རྫ་ཆུ་སྔོན་མོ།
མ་གཞི་ནས་ཀླུ་མཁར་བྱམས་དང་ཁོའི་ལྟག་རྒྱབ་ཀྱི་མི་ཚོས་ཡུལ་དུས་ལ་ཚོད་རྩིས་ཀྱིས་མདུང་རྩེ་ནང་ཁུལ་འབའ་ཞིག་ལ་བསྐོར་བ་དེར། སྐབས་དང་དུས་ལ་དཔག་པའི་དགོས་པ་དམིགས་ཡུལ་སྣ་ཚོགས་ཤིག་ཡོད་པ་གདོན་མི་ཟ་སྟེ། ཉེ་ལམ་ཀླུ་མཁར་བྱམས་ཀྱིས་སྐད་ཆ་ཞིག་གི་ལྡོག་ཕྱོགས་ནས་བོད་མི་རིགས་ཀྱི་དཔྲལ་བའི་མིག་དང་ཁོང་གི་སྙིང་། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་ཟུར་ཟ་དམའ་འབེབས་ཀྱི་རྩོམ་རྙོག་ཅིག་དྲ་ལམ་དུ་བཞག་པས། རང་ཉིད་ལ་འཛམ་གླིང་གང་སར་གནས་པའི་བོད་མི་ཚོས་གནོན་ཤུགས་ཁ་རྡུང་ཕོག་པ་རེད།
ཁོས་ལས་ངན་དེ་འདྲ་ཞིག་བཤམ་དགོས་པའི་དམིགས་ཡུལ་ནི། གཙོ་བོ་གཞིས་བྱེས་གཉིས་སུ་ཁ་གྱར་བའི་བོད་མི་ཚོའི་སེམས་ནས་༸གོང་ས་མཆོག་དང་གཞུང་ལ་ཡིད་ཆེས་གཅོག་ཐབས་དང་། ཆིག་སྒྲིལ་གྱི་ནུས་པ་ཉམས་དམས་སུ་གཏོང་བ། ཁོང་གཟའ་མི་གཉིས་ཨོ་སི་ཀྲི་ལི་ཡས་མཚོན་པའི་ཕྱི་རྒྱལ་ཅིག་ཏུ་སྐྱབས་བཅོལ་ལ་འགྲོ་བ་སོགས་ཀྱི་ཕྱིར་དུ་ཡིན་གྱི། ཀླུ་མཁར་བྱམས་ཁོང་ཉིད་༸གོང་ས་མཆོག་ལ་དད་པ་ཡོད་མེད་དང་རང་དབང་དམངས་གཙོ་སོགས་ལ་འབྲེལ་བ་ཏིལ་ཙམ་མེད་པ་ཤེས་དགོས།
དེ་ཡང་པདྨ་ཆོས་སྒྲོན་གྱིས། སྤྱི་ཚོགས་ཀྱི་གནོན་ཤུགས་དེ་འདྲ་ཞིག་གི་འོག་ནས་ཕྲུ་གུའི་བདེ་འཇགས་དང་རང་ཉིད་ཀྱི་ཚེ་སྲོག་ལ་ཉེན་ཁ་ཆེ་མདོག་གིས། སྔོན་ཆད་མོའི་ཁྱོ་གས་བརྒྱུད་ལམ་ཁག་ཏུ་བོད་དོན་འཐབ་རྩོད་ཀྱི་ཆེད་དྷ་རམ་ས་ལ་ནས་ཁ་མི་འབྲལ་བའི་ཁས་ལེན་དམ་བཅའ་རྩིས་མེད་དང་། ཆབ་སྲིད་བཙོན་པའི་རྒྱན་ཁུངས་སུ་འཛུལ་རྒྱུ་ཡིན་པའི་ཁྱབ་བསྒྲགས་དང་སྙན་ཞུ་ཕུལ་ཐུབ་པ་བྱུང་བ་རེད།
འོན་ཀྱང་། ཀླུ་མཁར་བྱམས་ཕྱི་ཚུལ་ལ་རང་བཙན་འཐབ་རྩོད་པ་དང་། གནས་ཚོད་ལ་དགྲ་ཟུར་དུ་སྐྱུར་ནས་༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ངོ་ལོག་ཅིང་རྒྱབ་བསྟན་པའི་རྒད་པོ་སྐོར་ལོག་ཅིག་རེད། མི་སུ་ཞིག་གིས་རང་ཉིད་ལ་ཇ་འདྲེན་ཆང་བཀྱགས་བྱས་ན་དེ་ལ་ཚབ་ཏུ་གཅིན་ལྡུག་མཁན་ཞིག་སྟེ། རྟག་ཏུ་དགྲ་དགའ་གཉེན་སྡུག་གི་ལས་ཁོ་ན་གཉེར། ཁོའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ཟེར་བ་ཡང་དེ་འདྲ་ཞིག་ལ་གོ་བ་ལེན་དགོས།
ད་དུང་། ཀླུ་མཁར་བྱམས་རང་ཉིད་ཆབ་སྲིད་བཙོན་པ་ཞིག་ཡིན་ཚུལ་སྐྱ་མི་ལ་འགྲོ་བཤད་དང་། རྐང་ཐང་ལ་འདུག་བཤད་བྱེད་མུས་རེད་དེ། དོན་དངོས་ལ་ཞིབ་འཇུག་བྱས་ཚེ། ཁོས་རྒྱ་ནག་གཞུང་ལ་དགོས་པའི་ལས་དོན་ཞིག་སྒྲུབ་ཀྱིན་པ་ལས། ད་སྔ་ཁོས་བོད་དོན་ལ་སྨན་པའི་ལས་འགུལ་ཅི་ཡང་བརྩམ་མེད། ཁོ་རང་སྐྱབས་བཅོལ་དུ་འཚོ་བའི་བརྒྱུད་རིམ་ཁྲོད་དྲ་ལམ་དུ་རྩོམ་ཡིག་ཉི་ཤུ་ལྷག་ཅིག་སྤེལ་རབས་གོ་སོང་སྟེ། དེ་ལས་ཕལ་ཆེ་བ་ཞིག་ནི་༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མ་འཇོན་པ་དང་མ་འཐུས་པ་རྐྱང་རེད། སྨྱུག་ཁ་རྒྱ་ནག་གཞུང་ལ་གཏད་བཞག་པ་ཞིག་ཁོ་རང་ཉིད་ལ་ཤོད་རྒྱུ་མེད་ལ། མི་གཞན་པས་མཐོང་བཞག་པའང་མེད་ཚོད་རེད།
