ཆབ་ཚང་འཇམ་དཔལ།
ཉེ་ཆར་ཀླུ་མཁར་བྱམས་སྲིད་སྐྱོང་གི་འོས་མིར་ལངས་པ་ཐོས་སྐབས་དམིགས་བསལ་དོ་སྣང་ཞིག་བྱེད་དགོས་བྱུང་། དེ་ནི་ཀླུ་མཁར་བྱམས་འཇོན་དྲག་པས་མིན་ལ། སྐྱོ་དྲག་པས་ཀྱང་མིན། འོ་ན་ཁྱོད་ཀྱིས་ཇི་ལྟར་ཀླུ་མཁར་བྱམས་ལ་དམིགས་བསལ་དོ་སྣང་བྱས་པ་ཡིན་ཟེར་ན། དེ་ནི་གཙོ་བོ་ཁོས་ཡང་བསྐྱར་སུ་ཞིག་ལ་སྐྱོན་བརྗོད་ཅིག་གིས་འགོ་འཛུགས་རྒྱུ་ཡིན་ནམ་བསམས་པས་ཡིན།
ཏག་ཏག་ཁོས་༧གོང་ས་མཆོག་གིས་མ་འགྲིག་པ་དང་། བོད་གཞུང་གིས་མ་འགྲིག་པ། སྲིད་སྐྱོང་གིས་མ་འགྲིག་པ། ཤེས་ཡོན་སྲིད་བྱུས་ཀྱིས་མ་འགྲིག་པ། དབུ་མའི་ལམ་གྱིས་མ་འགྲིག་པ། བོད་རྒྱ་ཞི་མོལ་བྱས་པས་མ་འགྲིག་པ། བོད་གཞུང་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་བས་མ་འགྲིག་པ། བོད་གཞུང་གིས་དོལ་རྒྱལ་པ་ཚོར་བཟུང་བའི་ལང་ཕྱོགས་མ་འགྲིག་པ་སོགས་མ་འགྲིག་པ་དགུ་བརྩེགས་ཀྱིས་སྐྱོན་བརྗོད་བྱེད་འགོ་བཙུགས་པ་དང་།
ལྷག་པར་དུ་༧བརྒྱུད་ལམ་གང་སར་༧གོང་ས་མཆོག་ལ་བླ་རྒན་དང་། རྒྱལ་བཙོང་བ་ཞེས་དམའ་འབེབས་ཤུགས་ཆེན་བྱས་དང་བྱེད་བཞིན་པ་མ་ཟད། ༧གོང་ས་མཆོག་བཙོན་ལ་སྐྱེལ་ཐབས་བྱེད་མཁན་དང་། སྐུ་སྲོག་ལེན་རྩིས་བྱེད་མཁན་གྱི་དོ་རྒྱལ་ཚོགས་པར་ཡང་འགྲིག་འགྲིག་མཐུན་མཐུན་གྱི་རྣམ་འགྱུར་འཛིན་པ་སོགས་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།
ཡང་སྐབས་རེར་༧གོང་ས་མཆོག་གིས་རྒྱལ་ཁབ་བཙོང་བཞག་པ་མེད་ཀྱང་རང་བཙན་མ་རྩོད་པ་དེ་རྒྱལ་ཁབ་འཚོང་བ་དང་གཅིག་པ་རེད་ཟེར། རང་བཙན་མ་རྩོད་པ་དང་རྒྱལ་འཚོང་བ་གཉིས་གཅིག་པར་ཇི་ལྟར་ཆགས་པ་རེད། དེས་ན་རང་སྲིད་རང་སྐྱོང་དང་། བདེན་པའི་ཨུ་ཚུགས་རྩོད་མཁན་ཚོ་ཡང་རྒྱལ་འཚོང་བ་རེད་དམ། རེད་ཟེར་ན། བོད་མི་བརྒྱ་ཆའི་དགུ་བཅུ་ལྷག་རྒྱལ་འཚོང་བ་ཆགས་འགྲོ་གི་ཡོད་སྟབས། ཁྱེད་ཀྱིས་རང་བཙན་ཇི་ལྟར་རྩོད་རྒྱུ་ཡིན།
བོད་རང་བཙན་རྩོད་པར་རྒྱལ་སྤྱིའི་རྒྱབ་སྐྱོར་དང་། བོད་མི་རང་གི་འཐབ་རྩོད། རྒྱ་ནག་གི་འགྱུར་བ་གསུམ་ལ་མ་ལྟོས་པའི་ཐབས་ལམ་གཞན་པ་ཞིག་གང་ཡང་མེད། རྒྱལ་སྤྱིའི་སྟེང་ནས་གཞུང་འབྲེལ་མ་ཡིན་པའི་སྒེར་པ་རེ་ཟུང་མ་གཏོགས་དེ་སྔར་རྒྱལ་ཁབ་སུ་གཅིག་གིས་ཀྱང་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་མྱོང་མེད་པ་མ་ཟད། ཉིན་རེ་ནས་ཉིན་རེར་མ་བསྡད་པར་རྒྱལ་སྤྱིའི་སྟེང་གི་རྒྱལ་ཁབ་མང་ཆེ་བ་ཞིག་ལ་རྒྱ་ནག་གི་དཔལ་འབྱོར་འཁོར་བསྐྱོད་ཀྱི་འབྲེལ་ལམ་ནས་ཁེ་ཕན་ཤུགས་ཆེན་འབྱུང་གི་ཡོད་སྟབས། རང་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་སྣང་མེད་དུ་བཞག་ནས་རྒྱ་ནག་གཞུང་དང་རྒྱ་ནག་མི་མང་གཉི་གའི་མིག་ནང་གི་ཚེར་མ་ལྟ་བུའི་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་སྲིད་དམ། དེ་ནི་ཚོད་དཔག་བྱེད་མིཐུབ་པའི་གནད་དོན་དེ་འདྲ་གང་ཡང་མ་རེད་སྙམ།
ཁྱེད་ཀྱིས་བརྒྱུད་ལམ་འདྲ་མིན་དུ་རྒྱལ་སྤྱིའི་སྟེང་ནས་བོད་རང་བཙན་ལ་རྒྱབ་སྐྱོར་འཚོལ་ཐབས་བྱེད་ཀྱི་ཡིན་ཟེར། ༧གོང་ས་མཆོག་དང་། བོད་གཞུང་། བོད་ཕྱི་ནང་གི་བོད་མི། ད་དུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སུས་ཀྱང་དེ་སྔར་འདོན་མ་མྱོང་བ་དང་འདོན་མ་ཐུབ་པའི་ཐབས་ལམ་གང་དང་གང་ཞིག་སྤྱད་ནས་རྒྱལ་སྤྱིའི་སྟེང་ནས་བོད་རང་བཙན་ལ་རྒྱབ་སྐྱོར་འཚོལ་ཐབས་བྱེད་ཀྱི་ཡིན།
