གནས་ཚུལ་ཡོང་ཁུངས་བོད་ཀྱི་བང་ཆེན། འདོན་ཐེངས་ ༼༣༢༣༽
(བཤུ་འགོད་བྱེད་མཁན) རྡ་ས་ནས་་རླབས་སྒྲོན་གྱིས།
༡ བང་ཆེན། སྐུ་ཉིད་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུང་རོགས།
ཀླུ་མཁར། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་དབང་ཆ་དང། ཟ་རྒྱུ་འཐུང་རྒྱུ་ཡོད་སའི་ས་ཆ་ཚང་མ་ཁྱིམ་རྒྱུད་ཆེ་ཁག་ཚོས་ཕན་ཚུན་ནང་ཁུལ་ལག་བརྒྱུད་ཀྱིས་སྤྲོད་རྒྱུ་དང་། དེ་བཞིན་མི་ཞིག་གངས་སྐྱིད་ཀྱི་དབང་འཛིན་པ་ག་གེ་མོའི་སྣང་བར་མ་སོང་ན། ཁོང་ཚོས་ཚོགས་པ་སྐྱིད་སྡུག་ཁག་གི་འགོ་བྱེད་ཚོ་བརྒྱུད་དེ། མང་ཚོགས་ནང་འདྲོགས་མགོ་བསླངས་ཐོག་མི་དེ་ཏག་ཏག་བཟོ་ བཞིན་ཡོད་ལ། བྱེད་སྟངས་འདིར་ངས་བལྟས་ཀྱིན་བལྟས་ཀྱིན་ཉོབ་སྣང་སྐྱེ་ཡོང་གི་འདུག མཚམས་རེ་སྤྱི་ཚོགས་ཐེབས་ཆག་འདི་དང་གཏན་ནས་ཁ་བྲལ་ན་བསམ་གྱི་འདུག འོན་ཀྱང་བཟང་ཕྱོགས་ནས་བཤད་ན། དེང་སྐབས་གཞི་རིམ་མང་ཚོགས་ཀྱི་ནུས་པ་ཡར་རྒྱས་འགྲོ་བཞིན་པར་བརྟེན། དབང་འཛིན་པ་ཚོས་ཞེ་འདོད་ལྟར་མང་ཚོགས་གང་ལ་ཁྲིད་ཆོག་ཆོག་ཅིག་མ་ཡིན་པར། ང་ལྟ་བུའང་ན་ནིང་ད་ལོ་སྤྱི་འཐུས་ཀྱི་འོས་མིའི་ཁོངས་སུ་སླེབས་པ་མ་ཟད། ཅུང་མང་དུ་འགྲོ་བཞིན་འདུག དེར་བརྟེན་ངས་ང་སྤྱི་འཐུས་ཐོབ་སོང་བའི་དབང་དུ་བཏང་ཡང་ཆེན་པོ་ཞིག་བྱེད་རྒྱུ་འདུག་བསམ་ཀྱི་མེད་མོད། འཕེལ་ཕྱོགས་འདི་གལ་ཆེན་པོ་མཐོང་ནང་དངོས་གཞིའི་འོས་ཁོངས་ས་ལངས་པ་ཡིན།
༢ བང་ཆེན། སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།
ཀླུ་མཁར། སྟོབས་ཆེན་རྒྱལ་ཁབ་ཚོའི་གྲོས་ཚོགས་འཐུས་མི་ཞིག་ལ་ཆ་བཞག་ན། ཁོ་ཚོར་གཞུང་ནས་དམིགས་བཀར་ལག་དངུལ་འབོར་ཆེན་ཡོད་པ་མ་ཟད། ཁྲིམས་སྒྲིག་རང་བཞིན་གྱི་དབང་ཚད་དང་ཚོགས་པའི་ནང་མཐོང་ཆེན་པོ་ཡོད་པར་བརྟེན། སྤྱི་འཐུས་རྣམས་གལ་ཆེན་པོ་ཆགས་པ་རེད། ང་ཚོའི་སྤྱི་འཐུས་རྣམ་པར་དེའི་གྲས་སྣེ་གཅིག་མེད་པས།ལས་ཀ་ཞིག་བསྒྲུབ་ཐུབ་དང་མི་ཐུབ་མི་སྒེར་རྐྱང་བའི་ཤེས་འཇོན་ལ་ཐུག་འདུག དེར་བརྟེན། ང་གྲོས་ཚོགས་ནང་ཕྱིན་ན་ཆེན་པོ་ཞིག་སྒྲུབ་རྒྱུ་ཡོད་མདོག་མ་རེད་ལ། མ་ཐོབ་ན་འཐུས་ཤོར་རེད་བསམ་པའང་རྐང་གཅིག་མེད། ཡིན་ནའང་། གྲོས་ཚོགས་ཀྱི་འཐུས་མི་ཡིན་ཟེར་དུས། ལས་དོན་གཙོ་བོ་གྲོས་གཞི་གྲོས་ཆོད་འཇོག་རྒྱུ་དང་། ཁྲིམས་སྒྲིག་བཟོ་རྒྱུ་དེ་རེད། ཡང་ཁྲིམས་ཟེར་དུས་མང་ཚོགས་ལ་ཕན་པའི་ཁྲིམས་དང་། དབང་བསྒྱུར་གྲལ་རིམ་མམ་གཞུང་འཛིན་ཤོག་ཁག་གི་ཁེ་ཕན་དང་མཐུན་པ་རིགས་གཉིས་ཡོད་སྟབས། སྤྱི་འཐུས་ཤིག་ལ་མཚོན་ན་རང་ཉིད་མི་མང་གི་ངོ་ཚབ་ཡིན་པ་ངོ་གསལ་བོ་འཕྲོད་དགོས་པ་དང་། མར་མང་ཚོགས་ཀྱི་ཆེད་དུ་ཁྲིམས་སྒྲིག་བཟོ་རྒྱུ་དང་གྲོས་གཞི་གྲོས་ཆོད་འཇོག་རྒྱུར་འབད་དགོས་པ་ལས། དབང་བསྒྱུར་བ་ལ་སྟབས་བདེ་ཆེད་ཁྲིམས་སྒྲིག་བཟོ་རྒྱུའི་མཚོན། རང་ཉིད་ཀྱི་ཁེ་ཕན་ཆེད་དབང་སྒྱུར་ཤོག་ཁག་ལ་ངོ་གཡོག་འཁྲབ་པ་སོགས་དུས་ནམ་ཡང་མི་བྱེད་རྒྱུ་གལ་ཆེན་པོ་རེད། གལ་སྲིད་ང་སྤྱི་འཐུས་ལ་ཐོབ་པ་ཡིན་ན་ལས་དོན་ཟེར་ན་རེད། ཕྱོགས་འདི་ནས་ཤུགས་ཅིག་རྒྱག་དགོས་པ་རེད་བསམ་ཡོད།
༣ བང་ཆེན། སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