ཁོ་རང་སྔར་བོད་ནས་བཙོན་དུ་ཚུད་སྐབས་ཀྱང་། དང་ཐོག་ཁོ་ལ་ལོ་བཅོ་བརྒྱད་ཀྱི་ཁྲིམས་ཐག་བཅད་སྐད་ཀྱང་། ཕྱིས་སུ་ཉེས་ཆད་ཆག་ཡང་གིས་ལོ་གཅིག་གཉིས་ཤིག་ལས་བསྡད་མེད་ཟེར། ཆབ་སྲིད་བཙོན་པ་གཅིག་ལ་ལོ་མང་པོ་དེ་འདྲ་ཞིག་ཆག་ཡང་བཏང་བ་སྔར་བྱུང་མྱོང་མེད་ལ། མ་འོངས་པར་འབྱུང་ཁག་པོ་རེད། ཐ་མ་དེར་གཡག་གཅིག་བརྐུས་པའི་མིང་འོག་ནས་གློད་གྲོལ་ཐོབ་པ་ཡིན་འདུག སྐད་ཆ་འདི་ཁོ་རང་གིས་བཤད་པ་ཡིན་པས། ཆབ་སྲིད་རིག་པའི་གཏན་ཚིཊ་ཀྱི་ངོས་ནས་ཞུས་ན། ཁྱེད་རང་གཡག་རྐུན་ཞིག་ཡིན་པ་ལས་ཆབ་སྲིད་བཙོན་པའི་ཁྱབ་ཁོངས་སུ་འགྲོ་དཀའ་སེ་ཡོད།
དེར་བརྟེན། བོད་མི་རྒན་རབས་པ་ཉམས་མྱོང་ཅན། གནད་ཡོད་མི་སྣ། ཤེས་ཡོན་ཅན་མང་པོ་ཞིག་གིས་ཁོའི་བསམ་ངན་སྦྱོར་རྩུབ་དེ་ལ་དངངས་འཚབ་སྐྱེས་ཤིང་། ཆབ་སྲིད་བཙོན་པ་ཡིན་པའི་བཤད་སྒྲོས་དེར་དོགས་པ་ཟ་དགོས་པར་གྱུར། མ་ཟད་ཚོགས་སྒེར་མང་པོས་ཀླུ་མཁར་བྱམས་ཆབ་སྲིད་བཙོན་པ་ཡིན་པའི་དངོས་བདེན་ར་འཕྲོད་མ་བྱུང་བར་ཆབ་སྲིད་བཙོན་པའི་རྒྱན་ཁོངས་སུ་འཇུག་མི་རུང་བའི་བསམ་ཚུལ་བཏོན།
དེ་ལ་པདྨ་ཆོས་སྒྲོན་གྱིས། ཀླུ་མཁར་བྱམས་ཀྱི་མོ་ཊའི་ཤེལ་སྒོ་བཅག་པའི་དོན་རྐྱེན་ཞིག་ཡང་བསྐྱར་དྲ་ལམ་དུ་སྦིར་བསྒྲགས་བྱས། དོན་རྐྱེན་འདི་ནི་ཁོང་ཁྱོ་ཤུག་གཉིས་ཀྱིས་ཆེད་གཉེར་དུ་བཟོས་པའི་ཆབ་སྲིད་ནག་པོ་ཞིག་མིན་པའི་ངེས་པ་སུ་ལའང་མེད། ཁོང་གཉིས་ཀྱིས་དྷ་རམ་ས་ལའི་དཀྱིལ་འཁོར་དུ་གཞི་ཆགས་མི་འཇུག་པའི་དཔང་རྟགས་རབ་རིབ་ཅིག་བཙལ་ཏེ། བོད་གཞུང་བདེ་སྲུང་ལས་ཁུངས་སོགས་བརྒྱུད་མ་དགོས་པར་ཐོད་བརྒལ་གྱིས་ཕྱི་རྒྱལ་གཞུང་ཚབ་གང་རུང་ཞིག་ཏུ་ཆབ་སྲིད་སྐྱབས་བཅོལ་གྱི་སྙན་ཞུ་འབུལ་འདོད་པས་མ་ཡིན་པ་སུས་བཤད་ཚོད་ཐུག
ཀླུ་མཁར་བྱམས་ཁོ་རང་གིས་ལབ་ན། མོ་ཊར་རྡོ་བཞུས་པའི་ཆག་སྒོ་འདི་འདྲ་མགོ་ལ་ལྷགས་དོན་ནི། མི་བུ་འཇོན་ཐང་ཅན། ཤེས་ཡོན་པ། རང་བཙན་གྱི་ལྟ་བ་འཁྱེར་མཁན་ཚོར་མ་དགའ་བས་ཡིན་རབས་ཤུགས་ཀྱིས་འུར་ཏེ། བཙན་བྱོལ་བའི་མི་རབས་སྔ་མའི་གྲས་ཟུར་ཁང་བ་དང་། ཨ་ལོ་ཆོས་མཛད། ལི་ཐང་ཨ་ཐར་སོགས་འདས་པོ་མང་པོ་ཞིག་དཔེ་མཚོན་དུ་བགྲངས་ཏེ། ཁོང་ཚོའི་ལོ་རྒྱུས་དངོས་ལ་འཁྱོག་བརྗོད་བྱས་པ་རེད།
འཇིག་རྟེན་གྱི་ཁ་དཔེ་ལ། “ཚིག་དྲིས་ན་མི་བཤད། དཀྱོགས་ན་བཤད།” ཅེས་ཤོད་སྲོལ་ཡོད་པ་བཞིན། ཁོས་མི་དེ་ཚོ་དང་རང་ཉིད་མཚུངས་འདྲ་བསྒྲིགས་ཀྱི་མི་འདུག་གམ། དེ་ཚོའི་ལོ་རྒྱུས་རྒྱབ་ལྗོངས་ལ་ཞིབ་འཇུག་ཅིག་གནོངས་དང་། ཁོ་ཚོ་བཙན་བྱོལ་བའི་ཁྲོད་ཀྱི་མི་གླེང་གཞི་ཅན་རྙོག་གྲ་ཅན་རྐྱང་རེད། དཔེར་ན། བདུན་ཅུ་དོན་གྲངས་ལ་རྒྱ་གར་ནས་བོད་ལ་འགྲོ་འོང་གི་ལམ་ཁ་ཁེགས་པའི་སྐབས། ཨ་ལོ་ཆོས་མཛད་ཞུ་བ་དེ། བོད་དུ་ཕྱིར་ལོག་སྟེ་རྒྱ་ནག་གཞུང་ལ་མགོ་བཏགས་ཤིང་། བོད་གཞུང་ལ་ངོ་ལོག་རྒྱབ་འགལ་བྱེད་མཁན་ཞིག་རེད།
ལི་ཐང་ཨ་ཐར་ཟེར་བའི་མི་དེ་ཡང་། བོད་མིའི་སྒྲིག་འཛུགས་དང་བོད་སོག་ལས་ཁུངས་གཉིས་དགྲ་ཁ་བཏད་དུ་ཡིན་པའི་སྐབས། ཁོས་བོད་སོག་ལས་ཁུངས་ལ་ཁྱི་སྤྱང་ངན་འབྲེལ་བགྱིས་པ་མ་ཟད། རྒྱལ་བའི་བཀའ་ལ་བསམ་ཤེས་མ་གནང་ལ། བཀའ་ཤག་དང་གྲོས་ཚོགས་ཀྱིས་ཐག་གཅོད་ལ་རྩིས་མེད་རྡོག་རོལ་བཏང་བའི་གང་ཟག་ཅིག་རེད།
