ཤར་ཕྱོགས་ཁུག་རྟ།
༢༠༠༨ ཟླ་༡༡ ཚེས་༡༠ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་གོ་སྒྲིག་འོག་གསར་འགོད་ལྷན་ཚོགས་སྐོང་བའི་ཐོག སྐབས་དེའི་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་ནས། “ཏིན་ཞའོ་ཕེན་གྱིས་བོད་རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་ཆོག་ཅེས་གསུངས་ཟེར་པ་དེ་བདེན་པ་མ་རེད། བློ་མཐུན་ཏིན་ཞའོ་ཕེན་གྱིས་བཀའ་མོལ་དེ་འདྲ་གསུངས་མྱོང་མེད། རྒྱ་རིས་རྫུན་བཤད་པ་དེ་བློ་མཐུན་ཏིན་ཞའོ་ཕེན་གྱི་བཀའ་མོལ་ལ་འཁྱོག་བཤད་ཧ་ཅང་ཆེན་པོ་བྱས་པ་ཞིག་ཡིན་”ཞེས་བཤད་པས།
སྐབས་དེར་ཕྱོགས་འདྲ་མིན་ནས་ཀྲུའུ་ཝེ་ཆོན་གྱི་བཟི་གཏམ་དེར་དགག་རྒྱག་ཚ་ནན་བྱས་ཤིང། བཤད་སྟངས་དེས་ཁོང་ནི་ལས་ཀ་རླབས་ཆེན་པོ་བྱེད་ནུས་མཁན་དང། མི་མང་གི་བློ་གཏོད་བྱེད་ཡུལ་དང། མི་མང་གི་བདེ་སྡུག་མཁྱེན་པའི་དབུ་ཁྲིད་ཚད་ལྡན་ཞིག་ཆགས་མི་ཐུབ་སྐོར་དཔྱད་གཏམ་པ་མང་པོས་སྡོམ་ཚིག་བཀོད་འདུག
༢༠༠༨ ཟླ ༡༡ ཚེས ༡༩ ཉིན་རེས་གཟའ་ལྷག་པའི་ཕྱེད་ཡོལ་ཆུ་ཚོད་གསུམ་པའི་སྟེང་བཀའ་ཤག་གི་མཇལ་འཕྲད་ཁང་དུ། སྐུའི་གཅེན་པོ་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་དང་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གཉིས་ནས་གསར་འགོད་ལྷན་ཚོགས་ཤིག་སྐོང་བའི་ཐོག རྒྱལ་ལོ་དོན་གྲུབ་ལགས་ནས། ”ཀྲུའུ་ཝེ་ཆོན་ནས་གསར་འགོད་པར་དེ་ལྟར་ལན་གནང་བར་ང་ཧང་སངས་བྱུང། ལོ་རྒྱུས་དེབ་ཐེར་ནང་གནས་ཆེད་རྒྱལ་སྤྱིའི་གསར་འགོད་པ་ཚོར་ཞུ་རྒྱུར། ཕྱི་ལོ་༡༩༧༩ ལོར་ང་རྒྱ་ནག་ཏུ་ཐོག་མ་འགྲོ་སྐབས་ཟླ ༣ ཚེས ༡༢ ཉིན་དབུ་ཁྲིད་ཏིན་ཞའོ་ཕེན་ལ་མཇལ་འཕྲད་ཞུས་པ་ཡིན། དེ་སྐབས་ཁོང་གིས་བོད་རང་བཙན་མ་གཏོགས་གཞན་དོན་གཞན་ཚང་མ་གྲོས་བསྡུར་གྱི་ལམ་ནས་ཐག་གཅོད་བྱེད་ཆོག་ཅེས་གསུངས་བྱུང། ”ཞེས་ལན་འདེབས་གནང་འདུག དེའི་རྗེས་རྒྱ་ཕྱོགས་ནས་བཏོན་པའི་ཚགས་དེབ་རེ་འགར་དེའི་གནས་ཚུལ་ཐོན་ཡོད་ནའང། གཞུང་ཕྱོགས་ཡིག་ཆ་གལ་ཆེའི་ནང་སྐུ་ཞབས་ཏིན་ཞའོ་ཕེན་གྱིས་རྒྱལ་ལོ་དོན་གྲུབ་ལ་དེའི་སྐོར་གསུངས་ཚུལ་གསལ་བའི་གནས་ཚུལ་ད་བར་ཐོན་མེད།
ཟླ་འདིའི་ཕྱི་ཚེས ༡༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༡།༤༨ སྟེང་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་དྲ་བར་སྤེལ་བའི་རྒྱབ་ཤ་དཀར་པོ་ཟེར་བའི་ཤོག་ངོས་ལྔ་བའི་དུམ་བུ་བཅུ་བཞིའི་ཐིག་ཕྲེང་གཉིས་པར། 1979年2月,中国领导人邓小平在接见十四世达赖的二哥嘉乐顿珠时就达赖回国问题指出,“西藏是中国的一部分,他们回国只能作为内部问题来谈,不能作为国家与国家对话,这是根本问题”。༡༩༧༩ ཟླ ༢ ནང། ཀྲུང་གོའི་དབུ་ཁྲིད་ཏིན་ཞའོ་ཕེན་གྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་གཅེན་པོ་གཉིས་པ་རྒྱལ་ལོ་དོན་གྲུབ་དང་ཐུག་འཕྲད་སྐབས། ཏཱ་ལའི་བླ་མ་རྒྱལ་ནང་དུ་ལོག་ཕྱོགས་སྐོར་བསྟན་དོན། བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་རེད། ཏཱ་ལའི་བླ་མའི་ཕྱོགས་རྒྱལ་ནང་དུ་ལོག་རྒྱུའི་སྐོར་ནི་ངེས་བར་དུ་ནང་སྲིད་ཀྱི་གནད་དོན་གྱི་ཁོངས་ནས་གླེང་བ་ལས། རྒྱལ་ཁབ་དང་རྒྱལ་ཁབ་བར་སྐད་ཆ་བཤད་པ་ལྟར་ཡོང་ཐུབ་མེད། འདི་ནི་གཞི་རྩའི་གནད་དོན་རེད། ཅེས་གསུངས་པ་གསལ་འདུག་པས། གཞུང་འཛིན་གསར་པས་ཀྲུའུ་ཝེ་ཆོན་གྱི་དེ་སྔའི་བཀའ་མོལ་དེ་ཁུངས་མེད་ཡིན་པ་གཞུང་འབྲེལ་ཐོག་ལན་འདེབས་གསལ་བོ་བྱས་འདུག་པ་མ་ཟད། སྐུ་ཞབས་ཏིན་ཞའོ་ཕེིན་དང་རྒྱལ་ལོ་དོན་གྲུབ་ཀྱི་མཇལ་འཕྲད་ལ་གདེང་འཇོག་གནང་བ་ཞིག་ཀྱང་རེད།
མི་རྣམས་ཀྲུའུ་ཝེ་ཆོན་གྱི་གནང་ཕྱོགས་སྤྱི་ལ་དོགས་པ་ཇེ་ཆེར་གྱུར་ཞིང། སྐུ་ཞབས་འབའ་བ་ཕུན་ཚོགས་དབང་རྒྱལ་གྱིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་བྱེད་ཕྱོགས་དང། ཆེས་མཐོའི་དཔོན་རིགས་མཁྲེགས་འཛིན་ཅན་མང་པོས་རྒྱ་བོད་མི་རིགས་གཉིས་ཀྱི་མདུན་ལམ་མུན་ནག་ཏུ་བསྒྱུར་བཞིན་པར་ཐུགས་འཚབ་དང། སྐྱོན་བརྗོད། ལམ་སྟོན་གནང་བ་བཅས་ནི་དེ་བས་ཀྱང་ཡང་དག་པ་དང། རྒྱལ་ཁབ་ལ་ཕན་པ། མི་མང་ལ་ཕན་པ་ཞིག་ཡིན་པ་ར་སྤྲོད་གསལ་བོ་བྱུང་བ་རེད་སྙམ་པས། སྐུ་འཚོ་བཞུགས་ཡིན་པའི་ཀྲུའུ་ཝེ་ཆོན་ནས་རང་གི་དབུ་ཁྲིད་ཀྱི་རྒྱལ་ཁབ་ཀྱི་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད་པའི་གལ་ཆེའི་གསུང་ལ་རྩིས་མེད་བྱས་པ་དང། བོད་མི་མང་གི་བདེ་སྡུག་ལ་སྣང་མེད་མཐོང་ཆུང་བཏང་བ་བཅས་ལ་དགོངས་སེལ་ཞུས་ཏེ། ཚེ་མཇུག་ལོ་རྒྱུས་ནང་ནག་ཉེས་མི་འཇོག་པའི་བྱ་བཞག་ཅིག་སྒྲུབ་རྒྱུའི་ལྷག་བསམ་བསྐྱེད་པ་ཡིན་ན་ཅི་མ་རུང།
