ཨ་རིག་འགྱུར་མེད།
ད་ལྟ་ངའི་ཀླད་པའི་ནང་དྲི་རྟགས་སྣ་ཚོགས་ཀྱིས་ཁེངས་ཤིང༌། ངའི་ཉེ་འཁོར་གྱི་མི་ཚོགས་ཡོད་ཚད་ལ་ཡིད་མི་ཆེས་པ་མ་ཟད། ང་རང་ཉིད་དང༌། རྡོ་དང་རྩི་ཤིང་ཚུན་ཆད་ལའང་ཡིད་མི་ཆེས་པའི་ཚོད་དུ་འདུག
ངས་མོན་གྷོ་འདོད་རྒུ་གླིང་དུ་གཞུང་དོན་བསྒྲུབས་ཚར་ནས་ཕྱིར་ལོག་སྐབས། ཕྱི་ཚེས་ ༡༠ ཉིན་གྱི་དགོང་མོའི་ཆུ་ཚོད་ ༧།༤༠ ནས་ ༥༠ ཡས་མས་སུ་མེ་འཁོར་ས་ཚུགས་སུ་མ་སླེབས་པའི་སྔོན་དེར༌། ངོ་མི་ཤེས་པའི་རྒྱ་གར་ཡུལ་མི་གཉིས་ཀྱིས་ང་དང་ངའི་ཡུལ་གྲོགས་ཨ་རིག་ཤེས་རབ་གཉིས་བཟུང་བ་རེད། ཁོང་གཉིས་ཀྱིས་ང་ལ་སྐྱབས་བཅོལ་ལག་དེབ་སྟོན་རྒྱུ་མེད་པ་ཤེས་སྟབས་ང་བཙོན་ཁང་དུ་ཁྲིད་རྩིས་བྱས་སོང་ལ། རླངས་འཁོར་དུ་ཁྲིད་འགྲོ་སྐབས་ད་དུང་ངའི་ཕ་མིང་དང་ཕ་ཡུལ། ཉིན་གསུམ་གྱི་སྔོན་དུ་དགའ་ལྡན་དུ་ཡོད་སྐོར་དང་ཐེངས་འདིར་དངུལ་མང་བོ་བསྡུ་ལེན་བྱས་སྐོར་ཞིག་བཤད་ཀྱི་འདུག
དེ་དག་ཡོད་ཚད་བདེན་པ་རེད། དེའི་སྟབས་ཀྱིས་ངས་ཁོང་ཚོ་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཡིན་ཤག་བྱས་པ་ཡིན་ལ། ངས་ཁོང་ཚོར་ཁྱེད་ཚོས་ང་བཟུང་བ་ནོར་སོང༌། ངའི་གློག་ཀླད་དང་དཔར་ཆས། ཁ་པར་ཡོད་ཚད་ལ་བརྟག་དཔྱད་བྱས་ཆོག མ་ཟད་ངའི་ལག་ཁྱེར་དང་ལས་གནས་སོགས་ཀྱང་ཁོང་ཚོར་རེ་རེ་བཞིན་ངོ་སྤྲོད་བྱས། ཡིན་ནའང༌། ཧ་ཅང་བློ་ཡུལ་ལས་འདས་པ་ཞིག་ལ་ཁོང་ཚོས་ཁྱོད་ཀྱི་ལག་ཁྱེར་རྫུན་མ་རེད་ལ། མི་ཁྱོད་ཀྱང་རྫུན་མ་རེད་ཅེས་ཟེར།
ད་དུང་སྐར་ཆ་གཅིག་གི་ནང་དུ་གདམ་ཀ་གཉིས་སྤྲད་དེ་གཅིག་ཐག་གཅོད་བྱོས་ཟེར། གདམ་ཀ་གཉིས་ནི་བཙོན་དུ་སོང་ནས་ལོ་བདུན་བརྒྱད་ཅིག་ཏུ་འདུག་འདོད་དམ། ཡང་ན་ཕ་ཡུལ་ཨ་མདོ་རུ་ཤ་རྒྱག་ཏུ་འགྲོ་འདོད་ཟེར་བའི་འཇིགས་ཡེར་བའི་དྲི་བ་གཉིས་ལས་གཅིག་འདེམས་དགོས་པ་དེ་རེད། རླངས་འཁོར་སྔུན་ནས་སྔུན་དུ་དལ་གྱིས་འགྲོ་བཞིན་ཡོད་ལ་ཉེན་རྟོག་ལས་ཁུངས་སུ་མ་སླེབས་པའི་སྔོན་དེར་ངས་ངེས་པར་དུ་དེ་གཉིས་ཀྱི་གཅིག་འདེམས་དགོས། ངའི་ཡུལ་གྲོགས་ཨ་རིག་ཤེས་རབ་ཀྱིས་ངེད་གཉིས་ཉེན་རྟོག་ཁང་དུ་གཏན་ནས་འགྲོ་མི་རུང་ཟེར་ལ། བསམ་ཚུལ་དེ་ང་ལའང་འདུག དེ་ནི་ངེད་གཉིས་ལ་ནག་ཉེས་ཞིག་ཡོད་པ་མིན་པར་དགོས་མེད་ཀྱི་ཁྲིམས་ཁ་ཞིག་བརྒྱུད་དགོས་སྟབས་ཡིན།
མཐར་ཨུ་ཐུག་སྟེ་ངེད་གཉིས་ཀྱིས་གྲོས་ཐོག་གཅིག་ལ་བཞག་པ་ཡིན། དེ་ནི་ང་ཕ་ཡུལ་དུ་ལོག་ཆོག་ཟེར་བ་དེ་རེད། དེ་ལྟར་བྱས་ན་ངའི་ཡུལ་གྲོགས་ཁོང་ཕྱིར་དགོན་པར་བསྐྱལ་ངེས་ཡིན་ལ། ང་གསང་བའི་ལས་ཁུངས་བརྒྱུད་ལྡི་ལི་དང༌། ལྡི་ལི་གསང་བའི་ལས་ཁུངས་བརྒྱུད་བལ་ཡུལ་རྒྱལ་ས་རུ་གཏོང་གི་ཡིན་ཟེར། ད་དུང་ལྡི་ལིར་སླེབས་སྐབས་ངའི་ཡུལ་གྲོགས་དེར་ཁ་པར་ཐེངས་ཤིག་གཏོང་དགོས་ལ། བལ་ཡུལ་དུ་འབྱོར་སྐབས་ཁ་པར་ཐེངས་ཤིག་གཏོང་དགོས། མཐར་ཕ་ཡུལ་ཨ་མདོ་རུ་འབྱོར་རྗེས་ཁོང་ལ་ཁ་པར་མཐའ་མ་དེ་གཏོང་དགོས་ཟེར། གལ་སྲིད་དེ་ལྟར་མ་བྱས་པར་ང་ཡར་མར་བྲོས་པ་དང་ཕ་ཡུལ་དུ་མ་སོང་ཚེ་ཁོང་ལ་དཀའ་ངལ་འཕྲད་སྲིད་ཅེས་འཇིགས་སྐུལ་ཡང་བྱས་སོང༌།