ཀླུ་མཁར་བྱམས་ཀྱིས་དཔེ་མཚོན་དུ་དྲངས་པའི་མི་སྣ་གཞན་དག་ཀྱང་དེ་དེ་བཞིན་རེད། མདོར་བསྡུས་ན། བཙན་བྱོལ་སྤྱི་ཚོགས་ལ་རྒྱུས་ཅུང་ཟད་ཡོད་པ་ཞིག་ཡིན་ན་ནི། མི་དེ་ཚོའི་བྱ་སྤྱོད་དང་རྒྱབ་ལྗོངས་ཅི་ཡིན་མཁྱེན་ངེས་ལ། ཀླུ་མཁར་བྱམས་ཀྱིས་ཁོ་རང་མི་དེ་ཚོ་དང་མཚུངས་བསྡུར་བྱས་པས། རང་ཉིད་ཀྱང་མི་དེ་ཚོ་འདྲ་བར་ཁ་མི་དྲོ་བཀྲ་མི་ཤིས་པ་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་རེད།
རྫུན་མ་རྐྱང་རྐྱང་བཤད་འདུག
ཤར་ཁུག་དང་རྒྱ་རིགས་སོགས་མདོ་སྨད་པའི་ཞབས་འདྲེན། དགྲ་བོ་རྒྱ་མིའི་དར་དམར་ཡང་མཁའ་ལ་འཕྱར་ཕོད་པའི་མི་སྨྱོན་པའི་ཁོངས་གཏོགས་ཤིག་ཡིན་ས་རེད།
བོད་ཀྱི་དཔའ་བོ་ཀླུ་མཁར་བྱམས་ཀྱི་མཛད་རྗེས་བོད་ཕྱེད་རྒྱ་ཕྱེད་ཁྱོད་ཚོས་ལག་བསུམ་ཐུབ་གི་མ་རེད།
རྒྱ་དགའ་ཚོ། རྒྱ་མིའི་རྒྱུགས་ཁྱིའི།
ཁྱིའི་ལས་མ་གཏོགས་མེད་པཱ། མགོ་བདེ།. འཁྲབ་ཏོ
་་་་་་་་་ ཀླུ་མཁར་བྱམས་ཀྱིས་ཁོ་རང་མི་དེ་ཚོ་དང་མཚུངས་བསྡུར་བྱས་པས། རང་ཉིད་ཀྱང་མི་དེ་ཚོ་འདྲ་བར་ཁ་མི་དྲོ་བཀྲ་མི་ཤིས་པ་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། ་་་་་་་་་་་
རྩོམ་འདི་ཀློག་ཡིན། བདེན་ཁ་སྟེར་དགོས་མིན་ཐད་ལ།༼ རྫ་ཆུ་སྔོན་མོ་ཟེར་བ་༽ཁྱོད་རང་གི་མིང་ངོ་མ་དེ་སྟོན་ནས་ཤོད་དང་དྲང་བདེན་སྲང་ལ་འཇལ་ཆོག གཞན་ནག་ཁུངས་ནང་གི་འཆལ་གཏམ་ལ་ཆ་འཇོག་དཀའ་སེ་ཡོད་རེད་གདའ། ཕོ་ཁྱོ་ཀ་རྩོམ་བྲིས་སྤེལ་ཐུབ་སར་མིང་དངོས་སུ་བྲིས་མི་ཕོད་པ་ཅི་ཡོད་དམ།
མི་རིགས་དང་རྒྱལ་ཁབ་ལ་ལ་ཞེན་ཡོད་ན་རྩོམ་འདི་རིགས་ལ་ལྟོས་དང་། དེའི་ལན་ལས་རྒྱ་དམར་དང་དོལ་རྒྱལ་གྱི་རྗེས་འབྲང་བ་སུ་ཡིན་བོད་མི་རྣམས་ནས་ཤེས་ཐུབ། འོན་ཀྱང་རྐུན་མ་ཞིག་ལ་མིག་བཙུམ་སྟེ་རྒྱབ་སྐྱོར་བྱེད་བཞིན་པ་འདི་དག་བདེན་པ་མ་མཐོང་བ་མ་ཡིན་པར་བདེན་པ་མཐོང་འདོད་མེད་པ་ལས་ཡིན། དེ་ནི་རང་ཉིད་ཀྱི་འཚོ་བའི་ཐད་དངུལ་དངོས་ལག་རྒྱབ་ནས་ལེན་ཐབས་བྱེད་པ་དང་། རྒྱ་དམར་དང་དོལ་རྒྱལ་རྗེས་འབྲང་པ་ལ་སྤྲེལ་ལད་བྱས་ཤིང་རང་ཉིད་ཀྱི་འདོད་འདུན་སྒྲུབ་ཐབས་བྱེད་པ་ཁོ་ན་ཡིན།
གཡག་རྐུན་གྱི་གང་ཟག་དེ་ཉིད་ཁ་ཅིག་ནས་འཚོ་བ་སྐྱོ་བོ་ཡིན་ཚུལ་བཤད་ཀྱི་ཡོད། དེ་འདྲ་ཡིན་ན་ཁོ་ལ་སྣུམ་འཁོར་དེ་གང་ནས་བྱུང་ངམ། སྣུམ་འཁོར་དེ་ལ་འགྲོ་སོང་ཡང་ཚད་མེད་ཡོད་པས་དེ་རྣམས་གང་ནས་ཡོང་གི་ཡོད་དམ། མི་གླེན་ལྐུགས་དེ་ཉིད་ཀྱི་རྒྱབ་ལ་ལང་མཁན་སུ་དང་སུ་ཡིན་ནམ། དེས་ན། འདི་ལྟ་བུའི་གང་ཟག་དང་དེའི་རྒྱབ་སྐྱོར་བ་རྣམས་ནི་མཐའ་གཅིག་ཏུ་སྐབས་འཚོལ་བ་དང་། སོ་སོའི་མི་རིགས་དང་དེའི་ལ་རྒྱ་རྣམས་ཀྱི་དོད་དུ་དངུལ་དངོས་ཀྱི་ཁེ་ཕན་བྱུང་ན་ཅི་ཡང་མི་སྙམ་པའི་གང་ཟག་ཐ་ཤལ་བ་དག་ཡིན་པས། འབྲི་རྩོམ་འདི་ལ་རྒྱབ་སྐྱོར་དང་འབྲི་བ་པོའི་ཀུན་སློང་ལ་བསྔགས་བརྗོད་ཞུའོ།།
གལ་སྲིད་ཀླུ་མཁར་བྱམས་སྤྱི་ཚོགས་ནས་མེད་པར་བཟོས་དང་ན་་་ང་ཚོ་ལ་ཕན་ཐོག་ག་རེ་འདུག ཁོང་སྤྱི་ཚོགས་འདི་དང་ཁ་བྲལ་སོང་ན་ང་ཚོའི་དཀ་ངལ་སེལ་སོང་བ་རེད་པེ།