ཏིན་ཞའོ་ཕིན་གྱིས་རྒྱལ་ལོ་དོན་གྲུབ་མཆོག་ལ་གསུངས་པའི་བཀའ་མོལ་འདི་ནི། ༧གོང་ས་མཆོག་གིས་ ༡༩༧༩ གོང་དབུ་མའི་ལམ་གྱི་རྨང་གཞི་བརྟན་པོར་འདིངས་ཕྱོགས་སྤྱི་དང། བྱེ་བྲག ༡༩༧༨ ལོའི་གསུམ་དུས་གསུང་འཕྲིན་ནང་”ལྷག་ཏུ་བོད་མི་ཕྱི་རྒྱལ་དུ་ཡོང་འདོད་ཡོད་མཁན་རྣམས་ཕྱི་རྒྱལ་དུ་ཡོང། རང་གི་ཕ་མ་སྤུན་གྲོགས་འདྲ་ཡོད་ན་ཐུག་འཕྲད་བྱས། དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་བོད་མི་བོད་ནང་དུ་ལྟ་སྐོར་ལ་འགྲོ་འདོད་ཡོད་མཁན་རྣམས་ལའང་དེ་ལྟ་བུའི་གོ་སྐབས་ཤིག་བྱུང་ན། བོད་ནང་གི་གནས་ཚུལ་དོན་དམ་གསལ་རྟོགས་ཡིད་ཆེས་ངེས་རྙེད་ཐུབ་རྒྱུ་མ་ཟད། དེ་ནི་འགྲོ་བ་མིའི་རིགས་ཀྱི་ཡ་རབས་སྤྱོད་བཟང་དང་འོས་བབ་ཡོད་པ་ཞིག་དང། ཐོབ་ཐང་ཡོད་པ་ཞིག ལག་ལེན་བྱེད་ཐུབ་པ་ཞིག་རེད། རྒྱ་ཕྱོགས་ནས་དེ་ལྟར་མི་བྱེད་པར་དྲིལ་བསྒྲགས་ཁོ་ནའི་ཐོག་ནས་བོད་མི་རྣམས་བོད་དུ་ཕྱིར་ལོག་དགོས་པའི་འབོད་སྐུལ་བྱེད་དོན་གང་ཡིན་ནམ”ཞེས་ཕེབས་པར་བརྟེན། ཏིན་ཞའོ་ཕེན་གྱིས་ཚུར་བསྟུན་མར་ནན་ཏན་གྱིས་འབྲེལ་བ་གནང་སྟེ་སྐུའི་གཅེན་པོ་ངོ་མཇལ་སྐབས་གསུངས་པ་ཞིག་ཡིན།།
གཞན། ཞིས་ཅིན་ཕིན་གྱི་གཞུང་ཐུགས་བྲེལ་ཆེ་པས་ཡིན་ནམ། ངྷ་རམ་ས་ལའི་ཕོ་བྲང་སྔོན་པོ་ན། སེང་གེ་གཉིད་ལོག་ཅིག་འདུག་ཅེས་སྐད་གྲགས་ཆགས་བཞིན་པའི་སྐབས། རྒྱབ་ཤ་དཀར་པོའི་དེབ་ཅིག་ཐོན་པ་འདི་ལ། ཕོ་བྲང་སྔོན་པོའི་བཀའ་ཤག་ལྷན་རྒྱས་ནས་ལན་འདེབས་ཚད་ལྡན་ཞིག་གནང་རྒྱུའི་རེ་བའང་ཞོར་དུ་ཞུ་བ་ཡིན་ནོ།། དབུ་མའི་ལམ་རྒྱལ་ལོ།།
༢༠༡༥། ༤། ༢༩། ཉིན།
རྒྱབ་ཤ་དཀར་པོ་རྒྱ་ཡིག་སྟེང་འདིར་གསལ།
རྒྱ་ནག་གཞུང་གིས་ཡོངས་བསྒྲགས་བྱས་ཟིན་པ་ནི་དཔོན་རིགས་ལྟ་བ་མཁྲེགས་འཛིན་ཅན་གྱི་ཕྱོགས་ཁག་དང་ལྟ་བ་གུ་ཡངས་ཅན་གྱི་ཕྱོགས་ཁག་ཟེར་བ་གཉིས་མེད་ཅེས་བསྒྲགས་ཟིན་པ་རེད། ཏང་ཀྲུང་དབྱངས་ཀྱིས་ངོས་ནས་སྔ་ཕྱི་བར་དུ་ཏྭ་ལའི་བླ་མ་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གང་ཡང་མེད་ཅེས་བསྒྲགས་པ་རེད།་་་གཅིག་རེད། ཀྲུའུ་ཝན་ཆིན་གྱི་སྐད་ཆ་དེ་དག་རྒྱ་ནག་གཞུང་འབྲེལ་གྱི་སྐད་ཆ་རེད། ཏང་གི་ལངས་ཕྱོགས་རེད།
གཉིས་པ། 《༡༩༧༩ ཟླ ༢ ནང། ཀྲུང་གོའི་དབུ་ཁྲིད་ཏིན་ཞའོ་ཕེན་གྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་གཅེན་པོ་གཉིས་པ་རྒྱལ་ལོ་དོན་གྲུབ་དང་ཐུག་འཕྲད་སྐབས། ཏཱ་ལའི་བླ་མ་རྒྱལ་ནང་དུ་ལོག་ཕྱོགས་སྐོར་བསྟན་དོན། བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་རེད། ཏཱ་ལའི་བླ་མའི་ཕྱོགས་རྒྱལ་ནང་དུ་ལོག་རྒྱུའི་སྐོར་ནི་ངེས་བར་དུ་ནང་སྲིད་ཀྱི་གནད་དོན་གྱི་ཁོངས་ནས་གླེང་བ་ལས། རྒྱལ་ཁབ་དང་རྒྱལ་ཁབ་བར་སྐད་ཆ་བཤད་པ་ལྟར་ཡོང་ཐུབ་མེད། འདི་ནི་གཞི་རྩའི་གནད་དོན་རེད།》ཅེས་པའི་སྐད་ཆ་འདིས་རྒྱ་ལོ་དཀར་འདོན་ཇི་ལྟར་བྱས་པ་རེད་དམ།་་ཧཧཧ
བོད་རྒྱ་ནག་གི་ཆ་ཤས་རེད། ཏྭ་ལའི་བླ་མ་རྒྱལ་ནང་དུ་ལོག་རྒྱའི་སྐོར། བོད་རྒྱའི་བར་གྱི་གནད་དོན་ནི་ནང་སྲིད་ཡིན་ལབ་པ་འདིས་རང་བཙན་མིན་པ་ཐམས་ཅད་གྲོས་མོལ་བྱེད་ཆོག་ཟེར་གི་ཡོད་པ་ཨེ་རེད། དབུ་མའི་ལམ་པ་ཚོས་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་ཁས་ལེན་གྱི་ཡོད་པ་ཨེ་རེད།
སོ་སོས་སོ་སོར་མགོ་སྐོར་གཏོང་ཡ་འདྲ་ཞིག་བཤད་བསྡད་ན་ག་རེ་ཕན་ནམ། ཀྲུང་དབྱངས་གིས་རྒྱ་ལོ་དཀར་འདོན་བྱས་ཡོད་ན་བོད་རང་བཙན་མིན་པ་ཐམས་ཅད་གྲོས་མོལ་བྱེད་ནས་ཐག་གཅོད་བྱོས་དང་། དབུ་མའི་ལམ་ལ་ངོས་ལེན་བྱེད་ཀྱི་མིན་ཞེས་རྒྱ་གཞུང་གིས་གསལ་གསལ་དག་དག་བཤད་ཚར་སོང་བ། འོན་པ་མིན་ན་ཐོས་ཚོད་དང་། ལོང་བ་མིན་ན་མཐོང་ཚོད་ཡིན།
ཕོ་བྲང་སྔོན་པོ་ཡིན་ན་ཅིག་བཤད་འོང་བཞིན་འདུག་ག ཕོ་བྲང་སྔོན་པོ་ཟེར་ན་ཅི་རེད་དམ། བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཏུ་ཕོ་བྲང་དམར་པོ་བོད་ཀྱི་རྒྱལ་ཁང་རེད། གཡུ་རལ་སྔོན་པོ་བོད་ཀྱི་གངས་སེང་རེད། དེང་སང་ཕོ་བྲང་སྔོན་པོའི་ནང་དུ་རལ་པ་དམར་པོ་ཅན་གྱི་སེང་གེ་ཕྲེང་མ་ཁུར་མཁན་ཞིག་གཉིད་ཞལ་བསྡད་ཡོད་པ་ཡིན་ན་དབུ་མའི་སེང་གེ་ཡིན་གྱི་རེད་བ་་་་ཧཧཧཧ