གང་ལྟར་ངེད་གཉིས་ཐར་ཐབས་བྱ་རྒྱུ་ནི་གཙོ་ཡིན་སྟབས་ངེད་གཉིས་ཀྱིས་གྲོས་ཐོག་གཅིག་ལ་བཞག་སྟེ། དེ་ལྟར་ཁས་ལེན་བྱས་ཤིང༌། མཇུག་མཐར་ཤོག་ངོས་སྟོང་བ་ཞིག་ཏུ་ས་ཡིག་ཅིག་ཀྱང་རྒྱག་ཏུ་བཅུགས། དེ་རྗེས་ངའི་ཅ་དངོས་ཡོད་ཚད་བརྟག་དཔྱད་བྱ་རྒྱུ་ཡིན་ཟེར་ནས་ཁྱེར་སོང་ལ། ཁྱེད་རང་ནང་དུ་སོང་ནས་སྒུག་དང་ཅང་མི་འགོར་བར་ཅ་དངོས་རྣམས་གཅིག་ཀྱང་མ་ལུས་པར་ཁྱེར་ཡོང་ཟེར། ངས་ལག་ཁྱེར་ཁ་པར་དང་རྒྱབ་ཁུག་ནང་གི་དངུལ་སྒོར་རྣམས་ཚུར་སྤྲོད་རོགས་ལབ་ཀྱང་སྤྲད་མ་སོང༌།
ཕྱིར་ཡོང་བའི་ལམ་བར་དུ་ངའི་བློ་ན་དགའ་རོགས་ཀྱི་ཁ་པར་ཨང་གྲངས་འདུག ཁོ་མོར་ཁ་པར་བཏང་སྟེ་ངའི་གྲོགས་པོ་ཚོ་དང་དབུས་ལས་ཁུངས་སུ་འབྲེལ་བ་བྱས་ཏེ། སང་ཉིན་གྱི་ཆུ་ཚོད་གསུམ་པ་བར་དུ་འདི་ནས་ཐར་ཐབས་བྱ་དགོས་ཀྱི་འདུག དེ་མིན་ང་བལ་ཡུལ་དུ་གཏོང་རྩིས་རེད་ཅེས་ནན་གྱིས་བརྗོད།
ཕྱིར་མགྲོན་ཁང་དུ་ཡོང་ནས་ངས་བསམ་གཞིག་བྱ་སྐབས། གལ་སྲིད་ང་འཛིན་བཟུང་བྱེད་མཁན་གྱི་མི་དེ་གཉིས་རྒྱ་གར་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཡིན་ཚེ། ཁོང་ཚོས་ང་ལ་དོགས་པ་སྐྱེ་གཞི་ཞིག་ངས་བསྐྲུན་འདུག དཔེར་ན། ཐེངས་འདིར་ང་མོན་གྷོ་འདོད་རྒུ་གླིང་དུ་སོང་ནས་ཉིན་དྲུག་བསྡད་རིང་ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་དགོང་མོའི་ཆུ་ཚོད་བརྒྱད་དགུ་བར་ངས་གཞུང་དོན་བསྒྲུབས་པ་ཡིན་ཞིང༌། མི་སྣར་ཐུག་འཕྲད་དང་བཅར་འདྲི། སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ཞེས་པའི་དེབ་འགྲེམ་ཚོང་དང་དུས་བབ་ཚགས་པར་གྱི་རིན་དངུལ་བསྡུ་ལེན་བྱེད་པ་བཅས་བྱས་པ་མ་ཟད། དྲ་ཁང་དུ་ཐེངས་འགར་སོང་ཞིང་ཕ་མ་གཉིས་ལའང་ཁ་པར་བཏང་བ་ཡིན། འདི་ལྟར་གསར་དུ་མི་ཞིག་གིས་ལས་བྲེལ་ལ་གསང་བའི་ལས་ཁུངས་ཀྱིས་དོགས་པ་ཟ་ཆོག་ཆོག་རེད།
ཡིན་ནའང༌། ཁོང་ཚོས་ང་ཅིའི་ཕྱིར་ནག་ཉེས་གང་ཡང་མེད་བཞིན་དུ་བཙོན་དུ་འགྲོ་རྒྱུ་དང་ཕ་ཡུལ་ཨ་མདོ་རུ་འགྲོ་རྒྱུ་གཉིས་ལས་གདམ་ཀ་མེད་ཚུལ་བརྗོད་པ་ཡིན་ནམ། འདི་གསང་བའི་ལས་ཁུངས་ཀྱི་བྱེད་སྟངས་ཤིག་མ་རེད། འོ་ན། ངའི་ཅ་དངོས་རྣམས་ཆད་ལྷག་མེད་པར་ཕྱིར་ངའི་ལག་ཏུ་རག་པ་ཅིའི་ཕྱིར་ཡིན་ནམ། ད་དུང་ཁོང་ཚོས་ང་ལྡི་ལིར་གཏོང་རྒྱུ་ཡིན་སྐོར་བརྗོད་དེ། དུས་ལྟར་ངའི་སར་མ་སླེབས་པར་ངའི་ཅ་དངོས་རྣམས་ངའི་ཡུལ་གྲོགས་ཀྱི་ལག་ཏུ་བཞག་པ་ཅིའི་ཕྱིར་ཡིན་ནམ།
སྐབས་འདིར་ངའི་ཀླད་པའི་ནང་འདི་ལས་ལྷག་པའི་དྲི་རྟགས་སྣ་ཚོགས་ཤིག་འཚང་ཡོང་གི་འདུག་ལ། དེར་བརྟེན་ནས་ངས་དོན་གནད་འདི་རྩད་ནས་ཤེས་འདོད་ཀྱི་འདུན་པའང་འགོག་མེད་དུ་སྐྱེས་ཡོང༌། ཡིན་ནའང༌། ཕྱི་ཉིན་དེར་མོན་གྷོ་གཞིས་ལས་ཁང་གི་སྐུ་ཚབ་དང་འབྲས་སྤུངས་ཀླུ་འབུམ་ཁང་ཚན་གྱིསྐུ་ཚབ། ལྷོ་ཕྱོགས་ནང་བསྟན་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་བཅས་སླེབས་ཏེ། ང་ཚོས་ཕར་གསང་བའི་ལས་ཁུངས་སུ་འབྲེལ་བ་བྱས་སྐབས། མོན་གྷོ་གསང་བའི་ལས་ཁུངས་དང་ཧོབ་ལི་གསང་བའི་ལས་ཁུངས་གཉིས་ཀྱིས་ང་ཚོའི་མི་མིན་ཞེས་བརྗོད་སོང་ལ། ཁ་སང་ང་སྦེལ་ཀོབ་ཏུ་འབྱོར་རྗེས་མེ་སོར་དང་ཀུ་ཤུ་ན་གྷར་གྱི་གསང་བའི་ལས་ཁུངས་ཀྱི་མི་ཡང་རེད་མི་འདུག
གནད་དོན་འདིའི་རྟག་རྒྱབ་ཏུ་ཅི་ཞིག་ཡོད་དམ།
ཁྱེད་རང་གིས་གཟབ་གཟབ་བྱོས་མ་གཏོགས། སྲོག་མི་ཤོར་ཡང་ལས་སྣེ་ཤོར་ཡང་། ཨ་ལ་ཀུ་རེ་ཡིན། རང་དབང་མེད་པས་མི་ཟེར་བ་ཡིན་དུས། ཁྲིམས་གཏུགས་བྱེད་ས་ཡང་ཡོད་ནི་མ་རེད། གལ་ཏེ་རང་དབང་ཡོད་མཁན་གྱི་མི་རིགས་ཤིག་ཡིན་རྒྱུ་ན་དེ་རིང་ཁྱེད་ཀྱིས་ཁྲིམས་གཏུགས་བྱེད་ཆོག་གི་རེད། ད་དངོས་ནས་འདུག་གི་མ་བཅུགས་ནི་རེད། མི་དེ་ཚོ་ནི་གདོན་འདྲེ་ཟེར་བ་ལས་ཀྱང་བཙོག