ཀླུ་མཁར། མིའི་ཤོག་ཁག་དཔུང་སྒྲིག་བྱེད་པ་ནི་ལྷན་སྐྱེས་ཀྱི་གཤིས་སྤྱོད་ཅིག་ཡིན་མོད། གྲོགས་ཚོགས་ཀྱི་ར་བའི་ནང་དཔུང་ཁག་སྒྲིག་སྟངས་ནི། ཆབ་སྲིད་ཀྱི་ལངས་ཕྱོགས་ཁ་གསལ་ཡོད་པའི་མི་བུ་སྒེར་དང་ཚོགས་ཁག་ཕན་ཚུན་བར་དཔུང་སྒྲིག་བྱེད་པ་དང་། གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་ཤོག་ཁག་ཁ་གྱེས་ནས་དཔུང་སྒྲིག་བྱེད་པ་ལས། འུ་ཚང་གི་གྲོས་ཚོགས་ནང་བཞིན་ལུང་ཚན་དཔུང་སྒྲིག་དང་། ཆོས་ཚན་འཐེན་འཁྱེར། མི་ཚང་ཆེ་བ་ཁག་གི་ས་འོག་དར་ཐེག་འཐེན་པ་སོགས་ཀྱིས་ཕན་ཚུན་དཔུང་སྒྲིག་འཐེན་འཁྱེར་བྱེད་པ་ནི་ཡག་རྟགས་ཤིག་རྩ་ནས་མ་རེད། དེའི་སྟབས་ཀྱིས་སྐབས་སྔོན་མར་ཚོགས་གཙོ་འདེམས་མ་ཐུབ་པར་ལོ་དུས་ཕྱེད་བགོས་དང་། སྐབས་༡༤་བའི་ཚོགས་དུས་༨པ་མཇུག་བསྡོམས་རྒྱག་མ་ཐུབ་པ་བཅས་ངན་རྟགས་ཕྱིར་ཐོན་པ་རེད་ལ། དེ་ལ་ནང་གསེར་དབྱེ་ན། ལམ་ལུགས་རང་བཞིན་གྱི་འཐུས་ཤོར་དང་། མི་འགྲོ་རང་བཞིན་གྱི་ནོར་འཁྲིལ་གཉིས་ལ་དབྱེ་ཆོག ངས་ད་ལོའི་སྔོན་འགྲོའི་འོས་མིའི་ཡོང་སྟངས་ལ་ལྟོས་ན། ནོར་འཁྲིལ་དང་འཐུས་ཤོར་འདི་མི་མཐུད་ལྷག་ས་རེད་བསམ་བསམ་འདུག མི་བདེན་ན་ལྟོས༌ར༌༌
༤ བང་ཆེན། གལ་སྲིད་༧གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ཡོད།
ཀླུ་མཁར། ཨ་ཨ། སྡེ་སྲིད་ལྷན་ཚོགས་ཟེར་བ་དེ་ཚོ་ས་ནམ་ཞིག་གི་སྐད་ཆ་རེད། སྡེ་སྲིད་ཟེར་བ་འདི་ལོ་ཉིས་བརྒྱ་སུམ་བརྒྱའི་གོང་གི་དགའ་ལྡན་ཕོ་བྲང་ངན་༼དགེ་སོག་གཞུང་༽གི་འགྲོ་སྟངས་ཤིག་རེད་ལ། ད་ཆ་རྦད་དེ་དུས་ལས་ཡོལ་ཕྱིན་པ་རེད།༸གོང་ས་མཆོག་གིས་ཁོང་བགྲོས་ཡོལ་ལ་ཕེབས་ནས་བཅའ་ཁྲིམས་ནང་གི་སྐུ་དབང་ལ་འགྱུར་བ་གཏོང་དགོས་སྐོར་ཉེ་ཆར་ཝར་ན་ནས་ཀྱང་ཞལ་གསལ་གསུངས་བ་མ་ཟད། ཁོང་གིས་ཕྱི་ལོ་༢༠༠༡ལོར་བཀའ་ཁྲིད་ཐད་འདེམས་བྱས་པ་ནས་བཟུང་དགའ་ལྡན་ཕོ་བྲང་གི་དབང་ཆ་འཛིན་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད་ཟེར་ནས་ཐེངས་ག་ཚོད་ལ་གསུང་འདུག ང་ཚོས་ཁ་ཙམ་མིན་པར་རྒྱལ་རིན་པོ་ཆེ་དོན་གྱི་བདག་པོར་བརྩི་རྒྱུ་ཡིན་ན། དོན་གྱི་བདག་པོའི་བཀའ་ངོ་མ་བོ་དང་གསུང་དྲོན་པོ་འདི་ལ་བདག་པོ་བརྒྱག་དགོས་པ་རེད། ཁ་སངས་ན་ང་ཚོས་དུས་རབས་ཀྱི་འགྲོས་དང་མཐུན་པའི་སྲིད་འཛིན་ལམ་ལུགས་ཀྱི་དམངས་གཙོའི་གཞུང་ཞིག་ཡོང་རྒྱུར་འབད་བརྩོན་བྱ་དགོས་པ་ལས། ལྷ་མི་སྲུང་འབྲེལ་གྱི་སྡེ་སྲིད་ཞིག་ལ་མ་འོངས་པར་སུ་གང་གིས་ངེས་ལེན་བྱེད་མདོག་ཁ་བ་མ་རེད།
༥ བང་ཆེན། སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། སྒྲིག་འཛུགས་ཀྱི་འགྲོ་སྟངས་མི་འགྲིག་གི།་དང་འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ། (དཔེར་ན་སྤྱི་འཐུས་ཀྱི་ཡོང་ཁོངས་ཆོལ་ཁའམ་ཡང་ནས་ས་གནས། ཆོས་བརྒྱུད་སྤྱི་འཐུས་ཡོང་སྟངས།)
ཀླུ་མཁར། སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། འགྲོ་སྟངས་ཚང་མ་མི་འགྲིག་གི དེ་བཞིན་ཆོལ་ཁ་དང་ཆོས་རྒྱུད་ཀྱི་ངོ་ཚབ་མཚོན་པའི་འཐུས་མི་ཞིག་དགོས་པའི་དབང་དུ་བཏང་ཡང་། ཡོང་སྟངས་འདི་གཏན་ནས་མ་རེད། མ་གཞི་དེ་ལ་འགྱུར་བ་གཏོང་དགོས་ན་སྤྱི་ཚོགས་པ་ཕོག་ཐུག་འགྲོ་བ་དང་གྱོང་རེག འགྲོ་བ་ཞིག་རྩ་ནས་མ་རེད། འོན་ཀྱང་། འུ་ཚང་གི་ལུང་ཚན་ཆབ་སྲིད་པ་ཚོས་རྒྱུ་མཚན་མེད་སར་རྒྱུ་མཚན་ཉི་ཚེ་བ་རེ་དྲངས་ཏེ་བསྒྱུར་བཅས་ཀྱི་ལམ་ཁ་བཀག་བསྡད་ཡོད་པ་རེད། ད་ནི་སྔ་རྗེས་ཙམ་མ་གཏོག་ལམ་ལུགས་འདི་འཐོ་འཐོར་དགོས་པ་གང་ཞིག་ལ་ཇི་ཙམ་མགྱོགས་ན་དེ་ཙམ་ཀྱིས་ཡག་གི་རེད། མ་གཏོགས་འུ་ཚང་གི་གྲོས་ཚོགས་ལམ་ལུགས་དེའི་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་རྒྱུ་ཕར་ཞོག རང་ཉིད་རང་གི་དཀའ་ངལ་ཆགས་བསྡད་ཡོད་པ་ཚང་མས་མཁྱེན་གསལ་རེད།།