འོ་ན། ཀླུ་མཁར་འབྱམས་ཀྱིས། ༧གོང་ས་མཆོག་ལ་ཟུར་ཟ་དང་མཚན་སྨད་ཞུས་ན། རྒྱ་ཁ་ཆེ་དེར་ཁེ་ཕན་ག་རེ་ཡོད། ཱབོད་རང་བཙན་གྱི་འཐབ་བརྩོད་ལ་ཁེ་ཕན་ཅི་ཡོད། དེ་ཚོ་མི་དགོས་པའི་ལས་ཀ་དེ། རྒྱ་གཟི་ལིང་དེས་ག་དུས་རིན་རུང་བྱེད་ཀྱི་འདུག དེའི་ཁར། ཁོའི་སྐྱེ་དམན་དེ་ཡང་ཧ་ཅང་གི་སྐྱེ་དམན་ལས་ངན་གཅིག་རེད་འདུག མི་མང་གི་སེམས་ཚོར་ལོག་པར་སྤྱད་ནས། སོ་སོའི་འདོད་འདུན་སྒྲུབ་ཐབས་བྱེད་ཀྱི་འདུག མ་གཞི་ནས། རྒྱ་གཟི་ལིང་གི་རིགས་དེ་ཚོར་དེ་ལས་ཅི་ཡོང་།
ཀླུ་མཁར་བྱམས་འདྲ་བའི་མི་བུ་ཆུང་ཆུང་ཅིག་གིས་༧གོང་ས་མཆོག་ལ་སྨད་པ་ཙམ་གྱི་ཁོང་གི་མཛད་འཕྲིན་དང་སྐུ་བྱ་ལ་གནོད་འགྲོ་ཡ་དང་བསྟོད་ན་ཕན་འགྲོ་ཡ་ཞིག་ཡོད་རེད་པེ། ཆུང་ཆུང་ཅིག་གིས་ཆེན་པོ་བཟོས་ན་ཕན་ཐོག་ཡོད་དམ་་་་་དེ་ལས་དགྲ་ཁ་གཏད་བྱེད་དགོས་ས་དེ་རྒྱ་ནག་གཞུང་ཡིན་པའི་དེའི་ཕྱོགས་སུ་ལས་འགུལ་སྤེལ་ན་ག་འདྲ་འདུག
རྫ་ཆུ་སྔོན་མོ་ལགས་ལག་གཉིས་ཐེ་མོ་སྦྱར་ཏེ་དངོས་ཡོད་ཀྱི་གནས་ཚུལ་གསུངས་གནང་བར་ཐུགས་རྗེ་ཆེ་ཞུ་་་ཏྲེ་ཧོར་བྱམས་པ་ལགས་དང་དགའ་བྱེད་ལགས་སྐུ་རླུང་བཞེངས་དགོས་དོན་མེད་རྒྱུ་མཚན་ཡོད་ན་གསུང་ན་འགྲིག་་་་་ཀླུ་བྱམས་ལ་དཔའ་བོ་ཟེར་ན་ད་བར་བོད་མི་རིགས་དང་རྒྱལ་ཁབ་ཆེད་བོད་ཕྱི་ནང་གཉིས་སུ་སྐུ་སྲོག་གློད་གཏོང་མཁན་རྣམས་ལ་གང་ཞུ་དགོས་པ་རེད་་་་མ་ཟང་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་འོག་གཅིག་སྒྲིལ་ངང་བསྐྱོད་བཞིན་པའི་སྤྱི་ཚོགས་ཆུང་ཆུང་དེ་དཀྲུག་དཀྲུག་གཏོང་ཐབས་མ་གནང་རོག་གནང།་་་ཏྲེ་བྱམས་ལགས་གལ་སྲིད་མིང་ངོ་མ་བྲིས་ན་གཙད་དཔྱད་ནས་ཉེས་བརྡུང་གཏོང་མཁན་ཡིན་ནམ་་་་་་ཀླུ་མཁར་དང་རང་བཙན་ལ་གཞེན་ཁོག་ཆེན་མདོག་བསྟོན་ནས་རང་གི་དབུ་འཁྲིད་དང་སྒྲིག་འཛུགས་ལ་དྲ་ལམ་བརྒྱུད་ནས་གཞི་མེད་བསྐྱོན་བརྗོད་དང་ཟུར་ཟ་བྱེད་མཁན་རྣམས་ཀྱི་མིང་ངོ་མ་ཡིན་པ་ཁྱེད་ཀྱི་མཁྱེན་གྱི་ཡོད་དམ་་་་་་་་ཀླུ་བྱམས་དང་ཏྲེ་བྱམས་མིང་ཡང་འདྲ་སའི་འདུག་དདདད
སྤྱི་ཚོགས་ནང་དུ་མི་ལ་ངན་བཤད་དུས་ལྐོག་ཏུ་སྦས་ཤིང་བསྟོད་པ་བྱེད་དུས་སྔོན་དུ་འབུད་པར་བྱེད་པའི་གཤིས་ངན་ཡོད་པའི་མི་དེ་ཚོ་ནི་སྐད་ཆའི་འགན་འཁུར་མི་འདོད་པར་དབྱེན་དཀྲུག་པར་དགའ་བའི་སྐོར་རེད། ཀླུ་མཁར་བྱམས་ཀྱི་སྐོར་འདི་ལྟ་བུ་མིང་སྦས་ནས་བཤད་མཁན་ཚོ་ནི་དམིགས་བཙུགས་ཉོག་དྲ་སློང་འདོད་པ་དག་རེད་མ་གཏོགས་འདི་ལ་མིང་སྦས་དགོས་པའི་དོན་དག་གང་ཡང་ཡོད་པ་མ་རེད།
རྫ་ཆུ་སྔོན་མོས་་་་་དོན་རྐྱེན་འདི་ནི་ཁོང་ཁྱོ་ཤུག་གཉིས་ཀྱིས་ཆེད་གཉེར་དུ་བཟོས་པའི་ཆབ་སྲིད་ནག་པོ་ཞིག་མིན་པའི་ངེས་པ་སུ་ལའང་མེད། ཟེར་དེས་ན་དེ་ཡིན་པའི་ངེས་པའང་སུ་ལ་ཡོད། སྐད་ཆ་འདི་ལྟ་བུ་བཤད་རྒྱུ་མེད་པ་རེད། ཡིན་ན་ཡིན་པའི་སྒྲུབ་བྱེད་དང་དཔང་རྟགས་སོགས་དགོས་པ་རེད། ་་་་་་སྔོན་གྱི་ཁས་ལེན་དམ་བཅའ་རྩིས་མེད་བཏང་བ་སོགས་ཟེར་་་་་གལ་ཏེ་ཁྱོད་ཡིན་ན་དོན་དག་འདི་ལྟར་ལྷག་དུས། གནས་བབ་འདི་འདྲར་གྱུར་དུས་འཚོ་བ་ཇི་ལྟར་སྐྱེལ་རྒྱུ་ཡིན། རྒྱལ་ཞེན་ཡོད་མེད་དད་པ་ཡོད་མེད་ཚང་མས་འཚོ་བ་སྐྱེལ་དགོས་པ་རེད་ལ། ངས་ཀླུ་མཁར་བྱམས་ལ་རོགས་རམ་འདེགས་བྱས་པ་མིན་པར་གོ་སྐབས་གང་ཤར་ལ་མིང་རྫུན་འོག་ལ་སྦས་ནས་སྤྱི་ཚོགས་དཀྲུགས་མཁན་འདི་རིགས་ལ་དོན་དངོས་ཤིག་བཤད་པ་ཙམ་ཡིན།