དབུ་མའི་ལམ་ལ་འགྲོ་མཁན་ཚོ་འདི་འདྲའི་འུ་ཐུག་ཐབས་ཟད་རྐྱང་ཡིན་པ་ད་རེས་མ་གཏོགས་ཧ་གོ་མ་སོང་། ཏིན་ཞའོ་ཕེན་གྱིས་བོད་རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་ཆོག་ཟེར་བ་དང་། བོད་ནི་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་གཉིས་ཀྱི་ཁྱད་པར་ནི་ཁ་ནམ་མཁའ་གཏད་ནས་གཅིན་བཏང་པ་དང་ཁ་ས་ལ་འཁོར་ནས་གཅིན་བཏང་པ་ལྟ་བུའོ། དབུ་མའི་ལམ་ཚར་ཤག ཡང་སྲིད་ལ་བདག་པོ་ཡག་པོ་ཞིག་རྒྱག་ཐུབ་མིན་ཡང་དོགས་པ་རེད་དོ།
ངས་ཆེད་རྩོམ་འདི་དང་། མཆན་བུའི་གོ་དོན་ཤེས་མ་སོང་། ད་དུང་གསལ་ཙམ་གསུངས་རོགས་གནོངས་དང་།
ཤར་ཕྱོགས་ཁ་ཏས་ལག་པ་འཇུ་ས་དང་ཡིད་ཆེས་བྱེད་ཡུལ་མེད་པའི་སྐད་ཆ་རྙིང་པ་ཞིག་ལ་བློ་མཐུན་ཀ་བློ་དང་ཅོ་རི་མིང་ཅན་གཉིས་ཀྱིས་ཚོར་བ་དྲག་པོས་མཆན་བཏབས་པ་དག་བྱིས་པ་བཞད་གད་ཀྱི་གནད་ལས་ཅིའང་མ་མཐོང་སྟེ། ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་རྩ་ཁྲིམས་ཡིག་ཐོག་བཀོད་པ་རྣམས་རང་གིས་ལག་བསྟར་བྱེད་བཞིན་མེད་ན། ཇག་རྒན་ལག་དམར་བ་ཏིན་གྱིས་ངག་ཐོག་སྐད་ཆ་ལ་དཔྱོད་ལྡན་སུས་ཚད་འཛིན་བྱེད་དམ། དབུ་མའི་ལམ་གྱི་སྲིད་བྱུས་ནི། གུང་ཁྲན་གྱི་རྩ་ཁྲིམས་ལས་འགལ་མེད་ཀྱང་། ཏང་གིས་ཡ་ལན་མ་བྱས་པར་བརྟག་ན། དམར་པོའི་ལྟ་བ་རྒྱུན་འཁྱོང་མི་ཐུབ་ཅིང་། ཐོར་གཞིག་འགྲོ་རྒྱུའི་སྔ་ལྟས་ཡིན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལག་སྟར་ཇི་ལྟར་བྱེད་མིན་ཏང་གི་དབང་ཆ་ཡིན་པ་རེད། མ་གཏོགས་དམངས་གཙོའི་རིང་ལུགས་པ་ཚོས་ཏང་ཀྲུང་དབྱངས་གཞུང་གི་རྩ་ཁྲིམས་ལག་སྟར་བྱེད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱེད་པའི་དབང་ཆ་མེད་པ་རེད།
དམ་ཆོས་འདུལ་བའི་བཅའ་ཁྲིམས་ཇི་ལྟར་ལག་ལེན་སྟར་མིན་ཤཀྱའི་དགེ་སློང་ཚོའི་དབང་ཆ་ཡིན་པ་རེད། མ་གཏོགས་རྒྱ་གྲོང་ནང་གི་མི་སྐྱ་ཚོས་ཤཀྱའི་དགེ་སློང་ལ་འདུལ་ཁྲིམས་བཤད་པའི་དབང་ཆ་མེད་པ་རེད། ཤཀྱའི་དགེ་སློང་ཚོས་འདུལ་ཁྲིམས་ལག་ལེན་ཅི་ཙམ་སྟར་གྱི་ཡོད་པ་དེ་ཙམ་གུན་ཁྲན་ཏང་ཡ་ཚོས་ཡང་ཀྲུང་གོའི་རྩ་ཁྲིམས་ལག་ལེན་སྟར་གྱི་ཡོད་པ་རེད།
གུན་ཁྲན་ཏང་ལ་ཀྲུང་གོའི་རྩ་ཁྲིམས་འཆད་མཁནདང་། ཤཀྱའི་དགེ་སློང་ལ་འདུལ་ཁྲིམས་འཆད་མཁན། སྤྱན་རས་གཟིགས་ལ་མ་ཎིའི་ལུང་གནང་མཁན་གྱི་མི་དེ་དག་ནི་སེམས་པ་ཐང་ཐང་མེད་པའི་མྱི་ཡིན་པ་རེད།
གོ་བརྡ་འཕྲོད་དཀའ་བའི་དབུ་མའི་ལམ་དེ་བཙན་བྱོལ་ནང་མགོ་ཚོས་མཁན་གཅིག་ཡོད་པ་ནི་ཤར་ཕྱོགས་ཁ་ཏྭའོ།
ཇག་རྒན་ཏིན་གྱི་ངག་ཐོག་གི་སྐད་ཆ་ལ་དཔྱོད་ལྡན་ཏ་ལའི་བླ་མ་དང་རྒྱ་ལོ་སོགས་ཀྱིས་ཡེ་ཤེས་དབྱིངས་དཔྱད་བྱས་ནས་དབུ་མའི་ལམ་ཟེར་བ་དེ་གཏན་འབེབས་བྱས་པ་ཞིག་ཡིན་པ་རེད། ཇག་རྒན་ལག་དམར་བ་ཏིན་གྱི་ངག་ཐོག་སྐད་ཆ་ལ་བདག་པོ་བརྒྱབ་མཁན་གྱི་དཔྱོད་ལྡན་དབུ་མའི་ལམ་པ་ཚོ་ཡིན་པ་རེད།་་་་ཧཧཧཧཧ ཁུ་བྱུག་ཁ་ཏའི་མཆུ་ཐོ་ཅན་ལགས།
དྲང་མོར་བཤད་ན། སྐུ་ངོ་རྒྱལ་ལོ་ཚང་ཡང་དེ་ཙམ་གྱིས་ཡིད་སྟོན་འཕེར་བའི་མི་ཞིག་མིན་པ་འདྲ། དེ་སྔོན། འཇུ་ཆེན་ཐུབ་བསྟན་གཙོ་འགྱུར་གྱི་སྐུ་ཚབ་ཚོགས་པ་བོད་དུ་འགྲོ་སྐབས། བོད་རྒྱའི་བར་དུ་དོན་ཚན་ལྔ་ཅན་གྱི་བརྗོད་གཞི་ཞིག་སྔོན་ཚུད་ནས་ཡོད་པ་འདྲ། འོན་ཀྱང་། སྐུ་ཚབ་ཚོགས་པ་རྒྱ་ནག་ཏུ་འབྱོར་ནས་རྒྱ་ཕྱོགས་ནས་གནད་དོན་དེ་གླེང་སྐབས། ཁོང་ཚོ་སུ་ཞིག་གིས་ཀྱང་གནད་དོན་དེ་རིགས་ཡོད་པ་ཤེས་ཀྱི་མེད་ལུགས། སྐུ་ངོ་འཇུ་ཆེན་གྱིས་ཡུ་ཀྲུབ་ནང་གསལ་པོ་གསུངས་འདུག དེའི་འབྱུང་རྐྱེན་གཙོ་བོ་ཡང་རྒྱལ་ལོས་གནས་ཚུལ་ཇི་བཞིན་༧གོང་ས་མཆཽག་དང་འབྲེལ་ཡོད་གྲོས་མོལ་གནང་བར་ཕེབས་མཁན་ཚོར་རྒྱུད་སྤྲོད་བྱས་མེད་ལུགས་གསུངས་འདུག གཉིས་ཐད་ནས། ཉེན་སྔོན་མཐོན་པའི་རྒྱལ་ལོའི་དེབ་གསར་ནང་། ཚ་རོང་ལ་མ་ཉེས་ཁག་གཡོག་གི་སྐད་ཆ་ཐལ་ཆ་ཅན་མང་པོ་ཞིག་བཤད་ཡོད་པ་འདྲ། དེའི་དབང་གིས་ཚ་རོང་དཔལ་འབྱོར་གྱིས། འགག་ལན་ཚ་ཐག་གཅོད་གཅིག་རྒྱབ་འདུག གང་ལྟར། ཆུ་སྒང་གི་བརྩོད་སྙོག ཚོགས་ཁག་བཅུ་གསུམ། བོད་གཞུང་གི་གསེར་དངུལ་དང་འབྲེལ་བའི་བརྩོད་སྙོག སོགས་གང་ལ་གཞིགས་ཀྱང་སྐུ་ངོ་རྒྱལ་ལོས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཕན་ཐོགས་པ་ལས་གནོད་སྐྱེལ་བ་མང་བ་ཡོད་པ་ནི་བརྗོད་མི་དགོས་པ་ལྟ་བུ་འདུག་ཀ ཚ་རོང་ཚང་གིས་རྒྱལ་ལོར་བཏབ་པའི་འགག་ལན་འདིར་འདུག http://www.phayul.com/news/article.aspx?c=4&t=1&id=35978&article=A+Factual+Account+of+the+Tibetan+Government%E2%80%99s+Gold+and+Silver
