(བོད་ཀྱི་དུས་བབ་ནས་བླངས། )
སྐུ་ཚབ་རྣམ་པ་ལྡི་ལིར་འབྱོར་མ་ཐག རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་གྲོས་མོལ་གྱི་སྒོ་མུ་མཐུད་ཕྱེ་ཡོད། ཡིན་ཡང་། བོད་ཐོག་གི་ཀྲུང་གོའི་བདག་དབང་ལ་གྲོས་མོལ་མེད་ཟེར།
འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཏུའུ་ཆེན་ལིན་གྱིས་གཟའ་ཟླ་བའི་ཉིན་ཞིན་ཧྭ་གསར་ཁང་ལ་བཤད་དོན། ཀྲུང་གོའི་མངའ་ཁོངས་དང་བདག་དབང་གི་སྐོར་ལ་གྲོས་མོལ་གཏན་ནས་མེད་ལ། འདིའི་ཐད་ནས་ཕྱིར་བཤོལ་ཅི་ཡང་མེད་ཟེར། (ཞིན་ཧྭ་གསར་ཁང་གི་གསར་འགྱུར་དེ་འདི་རུ་འདུག )
ཏུའུ་ཡིས་བཤད་དོན། བོད་ཆེན་པོ་ཟེར་བ་དང་ཚད་མཐོའི་རང་སྐྱོང་ཟེར་བ་དེས་ཀྲུང་གོའི་རྩ་ཁྲིམས་ལ་གཏོར་བཤིག་གཏོང་གི་ཡོད་ལ། གལ་སྲིད་ཏཱ་ལའི་བླ་མས་དགོས་འདུན་འདི་དག་གཏན་དུ་མཚམས་འཇོག་བྱས་པ་ཡིན་ན་གྲོས་མོལ་དང་འབྲེལ་བའི་རྨང་གཞི་ཞིག་ཡོད་སྲིད་པ་རེད་ཟེར།
ཁོས་མུ་མཐུད་དོན། ཏཱ་ལའི་བླ་མའི་ཕྱོགས་ནས་མུ་མཐུད་དེ་ཀྲུང་གོར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། གཞི་རྩའི་བརྩི་བཀུར་དང་ཡིད་ཆེས་ཙམ་ཡང་མི་སྟོན་ཚེ་འབྲེལ་མོལ་ལ་ཡར་རྒྱས་ཅི་ཡང་ཡོང་གི་མ་རེད་ཟེར། ཁོས་ད་དུང་། བོད་མི་རིགས་ཀྱིས་ཞི་བདེ་དང་བརྟན་ལྷིང་ལ་དགའ་མོས་བྱེད་གི་རེད། དེ་བས་ཁོང་ཚོར་བསླུ་བྲིད་གཏོང་བ་དང་ཁོང་ཚོའི་མངོན་འདོད་དང་མི་འཚམ་པའི་བྱ་སྤྱོད་སྤེལ་ན་ཕན་ཐོགས་ཡོད་པ་མ་རེད། དཀྲུགས་ཤིང་དང་ཞེ་འཁོན་གྱི་ལས་འགུལ་དེ་དག་ནི་ནམ་ཡང་མི་རྒྱལ་ལ། དེས་གྲོས་མོལ་ལ་འགོག་རྐྱེན་བཟོ་བ་དང་ཏཱ་ལའི་བླ་མ་དང་ཁོང་གི་རྗེས་མཇུག་པ་ཚོ་ཁེར་རྐྱང་ལ་གཏོང་གི་རེད་ཅེས་ཀྱང་ཟེར།
གོ་སོང་། དཀའ་ངལ་ཆེ་ཚོད་རེད།
ད་ལམ་ཁ་ཅི་ཞིག་འདེམས་རྒྱུ་ཡོད་དམ།
ང་ཚོའི་ཕྱོགས་ཀྱི་འདོད་ཚུལ་ཚིག་གཅིག་འདོན་ཡོད་ན་ངའི་རྣ་གཅིག་གཅོད་འཇོག་། ཚིག་གསུམ་ཕར་བཤད་ཐུབ་ཡོད་ན་ངའི་རྣ་གཉིས་ཀ་་གཅོད་གི་ཡིན་།
བོད་དེ། རྒྱ་མིས་རྒྱ་ནག་ལ་བདག་ཟེར། གུང་བྲན་ཏང་གིས་ཏང་ལ་བདག་ཟེར། ཀྲུང་གོས་ཀྲུང་གོ་ལ་བདག་ཟེར། རྒྱ་མི་ནི་སྡུག་ཤི་ཐེབ་ཚར། གུང་བྲན་ཏང་ནི་འཆི་དབུགས་ཆད་ནས་ནང་དབུགས་མ་ཆད་ཙམ་ཡིན་བསམས་བྱུང་ཡང་། ད་ཁོ་ཡང་ཤི་ནས་ཀྲུང་གོ་ཟེར་མཁན་འདོན་འདྲེ་ཅིག་ལ་སྐྱེས་ཡོད་བཟོ་འདུག་པས་བོད་རིགས་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་ཐབས་རྒྱ་ཇུས་སྟོང་སྟོན་རན་འདུག་གོ །
རྒྱ་མིས་གཞུང་གི་ལགས་འཁྱེར་ཁ་པར་རིན་མེད་དུ་བཀྲམ་གི་འདའ། དེས་དམིགས་ཡུལ་ནི་ཕྲུག་གུ་གི་རྩེད་མོ་རྩེད་བཞིན་འདྲ་པོ་འདའ་ གཤམ་ད྄ུ་ལྟོས་།
http://khorlam.wordpress.com/
བདག་དབང་ཟེར་བ་དེ་མི་རིགས་ཆུང་ངུ་ཚོར་དབང་སྒྱུར་བྱེད་མཁན་གྱི་མི་རིགས་ཆེན་པོ་ཚོའི་ཁ་ན་ཡོད་པའི་སྐད་ཆ་ཞིག་རེད་འདུག་ལ། བདག་དབང་ཁ་ན་ཡོད་པའི་མི་རིགས་ཆེན་པོ་ཞིག་ཡིན་ཕྱིན་མི་རིགས་དེའི་འོག་ན་མི་རིགས་འདྲ་མཉམ་ཟེར་བ་ཞིག་ཡོང་ཐུབ་ཐབས་ཁོ་རང་ཡོད་པ་མ་རེད།
མ་གཞི་བདག་དབང་ཟེར་དེ་དབང་སྒྱུར་མཁན་དག་གིས་མི་རིགས་ཉམ་ཆུང་དག་དབང་སྒྱུར་བྱེད་ཀྱི་ཚིག་ཅིག་རེད།
བདག་དབང་ཟེར་བའི་དྲང་བདེན་གྱི་ཁྲིམས་ཤིག་ཡོད་པ་ཡིན་ན་མི་རིགས་ཤིག་གི་བདག་དབང་དེ་མི་རིགས་རང་ལ་ཡོད་དགོས་པ་ལས་མི་རིགས་གཞན་ཞིག་ལ་དེའི་བདག་དབང་ཡོད་ཟེར་ན་དེ་ནི་དྲང་བདེན་གྱི་ཁྲིམས་ཤིག་མ་ཡིན་པར་གཞན་མི་རིགས་ཀྱི་ཐོབ་དབང་ལ་བརྩི་མེད་རྡོལ་རོལ་བྱེད་པའི་གོ་དོན་དངོས་སུ་ལྡན་པའི་ཁྲིམས་འགལ་གྱི་ཚིག་ཅིག་དང་། མི་རིགས་བཙན་གནོན་གྱི་ཚིག་ཅིག་རེད།