༼ བཅར་འདྲི་འདི་ནི་ཟླ་སྔོན་མའི་ཚེས་༡༥ ཉིན་སྐུ་ཞབས་ཀླུ་མཁར་བྱམས་ལ་བོད་ཀྱི་བང་ཆེན་གསར་འགོད་པའི་ཡིག་ཐོག་ནས་དྲིས་པ་ཞིག་རེད་ལ། ཟླ་བ་འདི་ཡི་ཚེས་༡༠ སྟེ་༼གསུམ་བཅུའི་དུས་དྲན་༽ཉིན་བང་ཆེན་ཚགས་པར་ཐོག་ཐོན་འདུག་པ་འདི་ནས་ཟུར་འདོན་བྱས་ཤིང་། ཁོང་གིས་འདི་ལྟར་བརྗོད་པའི་རྗེས་ཀྱི་ཕྱི་ཚེས་༡༤ཉིན་༸གོང་ས་མཆོག་གིས་གྲོས་ཚོགས་སུ་སྩལ་ བའི་བཀའ་ཡིག་གཉིས་ང་ཚོའི་ཆུ་དབར་མིག་གིས་ལྟ་སྟངས་མིན་ན་དགོངས་པ་རྩེ་མཐུན་བྱུང་འདུག དེ་བས་ན་ཟུར་གནས་བློ་ལྡན་གྱི་སྐྱེས་བུ་ཚོས་༸གོང་མཆོག་གི་དགོངས་གཞི་དོན་གྱིས་རྟོགས་མཁན་དང་། དོན་རྟོགས་ནས་རྒྱབ་སྐྱོར་བྱེད་མཁན་སུ་རེད་བསམ་བློ་ཤིག་ཐོང་དང་༽ འདི་ནི་རྩོམ་འདི་བཤུ་འགོད་བྱེད་པས་གསལ་བཤད་ཡིན།
ཐོག་མར་རླབས་སྒྲོན་ལགས་ལ་ཐུགས་རྗེ་ཆེ།
རྒྱལ་བ་རིན་པོ་ཆེ་ཡི་མ་འོངས་སྔོན་གཟིགས་ཀྱི་རླབས་ཆེན་དགོངས་གཞི་འདི་བཞིན་ལེགས་ལམ་དུ་མ་སོང་ན་འདོད་ཀྱིན་པའི་དཔུང་ཁག་གཉིས་ཡོད་པ་རེད།
༡ པེ་ཅིན་སྲིད་གཞུང་རེད་ལ། དམིགས་ཡུལ་གཙོ་བོ་ནི་རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་ཕྱི་ཉིན་བོད་ཀྱི་གནད་དོན་ཚར་ཟིན་པར་བཟོ་རྩིས་ཀྱི་འཆར་གཞི་བཏིངས་ཡོད་པ་རེད། དེ་བས། ཁོང་གི་བགྲེས་ཡོལ་གསུང་འཕྲིན་བསྩལ་མ་ཐག་པེ་ཅིན་ཕྱི་འབྲེལ་མགྲིན་ཚབ་པས། རྒྱལ་བ་རིན་པོ་ཆེ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་བསྐོར་གཏོང་གི་ཡོད་པ་རེད་ཅེས་བཙན་ཚུགས་ཀྱིས་སྐུ་མ་བཞུགས་པའི་ཉིན་མོ་དེའི་བར་དུ་ཨུ་ཚུགས་རྒྱག་རྒྱུ་དང་། དེ་ནས་ཁོང་ཚོར་འཚམས་པའི་ཡང་སྤྲུལ་རྫུན་མ་ཞིག་ཁྲི་འདོན་བྱེད་རྒྱུ་ཡིན་པ་ཉེ་ཆར་རྒྱ་ནག་འཐུས་མི་ཚོགལས་ཆེན་ཟེར་བའི་སྟེང་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་བོད་རིགས་འགོ་ཁྲིད་ཚོས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་གལ་ཆེན་ཡིན་ཚུལ། རྒྱལ་བ་རིན་པོ་ཆེ་ལ་རང་ཉིད་ཀྱི་ཡང་སྲིད་ཐག་གཅོད་ཀྱི་དབང་ཚད་མེད་ཚུལ་ལབ་ཀྱིན་པ་ལས་ར་འཕྲོད་ཡོད།
༢ ཁེ་བཟང་ལེན་མཁན་ཕྱོགས་ཁག་རེད་ལ། སྐུ་བཞུགས་ཐོག་མི་ལས་དགུ་ལས་ཀྱིས་ལེགས་འགྲུབ་མ་བྱུང་ན་ཡོད་ཚད་དབུ་ལ་གཡུགས་རྐྱང་བྱེད་ཀྱིན་པ་རེད་ལ། ཁོང་ཚོ་མཚོན་ན། སྡེ་སྲིད་ལྷན་ཚོགས་ཞེས་པ་དེར་དམིགས་བསལ་གྱི་བརྩེ་བ་ཡོད་པ་ཞིག་རེད། ཁ་སང་བཙན་བྱོལ་གྲོས་ཚོགས་ཚོགས་དུས་༡༡སྟེང་ནས་ཟམ་གདོང་རིན་པོ་ཆེ་ནས་བཀའ་དང་ལེན་ཡོད་ཞུ་བཞིན་དུ་ཉེན་ཁ་ཆེན་པོ་བདུན་ཟེར་བ་ཞིག་བགྲངས་ཡོད་པ་ལས་ར་འཕྲོད་ཡོད། དོན་ལ་ཉེན་ཁ་དེ་དག་རྒྱལ་བ་རིན་པོ་ཆེ་སྐུ་བཞུགས་རིང་ཐག་གཅོད་ལ་དམིགས་ནས་བགྲེས་ཡོལ་ཞུས་པ་ཞིག་དང་། ཁོང་མ་བཞུགས་པའི་ཉིན་མོར་ཉེན་ཁ་དེ་དག་ཐག་གཅོད་ཡོང་ཐབས་མེད་པར་འགྱུར་མི་སྲིད་པར་དམིགས་ཡོད་པར་འདོད།
ད་ལྟ་མང་ཚོགས་ཀྱི་ངོས་ནས་བསམ་བློ་གཏོང་ས་གཙོ་བོ་གཉིས་ཡོད། ༡ རྒྱལ་བ་རིན་པོ་ཆེ་ཡི་ཡེ་ཤེས་དབྱིངས་དཔྱད་ལ་ཡིད་ཆེས་ཀྱིས་བཀག་འགོག་བྱེད་མཁན་གྱི་མི་འགྲོ་རྐང་གཅིག་ཀྱང་སྤྱི་འཐུས་ནང་མ་སླེབས་པ་བྱེད་རྒྱུ་ཡིན་ནམ། ༢ ཡེ་ཤེས་དབྱིངས་དཔྱད་ལ་ངོ་རྒོལ་གྱིས་རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་ཕྱི་ཉིན་བཙན་བྱོལ་སྤྱི་ཚོགས་འདི་བཞིན་དེང་སྐབས་ཀྱི་པཱ་ལི་ཟི་ཐན་ནང་བཞིན་ཁ་འཐོར་དགུ་འཐོར་གྱིས་བོད་མིའི་དམིགས་འདུན་འདི་བཞིན་རང་བཞིན་གྱིས་རྩ་མེད་དུ་གཏོང་རྒྱུ་ཡིན།
དམར་སྲུང་དམག་གི་ཁྱད་ཆོས་འགའ།
ཡོད་ཚད་ལ་སྐྱོན་བརྗོད་བྱེད་ཤེས་པ་ལས། རང་ཉིད་ལ་བལྟ་མི་ཤེས་པ།
ཡོད་ཚད་རྩ་གཏོར་གཏོང་ཤེས་པ་ལས། རང་ཉིད་ཀྱིས་གང་ཡང་སྐྲུན་མི་ཤེས་པ།