མ་ཟད་ཐབས་ལམ་དེ་དག་ལ་བརྟེན་ནས་སྲིད་སྐྱོང་གི་དུས་ཡུན་ལོ་ལྔའི་རིང་རྒྱལ་ཁབ་ག་ཚོད་ཅིག་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་བཟོ་རྒྱུ་ཡིན། རྒྱལ་ཁབ་ལྔ་། རྒྱལ་ཁབ་ལྔ་བཅུ། རྒྱལ་ཁབ་བརྒྱ། ད་དུང་ཐབས་ལམ་དེ་དག་རྒྱལ་ཁབ་གང་ཞིག་ནས་ཇི་ལྟར་འགོ་འཛུགས་དང་གྲུབ་འབྲས་ཐོན་པ་བཟོ་རྒྱུ་ཡིན། འདི་དག་ནི་ཀླུ་མཁར་བྱམས་ཀྱིས་ངེས་པར་དུ་མི་མང་ལ་གསལ་བཤད་ཡང་དག་པ་དང་གནད་ལ་ཁེལ་བ་གནང་དགོས་རྒྱུ་ཧ་ཅང་གིས་གལ་ཆེན་པོ་རེད།
གཞན་ཡང་། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་དང་། བོད་ཕྱི་ནང་གི་བོད་མི་མང་ཆེ་བས་ལམ་དབུ་མའི་སྲིད་བྱུས་ལ་རྒྱབ་སྐྱོར་གཙང་མ་བྱས་དང་བྱེད་བཞིན་ཡོད་སྟབས། ཁོང་ཚོ་བོད་རང་བཙན་གྱི་ལམ་ཁར་ཐབས་ལམ་གང་ཞིག་སྤྱད་ནས་ཇི་ལྟར་འཁྲིད་རྒྱུ་ཡིན། ཁོ་ཚོ་བོད་རང་བཙན་ཕྱོགས་སུ་འཁྲིད་པར། ཐོག་མར་ཁོང་ཚོར་ཀླུ་མཁར་བྱམས་ཀྱིས་བོད་རང་བཙན་ལེན་ཐུབ་ཀྱི་རེད་བསམ་པའི་ཡིད་ཆེས་རྙེད་དུ་འཇུག་དགོས་པ་གལ་ཆེན་པོ་ཡིན་སྟབས། ཁྱེད་ཀྱིས་ཐབས་ལམ་གང་ཞིག་ལ་བརྟེན་ནས་ཁོང་ཚོ་ཁྱེད་རང་ལ་ཡིད་ཆེས་ཡོད་པ་བཟོ་རྒྱུ་ཡིན། ཁོང་ཚོས་ཁྱེད་རང་ལ་ཡིད་ཆེས་བྱེད་སྲིད་དམ།
ལྷག་པར་དུ་ང་ཚོའི་འཐབ་རྩོད་བྱེད་སའི་ཁ་གཏད་དེ་རྒྱ་ནག་མ་གཏོགས་གཞན་སུ་གང་ཡང་མ་ཡིན་སྟབས། རྒྱ་ནག་གཞུང་དང་མི་མང་གཉིས་ཀས་བོད་རང་བཙན་ལ་རྒྱབ་སྐྱོར་བྱ་སྲིད་དམ། འདས་པའི་མི་ལོ་དྲུག་ཅུར་ཉེ་བའི་རིང་རྒྱ་ནག་གི་ཆབ་སྲིད་པ་དང་། གསར་འགོད་པ། སྒྱུ་རྩལ་བ་སོགས་ཐེ་བའི་ཤེས་ཡོན་པ་བརྒྱ་ཕྲག་མང་པོས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་པ་ཞིག་ལས། སེམས་གཏིང་ནས་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་པ་ཞིག་གང་ཡང་མེད་པ་མིག་མཐོང་ལག་ཟིན་མ་རེད་དམ།
འབྱུང་འགྱུར་ཡང་རྒྱ་ནག་གཞུང་དང་རྒྱ་ནག་མི་མང་གིས་ད་ལྟའི་ཆར་བོད་ནང་གི་ས་ཆ་གང་སར་གཞིས་ཆགས་པའི་རྒྱ་ནག་མི་མང་ས་ཡ་བཅུ་གཉིས་ལྷག་གི་ཁེ་ཕན་དང་། རྒྱ་གར་གྱི་ས་ཁྱོན་གྱི་ཕྱེད་ཙམ་ཡོད་པའི་བོད་ཀྱི་ས་ཁྱོན་དང་། ས་སྟེང་གི་ཆུ་དང་། ཤིང་ནགས། ས་འོག་གི་གཏེར་ཁ་སོགས་ནས་ཐོབ་པའི་ཨ་སྒོར་ཐེར་འབུམ་བརྒྱ་ཕྲག་མང་པོ་བློས་གཏོང་གིས་བོད་རང་བཙན་སྤྲོད་སྲིད་དམ། རྒྱ་ནག་གཞུང་དང་མི་མང་གི་བསམ་བློ་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་དུ་ཇི་ལྟར་བསྒྱུར་རྒྱུ་ཡིན་ནམ། དེར་ཁྱེད་རང་ལ་ཐབས་ལམ་གསར་པ་དང་། ཐབས་ལམ་ནུས་པ་ལྡན་པ་ཅི་ཞིག་ཡོད་དམ།
ད་དུང་ཁྱེད་ཀྱིས་བོད་མི་ཚོས་༧གོང་ས་མཆོག་དང་ཁྱེད་ཀྱིས་བཤད་བཞིན་པའི་རྒྱལ་འཚོང་བ་དང་བླ་རྒན་གྱིས་མིང་དོན་མཚུངས་པའི་མང་གཙོ་ཡང་དག་པ་ཞིག་གསོལ་རས་གནང་བཞག་པའི་འོག་ནས་བོད་མི་ཚོས་སྨྲ་བརྗོད་རང་དབང་བེད་སྤྱོད་བྱེད་ཐུབ་ཀྱི་མེད་ཚུལ་གང་སར་སྒྲོག་བཞིན་འདུག སྨྲ་བརྗོད་རང་དབང་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད་མེད་ཀྱི་ས་མཚམས་དེ་གང་ནས་འཇོག་དགོས་སམ།
༧གོང་ས་མཆོག་ལ་རྒྱལ་འཚོང་བ་དང་བླ་རྒན་ཞེས་མཐོང་ཆུང་དང་དམའ་འབེབས་བྱེད་ཐུབ་ན། སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་པ་དང་། ༧གོང་ས་མཆོག་ལ་རྒྱལ་འཚོང་བ་དང་བླ་རྒན་ཞེས་མཐོང་ཆུང་དང་དམའ་འབེབས་བྱ་མ་ཐུབ་ན་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་མ་ཐུབ་པར་བརྩི་རྒྱུ་རེད་དམ། དེ་ལྟར་ཡིན་ན་ཀླུ་མཁར་བྱམས་ཁྱེད་རང་དང་དོལ་རྒྱལ་ཚོགས་པ་གཉིས་མ་གཏོགས་བོད་མིའི་ཁྲོད་སྨྲ་བརྗོད་རང་དབང་བེད་སྤྱོད་གཏང་ཐུབ་མཁན་མེད་པ་བདེན་པ་རེད།
