ཨེ་མ་ཧོ།
༡
ན་མོ་མ་ཧཱ་གུ་རུ་ནཱ་ག་ཛུ་ན་ཧེ་རུ་ཀ་ཡེ།
འཕགས་པའི་ཡུལ་དུ་ཀླུ་སྒྲུབ་སྙིང་པོའི་གར།།
གངས་རིའི་ལྗོངས་སུ་ཀླུ་སྨྱོན་ཧེ་རུ་ཀ །
རྟེན་འབྲེལ་གནད་ལ་དབང་བའི་རྡོ་རྗེ་འཛིན།།
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་གྱུར་ཅིག །
༢
ཀ་དག་སྟོང་པའི་ཆོས་ཀུན་རང་བཞིན་རྟོགས།།
ཁ་སྦྱོར་གསང་བའི་བདེན་པར་བརྗེན་གཅེར་གསུང་།།
ག་བུར་དབང་པོའི་གཤིས་ལྟར་ཡིད་འོང་དཔལ།།
ང་ཡི་ཆོས་མཆེད་དམ་པར་རྒྱལ་གྱུར་ཅིག །
༣
ཅ་ཅོའི་སྨྲ་བ་སྙན་པའི་ངག་ཏུ་དག །
ཆ་ལུགས་སྣ་ཚོགས་གྲུབ་པའི་རྟུལ་ཞུགས་རྫོགས།།
ཇ་ཆང་འདོད་ཡོན་ཚོགས་ཀྱི་འཁོར་ལོར་སྨིན།།
ཉ་གང་ཟླ་ལྟར་ཡེ་ཤེས་རྒྱལ་གྱུར་ཅིག །
༤
ཏ་ཐྰ་ག་ཏའི་བསྟན་པའི་ལུང་རྟོགས་འཛིན།།
ཐ་སྙད་རིག་པའི་ཕྱག་རྩོམ་རྒྱུན་དུ་སྐྱོང་།།
ད་ལྟའི་སེམས་ཅན་མགོན་གྱུར་ཧེ་རུ་ཀ །
ནྰ་ག་ཛུ་ན་གཉིས་པར་རྒྱལ་གྱུར་ཅིག །
༥
པ་ར་མི་ཏའི་ཕྱིན་དྲུག་སྤྱོད་པར་འཇུག །
ཕ་མ་གཉིས་མེད་རྒྱུད་སྡེའི་གསང་བས་གྲོལ།།
བ་ལུའི་དྲི་བཟང་ལྷན་སྐྱེས་མངའ་བ་ལྟར།།
མ་ལུས་འགྲོ་མགོན་ཀླུ་སྒྲུབ་གཉིས་པར་རྒྱལ།།
༦
ཙ་རུར་མཇལ་ན་མ་འདྲིས་མཛའ་བཤེས་མཆོག །
ཚ་སྲེག་སྡང་ཞུགས་དབེན་པའི་བྱམས་བརྩེའི་བདག །
ཛ་ཡའི་བསྟན་པར་བཤད་སྒྲུབ་ལེགས་མཛད་པའི།།
ཝ་གི་ཤྭ་རའི་རྣམ་སྤྲུལ་རྒྱལ་གྱུར་ཅིག །
༧
ཞྭ་བཟང་པད་སྤུངས་བསྣམས་པའི་སྔ་འགྱུར་པ།།
ཟ་འོག་བེར་སྨུག་གསོལ་བའི་སྤྲུལ་པའི་སྐུ།།
འ་ཅག་འགྲོ་ཁམས་འདྲེན་པའི་དེད་དཔོན་མཆོག །
ཡ་མཚན་ཀུན་བཟང་བླ་མ་རྒྱལ་གྱུར་ཅིག །
༨
ར་རུར་འཁོར་བའི་ཆོས་ལ་འཁྲུལ་བ་ཞིག །
ལ་རྒྱའི་བྱང་ཆུབ་སེམས་ལ་མངའ་དབང་འབྱོར།།
ཤ་ཆང་བདུད་རྩིར་རོལ་བའི་རྡོ་རྗེ་འཆང་།།
ས་ཐོབ་སེམས་དཔའ་ཆེན་པོ་རྒྱལ་གྱུར་ཅིག །
༩
ཨ་རིག་ཡེ་སངས་རྒྱས་བའི་རྒྱལ་བ་དངོས།།
ཧ་ཅང་སྙིགས་མའི་དུས་ཀྱི་སྐྱབས་མགོན་མཆོག །
ཨི་ལྡན་དབྱངས་གསལ་གཏེར་ལ་དབང་འབྱོར་པའི།།
ཨུ་རྒྱན་རིག་འཛིན་བརྒྱུད་པའི་ཐུགས་སྲས་རྒྱལ།།
༡༠
ཨེ་མ་བསྟན་སྲིད་མཁྱེན་པའི་ཡེ་ཤེས་རྗེ།།
ཨོ་ཌི་ཡ་ནའི་བསྟན་པའི་རྒྱུད་འཛིན་པ།།
ཀླུ་སྒྲུབ་གཉིས་པ་ཁྲག་འཐུང་གླིང་པ་ཡི།།
ཕྲིན་ལས་རྒྱ་མཚོའི་དཔལ་ཡོན་རྒྱལ་གྱུར་ཅིག །