ཐུགས་ཁག་མེད། ཁྱེད་ཀྱིས་མྱངས་པའི་སྡུག་བསྔལ་དེ་འདྲ་བོད་རིགས་མང་པོས་མྱངས་ཡོད། ཐབས་ལམ་གང་ཡང་མེད་པ་རེད། རྒྱ་གར་གྱི་མི་སེར་བཟོ་ཐུབ་ཚེ་ཡང་ལྟ་རྒྱུ་ཞིག་ཡོད་པ་རེད། སྡུག་བསྔལ་འདི་ང་ཚོས་ཤེས་པ་བྱ་རྒྱུ་གལ་ཆེན་པོ་རེད། འདི་ལྟར་བྲིས་པ་ལ་ཡང་ཐུགས་རྗེ་ཆེ་ཞུ།
ཁྱོད་ལ་འོ་བརྒྱལ་གཏད་འདུག ལྷོ་ཕྱོགས་ནི་རྒྱ་གར་རྒྱལ་ཡོངས་ལས་བདེ་སྲུང་དོ་དམ་ཆེ་བའི་ས་ཁུལ་ཞིག་ཡིན་པ་ཁྱོད་ཀྱིས་ཤེས་པར་གྱིས་ཏེ། ལྷོ་ཕྱོགས་ཙམ་མིན་པར་རྒྱ་གར་དུ་ཁྲིམས་མཐུན་གྱི་འགྲོ་སྡོད་ལག་ཁྱེར་མེད་ཚེ། གསར་འགོད་པ་བྱེད་རྒྱུ་ནི་རྙོག་དྲ་ཚ་བོ་རེད།
“ངས་ལག་ཁྱེར་ཁ་པར་དང་རྒྱབ་ཁུག་ནང་གི་དངུལ་སྒོར་རྣམས་ཚུར་སྤྲོད་རོགས་ལབ་ཀྱང་སྤྲད་མ་སོང༌།”
“འོ་ན། ངའི་ཅ་དངོས་རྣམས་ཆད་ལྷག་མེད་པར་ཕྱིར་ངའི་ལག་ཏུ་རག་པ་ཅིའི་ཕྱིར་ཡིན་ནམ།”
དོན་ངོ་མར་ཁྱོད་ཀྱི་ཅ་ལག་ཚུར་རེག་པ་རེད་དམ་མ་རེད། མི་དེ་དག་གི་གྱོན་པ་དང་རླངས་འཁོར། མི་དེ་དག་གསང་བའི་ལས་ཁུངས་ཀྱི་ཡིན་པའི་དཔང་རྟགས་ཡིད་ཆེས་འཕེར་བ་ཅི་ཞིག་འདུག་ད་དུང་ངོ་སྤྲོད་གསལ་བོ་ཞིག་བྱོས་དང་།
ཁྱོད་ཀྱིས་རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་ཁྱེར་རང་དང་མཉམ་དུ་ཁྱེར་མེད་པ་རེད་དམ་ཁྱོད་ལ་རྒྱ་གར་གྱི་གནས་སྡོད་ལག་ཁྱེར་ད་དུང་རེག་མེད་པ་རེད། གལ་སྲིད་ལག་ཁྱེར་ད་དུང་རེག་མེད་པ་ཡིན་ན་ཁྱོད་ལ་ངེས་པར་དུ་དེ་དགོས་ཀྱི་རེད། ལྷག་པར་དུ་ཁྱོད་ཀྱི་ལས་ཀ་འདི་དང་ལག་ཁྱེར་དེ་གཉིས་ལ་འབྲེལ་བ་ཆེན་པོ་ཞིག་ཡོད་པ་ནི་ངས་མ་བརྗོད་ཀྱང་ཁྱོད་ཀྱིས་ཤེས་གསལ་རེད།
ཀླུ་སྨྱོན་བླ་རྒན་ངོ་མ་ཧོན་ལོག་འདུག དང་བོ་དང་རྗེས་མ་རེ་རེ་ནས་དོན་དག་གང་བྱུང་བ་ཤེས་དགོས།
ཨ་ཁུ་མི་བསོར་མོ་ཞིག་རེད །
ཉིན་འདི་ཚོར་གཞན་གྱི་མི་ཁ་བརྒྱུད་ནས་ཐོས་ཚུལ་ཡིན་ན། ཁོང་ཚོས་ཕན་ཚུན་ལ་འདི་ལྟར་གླེང་མོལ་བྱེད་ཀྱིན་འདུག་ཟེར། སྦེལ་ཀོབ་བོད་ཀྱི་དུས་བབ་ཡན་ལག་ལས་ཁུངས་སུ་ཡོད་པའི་གསར་འགོད་པ་ཨ་རིག་འགྱུར་མེད་རྒྱ་ནག་གི་གསང་ཉུལ་བ་རེད་ལ། ཁོས་གསང་བའི་ལས་ཀ་མང་བོ་བྱས་པ་མ་ཟད། རྒྱ་ནག་ལ་༸གོང་ས་མཆོག་གི་སྐུ་པར་གཙོས་པར་མང་བོ་བཏང་འདུག་ཅེས་བརྗོད་ཀྱིན་འདུག་ཟེར།
གཏམ་མི་ཁ་བརྒྱུད་ཀྱིན་ཇེ་མང་ཟེར་བའི་དཔེ་ལྟར་རེད་མོད། ངས་འདི་སྣང་མེད་དུ་འཇོག་ཐུབ་ཀྱི་མི་འདུག དཔེར་ན། ངས་སྔོན་ཆད་བྲིས་རྩོམ་ཞིག་ཏུ་༼ དཀྲོག་གཏམ་འདི་དག་སུས་བཟོས་པ་རེད། ༽ཅེས་པ་ཞིག་བྲིས་ཡོད་ཅིང་། དེའི་ནང་ཉེ་བའི་ཟླ་ངོ་འགའི་ནང་གི་དཀྲོག་གཏམ་འགའ་བཀོད་ཡོད། ཐེངས་འདིར་ང་རང་དཀོག་གཏམ་བཟོ་བྱེད་དུ་གྱུར་བ་རེད། དཀྲོག་གཏམ་བཟོ་མཁན་དག་གིས་ཀྱང་རིག་པ་སྒྲིམ་ནས་སྐད་ཆ་གཅིག་ཐོག་གཉིས་རྩེག་བྱེད་པར་བརྩོན་བཞིན་ཡོད་ཨང་།
ཡིན་ནའང་། གོང་གི་ངས་རྩོམ་ཡིག་དེས་ཀློག་པ་མང་བོ་ཞིག་ལ་ང་རང་ཉིད་དང་འད་བར་དྲི་རྟགས་སྣ་ཚོགས་ཤིག་བཀོད་ཡོད། དེ་ནི་གནས་ཚུལ་ཡོངས་ཞིབ་ཚགས་དང་རྒྱས་འབྲི་བྱས་མེད་པ་དེ་རེད། འོན་ཀྱང་། ངས་འདི་ལྟར་བྱེད་དོན། གནད་དོན་འདི་མུ་མཐུད་གླེང་བ་དང་རྩོད་པ་ལས་འདི་ལྟར་འཇོག་མ་འདོད་པས་ཡིན་ལ། རིམ་གྱིས་གནས་ཚུལ་འདི་ལྷང་ལ་འབུད་ཀི་རེད་བསམ་ཡོད། རྒྱུ་མཚན་དེར་བརྟེན་ནས་ངས་རིམ་གྱིས་འབྲི་ངེས་ཡིན་མོད། དེའི་བར་དུ་ང་ཚོ་ཐུན་མོང་གིས་བསམ་གཞིག་བྱ་དགོས་ས་ནི། མི་སུས་འདི་ལྟ་བུའི་ལས་བསྒྲུབ་ཀི་རེད་ཟེར་བ་དེ་རེད།