ཀླུ་མཁར་བྱམས་ལ་རྒོལ་རྡུང་གཏོང་འདུག་མཁན་འདི་ཚོས་ངོ་མ་རྒྱལ་བ་རིན་པོ་ཆེའི་ཞབས་རྐང་ནས་མར་འཐེན་སོང་།
ཨ་མདོ་བ་གྲྭ་ལོག་ཁ་ཤས་དང་རྒྱ་དམར་དང་འབྲེལ་ཡོད་ཁ་ཤས་སོགས་ཀྱིས་དད་པ་ལོག་སྤྱོད་བྱས་ནས་རྒྱལ་གཅེས་དཔའ་བོ་ཨ་ཚོགས་ཀླུ་མཁར་བྱམས་ལ་ངོ་རྒོལ་ཡོད་མདོག་གིས་རྣམ་པ་སྐྱུག་བྲོ་བ་འཁྲབ་སྟོན་བྱས་པ་འདིས་རྒྱལ་བ་རིན་པོ་ཆེ་མཚན་སྙན་ལ་གནོད་པ་ཐེབས་པ་གསལ་བོ་རེད་དོ
ཧཧཧཧ་ཀླུ་མཁར་བྱམས་ལ་གླག་ཁེལ་མི་འདུག་གོ །སྐད་ངན་ཤོར་བཞིན་གདའོ། དེ་འདྲའི་སྐད་ངན་ལུང་པ་བསྐང་དགོས་དོན་འདུག་གའི། ཁ་གཏད་བཅོག་དགོས་ས་ལ་མེད་པ། མི་དགོས་ས་ཀླུ་མཁར་བྱམས་ལ་ཧཧཧཧ
ཨབ་རྒན་བུ་མོ་ཞིག་གིས་ཁ་ཆེ་སློབ་དཔོན་མོ་ཧ་མད་ཀྱི་གསུང་རྩོམ་མེ་ལ་བསྲེགས་པའི་རྐེྱན་གྱིས་ཁ་ཆེ་བ་ཚོས་མོ་ལ་རྡོ་བརྡུང་བྱས་མཐར་གསོན་བསྲེགས་བྱས་པ་རེད། ཀླུ་མཁར་བྱམས་གྱིས་༧གོང་ས་མཆོག་ལ་ཟུར་ཟ་བྱས་པའི་སྐྱོན་གྱིས་ཆོས་ཀྱི་དྲི་མ་ཙམ་ཡང་མོ་བྲོ་བའི་བླུན་པོ་དུ་མ་ཞིག་གིས་ཡིག་ངག་གཉིས་ཐོག་ནས་རྒོལ་གཏམ་བཏང་བ་རེད། ང་ནི་ཀླུ་མཁར་བྱམས་ལ་དགའ་བོ་གང་ཡང་མེད་ཀྱང་རྒོལ་གཏམ་གཏོང་འདོད་ཀྱང་མེད། །
ཀླུ་ཁར་ལ་ཕྱོགས་མཁན་ཚོ་ དང་པོ་ ཀླུ་ཁར་གྱི་ བོད་མའི་སྤྱི་ཚོགས་དཀྲུག་གཞི་གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུག་་གི་རྩོམ་འཆལ་གྱི་ རྒྱུ་དེ་མ་བཟོས་ན་ འབྲས་བུ་དགྲ་དགའ་གཉེན་སྡུག་དང་སྤྱི་ཚོགས་འཁྲུགས་དོན་མེད་ གནས་དཔེར་ རྒྱུ་མེད་རྐྱེན་ལསའབྲས་བུ་འབྱུང་མི་སྲིད་ཅེས་པ་ལྟར་
ང་ཚོ་ཀླུ་བྱམས་ལ་ཕྱོགས་མཁན་ཚོ་བོད་མི་རིགས་དང་རྒྱལ་ཁབ་ཐོག་ཀླུ་བྱམས་ཀྱི་ལ་རྒྱ་དང་སེམས་ཤུགས་ལ་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་ཡོད་ཀྱང། ལངས་ཕྱོགས་མི་འདྲ་བའམ་ཆབ་སྲིད་རིགས་པའི་གཏན་ཚིགས་བཤད་ཀྱང་མི་ཆོག་པའི་བོད་མི་སྤྱི་ཚོགས་འདི་རྨོངས་དད་ཆེ་བའམ། རྒྱལ་སྤྱིའི་དམངས་གཙོ་འགྲོ་ལུགས་མི་ཤེས་པའི་སྐྱོན་ཡིན་པ་སྨོས་ཅི་དགོས། ༧རྒྱལ་བ་རིན་པོ་ཆེ་ཁ་ལ་ཁྱེར་ནས་གང་ཟག་བྱེ་བྲག་པ་ཞིག་ལ་ཞཱ་མོ་ནག་པོ་གཡོགས་རྐྱང་བྱས་པའི་སྲོལ་ངན་འདི་ནང་ཁུལ་བོད་རིགས་སྤུན་ཟླ་ལ་མ་གཏོགས་ཕྱི་མི་ཞིག་ལ་ནི་དེ་ལྟར་འགྲོ་ས་ག་ལ་ཡོད། རང་གི་ཆོས་སམ་ལངས་ཕྱོགས་དང་མི་འདྲ་བ་ཡོད་མི་ཆོག་པ་དེང་སང་ཁ་ཆེ་ཆོས་ལུགས་དང་རྨོངས་དད་ཅན་གྱི་ས་ཁུལ་འགའ་ཞིག་ལ་མ་གཏོགས་མེད་པ་རེད། དེས་ན་སྒེར་ལ་རྒོལ་བའི་དམོད་ཚིག་མ་གཏོགས་མི་ཤེས་མཁན་ཚོ་གཟབ་གཟབ་མ་བྱས་ན་༧རྒྱལ་བའི་ཞབས་ནས་འདེག་གི་ཡོད་དམ་དྲུས་ཀྱི་ཡོད་པའང་ནོར་ཉེན་འདུུག་གོ།
༸གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ལ་ཟུར་ཟ་མཐོང་ཆུང་བྱེད་སྐབས། དམངས་གཙོ་རེད། སྨྲ་བརྗོད་རང་དབང་རེད། འགྲིག་འདུག་ལབ་མཁན་དག་ཉོན་ཨ། པཎ་ཆེན་རིན་པོ་ཆེས། སྤྱང་ཀི་ལྟ་བའི་དགྲ་བོ་ལ་ང་མི་སྐྲག་སྟེ། ཁྱི་དང་འདྲ་བའི་སྤུན་ཟླ་ལ་ང་སྐྲག ཅེས་བཀའ་གནང་བ་ལྟར། སྤུན་ཟླའི་གྲས་ཀྱི་ཁྱི་སྤྱང་རྣམས་ནི་ཕྱི་དགྲ་བོའི་ལག་ཆ་ཡག་ཤོས་དང། ནང་ལོག་གི་ཉེན་ཁ་ཆེས་ཤོས་རེད། ཤེས་སོང་ངམ། དེས་ཀྱང་མ་གོ་ན། དེང་སང། ཨི་རག་གི་ཡ་ངའི་དམག་འཁྲུག་ལ་འཁྱུག་ཙམ་གཟིགས་དང་། ཨི་རག་གཞུང་དམག་གི་དཀའ་ངལ་ཆེ་ཤོས་ནི། མི་སེར་དཀྱུས་མའི་གྲས་ཀྱི་ནང་རིལ་པ་ཚོ་རེད་ཅེས་བཤད་མི་འདུག་གམ། དེས་ན། ནང་རུལ་པ་ནི་ཕྱིའི་དགྲ་བོ་ལས་ཉེན་ཁ་ཆེའོ།།