གཞན་ལུགས་འགོག་ཤེས་པ་ལས། རང་ལུགས་འཇོག་མི་ཤེས་པ།
ཁ་ནས་ལྷ་བཞེངས་ཤེས་རུང་། ལག་བསྟར་ལ་སྣབས་ལུག་ནས་སྡོད་པ།
རྩ་གཏོར་གྱི་ནུས་ཤུགས་ལྡན་རུང་། ཤུལ་བཞག་གི་འཆར་གཞི་མེད་པ།
བཅས་ནི་གོང་གསལ་དྲི་བ་དྲི་ལན་དེར་བལྟས་པ་ཙམ་གྱིས་ཤེས། སྤྱི་འཐུས་ལ་བསྡད་ན་ལས་ཀ་གང་ཞིག་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པའི་སྐོར་ལ་གཅིག་ཀྱང་མེད་པར། ཡོད་པ་གང་ཞིག་གཏོར་རྒྱུ་ཡིན་པའི་ཕྱོགས་རྐྱང་རྐྱང་རེད། ཨ་དམར་སྲུང་དམག་ཚོ། ཐོ་བ་ཁྱེར་ནས་སྤྱི་འཐུས་སྐུབས་སྟེགས་སྟེང་དུ་ཕེབས་ཤོག རྒན་རབས་པས་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བཏང་ནས་བོད་ཤོར་བའི་ཤུལ་ཏུ་བཙན་བྱོལ་གཞུང་གི་བུ་ཕྲུག་ཞིག་གསོ་སྐྱོང་བྱས་ཡོད་པ་དེར་ཚ་བོ་མ་སྐྱེས་སྔོན་ལ་མགོ་ལ་ཐོ་བས་རྡུང་ཤིག
ཀླུ་མཁར་བྱམས་ཀྱིས་ལེན་འདེབས་ཐམས་ཅད་གུས་པའི་རྣ་བར་ཧ་ཅང་འགྲོ་པོ་བྱུང། ཁོང་གིས་རྡ་ས་བཙན་བྱོལ་བོད་གཞུང་གི་གནས་སྟངས་གསལ་པོ་དང་། གཏིང་ཟབ་པོ་ཤེས་ཀྱི་འདུག འོན་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་ཐད་ཀར་། ཁ་གསལ་པོ། ཁ་རེ་ཁར་ཏུག་འདི་འདྲ་ཤོད་མཁན་ཧ་ཅང་དཀོན་པོ་རེད། ངས་ཁོང་ལ་དངོས་གནས་རྗེས་སུ་ཡིད་རངས་ཡོད། འོན་ཀྱང་ཁོང་གི་མི་ཚེའི་ནང་གཞན་གྱི་སྐྱོན་ཤ་སྟག་འཚོལ་ནས་སྡོད་མཁན་ཞིག་ཡིན་ནམ། ཡང་ན་སྐྱོན་དེ་དག་ཤེས་པ་ལས་སྤྱི་ཚོགས་ནང་ཕན་པའི་ལས་འགུལ་རྩོམ་བཞིན་ཡོད་པའམ་རང་ཉིད་སྤྱི་ཚོགས་ནང་མིག་དཔེར་འོས་པའི་མི་ཞིག་ཡིན། དེ་ངས་གང་ཡང་ཤེས་ཀྱི་མེད། གལ་ཏེ་ཁོང་གི་སྐོར་ཁ་གསལ་ཤེས་མཁན་ཡོད་ན་གུས་པར་གནས་ཚུལ་ཕྲན་བུ་གནང་སྐྱོང་ཡོང་བར་ཞུ། ཁོང་དངོས་གནས་ཁ་དོན་མཚུངས་པའི་མི་ཞིག་ཡིན་ན་ང་དང་ང་འདྲ་བའི་བཙན་བྱོལ་བོད་མི་ཚང་མས་ཁོང་གི་ལས་དོན་ག་འདྲ་ཞིག་རྩམ་འཆར་ཡོད་པའམ་རྩོམ་བཞིན་ཡོད་ན་དེ་དག་ལ་འོས་ཤོག་དང། རྒྱུ་ནོར། ཞབས་འདེགས་སོགས་གང་གི་ཐད་ནས་ཧུར་ཐག་ཞུ་དགོས་པ་མ་ཟད་རང་ཉིད་སྒེར་ནས་ཀྱང་ལྷག་བསམ་རྣམ་དག་གིས་ཞུ་རྒྱུའི་དམ་བཅའ་བརྟན་པོ་འབུལ་གྱི་ཡིན། བཀྲིས་བདེ་ལེགས་དང་ཀླུ་མཁན་བྱམས་ཀྱི་དགོངས་ཚུལ་ལ་དགའ་བསུ་ཡོད།
སྐྱོན་བརྗོད་ཤེས་པའི་ཀླུ་མཁར་ནི་གསར་འགོད་པའམ། སྲིད་དོན་ཞིབ་འཇུག་པའི་མི་སྣ་ཡག་པོ་ཞིག་རེད། འོན་ཀྱང་སྲིད་སྟེགས་ནི་ཁྲིམས་ཀྱི་འོག་ཏུ་འཚོ་དགོས་པ་དང་། མཐུན་སྒྲིལ་བློ་རྩེ་གཅིག་སྒྲིལ་གྱིས་གྲོས་ཆོད་ལ་གྲུབ་འབྲས་ཐོན་པ་ཞིག་བྱེད་དགོས། དེ་ལ་དཀྲུགས་ཤིང་གི་འཁོར་ལོ་བསྐོར་ཏེ་གོང་མ་མི་བརྩི། དམངས་ལ་མི་བྱམས་མཁན་ཞིག་ཆགས་པ་ཡིན་ན་རྒྱལ་ཁབ་དང་སྤྱི་ཚོགས་ལ་གནོད་པ་ཚབ་ཆེན་སྐྱེལ་སྲིད། དེ་བས་ཀུན་ལ་འཛེམས་བག་མི་དགོས་པའི་མི་མང་གི་མགྲིན་ཚབ་པ་ཞིག་བྱས་ན་ཕན་ཐོགས་ཆེ་སྙམ།
ཨ་རོགས་ཀླུ་མཁར་འབྱམས་ཀྱིས་ཡང་སྐྱར་འགན་འཁྲི་མེད་པའི་སྐད་ཆ་ཚིག་སྐམ་ཁ་ཤས་བརྗོད་ཡོད་ཤས་ཆེ།ཡིན་ནའང་རྗེས་སུ་ཞིབ་ཀློག་བྱས་ནས་བསམ་ཚུལ་བརྗོད་རྒྱུ་ཡིན།
བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་གསུང་དུམ་བུ་ཞིག ༼བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་གང་ཟག་མི་ཉུང་བ་ཞིག་གིས་དགོངས་པ་བཞེས་ཕྱོགས་དང་བཀའ་མོལ་གནང་ཕྱོགས། དེ་ཚོར་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གདོང་ལེན་གནང་ཕྱོགས་ཚང་མར་ལྟོས་ན། ད་ཆ་བཀའ་ཤག་གི་ངོས་ནས་༸གོང་ས་མཆོག་ལ་མུ་མཐུད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་རོགས་གནོངས། ཞེས་གསོལ་བ་འདེབས་པའི་གཞི་རྩ་དང་འདེབས་ནུས་པའི་སྤོབས་པ་གཉིས་ཆ་མེད་པ་ཞིག་ཆགས་ཀྱི་འདུག