དཔེར་ན། ང་སྦེལ་ཀོབ་ས་གནས་ལས་ཁུངས་སུ་འབྱོར་རྗེས་ས་འདིའི་གསང་བའི་ལས་ཁུངས་ཀྱི་མི་ཞིག་གིས་ང་ལ་དྲི་བ་ལེན་དུ་ཕེབས་སོང་། ཁོང་དང་ངེད་གཉིས་ཀྱིས་གླེང་མོལ་གྲུབ་རྗེས་སྔོན་ཆད་གསར་འགོད་པ་བྱེད་མྱོང་བའི་མི་ཞིག་ཀྱང་སླེབས་སོང་། མི་དེས་ང་ལ་འདི་ལྟར་དྲི་བ་གསུམ་བཏང་།
གཅིག ཁྱོད་ཀྱི་ཆེས་ཐག་ཉེ་བའི་གྲོགས་པོ་ནང་ཁུལ་ལམ་ཡང་ན་སྔོན་ཆད་འགྲོགས་མྱོང་བའི་མི་སྣ་དག་གི་ཁྲོད་ལ་ཁྱོད་ལ་དགྲ་རུ་ལངས་ཡོད་མཁན་ཡོད་དམ།
གཉིས། ཁྱོད་ཀྱི་བཞུད་ཟིན་པའི་ལམ་བུའི་ཁྲོད་དུ་བུད་མེད་དགའ་རོགས་འདྲར་ཁྲེལ་མེད་བྱས་ས་ཡོད་དམ།
གསུམ། ཁྱོད་ཀྱི་ཚོགས་པའི་ངོས་ནས་ཚོགས་པ་གཞན་ལ་ཕོག་ཐུག་བཏང་ས་ཡོད་དམ།
གོང་གི་དྲི་བ་འདི་དག་གིས་སྤྱིར་བཏང་གནད་དོན་ཡག་སྡུག་གང་འདྲ་ཞིག་སྟོན་ཀྱང་རུང་། ངས་ཀྱང་འདི་ལ་བསྐྱར་ཞིབ་ཅིག་བྱ་བཞིན་ཡོད་མོད། ངས་སེམས་ཐག་ཆོད་པོའི་སྐད་ཆ་བཤད་ཐུབ་པ་ཞིག་ནི་ངའི་བཞུད་ཟིན་པའི་ལམ་བུའི་ཁྲོད་དུ་ང་ལ་དགའ་བོ་རེ་ཟུང་ཡོད་ཀྱང་། ང་དང་ཁོང་ཚོའི་བར་ན་ཕན་ཚུན་དགྲ་རུ་ལངས་དགོས་པའི་རྩོད་རྙོག་གང་ཡང་མེད། དེ་མིན་དྲི་བ་གཞན་དེ་གཉིས་ལ་ངས་ད་དུང་འདང་རྒྱག་དགོས་ཀྱི་འདུག
དངོས་གནས་བྱས་ན་མི་ངའི་བཞུད་ཟིན་པའི་མི་ཚེ་ཐུང་ཐུང་དེ་རུ་དགྲ་རུ་ལངས་དགོས་པའི་སེམས་རྣག་ཅིག་མི་ལ་བཟོ་མྱོང་མེད་མོད། ཐེངས་འདིར་ངས་ངེས་པར་དུ་ནན་ཏན་གྱིས་བསམ་གཞིག་བྱ་དགོས་ཤིང་། སྣང་ཆུང་བྱེད་མི་རུང་བར་འདོད་པས། ལན་དེ་ད་དུང་རྙེད་ཀྱི་མི་འདུག་གོ།
དྲ་གྲོགས་ཚོར་གོང་གི་དྲི་བ་དེ་གསུམ་ལས་གཞན་པའི་དྲི་བ་འདྲ་རྙེད་ཀྱི་འདུག་གམ། ད་ལྟ་ང་ཚོས་ཡོང་སྲིད་པའི་གནད་དོན་ཐམས་ཅད་ཀྱི་ཐོག་ཏུ་དོགས་འདྲི་དང་དཔྱོད་གླེང་བྱ་དགོས་ཀྱི་འདུག
ཁྱོད་ཀྱི་གནད་དོན་འདི་ཅུང་ཟད་རྙོག་འཛིང་ཅན་ཞིག་ཡིན་ས་རེད། གསར་བུ་གཟབ་གཟབ་བྱོས། ང་ཚོའི་སྤྱི་ཚོགས་འདིའི་ནང་དུ་མི་འདྲ་མིན་སྣ་ཚོགས་འདུག་ལ། དེའི་ནང་ནས་ཀྱང་ཁྱོད་རང་གི་བཟང་ས་རྒྱན་ས་ཡིན་ཟེར་མཁན་ཚོར་དོགས་ཟོན་ནན་མོ་བྱོས། སྔོན་ཆད་རྭ་རྒྱའི་ཨ་ཁུ་བློ་དར་ཡང་བལ་ཡུལ་དུ་ཡོད་པའི་མཚོ་སྔོན་གྱི་གསར་བུ་ཞིག་གིས་རྒྱ་ལག་ཏུ་བཞག་པ་ཡིན་ལུགས་ཤིག་གོ་མྱོང་ལ། གསར་བུ་དེའི་མིང་ཡང་གོ་མྱོང་ཡང་འདིར་བརྗོད་དགོས་དོན་མི་འདུག ཁྱོད་ལ་ཆ་རྒྱུས་མེད་པ་ཞིག་གིས་ཁྱོད་ཀྱི་ཕ་ཡུལ་དང་ཕ་མིང་ཤེས་ལུགས་མེད། རང་གི་ཐག་ཉེ་ས་ན་ཡོད་པའི་ལུག་ལྤགས་གྱོན་པའི་”མི་”་དེ་ཚོར་གཟབ་གཟབ་ཧ་ཅང་ཧ་ཅང་ནན་མོ་བྱོས།
མཚོ་སྔོན་གསར་བུ་དེས་བལ་ཡུལ་སྣེ་ལེན་ཁང་གི་ཁ་ཐུག་དེ་རུ་ཟ་ཁང་ཐེབས་ཅག་ཅིག་བཟུང་ནས་གསར་འབྱོར་བ་དང་མར་འགྲོ་མཁན་ཚོའི་གནས་ཚུལ་རྒྱུས་ལོན་ནན་མོ་བྱས་འདུག
སྐབས་འདིར་ངས་སྔོན་ཆད་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་འཇུས་ནས་བོད་དུ་བསྐྱལ་བའི་བསྟན་འཛིན་མགོན་པོའི་སྤུན་མཆེད་དེ་སེམས་ནང་དྲན་ཡོང་། གསར་བུ་གཉོམ་ཆུང་དེ་རྒྱ་ནག་གི་མཐའ་མཚམས་བཙོན་ཁང་ནས་རྡུང་རྡེག་དྲག་པོ་མྱངས་པས་ནང་དུ་བསླེབས་ནས་ཟླ་བ་གཅིག་ཀྱང་མ་འགོར་བར་གྲོངས་སོང་ཟེར། སྙིང་རྗེ་དེ་ཡང་རྡ་སའི་ཨ་མདོ་བ་སེམས་ནག་འགའི་བྱ་སྤྱོད་ཀྱིས་ཡིན་རབས་ཟེར་གི
