མི་འདི་ནི་བྲག་རི་ཞིག་ཡིན།
ཁོང་གི་སྒལ་ཚིགས་འདི་བྲག་རི་ཞིག་ཡིན།
གནོད་ཤུགས་ཅི་འདྲའི་ལྕི་ཡང་།
ཁོས་མགོ་བོ་མི་སྒུལ་ལ་སྐེད་པ་མི་འབུད།
མི་འདི་ནི་མདའ་མོ་ཞིག་ཡིན།
ཁོའི་མི་གཤིས་འདི་མདའ་མོ་ཞིག་ཡིན།
ཀྱག་ཀྱོག་གི་ཁུག་སོ་ཇི་ལྟར་རྒོད་ཀྱང་།
ཁོའི་གོམ་ཁ་མི་འཆུག་ལ་བློ་ཁ་མི་འཆོལ།
མི་འདི་ནི་བརྟན་པོ་ཞིག་ཡིན།
ཁོའི་ལངས་ཕྱོགས་འདི་བརྟན་པོ་ཞིག་ཡིན།
མགོ་སྐོར་དང་བསླུ་ཚིག་ཇི་ཙམ་འབེལ་ཡང་།
ཁོས་ཕུགས་འདུན་མི་དོར་ལ་འཚོལ་སྙེལ་མི་བསྐྱུར།
མི་འདི་ནི་དཔའ་བོ་ཞིག་ཡིན།
དཔའ་བོ་རྒྱ་སྟག་ཞིག་ཡིན།
སྡིགས་ར་དང་འཇིགས་སྐུལ་ཇི་ཙམ་བྱས་ཀྱང་།
ཁོས་ལྟ་བ་མི་བསྒྱུར་ལ་གཏན་ཚིག་མི་སྦེད།
མི་འདི་ནི་གླེན་པ་ཞིག་ཡིན།
གླེན་པ་གླང་རྒན་ཞིག་ཡིན།
རྒྱས་སྤྲོས་དང་འཚོ་བ་སྐྱིད་པོ་ཇི་ཙམ་ཐོབ་ཀྱང་།
ཁོས་སྒེར་དོན་མི་གཙོ་ལ་རྒྱང་མིག་མི་འཕྲུལ།
མི་འདི་ནི་རྒྱུ་འབྲས་ཤིག་ཡིན།
རྒྱུ་འབྲས་བློ་མིག་ཅན་ཞིག་ཡིན།
རྫུན་གཏམ་དང་ལོག་བཤད་ཇི་ཙམ་མང་ཡང་།
ཁོས་རྩ་དོན་མི་གཡོ་ལ་དྲང་བདེན་མི་གཡུག །
མི་འདི་ནི་དྲིལ་བུ་ཞིག་ཡིན།
དུས་ཀྱིས་དཀྲོལ་པའི་དྲིལ་བུ་ཞིག་ཡིན།
གཉིད་དུ་ལོག་པའི་མི་རིགས་འདི་སད་པའི་དྲིལ་བུ་ཞིག་ཡིན། རླུང་འཚུབ་དང་བུ་ཡུག་ཇི་ཙམ་བཙན་ཡང་།
ཁོས་དྲིལ་བརྡ་དཀྲོལ་མཚམས་འཇོག་གི་མེད།
མི་འདི་ནི་རྒྱ་མ་ཞིག་ཡིན།
དམངས་གཙོའི་ལྗིད་ཁོག་གཞལ་པའི་རྒྱ་མ་ཞིག་ཡིན།
སྒེར་གཅོད་ཀྱི་ཤན་ཤུགས་ཇི་ཙམ་ཞུགས་ཀྱང་།
ཁོའི་ཡིད་ཆེས་མི་འགྱུར་ལ་ཉམས་ལེན་མི་ཆད།
མི་འདི་ནི་རལ་གྲི་ཞིག་ཡིན།
ཤེས་རབ་ཀྱི་རལ་གྲི་ཞིག་ཡིན།
སོ་ཁ་དགྲ་ལ་གཏད་པའི་རལ་གྲི་ཞིག་ཡིན།
ཐག་ནག་དང་གཟེར་མ་ཇི་ཙམ་དམ་ཡང་།
ཁོའི་སྙིང་སྟོབས་མི་ཉམས་ལ་དཔའ་རྩལ་མི་ཞུམ།
མི་འདི་ནི་སྙིང་སྟོབས་ཤིག་ཡིན།
དུས་རབས་ཉེ་གཅིག་པའི་གངས་ཅན་པའི་གཞོན་ནུ་རྣམས་ཀྱི་སྙིང་སྟོབས་ཤིག་ཡིན།
དཀའ་སྡུག་དང་རྒུད་འགྲིབ་ཇི་ཙམ་རྒོད་ཀྱང་།
