གསར་འགྱུར་བོད་འགྱུར་མ། རྟ་ནག་སྐལ་བཟུང་ལུང་རིགས།
པེ་ཅིན་གྱི་དུས་ཚོད། ༢༠༡༠ ༡༠ ༢༣ ཉིན། པོ་ཞོན།
དྲ་ཐོག་ཏུ་ཡོད་པའི་ཞིན་ཅང་གི་གསར་འགྱུར་རྩོམ་འབྲི་བ་ཞིག་གིས་བཤད་རྒྱུར། དེ་རིང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མས་སློབ་རྭའི་ནང་དུ་ འཚེ་མེད་ཞི་བའི་ལས་འགུལ་སྤེལ་གྱིན་འདུག སློབ་བུ་བརྒྱ་ལྷག་གིས་ལག་ཏུ་སྦྱར་ཡིག་བཟུང་ནས་རྔམ་སྟོན་བྱེད་ཀྱིན་འདུག སློབ་གྲྭའི་ནུབ་སྒོ་དང་ཤར་སྒོ་ཡོད་ཚད།
དམག་འཁོར་དང་རྒྱུན་གོས་གྱོན་པའི་དམག་མིས་བྱ་ར་དང་མེལ་ཚེ་མཛད་འདུག་ཀྱང་། ད་ལྟ་ད་དུང་རྒོལ་འཛིངས་ཀྱི་གནས་ཚུལ་བྱུང་མི་འདུག
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཡུ་རིགས་སློབ་བུ་ཡེས་མེས་ཁ་པར་ལས་བཤད་རྒྱུར།
བོད་ ཁུལ་དུ་ལག་བསྟར་བྱས་པའི་སྐད་གཉིས་སློབ་གསོ་ཞེས་པ་ནི་ཡུ་གུར་རིགས་ས་ཁུལ་ཏུ་ ལག་བྱས་ཚར་བ་ཟད། ད་དུང་ཤུགས་ཆེ་རུ་གཏོང་ཀྱིན་འདུག ཡུ་གུར་རིགས་སྤྱི་ཚོགས་ཀྱིས་བཟོད་སྒོམ་ཇི་ལྟར་བྱས་ནའང་སྲིད་གཞུང་གིས་ངོས་ ལེན་རྩ་བ་ནས་བྱེད་ཀྱིན་མི་འདུག
ཁོ་ཚོས་བཤད་ཀྱིན་པའི་སྐད་གཉིས་སློབ་གསོ་འཕེལ་རྒྱས་དང་ལག་བསྟར་ཞེས་པ་ནི་ད་ ལྟ་རྒྱའི་སྐད་ཡིག་ཁོ་ན་དང་རྒྱའི་སྐད་ཡིག་གི་སློབ་གསོ་འབའ་ཞིག་ཏུ་བསྒྱུར་ སོང་ངོ་།། ཡུ་གུར་མི་རིགས་ཀྱིས་རྒྱའི་སྐད་ཡིག་སློབ་གཉེར་བྱེད་པར་རྒོལ་བ་བྱེད་མི་སྲིད་ དེ། ཁོ་ཚོས་རྒྱའི་སྐད་ཡིག་གི་ད་ལྟའི་གལ་ཆེན་རང་བཞིན་ཙམ་རྟོགས་ཡོད་པས་རེད། དེ་ལྟ་ནའང་།
སྐད་གཉིས་སློབ་གསོ་ཞེས་བསྙད་པའི་སློབ་གསོ་དེའི་དོན་སྙིང་ནི་ང་ཚོའི་སྐད་ཡིག་ ལ་བཙན་འཛུལ་དང་། ང་ཚོའི་ཡུམ་སྐད་ལ་གཏོར་བརླགས་བྱ་རྒྱུ་དེ་རེད།
ཡང་ཡུ་གུར་རིགས་ཀྱི་སློབ་བུ་མོའུ་མོ་ཡིས་བཤད་རྒྱུར།
སློབ་ གསོ་འདིའི་བྱེད་ཐབས་ནི་ང་ཚོ་ཡུ་གུར་མི་རིགས་ཀྱིས་དུས་གཏན་དུ་ཁས་ལེན་མི་ སྲིད། ད་ལྟ་ཡུ་གུར་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་དུ་སྐད་གཉིས་སློབ་གསོ་རུ་བསྙད་པའི་ སློབ་གསོ་འདི་ལ་ངོས་ལེན་མེད་པའི་ལྟ་ཚུལ་རྒྱུན་འབྱམས་སུ་འགྲོ་བཞིན་ཡོད། ངས་ཀྱང་གོ་ཐོས་བྱུང་།