ཀླུ་ཁར་ལ་ཕྱོགས་མཁན་ཟ་རིབི་རི་ཚོ་ ཆང་གི་གཟི་འམ་ཡང་ན་དངུལ་གྱི་གཟི་ ཀླུ་ཁར་ཁོ་བོ་་་སྤྱི་པའི་རྩ་དོན་ལ་སེམས་ཤུགས་དངབོད་མི་རིགས་ལ་ལ་རྒྱ་དངོས་གནས་དྲང་གནས་་དང་བློ་དཀར་སེམས་དཀར་ཞིག་ཡིན་ན་གོང་ས་མཆོག་གི་གཙོ་བྱས་པའི་རང་གཞུང་གི་མི་བྱས་པ་ཅན་ཚོར་ཟུར་ཟ་དང་གཞི་མེད་སྐྱོན་འཛུགས་བྱེད་མི་སྲིད་ལ་
དེ་སྔོན་བོད་གཞུང་དམངས་དང་ལྟ་བ་མི་མཐུན་མཁན་འགའ་ཡིས་མིང་སྟོན་ནས་བསྟོད་ར་དང་བོད་གཞུང་དམངས་ལ་སྨད་ར་ཡང་གཏོང་མི་སྲིད་ ཁོ་བོ་དངོས་ཡོད་ཀྱི་བོད་སྤྱིའི་རྩ་་དོན་་བསམ་མཁན་ཞིག་ཡིན་ན་བོད་རྒྱ་ཆེ་བའི་མི་དམངས་ཀྱི་མངོན་འདོད་ག་རེ་རས་གཞི་བྱེད་གཉིས་ཀྱི་ངོ་བོ་ཚོན་པའི་བཙན་བྱོལ་སྒྲིག་འཛུག་གི་ལངཕྱོགས་དང་མཐུན་པའི་ལས་ཀ་བྱེད་མཁན་ཞིག་ཡོད་ན་སྤྱི་དོན་དང་ལ་རྒྱ་དེ་རེད་ རྡོག་རྩ་གཅིག་སྒྲིལ་དེ་རེད་ སོ་སོ་གཅིག་གཉིས་ཀྱིསྙན་གྲགས་ཆེད་མཁྲེག་འཛིན་གྱི་ལྟ་བ་གཅིག་བུ་སྤྱི་དོན་དང་ལ་རྒྱ་ཨེ་ཡིན་ བདེ་སྲུང་ཉམས་ཞིགས་ནང་ལ་ལས་ཀ་བྱེད་་སྐབས་ལོ་རྒྱུད་ཉམས་ཞིབ་ཀྱི་ལགས་རྗེས་ག་རེ་བཞག་མྱོང་ངམ་ ་སྨྱུག་རྩེ་དགྲ་ལ་གཏད་ནས་དཔྱད་རྩོམ་ག་རེ་སྤེལ་ཡོད་དམ སྨྱུག་རྩེ་ནང་ལ་སྐོར་གཞི་མེད་སྐྱོན་འཛུག་དེ་སྨྲ་བརྗོད་རང་དབང་རེད་པས་? སྤྱི་ཚོགས་དཀྲུག་ཏེ་དགྲ་
དགའ་ གཉེན་སྡུག་ལ་སྦྱར་བ་དེ་དམངས་གཙོ་རེད་པས་? རང་དབང་རེད་པས་ རང་ལང་འཆལ་ལང་གི་དམངས་གཙོའི་མིང་ཤེས་པ་ཙམ་ལས་ དོན་ངོ་མའི་དམངས་གཙོ་ཚན་ཉིད་ཚང་བ་ཞིག་ཤེས་ཀི་མེད་པ་རས་ཡང་ན་ཤེས་ཀྱང་དགོས་དབང་གི་མ་ཤེས་མདོག་རེད་པས་
བོད་མི་རིགས་ཀྱི་ལ་རྒྱ་ཧ་མ་གོ་མཁན་
ཀླུ་ཁར་ལ་ཕྱོགས་མཁན་ཟ་རི་བི་རི་ཚོ་
ཆང་གི་གཟི་འམ་ཡང་ན་དངུལ་གྱི་གཟི་
གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ལ་ཀླུ་ཁར་གྱི་ ཟུར་ཟ་དང་མཐོང་ཆུང་བྱེད་སྐབས། དམངས་གཙོ་རེད། སྨྲ་བརྗོད་རང་དབང་རེད། འགྲིག་འདུག་ གཏན་ཚིགས་རིགས་པ་རེད ཆབ་སྲིད་རིགས་པའི་ཁྱབས་ཁུངས་རེད་ལྟ་ཚུལ་མི་འདྲ་བ་རེད་བཤད་
ཀླུ་ཁར་གྱི་འཆལ་གཏམ་ལ་བོད་རྒྱ་ཆེའི་མི་དམངས་ཡོངས་ཀྱི་དགག་པ་དང་རྐྱོན་བརྗོད་བྱེད་དུས་ བོད་རྒྱ་ཆེའི་མི་དམངས་ལ་ དམངས་གཙོའི་ཐོབ་ཐང་ཡོག་མ་རེད་པས? སྨྲ་བརྗོད་རང་དབང་དགོས་ཀ྄ི་མ་རེདཔས? ལྟ་ཚུལ་མི་འདྲ་བ་ཡོང་མི་ཆོག་པ་རེད་པས་ ཁྱོད་ཚོས་བཤད་པ་དེ་ཀྱང་ཀྱང འགྲིག་པ་རེད་པས་????????ཨ་རོ་
ས་པན་ཌི་ཏས་
མཁས་པ་བརྒྱ་ངས་ཐུབ་
བླུན་པོ་གཅིག་ངས་མི་ཐུབ་
གསུངས་པ་བཞིན་
མི་ཉན་པ་ལ་ཁ་བརྡ་བྱེད་པ་དེ་
ཀོ་བ་སྐམ་པོ་ལག་པས་གཉེད་དང་མཚུངས།།