ཁོ་ལ་ཕྱི་ནུད་མེད་ལ་ཨ་ཆད་མེད།
མི་འདི་ནི་འདོད་པ་ཞིག་ཡིན།
རང་རྒྱལ་སླར་གསོའི་འདོད་པ་དེ་ཡིན།
དུས་ཡུན་དང་ནམ་ཟླ་ཇི་ཙམ་འགོར་ཡང་།
ཁོས་དམ་བཅའ་མི་གློད་ལ་སྟ་གོན་མི་ལྷོད།
མི་འདིས་ང་ཚོ་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་
ཤུལ་ལམ་རིང་མོ་འདིའི་ནང་དུ་ཆེས་མཐའ་མ་ལུས་པ་དག་ནི་དགའ་སྐྱོ་ཆགས་གསུམ་སོགས་ཀྱི་ཚོར་འདུ་མིན་པ་དེ་ནི་དྲང་གནས་བདེན་གསུམ་གྱི་ཆ་ཤས་ཡིན་པ་གསལ་བོ་སྟོན་ཡོད།
<<གསལ་བཤད>> ནོར་བྷེ་བོད་སྐད་གློག་འཕྲིན་ཁང་གིས་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ལགས་ལ་བཅར་འདྲི་བྱས་པའི་བརྙན་འཕྲིན་ཐོག་མ་དེ་བལྟས་རྗེས་རྩོམ་འདི་འབྲི་འགོ་བརྩམས་ཤིང་འདི་ཟླའི་2015/10/14འི་ལྷག་དཀར་གཉིས་པའི་ཉིན་ཕ་རན་སིའི་རྒྱལ་ས་པ་རེ་སིར་བསྐྱོད་པའི་ལམ་བར་དུ་མཇུག་བསྡུས་ནས་སྤེལ།
ང་ལ་འོས་གཅིག་ཡོད་པའི་ཐོབ་ཐང་དེ་ཀླུ་མཁར་བྱམས་ལ་ཡིན།ད་ལྟའི་དུས་ལ་ཀླུ་མཁར་བྱམས་ཀྱིས་སྲིད་སྐྱོང་འོས་ལངས་འདིར་བཙན་བྱོལ་བོད་མི་ཚང་མ་ལ་གཉིད་ལས་དཀྲོག་ཀི་ཡོད་པས་མལ་འདི་ནས་ཡར་ལངས་མ་ཐུབ་ཚེ་དེ་ནས་མི་རིགས་གཅིག་གཉིད་དུ་ཡལ་འགྲོ་བ་མཐོང་ཆོས་རེད།
མི་འདི་ནི་ང་ཡི་འོས་ཤོས་ཞིག་ཡིན་མི་འདི་ནི་ང་ཡི་སྣང་བ་འགྲོ་ཤོས་ཞིག་ཡིན། མི་འདི་ནི་ང་ཡི་དམིགས་ཡུལ་ཡིན། མི་འདི་ནི་ང་ཡི་བསམ་ཡུལ་ཡིན། མི་འདི་ནི་ང་ཡི་རེ་བ་ཡིན། ང་དང་ང་ཡི་ནང་མི་བུ་ཕྲུག་ཚོ་ཡང་མི་འདི་ལ་དགའ་མོས་ཆེ་ཤོས་བྱེད་ཀྱི་འདུག ངེད་ནང་མི་རྣམས་བློ་གཅིག་སེམས་གཅིག་གིས་གསེར་ནག་འདྲ་བའི་འོས་འདི་རྒྱལ་གཅེས་དཔའ་བོ་ཨ་ཚོགས་ཀླུ་མཁར་བྱམས་ལ་བླུགས་རྒྱུ་ཡིན། ཨ་ཚོགས་ཀླུ་མཁར་བྱམས་ཀྱི་མཚན་དངོས་གནས་དེ་དང་པོ་ནས་ཀུན་གྱིས་ཤེས་དགོས་དེ་མིན་འོས་ཁྲོགས་བརླག་ཏུ་འགྲོ་ཉེན་ཡོད། ངས་ཁོང་ལ་འོས་བླུག་དགོས་པའི་རྒྱུ་མཚན་ཡང་སྲིད་སྐྱོང་འོས་མི་རྣམས་ཀྱིས་གཏམ་བཤད་དང་ལོ་རྒྱུས་དངོས་ལ་ཡང་ཡང་དཔྱད་ནས་མཐར་ཁོང་འོས་ཤོས་སུ་མཐོང། གཞན་ཏུ་ས་གནས་འགའ་ཞིག་ཏུ་ཁོང་ལ་ཕྱོགས་རིས་དང་མཐོང་ཆུང་བྱས་པ། དཔེར་ན། སྤེན་ཚེས་ལྡིང་ཆ་གཅིག་གི་སྟེང་དུ་མི་སྡོད་ཟེར་བ་དང། ཁོང་ལ་ལྟ་ལོག་དད་ལོག་ལས་སོགས་ཀྱིས་ཁོང་ལ་མང་གཙོའི་ལུགས་དང་མི་མཐུན་པའི་གཏམ་བཤད་སྤེལ་དུ་མ་བཅུག་པ་ལ་བརྟེན་ནས་ངས་ཁོང་ལ་རྒྱབ་སྐྱོར་གྱི་འོས་འཕེན་རྒྱུའི་ཐག་བཅད་བྱས་ཡིན། ཀླུ་མཁར་བྱམས་རྣམ་པར་རྒྱལ་གྱུར་ཅིག
ངས་སྔོན་བྱོན་དམ་པ་ལ་རྩིས་མཐོང་བྱས་ནས། ཁོ་འདྲ་མོར་འོས་མི་འཕེན།
ངས་ད་ལྟའི་དྲིན་ཆེན་རྣམ་པ་དྲིན་དུ་ཚོར་ནས། ཁོ་འདྲ་མོར་འོས་མི་སྟེར།
ངས་མ་འོང་དར་ཞིང་རྒྱས་བའི་དོན་དུ། ཁོ་འདྲ་མོར་འོས་མི་ལྡུག།
ངས་ཆོལ་གསུམ་བོད་མིའི་རྡོག་རྩའི་ཆེད་དུ། ཁོ་འདྲ་མར་གོ་སྐབས་མི་སྤྲོད།
ངས་ང་རང་གི་རང་དོན་ཆེད་དུ། ངས་ང་རང་གི་བླ་མའི་ཆེད་དུ། ངས་ང་རང་གི་ཕ་མའི་ཆེད་དུ། ངས་ང་རང་གི་སྤུན་ཟླའི་ཆེད་དུ།ངས་ང་རང་གི་སྡེ་བའི་ཆེད་དུ། ངས་ང་རང་གི་ཁ་བ་གངས་ཅན་གྱི་ཆེད་དུ། ངས་ཁོ་ལ་མི་འོས་ཤོག་བླུག་གི་ཡིན།
གཞོན་ནུ་དང་རང་དབང་སློབ་ཕྲུག་ཚོགས་པའི་ངོས་ནས། མི་འདི་དང་འདིའི་བྱེད་སྤྱོད་ཀྱིས་སྡེ་ཚོགས་ཀྱི་ཚབ་མཚོན་མི་ཐུབ་པའི་ཡོང་གྲགས་གསལ་འགྲེལ་ཛ་དྲག་གིས་སྤེལ་དགོས།
འདི་སྨྱོ་རྒྱུ་མང་སོང་། འདིས་དཀྲུག་རྒྱུ་ཐལ་སོང་། གངས་ཅན་ཚང་། དགྱ་ནག་ཚང་གིས་དོལ་འདྲེ་ལག་པར་བཟུང་ནས་དཀྲུག་ཡོད། དགྱ་ནག་ཚང་གིས་མྱི་ངན་འདི་ཚོའི་གསེང་ལ་འཛུལ་ནས་ཡང་ལམ་ཁ་མ་འདྲ་བ་ཞིག་གི་སྒོ་ནས་དཀྲུག་མགོ་བཏོན་ཡོད། ང་ཚོས་ཤེས་དགོས།
བཙན་བྱོལ་ཁྲོད་ན་སེངྒེ་སྲབ་མེད་དུ།
མཁའ་ལ་འཕྱོ་བའི་ཨ་ཚོགས་ཀླུ་མཁར་བྱམས།
ཤེས་ནས་གུས་པས་ཚིག་གིས་སྔོན་བསུས་ནས།
རིན་ཆེན་འོས་ཤོག་གཅིག་དེ་ཁྱེད་ལ་འབུལ།
ང་ལའང་འོས་ཤོག་གཅིག་གི་ཐོབ་ཐང་ཡོད་པས་དེ་ཁོང་ལ་འབུལ་རྒྱུ་ཡིན
ཀླུ་མཁར་བྱམས་ལ་འོས་འཕེན་མཁན་ཚོའི་
མང་གཙོའི་ཐོབ་ཐང་ཕྲོ་རླག་རེད་དོ་།