མ་གཞི་ནས་༧གོང་ས་མཆོག་ལ་རྒྱལ་འཚོང་བ་དང་བླ་རྒན་ཞེས་མཐོང་ཆུང་དང་དམའ་འབེབས་བྱས་པས་བོད་ཀྱི་རྩ་དོན་ལ་ཕན་ཐོགས་ཅི་ཞིག་ཡོད་དམ། བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་ཐོགས་ཅི་ཞིག་ཡོད་དམ། ཁྱེད་ཀླུ་མཁར་བྱམས་ལའང་ཕན་ཐོགས་ཅི་ཞིག་ཡོད་དམ། དེ་དག་གང་ལའང་ཕན་ཐོགས་མེད་ན། ཅིའི་ཕྱིར་༧གོང་ས་མཆོག་ལ་སྐྱོན་བརྗོད་དང་དམའ་འབེབས་བྱེད་ཀྱི་ཡོད། ༧གོང་ས་མཆོག་ལ་སྐྱོན་བརྗོད་དང་དམའ་འབེབས་བྱེད་ཐུབ་པ་དེ་ཁྱོད་རང་གི་འཇོན་ཐང་དང་གཟི་བརྗིད་ཡིན་དྲན་གྱི་ཡོད་དམ། དྲིན་ཆེན་ལ་དྲིན་ལོག་བྱེད་སྟངས་དེ་ཁྱེད་རང་གི་འཇོན་ཐང་ཡོན་ཏན་རེད་དམ། གལ་སྲིད་དེ་ཚོ་ཁྱེད་རང་གི་འཇོན་ཐང་དང་ཡོན་ཏན་ལ་བརྩི་བཞིན་ཡོད་ན། བོད་མི་རིགས་ཀྱི་ཁྲོད་ནས་འཇོན་ཐང་དང་ཡོན་ཏན་ཆེ་ཤོས་དེ་ཁྱེད་རང་དང་དོལ་རྒྱལ་ཚོགས་པ་གཉིས་ཡིན་ངེས་རེད།
ད་དུང་ཁོས་བཏོན་པའི་ང་དང་ངའི་གཞུང་གི་སྲིད་བྱུས་ཞེས་པའི་ནང་བྲན་གཡོག་གི་གཤིས་ཀ་ལ་ངོ་རྒོལ་དང་། དད་པ་ལོག་སྤྱོད་ལ་ངོ་རྒོལ་ཟེར་བ་ཞིག་འདུག བོད་མི་ཚོ་ལ་བྲན་གཡོག་གི་གཤིས་ཀ་ཡོད་ན་དེ་ནི་མ་འགྲིག་པ་ཞིག་རེད། ཡིན་ན་ཡང་བོད་མི་ཚོར་བྲན་གཡོག་གི་གཤིས་ཀ་ཡོད་པ་ཤེས་པ་ཙམ་གྱིས་ཕན་ཐོགས་གང་ཡང་མེད་སྟབས། ཁྱེད་ཀྱིས་བོད་མི་ཚོའི་བྲན་གཡོག་གི་གཤིས་ཀ་ལ་ངོ་རྒོལ་ཇི་ལྟར་བྱེད་ཀྱི་ཡིན། ཐབས་ལམ་ཅི་ཞིག་ཡོད། བོད་མི་ཚོར་བྲན་གཡོག་གི་གཞིས་ཀ་ཡོད་པའི་སྒྲུབ་བྱེད་ཅི་ཞིག་ཡོད། བྲན་གཡོག་གི་གཤིས་ཀ་ཡོད་པ་དེས་འདས་པའི་ལོ་རྒྱུས་ནང་བོད་མི་ཚོར་མཇུག་འབྲས་ངན་པ་ཅི་ཞིག་བྱུང་ཡོད་དམ། འདི་དག་ཚང་མ་ཁྱེད་རང་གིས་ངེས་པར་དུ་གསལ་པོར་བཟོ་དགོས་པ་ཞིག་རེད།
ལྷག་པར་དུ་དད་པ་ལོག་སྤྱོད་ལ་ངོ་རྒོལ་ཐད་ནས་བཤད་ན། ༧གོང་ས་མཆོག་གིས་རང་གི་མི་མང་གི་དད་པ་ལོག་སྤྱོད་བྱས་པ་ཞིག་རེད་དམ། བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་མཆོག་དང་མི་མང་བར་གྱི་དད་པ་ལོག་སྤྱོད་བྱས་པ་རེད། དད་པ་ལོག་སྤྱོད་ཀྱི་ངོ་བོ་དང་དབྱེ་བ་ཅི་ཞིག་རེད། སུས་སུའི་དད་པ་ལོག་སྤྱོད་བྱས་པ་རེད། ག་དུས་ཇི་ལྟར་ལོག་སྤྱོད་བྱས་པ་རེད། དེ་ལ་བརྟེན་ནས་བོད་མི་རིགས་དང་། བོད་ཀྱི་རྩ་དོན། བོད་ཀྱི་ཆོས་དང་རིག་གཞུང་ལ་གནོད་པ་ཅི་ཞིག་བྱུང་ཡོད། དེ་དག་གང་ལའང་གནོད་པ་བྱུང་བའི་མཇུག་འབྲས་སྟོན་རྒྱུ་མེད་ན། དད་པ་ལོག་སྤྱོད་ལ་ངོ་རྒོལ་བྱས་པས་ཕན་ཐོགས་ཅི་ཞིག་ཡོད། ཕན་ཐོགས་མེད་ཀྱང་དད་པ་ལོག་སྤྱོད་ལ་ངོ་རྒོལ་བྱེད་ཀྱི་ཡིན་ཟེར་ན། དེ་སྲིད་སྐྱོང་འོས་མི་ཞིག་གིས་བཤད་རུང་བའི་གཏམ་ཞིག་རེད་དམ།
གཞན་ཡང་། ཁྱེད་ཀྱིས་དོ་རྒྱལ་གསོ་མཁན་ཚང་མ་ངན་པ་མ་ཡིན་པ་མ་ཟད། དེ་དག་ལ་རིགས་དང་རྣམ་གྲངས་འདྲ་མིན་བཀར་གྱི་འདུག དོ་རྒྱལ་གསོ་མཁན་མི་བཟང་དེ་ཚོ་གང་ཞིག་ལ་ཡོད། ཁྱེད་ཀྱིས་ཁོང་ཚོ་ཇི་ལྟར་རྙེད་ཐབས་བྱེད་ཀྱི་ཡིན། དོ་རྒྱལ་ཚོགས་པའི་ནང་ནས་མི་ཞིག་གིས་ང་མི་བཟང་པོ་ཡིན་པའི་དོ་རྒྱལ་པ་ཟེར་ན། ཁྱེད་ཀྱིས་དེ་ལ་ཇི་ལྟར་ཡིད་ཆེས་བྱེད་ཀྱི་ཡིན། རྒྱུ་མཚན་གང་ཞིག་གིས་ཁོང་ཚོ་མི་བཟང་ཡིན་པ་ཐག་གཅོད་བྱེད་ཀྱི་ཡིན། ཁོང་ཚོས་བཤད་པར་ཆ་འཇོག་བྱེད་ཀྱི་ཡིན་ནམ། གཞན་གྱིས་བཤད་པར་ཡིད་ཆེས་བྱེད་ཀྱི་ཡིན།