མི་ཞིག་གིས་ཁྱེད་ལ་སེམས་ནག་བྱེད་ཀྱི་ཡོད་པ་འདྲ་སྟེ། བདེན་ལུང་པ་གཉིས་ལ་ཕུ་ཐག་རིང་། རྫུན་ཨ་བྲ་གཉིས་ལ་རྔ་མ་ཐུང་། མི་སྒེར་ཞིག་ལ་ཐུག་ཡོད་དམ་ཡང་ན་ཚོགས་པ་ཤིག་ལ་ཐུག དེ་མིན་ན་སོ་བ་ཞིག་ལ་ཐུག་པ་གང་ཡིན་ན་ཡང་ཁྱོད་ལ་གནོད་ཆེན་པོ་བསྐྱལ་ཐུབ་ཀྱི་མ་རེད།
ཁྱེད་རང་ལ་ཡིན་གཅིག་མིན་གཅིག་སྐྱབས་བཅོལ་ལག་ཁྱེར་ངེས་པར་དུ་དགོས་ཀྱི་ཡོད་པ་མ་ཟད་རྟག་པར་རང་དང་མཉམ་དུ་ཁྱེར་ནས་འགྲོ་རྒྱུ་དེ་གལ་ཆེན་པོར་མཐོང་།
གཞིས་ཆགས་ཚང་མར་རྒྱ་གར་གྱི་གསང་ལས་ཆེད་ལས་ཀ་བྱེད་མཁན་བོད་མི་ཡོད་པ་རེད་ཟེར། ཁོ་ཚོའི་ལས་ཀ་ནི་མི་གསར་པ། ལག་ཁྱེར་མེད་མཁན། དྭོགས་གཞི་ཅན་སོགས་རྒྱ་གར་ལ་གནས་ཚུལ་འབུལ་གྱི་ཡོད་སྐད་འདུག
ནམ་རྒྱུན་དུ་ཁྱེད་རང་གི་སྐད་ཆ་མང་ཤོས་བཤད་སའི་མི་ཁྱེད་རང་གི་ཐག་ཉེ་ས་དེ་སུ་རེད། མི་དེ་ལ་ཁྱེད་རང་རྟག་པར་རང་གི་བདེ་སྡུག་ཡོད་ཚད་མ་གསང་བར་བཤད་འཕོད་པས་རྒྱུ་མཚན་གང་ཡིན། དེ་དག་ཤེས་ནས་མི་དེ་ལ་ཁྱེད་རང་རྩ་ནས་དོགས་པ་མེད་ཀྱང་། མི་དེས་གྲོགས་པོ་ཉེ་ཤོས་ཀྱི་གྲངས་དུ་ཁྱེད་རང་ལ་མི་དགའ་མཁན་དེ་འདྲ་ཡོད་པ་མི་ཁ་བརྒྱུད་ནས་གོ་མྱོང་ཨེ་ཡོད། དེ་ལྟར་རིམ་གྱིས་ཞིབ་འཇུག་ནན་མོ་བྱོས་དང་ལྷུང་ལ་འབུད་ངེས་རེད།
ཚེ་ལོ་རྒྱལ་ཟེར་བའི་མཐོ་རིས་པོ་དེ་ངས་ཏོག་ཙམ་ངོ་ཤེས་ཀྱི་ཡོད། ཁོང་ནི་སློབ་སྦྱོང་ལ་དགའ་མཁན་ཞིག་ཡིན་ཞིང་། ཁོའི་ཚེ་སྲོག་དེ་རྒྱ་དཀར་ནག་གཉིས་ཀྱི་ཉེན་རྟོག་པ་ཚོས་དོན་མེད་དུ་བཅོམ་སོང་། གནས་ཚུལ་དེ་ཐོག་མར་ནོར་བུ་གླིང་གའི་དཔེ་མཛོད་ནས་སྐུ་ཞིག་རྐུན་མར་ཤོར་བ་དང་འབྲེལ་ནས་མཐའ་མར་ཁོའི་ཚེ་སྲོག་ཤོར་བ་རེད་ཟེར་བ་གོ་ནས་ཧ་ཅང་ཕངས་པོ་བྱུང་། ཁོའི་གནད་དོན་ཡང་སྐྱབས་བཅོལ་ལག་དེབ་ལ་ཐུག་ཡོད་ཚུལ་ཞིག་བཤད་སོང་། བདེན་པ་ཡིན་མིན་མི་ཤེས།
ཁོའི་ཚེ་སྲོག་ཤོར་བ་དང་རྡ་སའི་ཨ་མདོའི་ཆེ་ཆེ་གཉན་གཉན་བར་འབྲེལ་བ་ཡོད་ཀྱང་ད་དེ་ཚོ་གླེང་ནས་ཕན་པ་ཅི་ཞིག་ཡོད་ཨང་།
གླེང་དགོས་ངེས་དེ་གླེང་མི་ཕོད་པར་དོན་དག་མེད་ས་ལ་ཟུག་བསྡད་ནས་ཅི་ཕན།
ཀླུ་སྨྱོན། ཁྱོད་ནི་ཁུངས་དང་ལྡན་པའི་དྲང་བདེན་གྱི་སྐད་ཆ་དེ་དག་ཁ་ནས་བཤད་མི་ཕོད་པར་ཁོག་ལ་བཅུག་ནས་འདུག་མཁན་ཞིག་ཡིན་པ་དེ་རིང་བར་དུ་མ་ཤེས། གཉན་ཆེན་ཐང་ལྷ་ཟེར་བའི་གསར་ཤོག་དེའི་ཐོག་ཏུ་ཁྱོད་ཀྱིས་རྩོམ་སྒྲིག་བྱས་པའི་གནས་ཚུལ་འགོད་སྟངས་ལ་ཡང་སྐྱར་ལྟ་འདོད་ཅིག་བྱུང་སོང་།
ཉིན་འགའི་སྔོན་དུ་ཁྱེད་དང་མཉམ་དུ་དྲ་ཐོག་ནས་གླེང་མོལ་བྱུང་རུང་། དཀའ་ངལ་འདི་འདྲ་ཞིག་ཉིད་ལ་འཕྲད་ཡོད་པ་མ་ཤེས།
གང་ལྟར། ཁྱེད་བཙོན་ལ་འགྲོ་དགོས་འཁེལ་མི་འདུག་ལ་ཕ་ཡུལ་དུ་ཡང་ལོག་བཏང་མི་འདུག ད་ལག་འཁྱེར་དེ་ཚོ་མགྱོགས་པོར་བཟོས།
ཕྱོགས་འདྲ་མིན་ལ་སེམས་ཁྲལ་མ་བྱེད། དོགས་པ་འདྲ་མིན་ཡང་མ་བྱེད། ལས་ཀ་བྱེད་དུས་སྔོན་རྗེས་གཉིས་ལ་བསམ་བློ་ཐོངས།
དགོས་བའི་ལག་འཁྱེར་དང་ཡིག་ཆ་དེ་ཚོ་སྔོན་ལ་ཚར་བ་བྱོས།
གནད་དོན་འདི་ཚོའི་རྒྱབ་ན་ཅིག་ཡིབ་བསྡད་ཡོད་ན། རྗེས་སུ་ག་ལེར་ཞིབ་འཇུག་བྱས་ཆོག་གི་རེད།