ཕྱི་ཞིམ་ནང་སྟག་མེན་ན་འོག་གི་འདིར་གཅིག་གཟིགས་ནས་ངར་ཤོག་འོག་གི་འདི་ཀ་ལི་ཀ་ཏའི་རྒྱ་མིའི་གཞུང་ཚབ་ཀྱིས་བརྗོད་དོན་ (Ma said in no uncertain terms. He described the Dalai as “no innocent monk” but a “very shrewd and political one, whose aim is to enhance split politics.) times of India ནས་བྲངས་པ།
གཞུང་གི་ལངས་ཕྱོགས་ལ་དགག་པ་དང་ཟུར་ཟ་སོགས་གང་ཡང་བྱེད་མི་ཆོག་པ་དེ་དམངས་གཙོ་མ་ཡིན་པ་དམར་ཤོག་གི་ལྟ་བ་ཡིན་པ་ངོ་ཤེས་པར་མཛོད་ཅིག་། རང་བཙན་འཐབ་རྩོད་པ་ཀླུ་མཁར་བྱམས་སྤྱི་ཚོགས་དཀྲུག་མཁན་ཡིན་ན། རང་བཙན་རྒྱ་དམར་ལ་རྩིས་སྤྲོད་མཁན་སྤྱི་ཚོགས་ཀྱི་ཞི་བདེ་སྐྲུན་མཁན་རེད་དམ། བོད་མི་ས་ཡ་དྲུག་གི་མངོན་འདོད་དེ་འདྲ་ཞིག་ཨེ་ཡིན། བཙན་བྱོལ་གཞུང་འདི་སྐྱོན་མེད་ཡོན་ཏན་ཀུན་ལྡན་ཞིག་རེད་དམ་ཟེར་ན་མ་རེད། སྔོན་པཎ་ཆེན་རིན་པོ་ཆེ་བལ་ཡུལ་ལ་ཕེབས་དུས་བདེ་སྲུང་བཀའ་བློན་ཨ་ལགས་འཇིགས་མེད་ཆེད་མངགས་སུ་བལ་ཡུལ་ལ་ཕྱིན་ནས་བལ་པོར་ཡོད་པའི་བོད་མི་རྣམས་པཎ་ཆེན་རིན་པོ་ཆེ་མཇལ་ཁ་རུ་འགྲོ་མི་རུང་བའི་ཚུལ་དང། རང་བཙན་མི་འདོད་མཁན་རྒྱལ་བཙོང་བ་ཚོང་པ་རྒྱག་པ་སོགས་མཚན་སྨད་བློ་ཡུལ་ལས་འདས་པ་ཞུས་པ་དེ་ཚོ་རྣམ་པ་ཚོས་མཁྱེན་གིས་ལོས་ཡོད། གཞན་དབང་དམར་ཤོག་རྒྱ་འོག་ཏུ་ཡོད་པའི་པཎ་ཆེན་རིན་པོ་ཆེས་རང་བཙན་མི་རྩོད་ན་རྒྱལ་བཙོང་བ་དང། རང་དབང་དམངས་གཙོ་རྒྱ་གར་དུ་ཡོད་པའི་བཙན་བྱོལ་སྒྲིག་འཛུགས་ཀྱི་རང་བཙན་མི་རྩོད་དུས་ལམ་དབུ་མ་ཞེས་ཐ་སྙད་འདོགས་པ་འདི་ལ། ཀླུ་མཁར་བྱམས་ཀྱིས་རྒྱལ་བཙོང་བ་ཡིན་ན་ཡིན་མཉམ་དང་མིན་ན་མིན་མཉམ་རེད་ཅེས་ཆབ་སྲིད་རིགས་པའི་ཁྱབ་ཁོངས་ནས་གཏན་ཚིགས་འགོད་པ་རེད། གཏན་ཚིགས་དེ་ལ་དགག་ལན་ཡང་དག་ཞིག་མེད་པར་༧རྒྱལ་བ་རིན་པོ་ཆེར་རྒྱལ་བཙོང་བ་ལབ་སོང་ཞེས་ཚིག་དེ་ལ་ཤི་ཐམ་རོ་ཐམ་བྱས་ནས་རྨོངས་དད་ཅན་ག་ཚོད་ལམ་ལོག་ལ་ཁྲིད་སོང། ཆགས་སྡང་གི་བློ་སྤོང་ནས་དམངས་གཙོའི་ཁྲིམས་དང་མཐུན་ཤིང་གཟུར་གནས་བློ་ཡི་དཔྱད་པར་མཛོད་དང་ད་གཟོད་ས་པཎ་གྱི་མི་ཐུབ་པའི་བླུན་པོ་དེ་སུ་ཡིན་ཤེས་ཡོང། རང་གཞུང་ལ་སྐྱོན་བརྗོད་རང་བྱས་ནས་རྩོད་རྒྱུ་དེ་འདོད་པ་རང་མེད་དེ། ཡིན་ལུགས་འདྲ་མ་ཞིག་མ་བཤད་རང་བཤད་བཟོ་གིས་འདུག་ག།
ཀླུ་མཁར་བྱམས་བཙོན་དུ་སོང་བ་ལས། ཆབ་སྲིད་བཙོན་པ་ཞིག་ཡིན་ཚོད་མི་འདུག རང་བཙན་ཁ་ནས་རྩོད་པ་ལས་སེམས་ནས་རྩོད་མཁན་ཅིག་ཡིན་བཟོ་མི་འདུག་སྙམ་མོ།།
ཆབ་སྲིད་ཀྱི་ལྟ་བ་མ་མཐུན་པར་༧ གོང་ས་མཆོག་ལ་ཟུར་ཟ་བྱས་པ་དེ་འཇིག་རྟེན་གྱི་ཆོས་ཉིད་ཅིག་རེད། བདག་ཅག་གི་སྟོན་པའི་སྐུ་སྤུན་གྱིས་ཀྱང་ཁོང་དང་བཅོམས་ལྡན་འདས་གཉིས་ཀྱི་ལྟ་སྤྱོད་མ་མཐུན་པའི་སྐྱོན་གྱིས་བཅོམས་ལྡན་འདས་ལ་སྐུར་བ་ཚད་མེད་བཏབ་པ་རེད། དེ་དང་བསྡུར་ན་ཀླུ་བྱམས་ཀྱི་ཟུར་ཟ་དེ་གང་ཡང་མ་རེད། དེ་འདྲའི་ཟུར་ཟ་ཆུང་ཆུང་ཞིག་ལ་བཟོད་སྲན་མི་ཐུབ་ན། རང་ལ་ཆོས་ཀྱི་དྲི་མ་ཙམ་མེད་པས་རྟགས་རེད། ཕར་ཕྱིན་བཅུའི་གསུམ་པ་བཟོད་པ་དེ་ཅུང་ཟད་རེ་དྲན་ན་ལེགས་པར་སྙམ་མོ། །