མདོར་བསྡུས་ནས་བཤད་ན། ཁྱེད་སྲིད་སྐྱོང་དུ་ལངས་པ་ནས་བཟུང་སྟེ་ད་ལྟ་ལ་ཐུག་གི་བར་གྱི་གཏམ་བཤད་ཚང་མ། ཆར་པ་འབབ་རྒྱུ་མེད་པའི་འབྲུག་སྒྲ་ལྟ་བུ་ཞིག་རེད། ལག་ལེན་དངོས་དང་རྒྱང་ཐག་ཧ་ཅང་རྒྱང་ཐག་རིང་བའི་ཁ་བཤད་སྐམ་པོ་ཞིག་གིས་ཕན་ཐོགས་གང་ཡང་མེད་པ་དེ་ཤེས་དགོས་རྒྱུ་གལ་ཆེན་པོ་རེད།
ཟུར་འདོན་དྲི་བ།
གཅིག ཁྱེད་ཀྱིས་རྒྱལ་སྤྱིའི་སྟེང་ནས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཅིག་ཇི་ལྟར་ཐབས་ལམ་གང་ཞིག་ལ་བརྟེན་ནས་འཚོལ་ཐབས་བྱེད་ཀྱི་ཡིན། སྲིད་སྐྱོང་གི་དུས་ཡུན་ལོ་ལྔའི་ནང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ག་ཚོད་ཡོང་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད། དེས་རྒྱ་ནག་ལ་ཤུགས་རྐྱེན་ག་ཚོད་ཅིག་འབྱུང་གི་རེད།
གཉིས། བོད་མིའི་སྒྲིག་འཛུགས་དང་། བོད་མི་ཕལ་མོ་ཆེས་དགེ་སྐྱོན་མང་པོར་བསམ་གཞིགས་ནན་ཏན་གྱིས་ལམ་དབུ་མར་རང་མོས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྟབས། ཁྱེད་ཀྱིས་ཁོང་ཚོ་ཇི་ལྟར་རང་བཙན་རྩོད་མཁན་ཞིག་ཏུ་བསྒྱུར་གྱི་ཡིན། ཁོང་ཚོས་ཁྱེད་ཀྱིས་གསལ་བཤད་གནང་བར་ཡིད་ཆེས་བྱེད་སྲིད་དམ། ཡིད་ཆེས་མ་བྱས་པ་ཡིན་ན། ཁྱེད་ཀྱིས་རང་ལ་འཇོན་ཐང་དང་ནུས་པ་མེད་པར་དགོངས་ནས་སྲིད་སྐྱོང་ནས་དགོངས་ཞུ་བྱ་རྒྱུ་ཡིན་ནམ།
གསུམ། ཁྱེད་ཀྱིས་བོད་མིའི་སྒྲིག་འཛུགས་བོད་གཞུང་ལ་བསྒྱུར་ཐབས་ཆེད་རྒྱ་གར་གཞུང་ལ་གསལ་བཤད་བྱེད་ཀྱི་ཡིན་ཟེར་གྱི་འདུག རྒྱལ་ཁབ་གཅིག་གི་ནང་མིང་དོན་མཚུངས་པའི་སྲིད་གཞུང་གཉིས་འཛུགས་མི་ཆོག་པ་རྒྱ་གར་གཞུང་གི་རྩ་ཁྲིམས་ནང་གཏན་ཁེལ་བྱས་ཡོད་སྟབས། ཁྱེད་ཀྱི་ནུས་པའི་གཞུང་དེ་ལ་ཁེ་ཕན་གང་ཡང་མེད་པའི་འོག་ནས་གཞུང་དེའི་རྩ་ཁྲིམས་ལ་འགྱུར་བ་གཏང་ཐུབ་བམ། ངས་བལྟས་ན་དེ་ནི་མི་སྲིད་པ་ཞིག་རེད།
བཞི། ཁྱེད་ཀྱིས་བོད་གཞུང་དེ་ཤེས་ཡོན་སྲིད་བྱུས་མེད་པའི་རྒྱལ་ཁབ་ཅིག་ལ་བསྒྱུར་རྒྱུ་ཡིན་པ་ལྟ་བུའི་གོ་ཐོས་བྱུང་བས། ངས་ངོས་འཛིན་འདི་ལྟར་བྱས་པ་དེ་ནོར་ཡོད་དམ་མེད། གལ་སྲིད་ནོར་མེད་ན། ཁྱེད་ཀྱི་བསམ་བློ་དེའི་རྒྱབ་ལྗོངས་ཅི་ཞིག་རེད། གཞུང་ཞིག་ལ་ཤེས་ཡོན་སྲིད་བྱུས་ཡོད་ན་སྐྱོན་ཅི་ཡོད་དང་། མེད་ན་དགེ་མཚན་ཅི་ཞིག་ཡོད།
ལྔ་། དབུ་མའི་ལམ་གྱི་རྨང་གཞིའི་སྟེང་ནས་བོད་རྒྱ་ཞི་མོལ་དང་། ༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་བར་འབད་བརྩོན་བྱེད་ཀྱི་མིན་ཟེར་གྱི་འདུག དེས་བོད་ཕྱི་ནང་གི་བོད་མི་སྤྱི་དང་། ལྷག་པར་དུ་བོད་ནང་གི་བོད་མི་བརྒྱ་དང་ཞེ་གཉིས་ཀྱིས་རང་བསྲེག་གིས་༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུར་འབད་བརྩོན་བྱས་པ་ཡོངས་སུ་རྩིས་མེད་བཏང་བ་ཞིག་ཡིན་སྟབས། མི་མང་གི་མངོན་རྩིས་མེད་དུ་བཏང་བ་འདི་སྲིད་སྐྱོང་འོས་མི་ཞིག་གི་བཟང་སྤྱོད་དང་ལས་འགན་གཉི་ག་འགལ་བ་ཞིག་མ་ཡིན་ནམ།
དྲུག གལ་སྲིད་ཁྱེད་རང་སྲིད་སྐྱོང་གི་གོ་གནས་ཐོབ་པ་ཡིན་ན། ཁྱེད་ཀྱིས་རང་གི་ལས་རོགས་བཀའ་བློན་དག་བོད་རང་བཙན་ལ་འདོད་པ་ཡོད་མཁན་རྐྱང་རྐྱང་འདེམས་རྒྱུ་ཡིན་ནམ། ཡང་ན་ཤེས་ཡོན་དང་ནུས་པར་བལྟས་ནས་འདེམས་རྒྱུ་ཡིན། ཁོང་ཚོས་བོད་རང་བཙན་ལ་མོས་མཐུན་མ་བྱས་ན། ཁྱེད་ཀྱིས་ཁོང་ཚོ་དང་མཉམ་ལས་ཇི་ལྟར་བྱ་རྒྱུ་ཡིན།
བདུན། ཁྱེད་ཀྱིས་དོལ་རྒྱལ་པ་ཚང་མ་མི་ངན་མ་ཡིན་སྟབས། དེ་དག་ལ་རིགས་དང་རྣམ་གྲངས་མང་པོ་དབྱེ་དགོས་ཚུལ་བཤད་ཀྱི་འདུག དོལ་རྒྱལ་པ་ནང་ནས་ངན་པ་དང་ངན་པ་མ་ཡིན་པའི་ས་མཚམས་ཇི་ལྟར་འབྱེད་རྒྱུ་ཡིན། ༧གོང་ས་མཆོག་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་མཁན་དང་མི་གསོད་མཁན་གྱི་དོལ་རྒྱལ་པ་ཚོ་ངན་པར་བརྩི་རྒྱུ་ཡིན་ནམ་བཟང་པོར་བརྩི་རྒྱུ་ཡིན།