མ་འོངས་པར་ཐབས་ལམ་འཚོལ་བའི་ཐད་ལ་གྲོས་ཚོགས་ར་བའི་ནང་གི་གྲོས་ལ་དབང་བའི་ཚོགས་མི་རྣམ་པ་གཙོས་པའི་བཙན་བྱོལ་མང་ཚོགས་ཀྱིས་སོ་སོའི་དགོངས་པ་བཞེས་ཕྱོགས་དང་ཕྱག་ལས་གནང་ཕྱོགས། བསམ་ཚུལ་དང་དཔྱད་བཞེས། ༸གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་ཕྱོགས་བཅས་ཀྱི་ཐོག་དངོས་ཡོད་གནས་ཚུལ་ངོ་མ་གང་ཡིན་པ་དེ་ཇི་མ་ཇི་བཞིན་འཛེམ་ཟོན་སྤངས་བའི་ཐོག་དངོས་ཞིབ་གནང་ཐུབ་པ་ཞིག་དང་། གཞི་རྩ་དེའི་སྟེང་ནས་ལངས་ཕྱོགས་སྟོན་ཐུབ་པ་ཞིག་གནང་དགོས་པ་ལས། གཞས་དང་གདངས་མི་མཚུངས་པའི་མཛེས་ཆོས་ཙམ་གྱིས་ཐག་གཅོད་གནང་བ་ཡིན་ན། དོན་སྨན་ཡོང་གཞི་མེད་པའི་གནས་སྟངས་ཤིག་མཐོང་བསྡད་ཀྱི་འདུག ༽
༸གོང་ས་མཆོག་བགྲེས་ཡོལ་སྒུག་མཁན་ཤོག་ཁག་གཉིས་འདུག་སྙམ། གཅིག་ནི། བཙན་བྱོལ་སྤྱི་ཚོགས་ས་བརྟན་སླད་དུ་དང་། ༸གོང་ས་མཆོག་མཛད་འཕྲིན་སྔར་ལྷག་ཏུ་རྒྱས་པའི་ཆེད་དུ་སྟེ། ང་ཡང་དེ་ལྟར་བསམས་ཤིང་རེ་བཞིན་ཡོད།
ཡང་ཤོག་ཁག་གཅིག་ནི། དམར་གཞུང་ལྟར། སྤྱི་ཚོགས་རྙིང་པ་དང་། དེའི་རྒྱུན་དང་བཅས་པ་མི་དགའ་ཞིང་། མཐོ་རྒྱལ་བ་རིན་པོ་ཆེས་བུ་འཁྲིད་པ་དང་། ཆོས་ལ་ཡང་། མིདགའ་མཁན་རིགས་གཅིག་ཡོད། དེ་དག་གི་ལག་ཏུ་བོད་པའི་ཆབ་སྲིད་ཤོར་བ་ཡིན་ན། དེ་ནས་ག་འདྲ་ཞིག་ཆགས་འགྲོ་ཡོད་དམ་ངས་ནི། མི་ཤེས་སོ། །
གང་ལྟར་ཡང་སྤྱི་འཐུས་བཟང་དུ་གཏོང་དགོས་པ་དང་། བཀའ་ཁྲི་འཇོན་དུ་འགྲོ་དགོས་པ་ནི། གནད་ཁག་ཆེ་ཤོས་དེ་རེད་གདའ། ༸གོང་ས་མཆོག་གི་དགོངས་དོན་ལྷུན་གྲུབ་ཤོག ། བོད་རྒྱལ་ལོ། །
ཀརྡོས་དོན་ཚན་གཉིས་དེ་ལ་ང་ཡང་མོས་མཐུན་ཡོད།
ང་ཡང་དོན་ཚན་དང་པོའི་བསམ་ཚུལ་ཤོད་མཁན་ཡིན།
འོན་ཀྱང་སྒུགས་མཁན་ཅེས་བཤད་ན་ཅུང་མི་བདེ།
བགྲེས་ཡོལ་གྱི་དགོངས་པ་བཞེས་་ཕྱོགས་དེ་ལ་མོས་མཐུན་ཡོད་མེད་ཀྱིས་ཁྱད་པར་ཡིན།
ཁ་སངས་ན་གོ་བདེ།
ནམ་སངས་ན་འགྲོ་བདེ།
ཞེས་པའི་དཔེ་ལྟར་རེད།
དྲང་པོ་བཤད་ན་མིས་མི་དགའ
དབྱུག་པ་འཁྱེར་ན་ཁྱི་མི་དགའ།
ཟེར་བའི་དཔེ་ལྟར་རེད།
དོན་ལ་་་་་་་ང་ཡང་ཁ་སངས་ཐུབ་ས་མ་རེད།
ཁ་ཁོག་མཐུན་པའི་སྐད་ཆ་རང་རེད།
སྲིད་དོན་པ་ཞིག་གི་སྐད་ཆ་ཡིན་མིན་མི་ཤེས།
སྲིད་དོན་པ་ཟེར་མཁན་དེ།
མི་ངན་ནང་དུ་བསྡད་ནས།
ཇུས་ངན་ཕྱི་ལ་འདོན།
ཞེས་པའི་དཔེ་ལྟར་བྱེད་ཐུབ་མཁན་ཞིག་དགོས་ཀྱི་འདུག
ཤིག་ལ་རྒྱུ་མ་རྒྱང་མཁན་ཞིག་དགོས་ཀྱི་རེད།
ཁྱོད་ངའི་སྦྱི་འཐུས་ཡིན་། ངས་རྒྱབ་སྐྱོར་ཁྱོད་ལ་བྱེད་ ། ཤུགས་རྒྱོབ་་་།
དེ་ཡང་༸གོང་ས་མཆོག་གི་གསུང་འཕྲིན་ནང༌། བར་སྐབས་དེར་བཙན་བྱོལ་བོད་མིའི་སྡོད་སྒར་ཁག་གིས་མཚོན་བོད་ཕྱི་ནང་གི་མང་ཚོགས་དང༌། མི་སྒེར་མང་པོས་ལྷག་བསམ་ཟོལ་མེད་ཀྱིས་ངོས་ལ་སྔར་བཞིན་ཆབ་སྲིད་ཀྱི་འགན་ཁུར་མུ་མཐུད་བྱ་དགོས་པའི་རེ་བསྐུལ་བྱུང་ཡང༌། ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང་། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་༸རྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱི་མཐུན་འགྱུར་བྱེད་ཐུབ་ཅེས་༸གོང་ས་མཆོག་གི་གསུང་འཕྲིན་ཕེབས་འདུག།
མཆན་འདེབས་མཁན་ཚོས་ཉུང་མཐར་གོང་གི་གསུང་འཕྲིན་འདིས་ག་རེ་སྟོན་བཞིན་པ་ཤེས་དགོས་ཀྱི་ཡོད་པའི་ཁར། ཟམ་གདོང་རིན་པོ་ཆེ་ཡི་རྐུབ་འགེབས་སྟངས་ཀྱང་མ་ནོར་བ་གནང་རྒྱུ་གལ་ཆེ་ལ། དེ་ལས་ཀྱང་སྐྱ་ཆད་སྔོ་སྡུག་གི་དུས་རིམ་འདི་ནས་བཟུང་བོད་ཀྱི་གནད་དོན་འདི་བཞིན་འཕྲལ་ཕུགས་གཉིས་ཀྱི་ཆ་ནས་སྲུང་སྐྱོབ་ཀྱིས་གཙང་སེལ་ཡོང་ཐབས་འཚོལ་རྒྱུ་བོད་མི་ཞིག་ཡིན་པའི་མ་མཐའི་འོས་འགན་རེད་འདོད།