ཨ་རོགས་ཡེ་ཤེས། ཨ་མདོ་ཕོ་གསར་ཡག་པོ་དེ་མེད་བརླག་ལ་གཏོང་མཁན་ཆེ་ཆེ་གཉན་གཉན་དེ་དག་སུ་སུ་རེད། ཁོ་ལ་ག་རེ་བྱས་ནས་དེ་འདྲའི་སྡུག་པོ་བཏང་བ་རེད་དམ། མི་བསོད་ཀྱི་ལག་དམར་གང་ན་སུ་ཡོད་ན་རང་དགར་ཡན་པོར་མ་བཏང་བར་གསལ་བོར་བཤད་རོགས། ཅིག་བཤད་ཡ་ཡོད་རུང་བཤད་ཀིན་མིན་མདོག་མདོག་དེ་ག་རེ་ཡིན་ནམ། རང་ང་བཞག་ན་ཁ་ཤག་ཤག་ཡོད་པ། ད་ཤོད་ཡ།
ལྐུག་གཏམ་མ་ཤོད། སྐར་ཆེན་དང་ྐླུ་སྨྱོན་སོགས་ཀྱིས་ཤེས་དགོས་པ་འདི་རེད། དངོས་གནས་བྱས་ན་ཀརྨ་པ་ཕུད་པའི་གསར་འབྱོར་བ་སུ་གཅིག་ལ་ཡང་གཏན་སྡོད་ཆོག་པའི་ཁྲིམས་མཐུན་གྱི་ལག་ཁྱེར་ཟེར་བ་ཞིག་མེད་པ་རེད། ཕ་ཚབ་མ་ཚབ་རྫུན་མ་རེ་བཟོས་ནས་ཡིག་ཆ་རེ་བཟོས་ཡོད་པ་རེད། སྟབས་མ་ལེགས་ན་བཙོན་ཁང་དུ་སྐྱེལ་ཆོག་ཆོག་རེད། དེང་སྐབས་རྒྱ་གར་གཞུང་གིས་ཏོག་ཙམ་མ་གོ་མ་ཤེས་ཁུལ་བྱས་ནས་བསྡད་ཡོད་པ་རེད། དེ་བཞིན་བཙན་བྱོལ་བོད་གཞུང་ཡང་དེ་ག་རང་རེད། ཉིན་གཅིག་ལ་རྒྱ་གར་གཞུང་གིས་སྒོ་རྒྱག་དགོས་ལབ་ན་སྒོ་རྒྱག་རྒྱུ་རེད་མ་གཏོགས་འདི་ལ་འཁྲེགས་པོ་དང་བརྟན་པོ་གང་ཡང་མི་འདུག བོད་པ་ཚང་རྩྭ་མགོའི་ཟིལ་པ་དང་རླུང་གསེབ་ཀྱི་མར་མེ་རེད། ཀྱེ་མ། ཀྱི་ཧུད།
ངེད་ཀྱིས་ལྐུགས་གཏམ་བཤད་མེད།
གཏན་སྡོད་ལག་འཁྱེར་ཟེར་བ་མི་ཤེས། སྐྱབས་བཅོལ་བ་ཞིག་ཡིན་ན། གཏན་ཏུ་སྡོད་ཀྱི་མ་རེད་བསམ།
ཁྲིམས་མཐུན་ག
ངེད་ཀྱིས་ལྐུགས་གཏམ་བཤད་མེད།
གཏན་སྡོད་ལག་འཁྱེར་ཟེར་བ་མི་ཤེས། སྐྱབས་བཅོལ་བ་ཞིག་ཡིན་ན། གཏན་ཏུ་སྡོད་ཀྱི་མ་རེད་བསམ།
ཁྲིམས་མཐུན་གྱི་ལག་འཁྱེར་བཟོས་ཆོག་གི་རེད་ལ་བཟོ་དགོས་རྒྱུ་ཡང་ཧ་ཅང་ནས་གལ་ཆེན་པོ་རེད།
ལག་འཁྱེར་བཟོ་སྟངས་ཀྱི་ཐད་ལ་ཡང་སྔོན་མ་ནང་བཞིན་ཕ་ཚབ་མ་ཚབ་རྫུན་མ་དེ་འདྲ་དགོས་བ་མ་རེད།
བདེ་དོན་བརྒྱུད་ནས་བཟོ་དགོས་ཀྱི་ཡོད་པ་རེད་ལ་སྐྱེས་ས་སྐྱེས་ཡུལ་དང་ཕ་མའི་མིང་དངོས་གནས་དེ་བྲིས་ཆོག་གི་རེད།
ལག་འཁྱེར་གྱི་ཕྱོགས་ནས་སྐད་ཆ་མང་ནི་རེད། ངས་ཀྱང་ལམ་ཁ་འདི་བརྒྱུད་ནས་ཕྱི་ལ་སླེབས་པ་རེད།
སྤོབས་པ་ཁྱེད་ཀྱིས་གནད་དོན་འདི་འདྲའི་སྐོར་ལ་། སྐད་ཆ་མ་བཤད་སྔོན་ལ། གནས་ཚུལ་རྒྱུས་ལོན་བྱོས།
ཉིན་རེ་ཉིན་རེའི་རྒྱ་གར་ནང་གི་འགྱུར་བ་དེ་ཚོར་ཉན་ཤེས་བྱོས། ལག་འཁྱེར་བཟོ་སྟངས་ཐད་ལ་ཡང་སྔ་མའི་རྒྱ་གར་གཞུང་གི་སྲིད་ཇུས་དང་ད་ལྟའི་སྲིད་ཇུས་ལོགས་ཀ་རེད།
བོད་གཞུང་གི་ངོས་ནས་ཀྱང་དེ་མཚུངས་རེད།
དགོང་དག གོང་གི་མཆན་དེ་སྐར་ཆེན་ལགས་ཀྱི་ཡིག་གཟུགས་འགྱུར་ཡོད་སྟབས་ངས་ཚུར་བསྒྱུར་ནས་བཀོད་པ་ཡིན་པ་ལས་ངའི་མཆན་བུ་མ་རེད། དེ་ལུགས་དགོང་འཇག་ཞུ།
དེ་འདྲ་ཡིན་ན་ཨ་རིག་འགྱུར་མེད་ཟེར་བའི་ལྐུག་པ་འདི་ཤར་རྒྱག་གི་ཉེན་རྟོག་ལས་ཁུངས་སུ་ག་རེ་བྱས་ནས་མ་བཅར་བ་ཡིན་ནམ། ཁྲིམས་མཐུན་གྱི་ལག་ཁྱེར་ཟེར་བ་ཞིག་རྒྱ་གར་ཚང་ལ་ཡོད་ན་ལས་ཁུངས་ལ་བཅར་མི་ཕོད་དོན་ག་རེ་ཡིན་ནམ།
དེ་འདྲའི་དོ་སྣང་ཞིག་ཡོད་ན་ཚེ་ལོ་རྒྱལ་འཛིན་བཟུང་བྱེད་དུས་ཨ་མདོའི་མི་སུ་དང་སུས་ཁོའི་ལག་མི་གཙང་ཟེར་ནས་རྒྱ་གར་ས་གནས་ཉེན་རྟོག་པའི་ཡིག་ཆར་མིང་རྟགས་བཀོད་འདུག་རྩད་གཅོད་ཐོངས། འདི་ཚོ་འདས་ཚར་བའི་བྱ་བ་རེད། གཅིག་གཅིག་གཉིས་གཉིས་གླེང་ན་དགེ་མཚན་ཆེན་པོ་ཞིག་མེད་ཀ
ཨ་རོགས་སྤོབས་པ།
ངེད་ཀྱི་གྲོགས་པོར་ཁྲིམས་མཐུན་ལག་འཁྱེར་མི་འདུག་
དེར་བརྟེན། ངེད་ཀྱིས་ཀྱང་ལག་འཁྱེར་དང་ཡིག་ཆ་དེ་ཚོ་སྔོན་ལ་ཚར་བ་བྱོས་ལབ་ཀྱི་ཡོད།