བརྒྱད། ཁྱེད་ཀྱིས་རང་བཙན་མ་རྩོད་པ་དང་རྒྱལ་འཚོང་བ་གཉིས་གཅིག་པ་རེད་ཟེར་གྱི་འདུག དེ་གཉིས་གཅིག་པར་ཇི་ལྟར་ཆགས་པ་རེད། དེ་ལྟར་ན་དབུ་མའི་ལམ་དང་། རང་ཐག་རང་གཅོད། བདེན་པའི་ཨུ་ཚུགས་སོགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་བོད་མི་ཚང་མ་རྒྱལ་འཚོང་བ་རེད་དམ། རེད་ཟེར་ན། བོད་མི་ས་ཡ་དྲུག་གི་ནང་ནས་རྒྱལ་འཚོང་བ་མིན་མཁན་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་གཅིག་པུ་རེད་དམ།
༼གསལ་བཤད། གོང་གསལ་གྱི་སྐད་ཆ་ཐུང་ཐུང་འདི་ང་རང་བོད་མི་ཞིག་ཡིན་པས་བསམ་ཚུལ་ཙམ་བཤད་པ་ལས། རྒྱུ་མཚན་གཞན་གང་ཡང་མེད།༽
‘དོ་རྒྱལ་གསོ་མཁན་’ཧཧཧཧཧཧཧ
མང་ཚོགས་ནང་ཨ་ཚོགས་ཀླུ་མཁར་བྱམས་ལགས་སྲིད་སྐྱོང་འོས་མིར་བཞེངས་པའི་གཞུང་འཛིན་སྲིད་ཇུས་བསྒྲགས་ནས་འགྲོ་བཞིན་པ་རེད། སྲིད་ཇུས་དེ་དག་ནི་ཇི་ལྟར་བྱེད་དགོས་པའི་ཁ་ཕྱོགས་རེད། དངོས་སུ་ཇི་ལྟར་བྱེད་ཀྱི་ཡིན་མིན་འོས་ཐོབ་ན་ལག་ལེན་ནང་ཡོང་དགོས་ལེ་རེད་དོ།
སྟོང་བཤད་མ་མང་འོས་འཕེན་མཁན་རྒྱ་ཆེ་མི་མང་རེད་ མི་མང་བརྒྱ་ཆ་དྲུག་བཅུ་རེ་ལྔ་ལྷག་ནས་སྲིད་སྐྱོང་བློ་སེང་ལ་གཏན་འཁེལ་ནས་སྨི་ལམ་ལ་རེ་བ་བཅོལ་མཁན་ཚོ་མ་འོང་ལོ་རྒྱུས་ནང་སྲི་སྐྱོང་ལ་ལང་པ་རེད་ཟེར་རྒྱུའི་གཏམ་ཞིག་རག་སྲིད་པ་རེད་།
སྐད་ཆ་འདི་ཚོ་རྒྱ་ནག་གིས་བཤད་ཡ་རེད་མ་གཏོགས་་བོད་པ་ཞིག་གིས་བོད་བཙན་མགོ་ལྕག་འདྲ་འཛེམ་མེད་མངོན་སུམ་དུ་བཤད་ཕོད་པ་བོད་དོན་ངོ་མ་ཉམས་པའི་མཐའ་ལ་སླེབས་ཡོད་པ་འདྲ་་་བོད་རང་བཙན་རྩོད་པར་རྒྱལ་སྤྱིའི་རྒྱབ་སྐྱོར་དང་། བོད་མི་རང་གི་འཐབ་རྩོད། རྒྱ་ནག་གི་འགྱུར་བ་གསུམ་ལ་མ་ལྟོས་པའི་ཐབས་ལམ་གཞན་པ་ཞིག་གང་ཡང་མེད། རྒྱལ་སྤྱིའི་སྟེང་ནས་གཞུང་འབྲེལ་མ་ཡིན་པའི་སྒེར་པ་རེ་ཟུང་མ་གཏོགས་དེ་སྔར་རྒྱལ་ཁབ་སུ་གཅིག་གིས་ཀྱང་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་མྱོང་མེད་པ་མ་ཟད། ཉིན་རེ་ནས་ཉིན་རེར་མ་བསྡད་པར་རྒྱལ་སྤྱིའི་སྟེང་གི་རྒྱལ་ཁབ་མང་ཆེ་བ་ཞིག་ལ་རྒྱ་ནག་གི་དཔལ་འབྱོར་འཁོར་བསྐྱོད་ཀྱི་འབྲེལ་ལམ་ནས་ཁེ་ཕན་ཤུགས་ཆེན་འབྱུང་གི་ཡོད་སྟབས། རང་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་སྣང་མེད་དུ་བཞག་ནས་རྒྱ་ནག་གཞུང་དང་རྒྱ་ནག་མི་མང་གཉི་གའི་མིག་ནང་གི་ཚེར་མ་ལྟ་བུའི་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་སྲིད་དམ། དེ་ནི་ཚོད་དཔག་བྱེད་མིཐུབ་པའི་གནད་དོན་དེ་འདྲ་ག
ལྐུགས་པ་རང་ཞིག་སླེབས་ཤག གལ་ཏེ་ཁྱོད་རང་གི་སེམས་ནང་སོ་སོ་བོད་ཡིན་བསམ་པ་དེ་དང་། གཞན་ལ་ངོ་སྤྲོད་བྱེད་སྐབས་བོད་ཅེས་པ་ངོ་འཕྲོད་ཀྱི་ཡོད་ན། དེ་ནི་བོད་ཅེས་རྩོད་ཀྱི་་ཡོད་པའི་རྟགས་དང་གཞི་འཛིན་ས་རེད་དོ།
གཅིག་བྱས་ན་དྲང་བདེན་ལགས་ཀྱིས་བཤད་པ་དེ་བདེན་པ་ཡིན་སྲིད། ཡིན་ན་ཡང་ང་ཚོས་ངེས་པར་གནས་ཚུལ་འདིའི་རིགས་ཤེས་དགོས་རྒྱུ་ཧ་ཅང་གིས་གལ་ཆེན་པོ་རེད། གལ་སྲིད་གནས་སྟངས་རྩ་བ་ནས་མ་ཤེས་པའི་ལམ་དབུ་མའི་སྲིད་བྱུས་ཡང་དག་པ་དང་། དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་མ་ཡིན་རྐྱང་རྐྱང་བཤད་ནས་བསྡད་ན། ནམ་ཞིག་རི་བོང་དང་སྡོམ་པ་གཉིས་ཀ་ཤོར་རྒྱུའི་ཉེན་ཁ་ཡོད།