མཆན་བ་ཚོས་གཤམ་གྱི་རྒྱལ་བ་རིན་པོ་ཆེ་ཡི་གསུང་འཕྲིན་འདིར་ཡང་འགྲེལ་ཞིག་རྒྱག་པར་སྒུག་གི་ཡིན།
དེ་ཡང་གསུང་འཕྲིན་ནང༌། བར་སྐབས་དེར་བཙན་བྱོལ་བོད་མིའི་སྡོད་སྒར་ཁག་གིས་མཚོན་བོད་ཕྱི་ནང་གི་མང་ཚོགས་དང༌། མི་སྒེར་མང་པོས་ལྷག་བསམ་ཟོལ་མེད་ཀྱིས་ངོས་ལ་སྔར་བཞིན་ཆབ་སྲིད་ཀྱི་འགན་ཁུར་མུ་མཐུད་བྱ་དགོས་པའི་རེ་བསྐུལ་བྱུང་ཡང༌། ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང་། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་༸རྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱི་མཐུན་འགྱུར་བྱེད་ཐུབ་ཅེས་༸གོང་ས་མཆོག་གིས་གསུང་འཕྲིན་ཕེབས་འདུག
འགྱུར་བ་འདི་འཕེར་རྒྱས་ཀྱི་གཞི་རྩ་ཡིན་ཀྱང་ཆོག འོན་ཀྱང་འགྱུར་བ་གཏོང་མ་ཤེས་ན་ཉེན་ཁའི་གནས་སུ་ལྷུང་སྲིད ། ད་རེས་གསུང་འཕྲིན་གྱི་བསམ་དོན་འགྲུབ་པའི་ཐད་ཟམ་གདོང་བླ་མས་སྐད་ཆ་མི་འོས་པ་ཞིག་བཤད་ནས་རེ་བ་ལམ་ལོག་ཏུ་འགྲོ་སྲིད ། ཤུགས་རྐྱེན་ངན་པ་སྤྲད་སོང་།
རང་སྣང་གང་དྲན་གྱི་མི་བུ་ཀླུ་མཁར་འབྱམས་ཀྱི་དྲི་བ་དྲིས་ལན་འདིའི་ཚོག་དོན་གཉིས་ཀྱི་ཐད་ལ་དག་ནོར་དང་།དོན་ནོར།ཚིག་ནོར་སོགས་ཀྱི་སྦགས་འདུག་བང་ཆེན་གསར་འགོད་པའི་གནས་ཚད་དང་ཀླུ་འབྱམས་ཀྱི་ཤེས་ཚད་གཉིས་ལ་ཅོལ་ཆུང་ལ་འགྲན་བསྡུར་བྱེད་མཁན་འདྲ་པོ་ཞིག་འདུག
གུས་རགས་བཅོས་བྱས་པའི་ཀླུ་འབྱམས་ཀྱི་དྲི་བ་དྲིས་ལན་དེ་འགོད་སྤེལ་བྱ་རྒྱུ་ཡིན།
ཀླུ་མཁར་བྱམས་༼འབྱམས་༽ཀྱིས་སྡེ་སྲིད་དང་། བགྲེས་ཡོལ། དགའ་ལྡན་ཕོ་བྲང་སོགས་ཀྱི་སྐོར་ལ་འདི་ལྟར་བརྗོད་འདུགགནས་ཚུལ་ཡོང་ཁུངས་བོད་ཀྱི་བང་ཆེན། འདོན་ཐེངས་ ༼༣༢༣༽(བཤུ་འགོད་བྱེད་མཁན) རྡ་ས་ནས་་རླབས་སྒྲོན་གྱིས།
༡ བང་ཆེན། སྐུ་ཉིད་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུང་རོགས།
ཀླུ་མཁར། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་དབང་ཆ་དང། ཟ་རྒྱུ་འཐུང་རྒྱུ་ཡོད་སའི་ས་ཆ་ཚང་མ་ཁྱིམ་རྒྱུད་ཆེ་ཁག་ཚོས་ཕན་ཚུན་ནང་ཁུལ་ལག་བརྒྱུད་ཀྱིས་སྤྲོད་རྒྱུ་དང་། དེ་བཞིན་མི་ཞིག་གངས་སྐྱིད་ཀྱི་དབང་འཛིན་པ་ག་གེ་མོའི་སྣང་བར་མ་སོང་ན། ཁོང་ཚོས་ཚོགས་པ་སྐྱིད་སྡུག་ཁག་གི་འགོ་བྱེད་ཚོ་བརྒྱུད་དེ། མང་ཚོགས་ནང་འདྲོགས་མགོ་བསླངས་ཐོག་མི་དེ་ཏག་ཏག་བཟོ་ བཞིན་ཡོད་ལ། བྱེད་སྟངས་འདིར་ངས་བལྟས་ཀྱིན་བལྟས་ཀྱིན་ཉོབ་སྣང་སྐྱེ་ཡོང་གི་འདུག མཚམས་རེ་སྤྱི་ཚོགས་ཐེབས་ཆག་འདི་དང་གཏན་ནས་ཁ་བྲལ་ན་བསམ་གྱི་འདུག འོན་ཀྱང་བཟང་ཕྱོགས་ནས་བཤད་ན། དེང་སྐབས་གཞི་རིམ་མང་ཚོགས་ཀྱི་ནུས་པ་ཡར་རྒྱས་འགྲོ་བཞིན་པར་བརྟེན། དབང་འཛིན་པ་ཚོས་ཞེ་འདོད་ལྟར་མང་ཚོགས་གང་ལ་ཁྲིད་ཆོག་ཆོག་ཅིག་མ་ཡིན་པར། ང་ལྟ་བུའང་ན་ནིང་ད་ལོ་སྤྱི་འཐུས་ཀྱི་འོས་མིའི་ཁོངས་སུ་སླེབས་༼བསླེབས་༽པ་མ་ཟད། ཅུང་མང་དུ་འགྲོ་བཞིན་འདུག དེར་བརྟེན་ངས་ང་སྤྱི་འཐུས་ཐོབ་སོང་བའི་དབང་དུ་བཏང་ཡང་ཆེན་པོ་ཞིག་བྱེད་རྒྱུའདུག་བསམ་ཀྱི་མེད་མོད། འཕེལ་ཕྱོགས་འདི་གལ་ཆེན་པོ་མཐོང་ནང་༼ནས་༽དངོས་གཞིའི་འོས་ཁོངས་ས་༼སུ་༽ལངས་པ་ཡིན།
༢ བང་ཆེན། སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།
ཀླུ་མཁར། སྟོབས་ཆེན་རྒྱལ་ཁབ་ཚོའི་གྲོས་ཚོགས་འཐུས་མི་ཞིག་ལ་ཆ་བཞག་ན། ཁོ་ཚོར་གཞུང་ནས་དམིགས་བཀར་ལག་དངུལ་འབོར་ཆེན་ཡོད་པ་མ་ཟད། ཁྲིམས་སྒྲིག་རང་བཞིན་གྱི་དབང་ཚད་དང་ཚོགས་པའི་ནང་མཐོང་ཆེན་པོ་ཡོད་པར་བརྟེན། སྤྱི་འཐུས་རྣམས་གལ་ཆེན་པོ་ཆགས་པ་རེད། ང་ཚོའི་སྤྱི་འཐུས་རྣམ་པར་དེའི་གྲས་སྣེ་གཅིག་མེད་པས།ལས་ཀ་ཞིག་བསྒྲུབ་ཐུབ་དང་མི་ཐུབ་མི་སྒེར་རྐྱང་བའི་ཤེས་འཇོན་ལ་ཐུག་འདུག དེར་བརྟེན། ང་གྲོས་ཚོགས་ནང་ཕྱིན་ན་ཆེན་པོ་ཞིག་སྒྲུབ་རྒྱུ་ཡོད་མདོག་མ་རེད་ལ། མ་ཐོབ་ན་འཐུས་ཤོར་རེད་བསམ་པའང་རྐང་གཅིག་མེད། ཡིན་ནའང་། གྲོས་ཚོགས་ཀྱི་འཐུས་མི་ཡིན་ཟེར་དུས། ལས་དོན་གཙོ་བོ་གྲོས་གཞི་གྲོས་ཆོད་འཇོག་རྒྱུ་དང་། ཁྲིམས་སྒྲིག་བཟོ་རྒྱུ་དེ་རེད། ཡང་ཁྲིམས་ཟེར་དུས་མང་ཚོགས་ལ་ཕན་པའི་ཁྲིམས་དང་། དབང་བསྒྱུར་གྲལ་རིམ་མམ་གཞུང་འཛིན་ཤོག་ཁག་གི་ཁེ་ཕན་དང་མཐུན་པ་རིགས་གཉིས་ཡོད་སྟབས། སྤྱི་འཐུས་ཤིག་ལ་མཚོན་ན་རང་ཉིད་མི་མང་གི་ངོ་ཚབ་ཡིན་པ་ངོ་གསལ་བོ་འཕྲོད་དགོས་པ་དང་། མར་མང་ཚོགས་ཀྱི་ཆེད་དུ་ཁྲིམས་སྒྲིག་བཟོ་རྒྱུ་དང་གྲོས་གཞི་གྲོས་ཆོད་འཇོག་རྒྱུར་འབད་དགོས་པ་ལས། དབང་བསྒྱུར་བ་ལ་སྟབས་བདེ་ཆེད་ཁྲིམས་སྒྲིག་བཟོ་རྒྱུའི་༼རྒྱུས་༽མཚོན། རང་ཉིད་ཀྱི་ཁེ་ཕན་ཆེད་དབང་སྒྱུར་ཤོག་ཁག་ལ་ངོ་གཡོག་འཁྲབ་པ་སོགས་དུས་ནམ་ཡང་མི་བྱེད་རྒྱུ་གལ་ཆེན་པོ་རེད། གལ་སྲིད་ང་སྤྱི་འཐུས་ལ་ཐོབ་པ་ཡིན་ན་ལས་དོན་ཟེར་ན་རེད། ཕྱོགས་འདི་ནས་ཤུགས་ཅིག་རྒྱག་དགོས་པ་རེད་བསམ་ཡོད།
༣ བང་ཆེན། སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་
ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
ཀླུ་མཁར། མིའི་ཤོག་ཁག་དཔུང་སྒྲིག་བྱེད་པ་ནི་ལྷན་སྐྱེས་ཀྱི་གཤིས་སྤྱོད་ཅིག་ཡིན་མོད། གྲོགས་ཚོགས་ཀྱི་ར་བའི་ནང་དཔུང་ཁག་སྒྲིག་སྟངས་ནི། ཆབ་སྲིད་ཀྱི་ལངས་ཕྱོགས་ཁ་གསལ་ཡོད་པའི་མི་བུ་སྒེར་དང་ཚོགས་ཁག་ཕན་ཚུན་བར་དཔུང་སྒྲིག་བྱེད་པ་དང་། གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་ཤོག་ཁག་ཁ་གྱེས་ནས་དཔུང་སྒྲིག་བྱེད་པ་ལས། འུ་ཚང་གི་གྲོས་ཚོགས་ནང་བཞིན་ལུང་ཚན་དཔུང་སྒྲིག་དང་། ཆོས་ཚན་འཐེན་འཁྱེར། མི་ཚང་ཆེ་བ་ཁག་གི་ས་འོག་དར་ཐེག་༼ཐག་༽འཐེན་པ་སོགས་ཀྱིས་ཕན་ཚུན་དཔུང་སྒྲིག་འཐེན་འཁྱེར་བྱེད་པ་ནི་ཡག་རྟགས་ཤིག་རྩ་ནས་མ་རེད། དེའི་སྟབས་ཀྱིས་སྐབས་སྔོན་མར་ཚོགས་གཙོ་འདེམས་མ་ཐུབ་པར་ལོ་དུས་ཕྱེད་བགོས་དང་། སྐབས་༡༤་བའི་ཚོགས་དུས་༨པ་མཇུག་བསྡོམས་རྒྱག་མ་ཐུབ་པ་བཅས་ངན་རྟགས་ཕྱིར་ཐོན་པ་རེད་ལ། དེ་ལ་ནང་གསེར་༼གསེས་༽དབྱེ་ན། ལམ་ལུགས་རང་བཞིན་གྱི་འཐུས་ཤོར་དང་། མི་འགྲོ་རང་བཞིན་གྱི་ནོར་འཁྲིལ་༼འཁྲུལ་༽གཉིས་ལ་དབྱེ་ཆོག ངས་ད་ལོའི་སྔོན་འགྲོའི་འོས་མིའི་ཡོང་སྟངས་ལ་ལྟོས་༼བལྟས་༽ན། ནོར་འཁྲིལ་༼འཁྲུལ་༽དང་འཐུས་ཤོར་འདི་མི་༼མུ་༽མཐུད་ལྷག་ས་རེད་བསམ་བསམ་འདུག མི་བདེན་ན་ལྟོས༌༼གོ་བ་མི་འདུག༽ར༌༌
༤ བང་ཆེན། གལ་སྲིད་༧གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ཡོད།
ཀླུ་མཁར། ཨ་ཨ། སྡེ་སྲིད་ལྷན་ཚོགས་ཟེར་བ་དེ་ཚོ་ས་ནམ་ཞིག་གི་སྐད་ཆ་རེད། སྡེ་སྲིད་ཟེར་བ་འདི་ལོ་ཉིས་བརྒྱ་སུམ་བརྒྱའི་གོང་གི་དགའ་ལྡན་ཕོ་བྲང་ངན་༼དགེ་སོག་གཞུང་༽གི་འགྲོ་སྟངས་ཤིག་རེད་ལ། ད་ཆ་རྦད་དེ་དུས་ལས་ཡོལ་ཕྱིན་པ་རེད།༸གོང་ས་མཆོག་གིས་ཁོང་བགྲོས་༼བགྲེས་༽ཡོལ་ལ་ཕེབས་ནས་བཅའ་ཁྲིམས་