ཨ་རིག་གིས་ཀྱང་སྐྱབས་བཅོལ་ལག་དེབ་མེད་པ་བདེན་པ་ཡིན་ཞེས་ལབ་འདུག་ག
ཨ་ལེ། དགོང་དག སྐར་ཆེན་གྱིས་བཤད་པ་བདེན་ཡ། ན་ནིང་ཞིག་ནས་བཟུང་ལག་ཁྱེར་མེད་མཁན་རིགས་ལ་ལག་ཁྱེར་གསར་པ་བཟོ་རྒྱུའི་ལས་ཞིག་མགོ་བཙུགས་སོང་། དེ་ལ་ཕ་ཚབ་མ་ཚབ་རྫུན་མ་མི་དགོས་པ་རེད་དམ། ངས་ནི་སྔོན་མ་ང་ཚོའི་ལག་ཁྱེར་ནང་བཞིན་ཕ་ཚབ་མ་ཚབ་རྫུན་མ་རེ་བཙལ་ནས་རྒྱ་གར་དུ་སྐྱེས་པ་ཡིན་ཚུལ་གྱི་ལག་ཁྱེར་རྫུན་མ་བཟོ་བ་དེ་དང་གཅིག་མཚུངས་ཡིན་པར་བསམ་བསྡད་ཡོད། དེ་ཡིན་ན་ཡག་པོ་རེད། ཟམ་གདོང་སྤྲུལ་སྐུས་དེའི་ཕྱོགས་ལ་ཤུགས་རྒྱག་གི་ཡོད་རེད་ཟེར་བ་ཞིག་ཐོས་སོང་། སྔོན་མ་༡༩༨༠ ཡས་མས་ནས་གསར་དུ་འབྱོར་བ་ང་ཚོའི་རིགས་ལ་ལག་ཁྱེར་ཚད་ལྡན་ཐོབ་མེད་པ་རེད། འདི་བདེན་པ་ཡིན་ན་ཟམ་གདོང་གི་བཀའ་དྲིན་ལ་བརྩི་ཆོག་རྒྱུ་རེད་ཡ།
ྐླུ་སྨྱོན་ལགས་ཀྱིས་འདིའི་སྐོར་མང་པོ་མ་གླེང་། ང་ལ་ཡང་འཐད་པ་མེད། འདིའི་སྐོར་ངས་ཀྱང་གསལ་ལ་མི་གསལ་བ་ཞིག་གོ་སོང་། བསྟན་འཛིན་མགོན་པོའི་ཁ་དེ་དང་འབྲེལ་བ་རེ་ཡང་ཡོད་པ་འདྲ། ྐླུ་སྨྱོན་གྱིས་འདི་མང་པོ་མ་གླེང་ན་དགའ།
རེད་རེད། སྙིང་རྗེ་ཚེ་ལོ་རྒྱལ་འདས་པོ་དེས་ད་ནི་སྐྱེ་བ་བཟང་ངན་གང་རུང་ཞིག་བླངས་ནས་འཚོ་བ་གསར་བ་ཞིག་གི་མགོ་བཙུགས་ཚར་ཡོད་ཀྱི་རེད། ད་ནི་གཤིན་པོའི་བརླ་མི་རྡུང་ནི་བྱེད།
ཨ་ཤུ་རེ་ཁོ། གསར་བུ་ཡག་པོ་དེ། དོན་མེད་དགྲ་ལག་ལ་བཞག་སོང་།
དྲ་གྲོགས་ཚོ་འདིར་ཡོང་ནས་རང་རང་གི་བསམ་ཚུལ་བརྗོད་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ་ལ། དེ་བས་ཀྱང་སེམས་ཁྲལ་གནང་མཁན་དང་རྒྱབ་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ།
ཐེངས་འདིའི་དོན་རྐྱེན་འདིས་ང་རང་ཉིད་ལ་བརྡབ་གསིག་མི་ཉུང་བ་ཞིག་བཏང་བས་མ་ཚད། ངའི་གྲོགས་པོ་གྲོགས་མོ་ཡོད་ཚད་དང་འབྲེལ་ཡོད་ལས་ཁུངས། མོན་གྷོ་འདོད་རྒུ་གླིང་དང་སྦེལ་ཀོབ་ལུགས་བསམ་གླིང་གི་གཞིས་མགོ་རྣམ་གཉིས་གཙོས་མི་ཆེ་ཆུང་ཚང་མར་འོ་རྒྱལ་གཏད་དགོས་འཁེལ་སྟབས། གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་འདོད།
ཁ་སང་དེ་རིང་ཉིན་རེ་ནས་ཉིན་རེ་བཞིན་གནས་ཚུལ་འདི་རྒྱ་ཁྱབ་འདི་འགྲོ་བཞིན་འདུག་ལ། ཐག་ཉེ་རིང་གི་ངའི་གྲོགས་པོ་གྲོགས་མོ་མང་བོ་ཞིག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་ཁ་པར་སླེབས་ནས་སྐད་ཆ་དྲིས་ཡོང་། ཁོང་ཚོས་བཤད་ན་དོན་དག་དེ་གོ་ཐོས་བྱུང་བའི་མཚན་མོ་དེར་ཁོང་ཚོ་གཉིད་སྐྱིད་པོ་ཞིག་ཀྱང་ཁུག་མ་ཐུབ་ཟེར་ལ། རྒྱུ་མཚན་འདིར་བརྟེན་ནས་ཁོང་ཚོས་ང་དངོས་གནས་དོན་རྐྱེན་ཆེན་པོ་ཞིག་འཕྲད་སྲིད་པའི་སེམས་ཁྲལ་བྱུང་འདུག ཡིན་ནའང་། ད་ལྟ་གནད་དོན་འདི་སུས་བཟོས་མིན་གྱི་དོགས་གཞི་ཞིག་ལྷག་པ་ཙམ་ལས་སྤྱི་ཡོངས་ནས་གནས་ཚུལ་ཡོངས་རྒྱུན་ལྡན་དུ་གྱུར་ཡོད་ལ། ངས་ཀྱང་སྔར་ལྟར་རང་གི་ལས་འགན་བསྒྲུབ་བཞིན་པའི་ཁུལ་ཡིན།