ཡང་གཅིག་གནས་ཚུལ་འདིའི་རིགས་དགྲ་ནག་གིས་ལན་བརྒྱ་སྟོང་ལྷག་ལ་བཤད་ཚར་བ་རེད། དགྲ་ནག་གིས་བོད་རང་བཙན་མི་སྤྲོད་པའི་གནད་དོན་ཡང་རྩ་བ་དེ་རང་ལ་ཐུག་པ་ལས། བོད་མི་རིགས་དང་། བོད་ཀྱི་ཆིས་དང་རིག་གཞུང་དག་དགྲ་ནག་དང་ཁ་འབྲལ་བར་བསམས་ནས་བོད་རང་བཙན་མ་སྤྲད་པ་དེ་འདྲ་གང་ཡང་མ་ཡིན་པ་ཤེས་དགོས་པ་ཞིག་རེད། ལྷག་པར་དུ་ད་ལྟའི་བོད་རྒྱའི་གནད་དོན་དེ། ཆབ་སྲིད་ཀྱི་རང་དབང་ཡོད་མེད་ཀྱི་གནད་དོན་གཅིག་པུ་རྩ་བ་ནས་མིན། དེ་ལས་ཀྱང་ཆེས་ཤིན་ཏུ་ཚབས་ཆེ་བའི་གནད་དོན་བོད་མི་རིགས་འདི་འཛམ་གླིང་འདིའི་ཐོག་གནས་ཆོག་དང་མི་ཆོག་དང་། བོད་ཀྱི་སྐད་ཡིག་དང་། ཆོས་རིག་དག་ཇི་ལྟར་རྩ་མེད་དང་སྲུང་སྐྱོབ་བར་གྱི་གནད་དོན་ཡིན་སྟབས། བོད་ཀྱི་དཀའ་རྙོག་དེ་དུས་ཡུན་ཐུང་ངུའི་ནང་ངེས་པར་དུ་སེལ་དགོས་པ་ཆགས་བསྡད་ཡོད།
བོད་ཀྱི་དཀའ་རྙོག་དེ་དུས་ཡུན་ཐུང་ངུའི་རིང་སེལ་དགོས་ན། ཕྱོགས་གཉིས་ཀར་ཁེ་ཕན་གྱི་ཐོག་བསམ་བློ་གཏང་ས་ཡོད་པ་ཞིག་གི་ཐོག་ནས་གྲོས་མོལ་བྱ་རྒྱུ་མ་གཏོགས་ཐབས་ལམ་གཞན་པ་གང་ཡང་མེད། དཔལ་འབྱོར་དང་། དམག་དོན། རྒྱལ་སྤྱིའི་རྒྱབ་སྐྱོར་གང་གིས་ང་ཚོར་རོགས་འདེགས་བྱ་མི་ཐུབ།
ཁྱེད་རང་གིས་བཤད་པའི་བསམ་ཚུལ་དེ་སེམས་གཏིང་ནས་བཤད་པ་ལས། ཆོ་མེད་ཀྱིས་བཤད་པ་ལྟ་བུ་མ་ཡིན་པ་ཚོར་སྟབས། ངས་ཀྱང་སེམས་གཏིང་གི་བསམ་ཚུལ་དངོས་དེ་ཁྱེད་ལ་བཤད་པ་ཡིན།
གཅིག་བྱས་ན་དྲང་བདེན་ལགས་ཀྱིས་བཤད་པ་དེ་བདེན་པ་ཡིན་སྲིད། ཡིན་ན་ཡང་ང་ཚོས་ངེས་པར་དུ་གནས་ཚུལ་འདིའི་རིགས་ཤེས་དགོས་རྒྱུ་ཧ་ཅང་གིས་གལ་ཆེན་པོ་རེད། གལ་སྲིད་གནས་སྟངས་འདིའི་རིགས་རྩ་བ་ནས་མ་ཤེས་པའི་ཐོག་ནས་ལམ་དབུ་མའི་སྲིད་བྱུས་ཡང་དག་པ་དང་། དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་མ་ཡིན་ཚུལ་རྐྱང་རྐྱང་བཤད་ནས་བསྡད་ན། ནམ་ཞིག་རི་བོང་དང་སྡོམ་པ་གཉིས་ཀ་ཤོར་རྒྱུའི་ཉེན་ཁ་ཡོད།
ཡང་གཅིག་བཤད་ན། གནས་ཚུལ་འདིའི་རིགས་དགྲ་ནག་གིས་ལན་བརྒྱ་སྟོང་ལྷག་ལ་བཤད་ཚར་བ་རེད། དགྲ་ནག་གིས་བོད་རང་བཙན་མི་སྤྲོད་པའི་གནད་དོན་ཡང་རྩ་བ་འདི་རང་ལ་ཐུག་པ་ལས། བོད་མི་རིགས་དང་། བོད་ཀྱི་ཆོས་དང་རིག་གཞུང་དག་དགྲ་ནག་དང་ཁ་འབྲལ་བར་བསམས་ནས་བོད་རང་བཙན་མ་སྤྲད་པ་དེ་འདྲ་གང་ཡང་མ་ཡིན་པ་ཤེས་དགོས་པ་ཞིག་རེད། ལྷག་པར་དུ་ད་ལྟའི་བོད་རྒྱའི་གནད་དོན་དེ། ཆབ་སྲིད་ཀྱི་རང་དབང་ཡོད་མེད་ཀྱི་གནད་དོན་གཅིག་པུ་ཙམ་རྩ་བ་ནས་མིན། དེ་ལས་ཀྱང་ཆེས་ཤིན་ཏུ་ཚབས་ཆེ་བའི་གནད་དོན་ཞིག་ཡོད་པ་ནི། བོད་མི་རིགས་འདི་འཛམ་གླིང་འདིའི་ཐོག་གནས་ཆོག་དང་མི་ཆོག་དང་། བོད་ཀྱི་སྐད་ཡིག་དང་། ཆོས་རིག་དག་ཇི་ལྟར་རྩ་མེད་དང་སྲུང་སྐྱོབ་བར་གྱི་གནད་དོན་ཡིན་ཞིག་སྟབས། བོད་ཀྱི་དཀའ་རྙོག་དེ་དུས་ཡུན་ཐུང་ངུའི་རིང་ངེས་པར་དུ་སེལ་དགོས་པ་ཆགས་བསྡད་ཡོད།
བོད་ཀྱི་དཀའ་རྙོག་དེ་དུས་ཡུན་ཐུང་ངུའི་རིང་སེལ་དགོས་ན། ཕྱོགས་གཉིས་ཀར་བསམ་བློ་གཏང་ས་ཡོད་པའི་ཁེ་ཕན་ཞིག་གི་ཐོག་ནས་གྲོས་མོལ་བྱ་རྒྱུ་མ་གཏོགས་ཐབས་ལམ་གཞན་གང་ཡང་མེད། དཔལ་འབྱོར་དང་། དམག་དོན། རྒྱལ་སྤྱིའི་རྒྱབ་སྐྱོར་གང་གིས་ང་ཚོར་རོགས་འདེགས་བྱ་མི་ཐུབ།
ཁྱེད་རང་གིས་བཤད་པའི་བསམ་ཚུལ་དེ་སེམས་གཏིང་ནས་བཤད་པ་ལས། ཆོ་མེད་ཀྱིས་བཤད་པ་ལྟ་བུ་མ་ཡིན་པ་ཚོར་སྟབས། ངས་ཀྱང་སེམས་གཏིང་གི་བསམ་ཚུལ་དངོས་དེ་ཁྱེད་ལ་བཤད་པ་ཡིན། ཞུ་དག་བྱས་ཏེ་བསྐྱར་དུ་སྤེལ།