ངས་འོས་དེ་ང་རང་ལ་འཕེན་གྱི་ཡིན་ནོ་།
འོས་ཤོག་ཅིག་པོ་སྣང་ཆུང་བཏང་མི་ཉན། བྱབ་ཆུང་ཀླད་སྟོང་ཚོ།
ང་ལ་འོས་བླུགས་ཡས་ཐོབ་ཐང་མེད་ཡིན་ཡང་ཀླུ་གར་ཁོང་ལ་ཐོབ་པའི་སྨོན་ལམ་དང་རྒྱུད་གྲགས་བྱེད་མཆོག་།
དྲིན་ཆེན་ལ་དྲིན་ལོག་བྱེད་མཁན་ཆབ་སྲིད་ལོག་སྤྱོད་པ་ཀླུ་བྱམས་ལྟ་བུ་ལ་འོས་བླུག་པ་ལས་ངས་འོས་ཤོག་གཅིག་པུ་དེ་གསང་སྤྱོད་ནང་ལ་རྐུབ་འཕྱི་སྤྱད་ལ་བེད་སྤྱོད་གཏོང་ངེས།
ངའི་འོས་ཤོག་སྟེ་ཨ་ཚོགས་ཀྱི་ཡིན་དང་ཡིན་་་་ད་དུང་འདིར་ཨ་རིའི་ཁཱ་ལི་ཧྥོ་ནི་ཡ་ལ་ཡོད་པའི་ངའི་ངོ་ཤེས་བོད་པ་བརྒྱ་ལྷག་གི་འོས་ཤོག་གི་བདག་པོ་ཁོང་ཡིན་པ་ང་ཚོའི་དམ་བཅའ་ཡིན། རང་བཙན་རྒྱལ་བར་ཤོག ཨ་ཚོགས་རྒྱལ་བར་ཤོག
འགྲིགས་འདུག། གཤམ་འོག་གི་མཆན་པ་ཚོའི་འོས་འཕེན་ལས་རྟོགས་ཐུབ། ནང་བསྟན་ལས་དམངས་གཙོ་དང་མི་རིགས་མི་དགོས་ཚོས་འོས་ཤོག་སྐྱག་རྐུབ་འཕྱིས་ན་འཕྱིས།
ལུང་རྟོགས་ཟེར་མཁན་འདིའི་ལས་འགན་གང་ཡིན་ཧ་གོ་ཁག་པོ་འདུག དཔྱད་བརྗོད་པ་ཚོས་ཀླུ་མཁར་ལ་འོས་ག་ཚད་མཐོན་པོ་རེག་ན་རྒྱ་གཞུང་གིས་དེ་ལྟར་གོང་ས་མཆོག་ལ་དོ་སྣང་གསར་དུ་བྱེད་ཀྱི་རེད་ཟེར་བ་བདེན་པ་རེད་ད།
༸གོང་ས་མཆོག་ཁ་ལ་ཁྱེར་ནས་རང་གི་འདོད་པ་གཉེར་མཁན་སྤེན་ཚེ་དང་༸གོང་ས་མཆོག་བེད་སྤྱད་དེ་རང་གི་མངོན་འདོད་སྒྲུབ་རྩིས་བྱས་པའི་བློ་སེང་གཉིས་ལས་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ཁ་ཞེ་གཉིས་མེད་དང་ལྷད་ཀྱི་མ་གོས་པའི་རྒྱལ་ཞེན་ལ་ང་ནི་ཞེ་ནས་དགའ་ཞིང་སེམས་ནས་དུང་གི། ཁོའི་རྒྱབ་ན་སོག་རུས་དང་རྩིབ་ན་རྩི་གི་མ་གཏོགས་མེད་ནའང་ཁོའི་དྲང་བདེན་དང་རྒྱལ་ཞེན་གྱི་སྙིང་སྟོབས་ཀྱིས་ཁོ་རྒྱལ་བར་ཤོག ཁོ་རྒྱལ་བ་ནི་ཁ་བ་གངས་ཅན་པ་རྒྱལ་བ་ཡིན་ནོ།
ཀླུ་བྱམས་ལགས། ད་ལྟའི་ཁོ་རང་གི་ལས་ཀ་རག་ས་དེ་དབུ་མའི་ལམ་པ་རེད། ལས་ཀ་དེ་མ་བཞག་གོང་ལ། རང་བཙན་ལྟ་བ་བཟུང་ནས་སྲིད་སྐྱོང་ལངས་པ་དེ། མི་དེ་ཡི་ད་ལྟའི་ཞབས་འདྲེན་ཆེ་ཤོས་དེ་རེད་སྙམ་མོ།།