ཨ་ཁ་དཀར་འདོན་དང་གང་ཞིག་ནག་འདོན་ཡིན་ཟེར་ན་འདྲ་ཆེ
xxསྣང་སྐྱིད་ཀྱི་སྐད་ཆ་རང་རེད་འདུག
རྒྱ་ལོ་དོན་གྲུབ་ལགས་སུ་བློས་འཁེལ་ཐུབ་ཀྱི་མིན་འདུག
ཀྲུ་ཝུན་ཆུན་ལ་བློས་འཁེལ་ཐུབ་ཀྱི་མིན་འདུག
རྒྱ་རི་ལ་བློས་འཁེལ་ཐུབ་ཀྱི་མིན་འདུག
རྒྱ་ནག་གཞུང་ལ་བློས་འཁེལ་ཐུབ་ཀྱི་མིན་འདུག
རྒྱབ་ཤ་དཀར་པོར་བློས་འཁེལ་ཐུབ་ཀྱི་མིན་འདུག
དབུ་མའི་ལམ་ལ་བློས་འཁེལ་ཐུབ་ཀྱི་མིན་འདུག
ཤར་ཕྱོགས་ཁུག་རྟ་ལ་བློས་འཁེལ་ཐུབ་ཀྱི་མིན་འདུག
ང་རང་བློས་འཁེལ་ཐུབ་ཡུལ་འདི་དབང་དང་རྒྱུ་རེད།
དབང་ཡོད་ན་བདེན་པ་བཟོ་ཐུབ་ཀྱི་འདུག
རྒྱུ་ཡོད་ན་བདེན་པ་ཉོ་ཐུབ་ཀྱི་འདུག
དེར་རྟེན། ཡང་ན་རྡུལ་ཕྲན་ཚོན་ཆ་དགོས། དེ་ནས་དངུལ་དགོས།
རྒྱ་ནག་ལ་གཉིས་ཀ་ཡོད་དུས། གནས་སྐབས་ཁོང་ཚོའི་འོག་ལ་མ་སྡོད་རང་སྡོད་རེད།
རྣམ་པ་ཚོས་བསམ་ཚུལ་ལྷུག་བརྗོད་བྱས་པ་དགའ་བསུ་ཞུ། དོན་དག་རང་སྟེང་ལ་མཛུབ་མོ་བཙུགས་ནས་བགྲོ་གླེང་གནང་རྒྱུར་དེ་བས་དགའ་བསུ་ཞུ་བ་ཡིན།
གཞན་ས་དབང་ཆེན་མོའི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་དེབ་ཀྱི་སྐོར་ལ་བཀའ་མོལ་གནང་མཁན་ཚོས་དེབ་དེ་བཀླགས་རྗེས་སྐད་ཆ་བཤད་རོགས། བཀླགས་ཡོད་ན། རྒྱུ་མཚན་དྲངས་ནས་སྐྱོན་བརྗོད་གནང་རོགས། མི་གསོན་པོ་ད་དུང་བཞུགས་བཞུགས་པ་རེད། བོད་ཀྱི་གཏམ་དཔེར། བུ་ཧྲ་༼ བཟང༽ན་གཅིག་གིས་ཆོག ཟེར་བ་ལྟར། སྐུ་ངོ་རྒྱལ་ལོའི་དེབ་དེ་ཨིན་ཡིག་གཅིག་པུར་པར་བསྐྲུན་གྲུབ་སྟེ། ཡོངས་འགྲེམས་ཀྱང་བྱས་མེད་པའི་སྐབས་འདིར། བོད་པའི་སྤྱི་ཚོགས་ཕར་ཞོག ཕྱིའི་སྤྱི་ཚོགས་དང་མཁས་པའི་ཁྲོད་དོ་སྣང་གླེང་སློང་ཤུགས་ཆེན་ཡོང་བཞིན་པ་འདི་ནི། ཁོང་གི་ལོ་རྒྱུས་ཤི་བོ་མིན་པའི་རྟགས་རེད། སྐུ་ངོས་ཤོག་སྙིགས་ཀྱི་ཁ་སྣོན་ཞིག་འབྲི་གི་མ་རེད་ལ། ཆོལ་ཁའི་བར་ཕུ་དཀྲུགས་མདའ་དཀྲུགས་རྒྱག་སྤྱད། ཡང་ན་གཞུང་གི་ལས་སྣེ་ཡིན་སྐབས་ཀྱི་གཞུང་འབྲེལ་གནང་སྒོ་དང་འབྲེལ་བའི་ཡིག་ཆ་ཚང་མ་ཆོག་མཆན་མེད་པར། སྒེར་བདག་བྱས་ཏེ་སྒེར་གྱི་ལོ་རྒྱུས་སུ་བྲིས་པ་དེ་འདྲ་ཡང་ཡིན་ཚོད་མི་འདུག་པས། སྐུ་ངོའི་ལོ་རྒྱུས་ནི་ཀློག་རིན་ཡོད་པ་ཞིག སྐུ་ཚེ་བརྟན་པ་ཞིག་ཡོང་རྒྱུའི་རྟགས་མཚན་གང་སར་མཐོང་གི་འདུག
ཚ་རོང་དཔལ་འབྱོར་གྱིས་རྒྱལ་ལོའི་དཔེ་དེབ་ཀྱི་བརྗོད་དོན་འགའ་གཞི་ལ་བཞག་ནས་འགག་བཞག་བྱས་པ་རེད་མ་གཏོགས། དཔེ་དེབ་མ་བཀླགས་པར་འགག་བཞག་ཇི་ལྟར་བྱེད་སྲིད། མ་གཞི་ནས། དཔལ་འབྱོར་གྱིས་རྒྱལ་ལོས་བཤད་པའི་སྐད་ཆ་རེ་རེ་ལུང་འདྲེན་གྱིས་འགག་པ་བརྒྱབ་འདུག་མ་གཏོགས། ད་ག་སེ་བྲིས་པ་ཞིག་རེད་མི་འདུག མ་གཞི་ནས་དཔེ་དེབ་དེ་དཔར་བསྐྲུན་ཟིན་པ་མ་ཟད་འགྲེམས་སྤེལ་ཀྱང་བྱེད་འགོ་ཚུགས་པ་རེད། དེར་བརྟེན། དབྱིན་ཇི་མི་ཤེས་མཁན་ཡིན་ན་མ་གཏོགས་དེ་མིན་བྱིངས་རྣམས་ཀྱིས་ཀློག་ཐུབ་ཀྱི་ཡོད་པ་རེད། གང་ལྟར། དཔལ་འབྱོར་གྱིས་ལུང་འདྲེན་དང་འགག་ལན་ལ་གཞིགས་ན་རྒྱལ་ལོའི་དཔེ་དེབ་དེ་རང་ཉིད་དཀར་འདོན་ཁོ་ན་བཟོ་རྒྱུ་མ་གཏོགས་དེ་མིན་ཅང་མེད་པ་འདྲ། མ་གཞི་ནས། ད་དུང་བདེན་མིན་བཀའ་མོལ་མང་པོ་གསུངས་ཡོད་ཚེ། རྒྱལ་ལོ་ལགས་ངོ་ཚ་སེ་བཟོ་གི་རེད་ཏ།
གཡུ་ཐོག་རྒྱལ་པོ་ལགས་ལ་འ་ཚ་ཅུང་བཟོས་འདུག་ཨང་། ཧ་ཧ་ཧ་་་་ན་སར་རག་གི་འདུག་དགོས་པ་དང་། གནོད་ས་བཤད་ཀྱི་འདུག་དགོས་པ་རང་བཞིན་རེད།
མི་རྗེ་ས་དབང་ཆེན་མོ་མཆོག་གི་མཛད་འཕྲིན་དབྱིན་དེབ་ལས་གསུངས་པའི་སྒང་ཏོག་གསེར་དངུལ་གྱི་གནད་དོན་ཐད། བཀའ་ཟུར་དམ་པ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་ལོ་རྒྱུས་སུ་བཀྲ་ཤིས་ཚེ་རིང་(ཨ་རིའི་གཞུང་དང་མི་དམངས་ཞེས་པའི་དེབ་རྩོམ་མཁན།)གི་བརྒྱུད་དངུལ་ཐུམ་རྒྱབ་པའི་གསེར་ཕམ་འཚོང་བྱས་ལུགས་མང་དུ་བཀོད་ཡོད། ལོ་རྒྱུས་དངོས་གནས་བཤད་འདོད་ཡོད་པ་ཚོས་དེ་འབྲེལ་གྱི་ལོ་རྒྱུས་སོགས་ལ་ཞིབ་ཏུ་གཟིགས་ནས་བཀའ་མོལ་གནང་ན་ལེགས་པ་ལས། གཅིག་རྒྱབ་གཅིག་ལངས་ཙམ་ལ་དོན་དག་ཡོད་མ་རེད་དོ།