སྔར༡༩༥༩ལོ་ནས༡༩༨༠ལོ་བར་བོད་ཀྱི་ཆོས་རིག་དང་བཅས་པ་འཇིག་པ་རེད། དེ་ལས་ཆག་འཇིག་ཡོང་ཡ་ཡོད་པ་མ་རེད་ལ། ས་ད་ལྟའི་བར་འཕེལ་རྒྱས་བྱུང་ཡོག་རེད། བཙན་བྱོལ་ནང་བོད་ཡིག་འབྲི་ཤེས་མཁན་བརྒྱ་ཆའི་དགུ་བཅུ་གོ་ལྔ་བོད་ནང་ནས་ཡོང་པ་རེད།
དབུ་མའི་ལམ་རྒྱ་ནག་གཞུང་གིས་ཡོང་ཡ་མེད་ཅེས་གསལ་ཆོད་ནས་བཤད་པ་རེད་མ་གཏོགས་བོད་པས་ངོས་ནས་གོ་སྐབས་མ་སྤྲད་པ་ག་ལ་ཡིན། རྟ་ཤི་ཟིན་པ་ཞིག་དེ་རྟ་གསོན་པོ་རེད། འདི་ཞོན་ནས་དབུས་ཉི་མ་ལྷ་སར་ཐོན་གྱི་རེད་ཟེར་ན་རྒྱུ་འབྲས་གོ་ལྡོག་གི་ལས་ཀ་མ་རེད་དམ།
ཆབ་ཚང་ལགས། བོད་ཀྱི་ཆོས་ལུགས་ཤི་འགྲོ་བཞིན་ཡོད་རབས། སྐད་ཡིག་ཤི་འགྲོ་བཞིན་ཡོད་རབས། བོད་མི་རིགས་ཤི་འགྲོ་བཞིན་ཡོད་རབས། ཛ་དྲག་ཡིན་རབས། དེ་དག་སྐྱོབ་ཆེད་དུ་དབུ་མའི་ལམ་དུ་འགྲོ་གི་ཡིན་ཟེར་གྱི་འདུག བོད་ཀྱི་ཆོས་དང་སྐད་ཡིག བོད་མི་རིགས་ཇི་ལྟར་ཤི་འགྲོ་བཞིན་ཡོད་དམ། དྲི་བ་ཡིན། ལན་ཡོད་ན་མུ་མཐུད་ནས་བརྩད་ངེས་ཡིན།
མ་འགྲིག་པ་བཤད་ས་ཡོད་ན་དམངས་གཙོ་ཚད་དང་ལྡན་ཡོད། མ་འགྲིག་པ་ཤོད་ས་མེད་ན་། ལྷན་རྒྱས་སུམ་ཅུ་ཐམ་པ་ལ། བཀའ་གནང་ཉི་ཤུ་རྩ་དགུ། ཞེས་པའི་དཔེ་ལྟར་རེད། དེ་ལ་ཡར་རྒྱས་མེད། དེ་ལ་དམངས་གཙོ་མེད།
ཧཧ་ཀླུ་མཁར་གྱིས་བོད་གཞུང་ལ་སྐྱོན་བརྗོད། བོད་གཞུང་མེད་ནས་ལོ་མང་ཕྱིན་ཟིན། ཀླུ་མཁར་བོད་གཞུང་བསྐྱར་གསོ་བྱེད་ཀྱི་ཡིན་ཟེར་གྱི་ཡོད་རེད།
ཅོ་རི་ཉི་མ་ཟེར་བའི་དྲྭ་གྲོགས་ཤིག་གིས་ང་ལ་བརྩད་ངེས་ཡིན་ཟེར་གྱི་འདུག དགོངས་དག ངས་ཁྱེད་རང་ལ་རྩོད་གླེང་བྱེད་ཐུབ་ཀྱི་མེད། གང་ཡིན་ཟེར་ན། ང་དེ་འདྲའི་རྩོད་ཤེས་མཁན་ཞིག་མིན།
དབུ་མའི་ལམ་གྱི་སྲིད་བྱུས་ནི་ཆོལ་གསུམ་གཅིག་ཏུ་བསྡུད་པའི་ད་ཡོད་རྒྱ་ནག་གི་བསྒྲིགས་ཁྲིམས་ནང་ལ་བསྡད་ཡ་ཡིན་པས་་གལ་སྲིད་ང་ཚོས་བཙན་བྱོལ་གཞུང་འདི་སྒོ་རྒྱག་ནས་རྒྱ་ནང་དུ་འཛུལ་ན་་་དམ་ལྷོད་གང་བྱེད་རྒྱ་ནག་རང་ལ་ཐུག་པ་ལས་དེ་དུས་ཁྲིམས་ཟེར་ཤོས་ས་་ཞིག་མི་རག་པ་ནི་་་དཔེ་མཚོན་མང་པོས་ཞུ་མི་དགོད་པ་ཞིངས་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ལ་ལྟ་ན་ཤེས་ནུས་པ་ཞིག་རེད་་་མ་ཟད་དེ་དུས་སྐད་བརྒྱག་ནའང་འཛམ་གླིང་མི་དམངས་ནས་ད་ལྟ་ནང་བཞིན་དོ་སྣང་མི་ཟད་པ་་་མ་ཚད་་་་པན་ཆེན་དང་མཁན་འཇིགས་མེད་ཕུན་ཚོགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སོགས་དང་འདྲ་བ་དོན་དམ་བོད་མི་ནུས་པ་ཅན་ཞིག་བྱུང་ན་ཞི་མིའིས་ཙི་ཙི་ཟིན་པ་བཞིན་ཐབས་མཁས་པོའི་ཐོན་ནས་མེད་པ་བཟོ་ཡ་ཡིན་སྨོད་མེད་ཡིན་ལ་་་དེ་དུ་མཛུ་མོ་ཁ་ནང་རྒྱག་ནས་བསྡད་དུས་ཕྱི་ཐག་ཆོད་པ་ཡིན་་་་ཡང་དཔེ་མཚོན་གཞན་ཞིག་ནི་རྒྱ་ནག་གི་ཁྲིམས་རྩོད་པ་ཨ་རིས་ལ་སྐྱབས་བཅོོལ་འབྱོར་མཁན་དེས་བཤད་ཡ་ལ་་་སྔ་མ་ཁོ་ཚོས་ཁྲིམས་ཐག་མ་བཅད་གང་སྔ་རོལ་ན་དཔོན་པོ་ཞིག་དང་ཐུག་པས་་ཁོང་གིས་བཤད་ཡ་ལ་ང་ཚོས་གང་བྱེད་དགོས་མིན་དེ་གཏམ་གི་བཀའ་ལ་ཉན་ཡ་རེད་་་གཏམ་གྱིས་གང་མ་བཤད་ན་་་ངས་གང་བཤད་པ་དེ་རེད་་་ངས་གང་མ་བཤད་ན་་་་་ཁྱོད་ཚོ་ཐག་གཅོད་བྱེད་ཡ་རེད་ཟེར་བ་་་་་་དེས་ཤེས་ནུས་པ་ཞིག་ཡིན་པས་་་མདོོར་བསྡུ་ན་རྒྱ་ནག་ནི་ཁྲིམས་ཀྱི་གང་ལ་དམག་ཤོག་ཡོད་པས་དེ་མ་བརྗེད་པ་བྱེད་ནས་ད་དུང་རྩ་ཁྲིམས་འོག་ཏུ་བསྡད་ཡིན་ཟེར་བཤད་ཕོད་ས་རེད་པས་རང་རང་གིས་བསམ་མནོ་ཡག་པོ་གཏོང་