༡༡
རྟེན་འབྱུང་སྒྱུ་མའི་གནད་ལ་མངའ་དབང་འབྱོར།།
མ་རིག་ལས་ཉོན་མནར་བའི་སེམས་ཅན་ཕྱིར།།
མ་ལུས་འགྲོ་ཀུན་འདྲེན་པའི་ཐུགས་དམ་ཅན།།
ཀླུ་སྨྱོན་ཧེ་རུ་ཀ་དཔལ་རྒྱལ་གྱུར་ཅིག །
༡༢
སྡང་བའི་དགྲ་བགེགས་ཞི་འཛུམ་མདངས་ཀྱིས་བསུས།།
བྱམས་པའི་གཉེན་ལ་བློ་སྙིང་སྲོག་གསུམ་གཏད།།
ཆོས་དཔལ་རིག་ལམ་གནས་ལུགས་ལེགས་གཟིགས་པའི།།
མཁས་གྲུབ་ཧེ་རུ་ཀ་དཔལ་རྒྱལ་གྱུར་ཅིག །
༡༣
སྙིང་རྗེ་ཆེན་པོས་འགྲོ་ཁམས་དོང་ནས་སྤྲུགས།།
ཤེས་རབ་ཆེན་པོས་རྨོངས་མུན་ཀུན་ནས་བསལ།།
རྫོགས་པ་ཆེན་པོའི་རྣལ་འབྱོར་བྱ་བྲལ་བ།།
ཀླུ་སྒྲུབ་གཉིས་པའི་བཞེད་དོན་ལྷུན་གྲུབ་ཤོག །
ཅེས་པ་རབ་རྒྱན་ཆུ་སྦྲུལ་ས་ག་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན་རྨི་ལམ་ཡ་མཚན་ཅན་དུ་མ་རྨིས་པའི་སྣང་འཆར་དང་ཁ་བརྡ་དྲ་བ་སོགས་སུ་ཀླུ་སྒྲུབ་གཉིས་པ་ནི་ཀླུ་སྨྱོན་ཧེ་རུ་ཀ་ལ་བརྗོད་ན་མི་འོས་པ་སོགས་ཟེར་བའི་རྐྱེན་བྱས་ནས་གང་དྲན་དུ་ཉི་ཤར་སྐབས་སུ་མགོན་པོ་གང་ཉིད་སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཏུ་རིག་འཛིན་ཨེ་མ་ཧོས་དབྱིན་ཡུལ་ཨེ་ཝྃ་རྫོགས་ཆེན་ཆོས་ཚོགས་ཁང་དུ་བྲིས་པར་དགེའོ།།
ཨེ་མ་ཧོས།
ཀླུ་སྒྲུབ་གཉིས་པ་ཀླུ་སྨྱོན་ཧེ་རུ་ཀ་ལ་བསྔགས་པ་དབྱངས་གསལ་རིན་ཆེན་ཕྲེང་བ་ཞེས་བྱ་བ་ལས།
༡
ན་མོ་མ་ཧཱ་གུ་རུ་ནཱ་ག་ཛུ་ན་ཧེ་རུ་ཀ་ཡེ།
འཕགས་པའི་ཡུལ་དུ་ཀླུ་སྒྲུབ་སྙིང་པོའི་གར།།
གངས་རིའི་ལྗོངས་སུ་ཀླུ་སྨྱོན་ཧེ་རུ་ཀ །
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་གྱུར་ཅིག །
༢
ང་ཡི་ཆོས་མཆེད་དམ་པར་རྒྱལ་གྱུར་ཅིག །
༣
ཉ་གང་ཟླ་ལྟར་ཡེ་ཤེས་རྒྱལ་གྱུར་ཅིག །
༤
ད་ལྟའི་སེམས་ཅན་མགོན་གྱུར་ཧེ་རུ་ཀ །
ནྰ་ག་ཛུ་ན་གཉིས་པར་རྒྱལ་གྱུར་ཅིག །
༥
མ་ལུས་འགྲོ་མགོན་ཀླུ་སྒྲུབ་གཉིས་པར་རྒྱལ།།
༦
ཝ་གི་ཤྭ་རའི་རྣམ་སྤྲུལ་རྒྱལ་གྱུར་ཅིག །
༧
ཡ་མཚན་ཀུན་བཟང་བླ་མ་རྒྱལ་གྱུར་ཅིག །
༨
ཤ་ཆང་བདུད་རྩིར་རོལ་བའི་རྡོ་རྗེ་འཆང་།།
ས་ཐོབ་སེམས་དཔའ་ཆེན་པོ་རྒྱལ་གྱུར་ཅིག །
༩
ཨུ་རྒྱན་རིག་འཛིན་བརྒྱུད་པའི་ཐུགས་སྲས་རྒྱལ།།
༡༠
ཀླུ་སྒྲུབ་གཉིས་པ་ཁྲག་འཐུང་གླིང་པ་ཡི།།
ཕྲིན་ལས་རྒྱ་མཚོའི་དཔལ་ཡོན་རྒྱལ་གྱུར་ཅིག །