ཀྲུང་དབྱང་མི་རིགས་ཀྱི་སློབ་ཆེན་གྱི་བོད་རིགས་སློབ་མས་ཉེན་ཁ་ཅི་ལ་ཡང་འཇིགས་ ཞེད་མེད་པར་ངོ་རྒོལ་ལས་སྤེལ་གྱིན་འདུག བདག་གིས་སེམས་དང་བསམ་པའི་གཏིང་ནས་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་བྱེད་བཞིན་ ཡོད།
འབྱུང་འགྱུར་རྒྱ་ནག་གི་སློབ་གྲྭ་སོ་སོ་ན་ཡོད་པའི་ཡུ་གུར་རིགས་ཀྱི་སློབ་བུ་ དག་གིས་ཀྱང་རང་གི་ཡུམ་སྐད་ཀྱི་ཆེད་དུ་འདི་ལྟ་བུའི་རྔམ་སྟོན་ཞིག་བྱ་ཐུབ་མ་ ཅི་རུང་སྙམ།
གཞན་ཡང་ཡུ་གུར་རིགས་ཀྱི་སློབ་བུ་ཞིག་གིས་ཀྱང་ཁ་པར་ བརྒྱུད་ནས། བོད་རིགས་སློབ་བུ་རྣམས་ཀྱིས་ཡུམ་སྐད་ཀྱི་ཆེད་དུ་འཚེ་མེད་ཞི་བའི་ལས་འགུལ་ འདི་འདྲ་སྤེལ་བར་རྒྱབ་སྐྱོར་ཤུགས་ཆེན་ཡོད་ཅེས་བསྙད།
ཡུ་གུར་རིགས་ཀྱི་ ཞིབ་འཇུག་སློབ་བུ་ཨ་མོ་ཡིས་ཁ་པར་བརྒྱུད་ནས་བཤད་རྒྱུར། སྐད་ཡིག་གི་གནད་དོན་ཐད་ནས་ཡུ་གུར་མི་རིགས་ཀྱང་བློ་ཁ་གཏན་ནས་ཁེངས་མེད། རྒྱུ་མཚན་དེ་དང་བསྟུན་ནས་ནམ་ཉི་མ་ཞིག་ལ་དོན་དག་ཚབས་ཆེན་ཞིག་ཅིས་ཀྱང་འབྱུང་ ཐག་ཆོད་ཡིན། རེ་བ་ཡིན་ན་སྲིད་གཞུང་གིས་ཁྲིམས་ལུགས་དང་སྲིད་ཇུས་ལས་བསྙད་པ་ལྟར།
མི་རིགས་འདྲ་མིན་གྱི་སྐད་ཡིག་གི་རང་དབང་ལ་བརྩི་འཇོག་བྱ་རྒྱུ་ཁས་ལེན་བྱས་ན་ རེད། _(博讯自由发稿区发稿) (博讯 boxun.com)པོ་ཞོན་དྲ་ཚིགས་ལས་བཏུས་ཏེ་བསྒྱུར།
http://news.boxun.com/index.shtml
ཐོན་ཆུང་རེད། དུས་རབས་ཉེར་གཅིག་ལ་སླེབས་ཟིན་ཡང་དུས་རབས་བཅོ་བརྒྱད་དང་བཅུ་དགུ་ནང་བཞིན་སྐད་ཡིག་རྩ་མེད་བཟོ་རྒྱུའི་གྲོས་འཆར་ནི་མུན་ནག་གི་སྲིད་ཇིས་ཤིག་རེད་ལ། དེས་བོད་མི་ནི་ཅི་ལ་རྨོངས་བའི་གདོད་མིའི་མི་རིགས་ལྟ་བུ་འདུ་ཤེས་བཟུང་བ་ཞིག་རེད། གནས་དོན་དེ་བོད་མི་ཡོངས་ཀྱིས་གུ་ཡང་བཏང་མི་རུང་ལ་མི་བཏང་བའི་ནུས་བོད་མིར་ཡོད་དེ། མི་ཡིན་པའི་ནུས་བ་ཡོད། མི་རིགས་ནག་པོས་རང་དབང་གི་ཆེད་དུ་སྟོབས་ཆེན་ཨ་རིའི་བདེ་འཇགས་ལ་གནོད་ཤུགས་སྤྲད་པའི་ནུས་བ་ཡོད་ན་བོད་མི་རྣམས་ལ་རྒྱ་ནག་གི་བདེ་འཇགས་མེད་པ་བཟོ་པའི་ནུས་བ་ཡོད། ནུས་བ་དེ་ངོས་ཟིན་ནས་མདུན་མཆོང་སྐྱོད་བྱེད་གལ་གནད་དུ་མཐོང་།