ནང་གི་སྐུ་དབང་ལ་འགྱུར་བ་གཏོང་དགོས་སྐོར་ཉེ་ཆར་ཝར་ན་ནས་ཀྱང་ཞལ་གསལ་གསུངས་བ་མ་ཟད། ཁོང་གིས་ཕྱི་ལོ་༢༠༠༡ལོར་བཀའ་ཁྲིད་ཐད་འདེམས་བྱས་པ་ནས་བཟུང་དགའ་ལྡན་ཕོ་བྲང་གི་དབང་ཆ་འཛིན་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད་ཟེར་ནས་ཐེངས་ག་ཚོད་ལ་གསུང་༼གསུངས་༽འདུག ང་ཚོས་ཁ་ཙམ་མིན་པར་རྒྱལ་རིན་པོ་ཆེ་དོན་གྱི་བདག་པོར་བརྩི་རྒྱུ་ཡིན་ན། དོན་གྱི་བདག་པོའི་བཀའ་ངོ་མ་བོ་༼ལྷག་༽དང་གསུང་དྲོན་པོ་འདི་ལ་བདག་པོ་བརྒྱག་༼བརྒྱབ་༽དགོས་པ་རེད། ཁ་སངས་༼སང་༽ན་ང་ཚོས་དུས་རབས་ཀྱི་འགྲོས་དང་མཐུན་པའི་སྲིད་འཛིན་ལམ་ལུགས་ཀྱི་དམངས་གཙོའི་གཞུང་ཞིག་ཡོང་རྒྱུར་འབད་བརྩོན་བྱ་དགོས་པ་ལས། ལྷ་མི་སྲུང་༼ཟུང་༽འབྲེལ་གྱི་སྡེ་སྲིད་ཞིག་༼ཅིག༽ལ་མ་འོངས་པར་སུ་གང་གིས་ངེས་༼ངོས་༽ལེན་བྱེད་མདོག་ཁ་བ་༼པོ་༽མ་རེད།
༥ བང་ཆེན། སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། སྒྲིག་འཛུགས་ཀྱི་འགྲོ་སྟངས་མི་འགྲིག་གི།་དང་༼པ་དང་༽འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ། (དཔེར་ན་སྤྱི་འཐུས་ཀྱི་ཡོང་ཁོངས་ཆོལ་ཁའམ་ཡང་ནས་༼ན་༽ས་གནས། ཆོས་བརྒྱུད་སྤྱི་འཐུས་ཡོང་སྟངས།)
ཀླུ་མཁར། སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། འགྲོ་སྟངས་ཚང་མ་མི་འགྲིག་གི དེ་བཞིན་ཆོལ་ཁ་དང་ཆོས་རྒྱུད་ཀྱི་ངོ་ཚབ་མཚོན་པའི་འཐུས་མི་ཞིག་དགོས་པའི་དབང་དུ་བཏང་ཡང་། ཡོང་སྟངས་འདི་གཏན་ནས་མ་རེད། མ་གཞི་དེ་ལ་འགྱུར་བ་གཏོང་དགོས་ན་སྤྱི་ཚོགས་པ་ཕོག་ཐུག་འགྲོ་བ་དང་གྱོང་རེག འགྲོ་བ་ཞིག་རྩ་ནས་མ་རེད། འོན་ཀྱང་། འུ་ཚང་གི་ལུང་ཚན་ཆབ་སྲིད་པ་ཚོས་རྒྱུ་མཚན་མེད་སར་རྒྱུ་མཚན་ཉི་ཚེ་བ་རེ་དྲངས་ཏེ་བསྒྱུར་༼༽བཅས་༼བཅོས་༽ཀྱི་ལམ་ཁ་བཀག་བསྡད་ཡོད་པ་རེད། ད་ནི་སྔ་རྗེས་ཙམ་མ་གཏོག་ལམ་ལུགས་འདི་འཐོ་འཐོར་དགོས་པ་གང་ཞིག་ལ་ཇི་ཙམ་མགྱོགས་ན་དེ་ཙམ་ཀྱིས་ཡག་གི་རེད། མ་གཏོགས་འུ་ཚང་གི་གྲོས་ཚོགས་ལམ་ལུགས་དེའི་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་རྒྱུ་ཕར་ཞོག རང་ཉིད་རང་གི་དཀའ་ངལ་ཆགས་བསྡད་ཡོད་པ་ཚང་མས་མཁྱེན་གསལ་རེད།།
༼ བཅར་འདྲི་འདི་ནི་ཟླ་སྔོན་མའི་ཚེས་༡༥ ཉིན་སྐུ་ཞབས་ཀླུ་མཁར་བྱམས་༼འབྱམས་༽ལ་བོད་ཀྱི་བང་ཆེན་གསར་འགོད་པའི་༼པས༽ཡིག་ཐོག་ནས་དྲིས་པ་ཞིག་རེད་ལ། ཟླ་བ་འདི་ཡི་ཚེས་༡༠ སྟེ་༼གསུམ་བཅུའི་དུས་དྲན་༽ཉིན་བང་ཆེན་ཚགས་པར་ཐོག་ཐོན་འདུག་པ་འདི་ནས་ཟུར་འདོན་བྱས་ཤིང་། ཁོང་གིས་འདི་ལྟར་བརྗོད་པའི་རྗེས་ཀྱི་ཕྱི་ཚེས་༡༤ཉིན་༸གོང་ས་མཆོག་གིས་གྲོས་ཚོགས་སུ་སྩལ་༼བསྩལ་༽ བའི་བཀའ་ཡིག་གཉིས་ང་ཚོའི་ཆུ་དབར་མིག་གིས་ལྟ་སྟངས་མིན་ན་དགོངས་པ་རྩེ་མཐུན་བྱུང་འདུག དེ་བས་ན་ཟུར་གནས་བློ་ལྡན་གྱི་སྐྱེས་བུ་ཚོས་༸གོང་མཆོག་གི་དགོངས་གཞི་དོན་གྱིས་རྟོགས་མཁན་དང་། དོན་རྟོགས་ནས་རྒྱབ་སྐྱོར་བྱེད་མཁན་སུ་རེད་བསམ་བློ་ཤིག་༼ཞིག་༽ཐོང་༼ཐོངས་༽དང་༽ འདི་ནི་རྩོམ་འདི་བཤུ་འགོད་བྱེད་པས་གསལ་བཤད་ཡིན།
“ཁོང་གིས་འདི་ལྟར་བརྗོད་པའི་རྗེས་ཀྱི་ཕྱི་ཚེས་༡༤ཉིན་༸གོང་ས་མཆོག་གིས་གྲོས་ཚོགས་སུ་སྩལ་ བའི་བཀའ་ཡིག་གཉིས་ང་ཚོའི་ཆུ་དབར་མིག་གིས་ལྟ་སྟངས་མིན་ན་དགོངས་པ་རྩེ་མཐུན་བྱུང་འདུག དེ་བས་ན་ཟུར་གནས་བློ་ལྡན་གྱི་སྐྱེས་བུ་ཚོས་༸གོང་མཆོག་གི་དགོངས་གཞི་དོན་གྱིས་རྟོགས་མཁན་དང་། དོན་རྟོགས་ནས་རྒྱབ་སྐྱོར་བྱེད་མཁན་སུ་རེད་བསམ་བློ་ཤིག
་ཐོང་དང་༽ །”རླབས་སྒྲོན་གྱིས་བཅར་འདྲིའི་ལེ་ཚན་འདི་བཤུ་འགོད་བྱས་ཏེ་འདིར་བཀོད་ཡོད་པའི་གསལ་བཤད་འདིར་བལྟས་ན། ཕལ་ཆེར་ཀླུ་མཁར་བྱམས་ལ་མ་འོངས་མངོན་གཟིགས་ཀྱི་མཁྱེན་པ་ཡོད་པའི་རྣམ་པ་འདུག གསལ་བཤད་འདི་ཡང་ཕལ་ཆེར་སྤྱི་འཐུས་འོས་བསྡུ་ཆེན་མོ་སླེབ་ལ་ཉེ་སྟབས་ཡང་གོ་སྐབས་འཚོལ་བཞིན་པའི་རྣམ་པ་མངོན་གྱིན་མི་འདུག་གམ།