སྤོབས་པ་ན་རེ། ༼ དེ་འདྲ་ཡིན་ན་ཨ་རིག་འགྱུར་མེད་ཟེར་བའི་ལྐུག་པ་འདི་ཤར་རྒྱག་གི་ཉེན་རྟོག་ལས་ཁུངས་སུ་ག་རེ་བྱས་ནས་མ་བཅར་བ་ཡིན་ནམ། ཁྲིམས་མཐུན་གྱི་ལག་ཁྱེར་ཟེར་བ་ཞིག་རྒྱ་གར་ཚང་ལ་ཡོད་ན་ལས་ཁུངས་ལ་བཅར་མི་ཕོད་དོན་ག་རེ་ཡིན་ནམ། ༽ཟེར། ཕྲན་ན་རེ། ༼ ད་དུང་སྐར་ཆ་གཅིག་གི་ནང་དུ་གདམ་ཀ་གཉིས་སྤྲད་དེ་གཅིག་ཐག་གཅོད་བྱོས་ཟེར། གདམ་ཀ་གཉིས་ནི་བཙོན་དུ་སོང་ནས་ལོ་བདུན་བརྒྱད་ཅིག་ཏུ་འདུག་འདོད་དམ། ཡང་ན་ཕ་ཡུལ་ཨ་མདོ་རུ་ཤ་རྒྱག་ཏུ་འགྲོ་འདོད་ཟེར་བའི་འཇིགས་ཡེར་བའི་དྲི་བ་གཉིས་ལས་གཅིག་འདེམས་དགོས་པ་དེ་རེད། རླངས་འཁོར་སྔུན་ནས་སྔུན་དུ་དལ་གྱིས་འགྲོ་བཞིན་ཡོད་ལ་ཉེན་རྟོག་ལས་ཁུངས་སུ་མ་སླེབས་པའི་སྔོན་དེར་ངས་ངེས་པར་དུ་དེ་གཉིས་ཀྱི་གཅིག་འདེམས་དགོས། ངའི་ཡུལ་གྲོགས་ཨ་རིག་ཤེས་རབ་ཀྱིས་ངེད་གཉིས་ཉེན་རྟོག་ཁང་དུ་གཏན་ནས་འགྲོ་མི་རུང་ཟེར་ལ། བསམ་ཚུལ་དེ་ང་ལའང་འདུག དེ་ནི་ངེད་གཉིས་ལ་ནག་ཉེས་ཞིག་ཡོད་པ་མིན་པར་དགོས་མེད་ཀྱི་ཁྲིམས་ཁ་ཞིག་བརྒྱུད་དགོས་སྟབས་ཡིན།
༽ ཞེས་རྩོམ་ཡིག་ཏུ་གསལ་ཡོད།
ཡིན་ནའང་། ད་སྐབས་ང་ཡང་འགྱོད་པ་ཆེས་ཆེ་ས་ནི་བཟོད་བསྲན་ཅུང་ཙམ་བྱེད་མ་ཐུབ་པར་བོད་དུ་ལོག་རྒྱུར་ཁ་གཡར་ཏེ། ཕྱི་ལོགས་སུ་སླེབས་རྗེས་ཡར་མར་འབྲེལ་བ་བྱས་ཏེ་རང་ཉིད་དཀར་འདོན་བསམ་ནས། དེ་ལྟར་ལག་བསྟར་བྱས་པ་དེ་ནོར་འཁྲུལ་རེད་བསམ།
བུ་རྒོད་པོ་ཤུ་རེ་བྱོས། དོན་ཆེན་བྱེད་དུས་སུ་དོན་ཆུང་འདྲ་མིན་འཕྲད་པ་ནི་ཆོས་ཉིད་རེད། སེམས་ཤུགས་མ་ཆགས་པར་ཤ་གཟད་རུས་ཐུག་གི་དམ་བཅའི་འོག་ནས་བོད་ཀྱི་དུས་བབ་ཚང་གི་ལས་གནས་དེ་ལ་གཅེས་སྐྱོང་བྱོས་དང་། དེ་ནི་བོད་ཕྱི་ནང་གཉིས་ཀྱི་འགྲིན་ཚབ་པ་གལ་ཆེན་ཞིག་ཆགས་ཡོད་པ་ཁྱེད་རང་གིས་ཀྱང་ལོས་ཤེས། དོན་དག་འདི་རྒྱ་གར་ནང་ལོག་གཅིག་བུ་མ་ཡིན་པར་རྒྱལ་ཁབ་ཕྱི་ནང་མང་བོ་ཞིག་གིས་བོད་རིགས་སྤུན་ཟླ་ཚོས་རྣ་ལམ་དུ་འབྱོར་ཚར་བ་རེད། ད་ནི་ཁྱེད་རང་ལ་རང་དབང་གི་ལུང་བ་ནས་དཀའ་ངལ་གཞན་འཕྲད་སྲིད་པ་ཡིན་ཡང་། དོན་མེད་དུ་བཙོན་ཁང་ནང་དུ་བཅུགས་དེ་ལོ་ངོ་ཁ་ཤས་ལ་ཁྲིམས་ཐག་གཅོད་མཁན་དེ་འདྲ་ཡོང་མི་སྲིད་པ་རེད། གང་ཡིན་ཟེར་ན། ཁྱེད་རང་ལ་ནག་ཉེས་ཤིག་འཛུགས་དགོས་བྱུང་ན་སྐྱབས་བཅོལ་ལག་ཁྱེར་ཡོད་མེད་ཀྱི་གནད་དོན་ཞིག་ལས། ནག་ཉེས་གཞན་གང་ཡང་འཛུགས་ཐབས་མེད་པ་རེད། ཤུ་རེ་བྱོས་ཨ་མའི་བུ། བུ་རྒོད་པོ། ང་ཚོས་ཁྱེད་རང་ལ་སེམས་གཏིང་གི་རྒྱབ་སྐྱོར་ཡོད།
ཡིག་ཆ་དེ་ཚོ་བཟོ་དགོས་པ་གནད་དུ་ཆེ། དེ་མིན་གཏམ་འདི་དག་འཆད་པ་ཡང་གནད་དུ་ཆེ། ང་ཚོས་ཤེས་དགོས་པ་འདུག ཤེས་ནས་བཤད་དགོས། འདི་ནི་ང་ཚོའི་མི་ཚེ་རེད། ང་དང་ངའི་མི་མང་གི་གནས་ཚུལ་རེད།
ཨ་རིག་འགྱུར་མེད་ལགས། གོང་དུ་ཁྱེད་ཀྱིས་ད་སྐབས་ང་ཡང་འགྱོད་པ་ཆེས་ཆེ་ས་ནི་ཞེས་བཤད་ཡོད་པ་ལྟར། ཁྱེད་ལ་གནོངས་ཉེས་གང་ཡང་མེད་བཞིན་དུ་ཁྲིམས་ཐོག་ཏུ་འགྲོ་བར་གཡོལ་བ་དེར་དང་པོ་ནས་ངས་གོ་བ་ལེན་ཐུབ་མ་སོང་། གང་ལྟར་ད་ནི་ཡོད་ཚད་བདེ་འཇགས་ཡིན་ན་འགྲིག་འདུག ཉམས་མྱོང་འདི་ལས་ངོས་ཟིན་གང་དག་ཐོབ་པ་གོང་དུ་ཁྱོད་ཀྱིས་བཤད་ཟིན། མི་དེ་དག་གིས་བོད་མི་སྐྱབས་བཅོལ་བ་ཙམ་མིན་པར་རྒྱ་གར་གྱི་ཉམས་ཐག་ཡིག་རྨོངས་པ་ཚོ་ལ་འདི་འདྲའི་མགོ་སྐོར་དང་བསུན་གཙེར། འཕྲོག་བཅོམ་ག་ཚད་བྱེད་ཀྱི་ཡོད་པ་རེད་ཨང་། གང་གཟབ་བྱེད་རྒྱུ་མ་བརྗེད།
ཨ་རིག་འགྱུར་མེད་ཀྱིས་ནམ་རྒྱུན་སེམས་ཆུང་བྱས་ནས་ཡོད་ས་རེད།
ཨ་རིག་འརྒྱུར་མེད་ལགས། ཁྱེད་རང་གར་སོང་ཆ་མེད་དུ་གྱུར་ཚེ་བཙན་བྱོལ་ཁྲོད་ཀྱི་མི་རེ་བ་ཅན་གཅིག་མེད་སོང་བས་གྱོང་འུ་ཚང་གི་རག་གི་རེད།
Who is this Guy?