།
ཀྲིག་ཡུང་ཁང་གིས་ཅང་(ཅང་ཙེ་མེན་གྱི་ལྷག་འཕྲོ་རྣམས)ཚང་ཁྲོམ་ལ་བཏོན་ནས་གོ་གནས་འཕྲོག་རྩོད་ཀྱི་གཡུལ་སའི་ནང་ཧོ་ཝུན་གཉིས་ལ་གནས་སྐབས་རིང་ལྷང་འཇགས་ཀྱི་གོ་གནས་ཐོབ་པ་རེད།
རྟ་རྒན་ཐོག་གིས་བསད་ན་ཁྱི་རྒན་ལ་ཉི་མ་ཤར་ཟེར་བ་ལྟར་ཉི་མ་ངོ་མ་དེ་ཧུའུ་དང་ཝུན་མིན་པར་ཞི་ཅིན་ཕིང་གི་མགོ་ཐོག་ལ་སེར་གོར་རེ་ཤར་དང་འཆར་བཞིན་པ་རེད། གནས་ཚུལ་ཡོང་ཁུངས་དུ་མ་ཞིག་ལྟར་ན། ཀྲུག་ཡོང་ཁང་དང་པའོ་ཞི་ལེ་ཁོ་ཚོའི་ལྐོག་བྱུས་ངོ་མ་དེ་རྗེས་མ་ཞི་ཅིན་ཕིང་རྒྱ་ནག་གི་མགོ་གཙོ་ཆགས་པ་དང་ཁོ་པ་གོ་གནས་ནས་གཡུག་ཏེ་དེའི་ཚབ་པའོ་ཞི་ལེ་འཇོག་རྒྱུ་དེ་རེད།