སྐབས་དེར་གསེར་དངུལ་དོ་དམ་བྱེད་མཁན་གཙོ་བོ་དེ་རྒྱལ་ལོ་དང་ལས་རོགས་ཚ་རོང་གཉིས་རེད། དེས་ན། ཕམ་ཚོང་རྒྱབ་ཡོད་ན། སུས་བརྒྱབ་པ་རེད་དམ། རྒྱལ་ལོས་རྒྱབ་པ་རེད་དམ་ཡང་ན། ཚ་རོང་གིས་བརྒྱབ་པ་རེད། དྲང་མོར་བཤད་ན། གསེར་དངུལ་གྱི་གནད་དོན་དེ་སྐུ་ངོ་འཇུ་ཆེན་གྱིས་བྲིས་པ་ལས་ཚ་རོང་དཔལ་འབྱོར་གྱི་བྲིས་པའི་རྩོམ་ཡིག་དེ་གསལ་ཆ་ཆེ་བ་མེད་ན། ཆུང་བ་དེ་བས་ཡོད་ཀྱི་མ་རེད། ཡིད་མ་ཆེས་ན། འདིར་གཟིགས་དང་།http://www.phayul.com/news/article.aspx?c=4&t=1&id=35978article=A+Factual+Account+of+the+Tibetan+Government%E2%80%99s+Gold+and+Silver
སྒང་ཏོག་གསེར་དངུལ་སྐོར་གྱི་རྙོག་གླེང་འདི་ས་དབང་ཆེན་མོ་མཆོག་དང་། བཀའ་ཟུར་འཇུ་ཆེན་དམ་པ། དེ་བཞིན་ཚ་རོང་དཔལ་འབྱོར་བཅས་ལས་གཞན་དང་གཞན་དུ་ལོ་རྒྱུས་མེད་པ་མ་རེད། རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་པའི་ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་ཁག་ཅིག་གི་ནང་དུ་འདིའི་སྐོར་གསལ་གྱི་ཡོད་པ་རེད། དེ་དག་ལ་ཞིབ་གཟིགས་གནང་འོས།
ཏིང་གི་ལབས་པའི་སྐད་ཆ་བོད་རང་བཙན་མ་གཏོགས་གཞན་ཚང་མ་འཐུས་་་་ཟེར་བའི་རིན་ཆེན་སྡོམ་ཚིག་གི་ངག་ཚིག་འདི་གནད་འགག་ཆེན་པོ་ཞིག་རེད།
ངག་ཐོག་ཡིན་ན་ངག་ཐོག་གི་ཁུངས་དང་། ཡིག་ཐོག་ཡིན་ན་དེ་ལུགས་ཀྱི་ཁུངས་ཞིག་ནི་ཡོད་ངེས་ཡོད་ཐག་དགོས་པ་ཞིག་རེད།
དུས་སྐབས་འདི་འདྲར་དབུས་བོད་མིའི་སྒྲིག་འཛུགས་ནས་གསུང་ཚིག་འདིའི་ཁུངས་ཡིག་གསལ་བསྒྲགས་བྱ་དགོས་པའི་དུས་ཤིག་ཡིན་ས་རེད།
གཅིག་ན་ཆབ་སྲིད་འགྱུར་ལྡོག་དབང་གིས་དེ་ལྟར་ཡོངས་གྲགས་མི་མཛད་པ་ལའང་དཀའ་གནད་ཅིག་ཡོད་སྲིད་རེད།
སྐུ་ངོ་མཆོག་གི་ཕམ་ཚོང་སྐོར་དེ་ད་ལྟ་གླེང་ན་ཅུང་སྔ་དྲགས་པ་ཞིག་ལས་དོན་འབྲས་ཡོད་པའི་གནས་ཚུལ་ཞིག་མ་རེད། དེ་ནི་ཁོང་ཚང་གིས་གསལ་པོ་བཟོ་འགྲོ་གི་རེད། དེ་སྐོར་སེམས་ཁྲལ་གནང་དགོས་མེད།
ཀྲུང་དབྱང་གིས་དཀར་འདོན་བྱེད་མི་བྱེད་ཀྱི་རེ་དོག་བྱེད་དགོས་ཐུག་དུས་རྒྱལ་ལོ་ལ་བོད་དྲི་མ་བྲོ་ཚར་བ་རེད། རྒྱལ་ལོ་བོད་མི་མང་གིས་དཀར་འདོན་བྱས་དུས་འགྲིགས་པ་རེད། ངས་འདིར་རྩོམ་པོ་མཆོག་ལ་ཞུ་འདོད་པ་ཞིག་ནི་ཁྱེད་ཀྱི་བཤད་སྟངས་དེ་རྒྱལ་ལོ་དཀར་འདོན་བྱེད་པ་ལས་ལྡོག་པ་ཞིག་རེད་ཅེས་པ་དེ་ཡིན།
ཉེ་ཆར་གུང་ཁྲན་གཞུང་གིས་དབུ་མའི་ལམ་ལ་བདག་པོ་རྒྱག་རྒྱུ་མིན་ལུགས། དེ་འཁྲུལ་སྣང་ཡིན་ལུགས། དེ་བཤད་མི་ཆོག་ལུགས་གསལ་གསལ་ཐིངས་ཐིངས་བཤད་སོང་། རྒྱ་ཡིག་ཐོག་དང་བོད་ཚིག་ཐོག་ཟེར་བ་རེད། ཏིང་ཤོའི་ཕིང་གིས་ཁ་བྲག་ཁུང་འདྲ་བོའི་ནང་ནས་སྐད་ཆ་རླུང་འཚུབ་འདྲ་ཞིག་བཤད་ཡོད་རུང་མེད་རུང་དེས་ས་གོ་གང་ཡང་ཆོད་གི་མ་རེད། ད་ཏིན་ཤོའི་ཕིང་གིས་ཅིག་བཤད་མ་བཤད་རྩད་བཅད་ནས་ཅི་བྱེད། གལ་སྲིད་ཏིང་ཤོའི་ཕིང་གིས་དེ་འདྲ་ཞིག་བཤད་ཡོད་པའི་དབང་དུ་བཏང་ན་ཏཱ་ལའི་བླ་མ་སྐུ་མཆེད་མགོ་སྐོར་འོག་ཏུ་བཅུག་པ་རེད། བཤད་མེད་ན་ནི་རྒྱལ་ལོ་དོན་གྲུབ་ཀྱིས་རྫུན་བཤད་པ་རེད། གང་ལྟར་ཡག་པོ་ཞིག་ལ་འགྲོ་ས་མི་འདུག དེ་ལས་བོད་མིའི་མངོན་འདོད་དང་། ལོ་རྒྱུས་ཀྱི་བདེན་པ། སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་བོད་དོན་སྒྲུབ་མཁན་གྱི་བོད་མིའི་དབུ་ཁྲིད་ཅིག་ཡིན་ན་བརྩི་བཀུར་ཞུ་འོས།
ཁྱེད་ལྟ་བུའི་རྩོམ་པོ་པོ་རྣམ་དཔྱོད་དང་གཟིགས་རྒྱང་ཡོད་མཁན་ཞིག་གིས་སྐུ་ངོ་དང་། ས་དབང་ཆེན་མོ། ཡབ་གཞིས། སྐུ་ངོ། ལྷ་སྲས་སོགས་ཞིང་བྲན་ལམ་ལུགས་(Feudalism)ཀྱི་གྲལ་རིམ་མཚོན་པའི་མིང་ཚིག་འདི་ཚོ་བེད་སྤྱོད་མ་གནང་རོགས། ང་ཚོ་ཉོན་མཁན་ཚོ་ངོ་ཚ་ནས་སྡོད་མ་ཐུབ་པ་ཡོང་གིན་འདུག
སྐད་ཆ་འདི་འདྲ་ཞིག་གིས་རྒྱལ་ལོ་དཀར་འདོན་བྱས་པ་རེད་ཟེར་ན་གད་མོ་འཆོར་བའི་གནས་རེད། བོད་དོན་འདི་ནང་ཁུལ་གྱི་གནད་དོན་དུ་བཟུང་ནས་གླེང་དགོས་ཟེར་བ་དེས་ཆེས་མཐོའི་རང་སྐྱོང་དང་དབུ་མའི་ལམ་ངོས་ལེན་བྱས་པར་མཚོན་པ་མ་རེད། སྐད་ཆ་འདི་འདྲ་འདས་པོ་ཏིང་ཙམ་མ་ཡིན་པར་ཅང་དང་ཧོ་གཉིས་ཀྱི་སྐབས་སུའང་ལན་མང་བཤད་ཟིན་པ་རེད། རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་གང་གི་ཁུངས་སུ་འཛུལ་ནའང་རྒྱལ་ཁབ་ནང་ཁུལ་གྱི་གནད་དོན་དུ་བརྩི་དགོས་པ་ལས་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་གྲོས་མོལ་ཞིག་ཏུ་བརྩི་ག་ལ་འོས། ལར་ནས་སྐད་ཆ་འདི་རིགས་བཀའ་ཤག་སྔོན་མའི་སྐབས་སུ་སྐུ་ཚབ་ཚོར་ཟ་ཞོར་དང་འཐུང་ཞོར་དུ་ལན་མང་བཤད་ཟིན་པའི་རྒྱ་ནག་གི་སྐད་ཆ་དེ་དག་ལས་གཞན་གང་ཡང་མ་རེད། ཆབ་སྲིད་མི་ཤེས་ན་མི་ཤེས་སར་འཇམ་ཅག་གེར་བཞུགས་ན་བཟང་། དབུ་མའི་ལམ་རྒྱལ་དགོས་ན་འཐབ་རྩོད་བྱེད་སྟངས་འདི་ལས་དྲགས་པ་ཞིག་མེད་པ་ག་ལ་ཡིན། དབུ་མའི་ལམ་གྱི་རྗེས་སུ་འབྲང་ན་མིག་བཙུམ་ནས་མཆོང་དགོས་པ་ཞིག་དེ་བས་ཀྱང་མིན་ཏེ་དེར་ཡང་རང་ཉིད་ཀྱི་ཐབས་ལམ་དང་གནས་ལུགས་མང་པོ་ཡོད་པ་རེད།
༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ནི། བོད་རིགས་ཡོངས་ལ་མི་བཀའ་དྲིན་ཅན་ཞིག་དང་། མི་བྱས་རྗེས་ཅན་ཞིག་རེད་དོ།།
གཡུ་ཐོག་རྒྱལ་པོ་ལགས་་གལ་སྲིས་རྒྱལ་ལོ་དོན་གྲུབ་ལགས་ཀྱི་ཕན་ལས་གནོད་མང་བ་སྐྱེལ་ཡོད་པ་ཁྱེད་ལ་ར་སྤྲོད་ཁུང་སྐྱེལ་གནང་རྒྱུ་ཡོད་དམ་་་་་་ངོ་ལྐོག་སྤྲེལ་ལད་སོགས་མེད་པར་སྐད་ཆ་བདེན་པ་དང་དྲང་པོ་བཤད་ན་སུའི་ཁ་དང་སུའི་སྣ་ལ་ཕོག་ནའང་སྡུག་གྱོང་རེད་་་་་་དེ་མིན་བྱས་བྱས་བྱུག་བྱུག་དང་གཅིག་གི་གཅིག་ལ་བསྟོད་ར་བཏང་བསྡད་ན་དེབ་བྲིས་ནས་དགོས་པ་མ་བྱུང་བ་མ་རེད་པས་་་་་་་་་་་སྤྱིར་བཏང་ང་ཚོ་བོད་མིའི་སྤྱི་ཚོགས་ནང་མི་འཇོན་ཐང་ཅན་གཅིག་ཡོད་ན་རྟག་ཏུ་དེའི་རྐང་པ་འཐེན་ཐབས་རང་བྱས་ནས་བསྡད་ཀྱི་འདུག་་་་་་་་འདས་པའི་དུས་ཡུན་ནང་ཕྱི་མིག་གཅིག་གཟིགས་དང་པན་ཆེན་སྐུ་གོང་མར་དོན་མེད་སྐྱོན་འཛུག་དང་ཚིག་ངན་སོགས་འདེབས་མཁན་མང་པོ་བྱུང་མྱོང་ཡོད་པས་བྱས་ཙང་གང་གསུང་རྒྱུ་ཡོད་ན་བསམ་བློ་ལེགས་པར་བཏང་ནས་གསུང་ན་རང་གཞན་ཚང་མར་ཕན་ཐོག་ཆེ་
རྩོམ་པ་པོ་ལགས།འདིར་ཕྲན་གྱི་བསམ་ཚུལ་ལ་ཏིན་ཞོ་ཕིན་གྱིས་བཤད་པའི་གཏམ་ལ་དྲང་བཤད་བྱས་པའི་བདེན་དཔང་ཞིག་མ་རེད་སྙམ།ཏིན་གྱིས་བཤད་པའི་རང་བཙན་མ་ཡིན་པའི་སྐད་ཆ་ག་རེ་ཡིན་ཡང་བཤད་ངེས་ཡིན་ཟེར་བ་དེ་འགེབས་སྲུང་གི་འཁྱོགས་བརྗོད་བྱས་འདུག ཚིག་འདི་འདྲ་ཞིག་གིས་བདེན་དཔང་བྱས་ཐུབ་ཚེ། ཏིན་གྱིས་བཤད་པའམ་ཡང་ན་སྐུའི་གཅེན་པོས་བཤད་པ་གཉིས་ར་མི་འཕྲོད་པ་མ་ཟད། སྐད་ཆ་འདི་ནི་ལོ་ངོ་དྲུག་བཅུའི་རིང་བཤད་པའི་སྐད་ཆ་རྙིང་པ་ཞིག་བསྐྱར་བཤད་བྱས་པ་རེད། དེ་ལས་མའོ་ཙེ་ཏུང་གི་གསུང་རྩོམ་དེབ་ལྔ་བའི་ནང་བོད་དང་སོག་པོ་གཉིས་རང་མོས་རང་ཐག་བྱེད་པའི་དབང་ཆ་ཡོད་ཟེར་བ་དེ་ནུས་པ་ཆེ་རུ་མཐོང་།
ཡིན་ཡང་དེང་སང་རྒྱ་གཞུང་གིས་མའོ་ཡི་གསུངས་དེ་ལ་མཐོང་སྣང་མེད་པའི་དུས་རེད།
ནམ་མཁའ་ལགས་ཀྱིས་གསུང་པ་ལ་གནས་ལུགས་འདུག ཉུང་མཐར་འདི་ན་འདུག་ཅེས་འཇུ་ས་ཞིག་འདུག རྒྱ་ལོས་བཤད་སོང་ཟེར་བ་ཞིག་ལས་སྟོན་ཡ་ཅི་གང་ཡོག་མ་རེད།
སྤོབས་པ་ལགས་ཀྱིས་ཨིན་ཇིའི་མིང་ཚིག་ཅིག་དྲངས་འདུག གོ་དོན་ཐད་ནས་ཅུང་ནོར་འདུག Feudalism ནི་བཀས་བཀོད་བརྒྱུད་འཛིན་རིང་ལུགས་ཀྱི་དོན་རེད། Serfdomནི་ཞིང་བྲན་ལམ་ལུགས་ཀྱི་དོན་རེད།
མཁྱེན་དཔྱོད་ལྡན་པ་ཀརྨ་བློ་གསལ་ལགས། ཐེར་འདོན་གནང་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལགས། ངའི་དབྱིན་སྐད་ཀྱིས་འདངས་སར་བོད་སྐད་ཀྱིས་མ་འདངས། བོད་སྐད་ཀྱིས་འདངས་སར་དབྱིན་སྐད་ཀྱིས་མ་འདངས་ནས་ནོར་འཁྲུལ་དེ་རིགས་ཤོར་བ་རེད། ཕྱིན་ཆད་མི་ཤེས་ཤེས་མདོག་བྱ་རྒྱུ་ཇེ་ཉུང་དུ་གཏོང་བའི་འབད་པར་བྱེད་པར་དམ་བཅའ་བ་ལགས་སོ།།
དབུ་ལམ་དབུ་ལམ་ཟེར་མཁན་དྲ་འབུ་འདི་རིགས་ཀྱི་གཏང་ཀྲུང་དབྱང་གིས་རྒྱལ་ལོ་དཀར་འདོན་བྱས་རབས་བཤད་ཀྱི་འདུག་མོད་རྒྱུ་མཚན་ནི་རི་བོང་གི་རྭ་རེད། ཤ་ཁུག་ལ་ཀྲུང་དབྱང་གི་བོད་མིའི་ཁྲོད་གཏང་ལ་བློ་སེམས་དཀར་བའི་བྱ་དགའ་ཅིག་སྤྲོད་རྒྱུ་ཡིན་རབས་བཤད་ཀྱི་འདུག་།་བདེན་པ་ཡིན་ནམ་
ད་ཐེངས་ཀྱི་ཡིག་ཆ་དཀར་པོའི་ནང་གི་དབུ་མའི་ལམ་སྐྱོན་བརྗོད་བྱེད་སྟངས་ཀྱི་རྣམ་པ་ནི་སྔོན་ལས་ཅུང་གཟབ་ནན་རེད་འདུག་ཀྱང། དོན་དག་དབུ་མའི་ལམ་ལ་དོན་མཐུན་ལན་འདེབས་ཀྱིས་དབེན་ཏེ་ཕམ་ཉེས་གྱུར་ཡོད་པ་མཚོན་པ་མ་ཟད། རྒྱ་ཕྱོགས་ལ་ཞེད་སྣང་ཞེ་དྲག་ལངས་གི་ཡོད་པའང་གསལ་བོ་ཤར་འདུག ཁོང་ཚོའི་དམིགས་ཡུལ་ངོ་མ་ནི་བོད་མི་ཚོས་རང་བཙན་བརྩད་ན་བསམས་ཀྱི་ཡོད་པ་དང། དེ་ལྟར་བྱས་ན་དེའི་ཁ་གཏད་ནས་གཞུང་སྒེར་གཉིས་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་མདུན་དུ་ཁེ་ཕན་འཕྲོ་རིམ་འཕྲོར་ལོན་རྒྱུ་ཡིན་པ་དེ་གསལ་བོ་ཧ་གོ་འདུག དེའི་ཆ་ནས་དབུ་མའི་ལམ་ཐང་གི་འབུ་སྲིན་ཚུན་གྱིས་དཀར་པོ་ཡིན་པ་མཐོང་བཞིན་དུ། ཁོང་ཚོས་ངོ་ཚ་ཕར་གཡུགས་ནས་ནག་པོ་རེད་ཅེས་བཤད་ཀྱི་ཡོད་པ་རེད། དེ་ནི་དགོད་བྲོ་ལ་སྙིང་རྗེ་བ་ཞིག་ཀྱང་མ་རེད་དམ།།