ཁྱོད་ཚོའི་ཆབ་སྲིད་ཀྱི་ལྟ་བ་རང་བཙན་ཡིན་ན་འདྲ། དབུ་མའི་ལམ་ཡིན་ན་ཆོག་དེ་ལ་ཁྱད་པར་གཏན་མེད། རེད་དེ། རང་བཙན་ཁ་ལ་འཁྱེར་ནས་དགོས་པ་དང་དམིགས་ཡུལ་གཞན་ཞིག་གི་ཆེད་དུ། ༸གོང་ས་མཆོག་ལ་ཟུར་ཟ་མཚན་སྨོད་ཞུས་བསྡད་ན་དེ་ཡག་པོ་མ་རེད་ངས་ལབ་ཡིན། དཔལ་ལྡན་ཟླ་བས། གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་མེད། ། ཅེས་ཇི་སྐད་གསུངས་པ་ལྟར། ངས་ཀྱང་འདིར་སྐྱོན་ལ་སྐྱོན་དུ་བརྗོད་ཆོག་གི་རེད་པ། གལ་ཏེ་ལེགས་ཉེས་ཀྱི་དབྱེ་བ་སོ་སོར་བྱས་ནས་བཤད་པ་དེ། བཟོད་པའི་ཉམས་ལེན་མེད་པའི་གྲས་སུ་ཚུད་ཀྱི་ཡོད་ན། སྔོན་བཅོམ་ལྡན་སྐུ་མྱ་ངན་ལས་འདས་ནས་སྐབས་གཅིག་རིང་ཐེག་དམན་གྱི་ལྟ་བའི་སྲོལ་དར་ཁྱབ་ཆེན་པོ་བྱུང་བར། མགོན་པོ་ཀླུ་སྒྲུབ་ཀྱིས་ལྟ་བ་དེ་སུན་ཕྱུང་ནས་ཐེག་ཆེན་གྱི་སྲོལ་གཏོད་པ་རེད། དེ་ཡང་མགོན་པོ་ཀླུ་སྒྲུབ་ལ་བཟོད་པའི་ཕར་ཕྱིན་གྱི་ཉམས་ལེན་མེད་པས་ཡིན་ནམ། མ་རེད་པ།
རྫ་ཆུ་སྔོན་མོ་ལགས་ཀྱིས་ཡག་པོ་གསུངས་སོང་། རེད་ལགས། ཁྱེད་ཀྱིས་གསུངས་པ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱིས་ཐེག་དམན་པ་རྣམས་རིག་པས་ཚར་བཅད་པ་བཞིན་ཀླུ་མཁར་བྱམས་ཀྱི་རང་བཙན་གྱི་ལྟ་བའང་རིག་པས་སྒྲུབ་ནས་ཚར་གཅོད་དགོས་པ་ལས། ༧་གོང་ས་མཆོག་ལ་མཚན་སྨོད་དང་ཟུར་ཟ་ཞུ་མི་ཆོག་ཟེར་ན་བླུན་པོའི་ལུགས་སོ། སྤྱིར་ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བའི་ཆ་ནས་འགལ་ཟླ་དེ་ཙམ་གང་ཡང་མ་རེད། ཁྱེད་རང་ཚོས་མཁྱེན་དགོས་རྒྱུ་ཞིག་ལ་ཆབ་སྲིད་པའི་མི་དེ་ག་འདྲ་ཞིག་དགོས་རྒྱུ་དེ་གལ་ཆེན་རེད། ཆབ་སྲིད་པ་ག་འདྲ་ཞིག་དགོས་ཟེར་ན། རང་འདོད་ཚ་བོ། རང་གི་མི་རིགས་དང་རང་གི་རྒྱལ་ཁབ་ཀྱི་ཁེ་ཕན་གཅིག་པུར་བསམ་བློ་གཏོང་མཁན། དགྲ་དཔུང་བཅོམས་པའི་སྙིང་སྟོབས་ལྡན་པ། སྐབས་དང་སྟུན་ནས་གཡོ་སྒྱུ་ཁྲབ་ཤེས་མཁན། དེ་འདྲ་ཞིག་ངེས་པར་དུ་དགོས་ས་རེད། ༧ གོང་ས་མཆོག་ནི་དེ་ལས་ལྡོག་སྟེ་གཤིས་རྒྱུད་དྲང་མོ། བྱམས་སེམས་ལྡན་པ། གཡོ་སྒྱུ་མེད་པ། དགྲ་གཉེན་གཉིས་ཀྱི་ཁེ་ཕན་ལ་ཐུགས་བསམ་བཞེས་མཁན་ཞིག་རེད། འོན་ཀྱང་དམར་ཤོག་པ་ཚོས་ཡིད་ཆེ་གཏན་ནས་བྱེད་ཀྱི་ཡོད་པ་མ་རེད། རྒྱུ་མཚན་ནི་ཆབ་སྲིད་པ་དེ་འདྲ་ཞིག་ཡོད་མི་སྲིད་པ་རེད། ང་ནི་རང་བཙན་དང་དབུ་མ་གཉིས་ཀྱི་གང་ལའང་ཁ་ཕྱོགས་ཀྱི་མེད། རྒྱུ་མཚན་ནི་རྒྱ་ནག་དམངས་གཙོར་མ་འགྱུར་བར་དུ་རང་བཙན་དང་དབུ་མ་གང་ལའང་རེ་བ་མེད་པ་སུས་ལྟོས་ན་ཤེས་སླ། གལ་ཏེ་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་ན་གང་ཡིན་ཀྱང་རེ་བ་ཡོད་པ་རེད། །
གྲོགས་པོ་ཚོ་ཀླུ་མཁར་བྱམས་ཀྱི་སྐོར་ལ་བཤད་རིན་ཅི་ཡང་མི་འདུག ཀླུ་བྱམས་གླེང་ནས་འདུག་མཁན་ཞིག་ཡིན་ན་ཆི་ཡིན་མེད་སའི་མི་ཞིག་ཡིན་ངེས་རེད། དེས་ན་་ཀླུ་བྱམས་ལ་དངོས་གནས་གླེང་རིན་ཅི་ཡང་མི་འདུག ཀླུ་བྱམས་བཟའ་མི་གཉིས་ཀྱི་ཁྱི་གཏམ་ལ་དངོས་གནས་དྲང་གནས་གླེང་རིན་གཅིག་ཀྱང་མི་འདུག ཚང་མས་སེམས་ལ་ཟུངས།
༄༅། ཀླུ་མཁར་བྱམས་་་ཤར་ལྷོ། ནུབ་བྱང་་་་གང་དུ་ཕྱིན་ཡང་་་་འབྱོན་རྒྱུ་ཅི་ཡང་མེད་པ་མ་རེད།
འབྱོན་དང་མི་འབྱོན་རིམ་པས་ལྟོས་དང་ཤེས་ཐུབ།
ཡང་དག་པའི་ཕྱི་ནང་རིག་གནས་གང་ཡང་མེད་པ་ལོང་བས་བལྟས་ཀྱང་ཁམས་གསུམ་
མཐོང་བ་ལྟར་རེད།