ཆབ་ཚང་འཇམ་དཔལ་ལགས་ཀྱིས་ཧ་ཅང་རྩོམ་ཡིག་གནད་ལ་ཁེལ་བ་ཞིག་བྲིས་འདུག ད་དྲ་འབུ་ཚོ་འཚང་ཁ་བྱས་ནས་ཅི་ཕན། གང་ལྟར་བརྒྱ་བཤད་ཚིག་གི་རྩ་བ། སྟོང་བཤད་འོ་མའི་མར་ལོ་གང་ཡིན་ཟེར་ན། ཀླུ་བྱམས་ཀྱིས་རང་བཙན་ཁ་ལ་ཁྱེར་ནས་༧གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་དང་། ཟུར་ཟ། ལྷག་པར་དུ་ཁོས་གནམ་སར་མི་ཤོང་བའི་ཉེས་པ་ཚབ་ཆེན་ཞིག་བཟོས་པ་ནི། ༧གོང་ས་མཆོག་རྒྱལ་ཚོང་བ་རེད་ལབ་པ་དེ། ཀུན་གྱིས་ཤེས་གསལ་རེད། དེ་ལ་བསམ་བློ་ཞིབ་ཚགས་པོ་གཏོང་དགོས་པ་རེད།
ཀླུ་མཁར་བྱམས་འདྲ་བའི་མི་མང་ཙམ་ཡོད་ན་བོད་མི་རིགས་ཆུའི་ནང་
གཡུག་ཚར་བ་རེད་བོད་རང་བཙན་ལེན་མཁན་བོད་ནང་བསྡད་ནས་
རྒྱ་ལ་ཁ་གཏད་བཅག་ནས་རང་ལུས་མེ་ལ་བསྲེགས་བཞིན་ཡོད་ན་
ཕྱི་རྒྱལ་དུ་བྲོས་འབྱོལ་དུ་ཡོང་ནས་རང་བཙན་གྱི་སྟོང་བཤད་རྒྱག་མཁན་ཀླུ་མཁར་བྱམས་དང་ཁོ་རང་འདྲ་ནའི་མི་མང་ཡོད་པ་དེ་ཚོ་བོད་རང་
བརྩོད་མཁན་ཡིན་ན་བོད་ནང་བསྡད་ནས་རང་བཙན་བརྩོད་དགོས་པ་
ལས་རང་བཙན་ཕྱི་ནས་ཉོ་ས་མེད་ལ་གཞན་ལ་སློང་ནས་སྤྲོད་མཁན་ཡང་མེད་
ཆབ་ཚང་འཇམ་དཔལ་ལགས། འགྲིག་འདུག ང་ཚོའི་བོད་མིའི་ནང་བསམ་ཡོད་ཀྱི་མི་ཞིག་ཀྱང་འདུག་སྙམ་པའི་དགའ་ཚོར་བྱུང། ངོས་ནས་ཀྱང་། དྲིན་ཆེན་ལ་དྲིན་ལོག་བྱེད་སྟངས་དེ་ཀླུ་མཁར་བའི་འཇོན་ཐང་ངམ་ཡོན་ཏན་རེད་དམ། ཞེས་དྲི་བ་ཐོག་མ་དེ་ཡིན། དེ་རྗེས། ཆབ་ཚང་འཇམ་དཔལ་ལགས་ཀྱི་དྲི་བ་རྣམས་ལ་ངེས་པར་དུ་ལན་གནང་དགོས། དེ་མིན་ཆར་པ་རྒྱག་རྒྱུ་མེད་པའི་འབྲུག་སྒྲས་གང་ཡང་མི་ཡོང་།
ད་བར་ངོས་བོད་མི་རྣམས་ལ་འཛམ་གླིང་རྒྱལ་ཁབ་ཁག་དང་མི་མང་ནས་ཤ་ཚ་གནང་བཞིན་པ་ནི། ༸གོང་ས་མཆོག་གི་རླབས་ཆེན་མཛད་རྗེས་དང་ཁོང་དང་བོད་མི་མང་གིས་བཟུང་བའི་དབུ་མའི་ལམ་གྱི་སྲིད་བྱུས་དག་ལས་ཡིན། འོན་ཀྱང་ཀླུ་མཁར་བས་འཛིན་པའི་ལངས་ཕྱོགས་ལ་རྩོད་པ་མི་ཞུ། དེ་ནི་རང་ཉིད་ཀྱི་རང་དབང་ཡིན། དེས་ཁྱོད་ལ་རང་དབང་ཡོད་པ་མཚོོན་ཡོད། གལ་ཏེ་ད་དུང་ཡང་ཁྱེད་ལ་རང་དབང་འཕར་མ་ཞིག་དགོས་ན། བོད་ལ་ཕེབས་ནས་བསམ་ཤེས་མེད་པའི་འདི་ལྟར་གྱི་སྐད་ཅོར་རྒྱག་དང་། དེ་ནས་ཁྱེད་ཀྱིས་ཤེས་ངེས། ང་ཚོའི་བརྩེ་བའི་བོད་མི་མང་པོས་རང་ཉིད་ཀྱི་རྩ་ཆེ་བའི་སྐུ་ལུས་བློས་བཏང་གནང་དང་གནང་བཞིན་པ་རྣམས་ཀྱིས་༸གོང་ས་མཆོག་གི་མཚན་འབོད་གནང་བ་ལས་ཀླུ་མཁར་བ་ཁྱེད་དང་ཁྱེད་ལྟ་བུའི་མི་ངན་རྣམས་ཀྱི་མིང་ཙམ་ཡང་མི་ཐོན།
ཀླུ་མཁར་ལ་ཁོ་རང་དང་འདྲ་བའི་བསམ་ཤེས་མེད་མཁན་རེ་གཉིས་ཀྱིས་འོས་ཤོག་འཐོབ་རྒྱུ་ལས། ངོས་ལྟ་བུའི་བོད་མི་དང་བསམ་ཤེས་ཅན་གྱི་བོད་ཀྱི་མི་མང་རྣམས་ཀྱི་འོས་ཤོག་འབྱུང་རྒྱུ་ཡེ་ནས་མེད། དེར་བརྟེན་སྲིད་སྐྱོང་གི་རྐུབ་སྟེགས་དེ་ཁོ་རང་གི་ཉིན་མོའི་གཉིད་ལམ་ཞིག་དང་ཁོ་རང་གིས་འཛིན་པའི་འབྲས་བུ་འབྱིན་རྒྱུ་མེད་པའི་བསམ་ཚུལ་ལམ་བོད་མི་མང་དང་དབུ་ཁྲིད་ལ་དམའ་འབེབས་ཀྱི་དཔའ་ཤེད་རྣམས་དུས་ཚོད་འཕྲོ་བརླགས་ཁོ་ནའོ།།
དབུ་མའི་ལམ་གྱི་སྐོར།
https://www.youtube.com/watch?t=17&v=lMhcd1L7McU
བོད་པའི་ཡི་གེ་བ་འགས་རྩོམ་ཡིག་ཐབས་ཆག་རེ་བྲིས་ནས། གཞན་ལ་སྐྱོན་བརྗོད་བྱེད་རྒྱུར་འབད་པ་ལས་དམངས་གཙོའི་ལམ་ལུགས་ཡག་པོ་ཤིག་སྦྱང་ནས་སོ་སོའི་བསམ་བློའི་གོ་རྟོགས་བསྐྱེད་ན་དགེ་མཚན་ཆེ། མཚམས་རེར་སོ་སོས་ཅིག་འགོ་འཚོས་ཀྱི་ཡོད་པའི་ཚོར་སྣང་སྐྱེས་སྲིད་ཀྱང་། དོན་དངོས་དེ་ལ་འཁྲུལ་སྣང་གི་བསླུ་བྲིད་ཟེར།
ཆབ་ཚང་ཟེར་བའི་ཁྲམ་པ་འདི་ཚོས་ག་རེ་ཤེས། ཨོ་སི་ཁྲི་ལི་ཡ་ན་གཡོག་པོ་གཡོག་ལས་བྱས་ནས་བསྡད་པའི་མི་ཞིག་གིས་རྒྱལ་གཅེས་དཔའ་བོ་ཨ་ཚོགས་ཀླུ་མཁར་བྱམས་ལ་ཅིག་བཤད་ཁུལ་འདི་ནི་སྙིང་རྗེ་རང་རེད།