ཚེ་རིང་ལགས། དེང་སང་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་ཡོད་ཚད་ཆོལ་ཁ་དང་ཆོས་ལུགས་ཀྱིས་ཞེན་ཁོག་ཁོ་ནས་གཙེས་ཏེ། གང་ཟག་ལ་བལྟས་ནས་འགྲེལ་བརྗོད་བྱེད་པ་ལས། གནས་ལུགས་དང་བྱ་སྤྱོད་ལ་བལྟས་ནས་སྐད་ཆ་ཤོད་མཁན་ཉུང་ཉུང་རེད། ངའི་ངོས་ནས་བརྗོད་ན། རང་རེའི་འཇོ་ཐང་ཅན་གྱི་མི་སྣའི་རྐང་པ་ནས་འཐཻན་མྱོང་མེད་ལ། འཐཻན་བསམ་པ་ཡང་མེད། མ་གཞི་ནས། དྲང་ཚུགས་དང་ལྷག་བསམ་ལྡན་པའི་མི་ཞིག་གི་རྐང་པ་ནས་མ་ཉེས་ཁག་གཡོག་གིས་འཐེན་པ་ཡིན་ན། དེ་ནི་རི་རྒྱལ་ལྷུན་པོ་ལ་སྦྲང་བུའི་གཤོག་ལྕག་དང་གཅིག་མཚུངས་རེད། འགུལ་སྐྱོད་གང་ཡང་ཐེབས་ངེས་མིན། རྒྱལ་ལོའི་སྐོར་གྱི་གནད་དོན་དེ་རིགས་ནི་ངས་ལོ་རྒྱུས་ལ་བལྟས་ནས་བཤད་པ་ཡིན་མ་གཏོགས། གང་ཟག་ལ་བལྟས་ནས་བཤད་མེད། དེ་བཞིན་དུ་རྒྱལ་ལོར་བྱས་རྗེས་མེད་པ་རེད་བཅས་བརྗོད་མེད། མདོར་ནས་བཤད་ན། རྒྱལ་ལོས་འགན་དབང་ཁྱེར་བ་ནས་བཟུང་རིམ་པས་བཙན་བྱོལ་སྤྱི་ཚོགས་ནང་སྙོག་གླེང་མི་ཉུང་བ་ཞིག་བྱུང་པ་རེད། དང་པོ་དེ་གསེར་དངུལ་གྱི་རྩོད་སྙོག་ནས་རྩིས་ཏེ། ཆུ་སྒང་གི་དཀའ་ངལ་དང་། ཚཽ་ཁག་བཅུ་གསུམ། དེ་བཞིན་དུ་ཐེ་བན་ནང་ཆེས་ཐཽག་མར་སྐྱོད་སྐབས་ཀྱི་རྩོད་སྙོག་སོགས་མདོར་ན་རྩོད་སྙོག་གཅིག་མཇུག་གཉིས་མཐུད་དུ་བྱུང་བ་རེད། གནད་དོན་དེ་རིགས་སྲང་ལམ་གྱི་སྐད་ཆ་མིན་པར་ཡིག་ཐཽག་ཏུ་གསལ་ཡོད། མཁྱེན་འདོད་ཡོད་ན། མིག་སྔའི་ཆུ་སྒང་གི་དྲ་བའི་ནང་གཟིགས་དང་http://dhokhamchushigangdrug.com/%E0%BD%98%E0%BD%91%E0%BD%BC%E0%BC%8B%E0%BD%81%E0%BD%98%E0%BD%A6%E0%BC%8B%E0%BD%86%E0%BD%B4%E0%BC%8B%E0%BD%96%E0%BD%9E%E0%BD%B2%E0%BC%8B%E0%BD%A6%E0%BE%92%E0%BD%84%E0%BC%8B%E0%BD%91%E0%BE%B2%E0%BD%B4-3/
ད་དུང་དེ་བས་གཟིགས་འདོད་ན། སྦས་སྐུང་བྱས་པའི་ལོ་རྒྱུས་དང་། གྲང་དམག་ཁྲོད་ཀྱི་ད་ཕྲུག བཀྲིས་ཚེ་རིང་གིས་བྲིས་པའི་དཔེ་དེབ་སོགས་ལ་གཟིགས་དང་ཕྱོགས་ཡོངས་ཀྱི་གནད་དོན་མི་ཉུང་བ་ཞིག་མཐཽང་ཡོང་གི་རེད། ད་ལྟ་གླེང་གཞིར་འགྲོ་བཞིན་པའི་སྐད་ཆ་ནི་ཏིང་གིས་རྒྱལ་ལོར་བཤད་པའི་སྐད་ཆ་དེ་རེད། སྐད་ཆ་དེ་ནི་ལག་པ་ཆང་ས་མེད་པའི་ལྷ་སྒྲུང་ལྟ་བུ་ཞིག་ཏུ་གྱུར་བ་རེད། ད་ལྟ་རྒྱ་དམར་པོས་ཁས་ལེན་མ་བྱས་ཙང་། ང་ཚཽར་དཔང་རྟགས་གང་ཡང་མེད་པ་རེད། སྐབས་དེར་རྒྱལ་ལོས་ཏིང་གིས་བཤད་པའི་སྐད་ཆ་དེ་དག་སྒྲ་འཇུག་བྱས་ཡོད་ན། ད་ལྟའི་སྙོག་གླེང་དེ་ཡོང་མི་སྲིད། དེ་གཅིག་ཡིན། གཉིས་ནས། ངས་གོང་དུའང་བཤད་ཟིན་པ་ཡིན། འཇུ་ཆེན་གྱིས་སྣེ་ཁྲིད་པའི་སྐུ་ཆབ་ཚོགས་པ་བོད་དུ་འགྲོ་སྐབས། དེ་སྔོན་གྱི་གྲོས་གཞི་དོན་ཚན་ལྔ་ཅན་ཞིག་ཡོད་པ་རྣམས། སྐུ་ཚབ་ཚཽགས་པས་ཤེས་ཀྱི་མེད་པ་འཇུ་ཆེན་གྱིས་གསལ་པོར་གསུངས་འདུག མི་རིགས་ཤིག་གི་རྩ་དོན་ལ་འགན་ཁྱེར་སྟངས་དེ་ལྟར་རེད་དམ། དེ་གཅིག་ཡིན། གཉིས་ནས་ཁྱེད་ཀྱིས། པན་ཆེན་རིན་པོ་ཆེའི་སྐོར་རེད། ཁྱེད་རང་གིས་གནས་ཚཱུལ་གྱི་ངོ་གདོང་ལ་མ་གཟིགས་པར་དེའི་རྒྱབ་ལྗོངས་ལ་གཟིགས་གནད་དོན་གཅིག་གསལ་པོ་རྟོགས་ངེས་ཡིན། པན་ཆེན་སྐུ་ཕྲེང་དགུ་བ་དང་བོད་གཞུང་གི་འབྲེལ་ལམ་ཅི་འདྲ་ཞིག་རེད། དེ་བཞིན་དུ་རྒྱ་དམར་པོས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེེའི་ནང་འབྲེལ་བ་མེད་བཞིན་དུ་པན་ཆེན་རིན་པོ་ཆེའི་གནད་དོན་ག་རེ་བྱས་ནས་ཁྱེར་བ་རེད། ང་དྲུག་ལོར་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཟེར་བ་འཛུགས་སྐབས་པན་ཆེན་ནང་མ་སྒང་གིས་སུའི་ཕྱོགས་སུ་ཕྱིན་པ་རེད། དེར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མང་པོ་ཡོད་པ་རེད། དྲང་མོར་བཤད་ན། བྱུང་རིམ་དེ་དག་གི་ཁྲོད་པན་ཆེན་རིན་པོ་ཆེ་ཁོང་རང་ཉིད་སྐུ་ནའི་བབ་ཀྱིས་ཚུད་མེད་ཀྱང་། ནང་མ་སྒང་གིས་བྱས་རྗེས་དེ་ཚོས་བོད་མིའི་སེམས་ལ་ནད་ཟུག་མི་ཉུང་བ་ཞིག་བཟོས་པ་རེད། དེར་བརྟེན། རྒྱུ་རྐྱེན་མང་པོ་ཡོད་པ་རེད།
རང་བཙན་ལ་ཁ་གཏད་གཅོག་རྒྱུ་འདོམས་བདེ་བོ་ཡོད་པ་ཁོང་ཚོས་ཤེས་འདུག
ཤར་ཕྱོགས་ཁུག་རྟ།
ད་ཐེངས་ཀྱི་རྒྱབ་ཤ་དཀར་པོའི་ནང་གི་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་སྟངས་ཀྱི་རྣམ་པ་ནི་སྔོན་ལས་ཅུང་གཟབ་ནན་རེད་འདུག་ཀྱང། དོན་དག་དབུ་མའི་ལམ་ལ་དོན་མཐུན་ལན་འདེབས་མ་རྙེད་པའི་ནོངས་འགྱོད་དམིགས་བསལ་ཞིག་ཐོན་འདུག་པ་མ་ཟད། དབུ་མའི་ལམ་ལ་གླེགས་མ་འཁེལ་བས་ཞེད་སྣང་ཞེ་དྲག་ལངས་བཞིན་པའང་གསལ་བོ་བསྟན་འདུག ཁོང་ཚོའི་དམིགས་ཡུལ་ངོ་མ་ནི་བོད་མི་ཚོས་རང་བཙན་བརྩད་ན་བསམས་ཀྱི་ཡོད་པ་དང། རང་བཙན་བརྩད་ན་དེའི་ཁ་གཏད་ནས་གཞུང་སྒེར་གཉིས་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་མདུན་དུ་ཁེ་ཕན་འཕྲོ་རིམ་འཕྲོར་ལོན་རྒྱུ་ཡིན་པ་དེ་གསལ་བོ་ཧ་གོ་འདུག དེའི་རྐྱེན་དབུ་མའི་ལམ་ཐང་གི་གྲོག་མ་ཚུན་གྱིས་དཀར་པོ་ཡིན་པ་མཐོང་བཞིན་དུ། ཁོང་ཚོས་ངོ་ཚ་ཕར་གཡུགས་ནས་ནག་པོ་ནག་རྐྱང་རེད་ཅེས་བཤད་ཀྱི་ཡོད་པ་རེད། དེ་ནི་དགོད་བྲོ་ལ་སྙིང་རྗེ་བ་ཞིག་ཀྱང་ཡིན་སྟབས། དབུ་མའི་ལམ་ལ་གྲུབ་འབྲས་གང་མགྱོགས་ཐོབ་རྒྱུ་ཡིན་པའི་ཡིད་ཆེས་གདེང་སྤོབས་སྔར་ལས་ཆེ་རུ་འགྲོ་གི་འདུག དབུ་མའི་ལམ་རྒྱལ་ལོ།།
༢༠༡༥། ༤། ༣༠། ཉིན།།
“1979年2月,中国领导人邓小平在接见十四世达赖的二哥嘉乐顿珠时就达赖回国问题指出,“西藏是中国的一部分,他们回国只能作为内部问题来谈,不能作为国家与国家对话,这是根本问题”。༡༩༧༩ ཟླ ༢ ནང། ཀྲུང་གོའི་དབུ་ཁྲིད་ཏིན་ཞའོ་ཕེན་གྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་གཅེན་པོ་གཉིས་པ་རྒྱལ་ལོ་དོན་གྲུབ་དང་ཐུག་འཕྲད་སྐབས། ཏཱ་ལའི་བླ་མ་རྒྱལ་ནང་དུ་ལོག་ཕྱོགས་སྐོར་བསྟན་དོན། བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་རེད། ཏཱ་ལའི་བླ་མའི་ཕྱོགས་རྒྱལ་ནང་དུ་ལོག་རྒྱུའི་སྐོར་ནི་ངེས་བར་དུ་ནང་སྲིད་ཀྱི་གནད་དོན་གྱི་ཁོངས་ནས་གླེང་བ་ལས། རྒྱལ་ཁབ་དང་རྒྱལ་ཁབ་བར་སྐད་ཆ་བཤད་པ་ལྟར་ཡོང་ཐུབ་མེད། འདི་ནི་གཞི་རྩའི་གནད་དོན་རེད།”
རྩོམ་པ་པོ་ལགས། ཚིག་འདི་ཐད་གར་བསྒྱུར་རོགས། འདིའི་ནང་དུ་ཏཱ་ལའི་བླ་མ་ཟེར་བའི་བླ་མ་དེ་མི་འདུག ཏཱ་ལའེ་ཞེས་པ་ཁོ་ན་བྲིས་མི་འདུག་གམ། བརྗོད་ཚིག་འདི་ཚོ་མ་རྩོམ་ལ་གང་ཡོད་པ་ཐད་ཀར་བཀོད་ན་ལེགས་པར་སེམས།
གཡུ་ཐོག་ལགས་ཐོག་མར་ཁྱེད་རང་ཚོས་ཁ་དང་ཆོས་ལུགས་གང་ཟག་སོགས་ལ་བལྟས་ནས་བཀའ་མོལ་གནང་མཁན་ཞིག་མིན་པར་དགའ་སྤྲོ་དང་ཐུགས་རྗེ་ཆེ་་་་་་ངའི་རེ་བ་ལ་ཁྱེད་ཀྱི་བློ་ཟུར་གནས་ནས་བྲིས་པའི་ཕྱག་དེབ་ཁག་ཅིག་ཀློག་པ་དང་སྐབས་དེ་དུས་ཀྱི་གནས་ཚུལ་གསལ་པོ་མཁྱེན་མཁན་ཁག་ཅིག་དང་བཀའ་མོལ་གནང་ཐུབ་ན་ཁྱེད་ཀྱི་གོང་དུ་གསུངས་པའི་་་་་་དང་པོ་དེ་གསེར་དངུལ་གྱི་རྩོད་སྙོག་ནས་རྩིས་ཏེ། ཆུ་སྒང་གི་དཀའ་ངལ་དང་། ཚཽ་ཁག་བཅུ་གསུམ། དེ་བཞིན་དུ་ཐེ་བན་ནང་ཆེས་ཐཽག་མར་སྐྱོད་སྐབས་ཀྱི་རྩོད་སྙོག་སོགས་ཀྱི་སྐོར་ལ་གསལ་པོ་མཁྱེན་ཐུབ་ཀྱི་རེད་་་་་་་་་་་མ་ཟད་དངོས་གནས་བཙན་འབྱོལ་སྤྱི་ཚོགས་ནང་ཕན་ལས་གནོད་མང་བ་སྐྱེལ་མཁན་འཇུ་ཆེན་དང་དེང་སང་སྤྱི་འཐུས་སོགས་ནང་ཡོད་པའི་ཁོའི་ཨབ་ཕྲུག་དེ་ཚོ་རེད།་་་་་་
བོད་རང་བཙན་བརྩད་ན་རྒྱ་གཞུང་གིས་ང་ཚོའི་ཁ་གཏད་གཅོག་འོང་གི་རེད། དབུ་མའི་ལམ་དུ་ཕྱིན་ན་སོ་སོས་སོ་སོ་ལ་ཁ་གཏད་གཅོག་གྱི་རེད། སོ་སོས་སོ་སོ་ལ་ཁ་གཏད་བཅག་ནས་བོད་མི་རིགས་ཀྱི་ལས་དབང་རླུང་ལ་བསྐུར་བ་ལས་རྒྱ་གཞུང་གི་ཁ་གཏད་དུ་ལངས་ན་འཇིག་རྟེན་ལུགས་མཐུན་རེད་བ་་་་ཧཧ
ཤར་ཕྱོགས་ཁུག་རྟ་པེ་ཅིན་ལ་སོང་ནས་ཡིད་ཆེས་མང་བོ་རྙེད་ཡོད་པ་འདྲ
དེ་སྔ་བཙན་བྱོལ་བོད་གཞུང་གི་རྐུབ་ས་ལ་བརྟན་པོ་ཞིག་མ་ཚུགས་གོང་ནས་ཐེ་ཝན་བོད་སོག་ལས་ཁུངས་ཀྱིས་ཕྱོགས་གཅིག་ནས་འདྲེ་ལག་བརྐྱངས། ཚོགས་ཁག་བཅུ་གསུམ་གྱིས་གོ་སྐབས་བཟུང་ནས་ཕྱོགས་གཅིག་ནས་རྒོལ་རྡུང་བཏང་ཡང་ཐ་མ་དེར་དཀའ་རྙོག་ཐ་དག་ལས་རྣམ་པར་རྒྱལ་ནས་བཙན་བྱོལ་བོད་གཞུང་འཐོར་མ་དགོས་ཙམ་བྱུང་བ་འདི་སྐབས་དེའི་འགན་ཁྱེར་ནས་སྐུ་ལས་བསྐྱོན་མཁན་ཁོང་རྣམ་པའི་བཀའ་དྲིན་ཡིན་པ་ཤེས་དགོས། སྐབས་དེར་བྱུང་བའི་རྙོག་དྲ་ཚང་མ་མི་གཅིག་གི་སྒང་ལ་གཡོག་ན་ང་ཚོ་ལ་དག་གི་མ་རེད། རྐང་བཙུག་ནས་ནག་པོ་བཟོ་མཁན་དེ་ཚོ་སྐབས་དེའི་ཐེ་ཕོག་ཟ་མཁན་གྱི་དུག་རླངས་མ་ཡལ་བའི་ཨབ་ཕྲུག་དག་མིན་ན་ཚོགས་ཁག་བཅུ་གསུམ་གྱི་རྙིང་ནད་མ་སངས་པའི་རྒྱུད་འཛིན་པ་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། སྐབས་དེ་ལྟ་བུ་རྙོག་ཟིང་འཁྲུགས་པའི་དུས་སྐབས་ཀྱི་ལས་ཀྱི་སྣེ་མོ་བ་ཚོ་ནི་དངོས་གནས་དཀའ་ལས་རྒྱག་མཁན་དང་ང་ཚོས་རྗེས་དྲན་བྱེད་འོས་པའི་མི་བུ་རུས་རྐང་ཅན་དག་རེད། ཕྱིས་ཀྱི་མགོ་བདེ་དྲན་འཕྲུལ་སྐབས་འཚོལ་བ་ནང་དཀྲུགས་མཁན་ཚོ་དང་ནམ་ཡང་བསྡུར་ཐབས་མེད།