༡༡
མ་ལུས་འགྲོ་ཀུན་འདྲེན་པའི་ཐུགས་དམ་ཅན།།
ཀླུ་སྨྱོན་ཧེ་རུ་ཀ་དཔལ་རྒྱལ་གྱུར་ཅིག །
༡༢
ཆོས་དཔལ་རིག་ལམ་གནས་ལུགས་ལེགས་གཟིགས་པའི།།
མཁས་གྲུབ་ཧེ་རུ་ཀ་དཔལ་རྒྱལ་གྱུར་ཅིག །
༡༣
རྫོགས་པ་ཆེན་པོའི་རྣལ་འབྱོར་བྱ་བྲལ་བ།།
ཀླུ་སྒྲུབ་གཉིས་པའི་བཞེད་དོན་ལྷུན་གྲུབ་ཤོག །
ཅེས་པ་རབ་རྒྱན་ཆུ་སྦྲུལ་ས་ག་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན་རྨི་ལམ་ཡ་མཚན་ཅན་དུ་མ་རྨིས་པའི་སྣང་འཆར་དང་ཁ་བརྡ་དྲ་བ་སོགས་སུ་ཀླུ་སྒྲུབ་གཉིས་པ་ནི་ཀླུ་སྨྱོན་ཧེ་རུ་ཀ་ལ་བརྗོད་ན་མི་འོས་པ་སོགས་ཟེར་བའི་རྐྱེན་བྱས་ནས་གང་དྲན་དུ་ཉི་ཤར་སྐབས་སུ་མགོན་པོ་གང་ཉིད་སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཏུ་རིག་འཛིན་ཨེ་མ་ཧོས་དབྱིན་ཡུལ་ཨེ་ཝྃ་རྫོགས་ཆེན་ཆོས་ཚོགས་ཁང་དུ་བྲིས་པར་དགེའོ།། ་་་་་་་་་་ཟེར་བ་འདིས། དིང་སང་གི་བོད་པའི་བླ་མའི་རྫུན་རྐུབ་ཚང་མ་འདིར་སྟོན་མི་འདུག་གམ། ལགས།
ཨོ་ཡ་ད་ནི་ཚང་མ་སྨྱོན་མར་ཆགས་སོང་ལགས།
བསྟོད་པ་གཏོང་ཤེས་ཀྱི་མིན་འདུག ཨེ་མ་ཧོ་རང་རེད། ཨེ་མ་ཧོ་ཨེ་མ་ཧོ་ཟེར། བསྟོད་པ་འདུག་སེ་བྲི་དགོས་རེད།
ཤ་ཀྱ་མུ་ནེས་བཤེས་གཉེན་ཆེན་པོར་གསོལ།
ཉིན་ཚན་ཀུན་དུ་ཁྱེད་ལ་ཞབས་ཏོག་ཞུས།
ཀླུ་སྒྲུབ་ཆེན་པོས་རིགས་པའི་རྒྱལ་པོར་བཀུར།
བསྟན་པའི་བདག་པོ་ཀླུ་སྨྱོན་ཞབས་བརྟན་གསོལ།
ཨུ་རྒྱན་པད་མའི་རྩ་བའི་བླ་མར་བྱོན།
དགའ་རབ་རྡོ་རྗེར་ཨ་རིའི་དགོངས་པ་སྤྲད།
བེ་རོ་ཙ་ནའི་གསང་བའི་སློབ་དཔོན་མཆོག
རྙིང་མའི་མངའ་བདག་ཀླུ་སྨྱོན་ཞབས་བརྟན་གསོལ།
ས་སྐྱའི་གོང་མ་ལྔ་ཡི་དབུ་བླར་གཤེགས།
གསང་སྟོང་ཟུང་འཇུག་ཁྱེད་ལས་རྒྱུད་པ་ཡིན།
ཁྱེད་ཀྱི་དྲིན་ལས་ས་སྐྱའི་རིགས་བརྒྱུད་འཕེལ།
འདྲེན་མཆོག་ས་སྐྱའི་བདག་པོར་ཞབས་བརྟན་གསོལ།
ཀླུ་སྒྲུབ་གཉིས་པ་ཟེར་བ་གད་མོ་ཤོར་བའི་གནས་རང་རེད། ལུང་རྟོགས་ཀྱི་ཡོན་ཏན་ཇི་འདྲ་ཞིག་ཡོད་ན་ཀླུ་སྒྲུབ་དང་མཉམ་པ་ཆགས་ཀྱི་ཡོད་མེད་ཤེས་ཀྱི་ཡོད་ས་མ་རེད།
འདིར་གོ་རྒྱུ་ཅན་ཞིག་བྲིས་འདུག ས་སྐྱ་སང་ལ་འཇམ་དཔལ་དབྱངས་དང་། རྒྱལ་བ་རིན་པོ་ཆེ་ལ་སྤྱན་རིས་གཟིགས། ཀརྨ་པ་གུ་རུ་རིན་པོ་ཆེ། བོན་པོ་སངས་རྒྱས་སུ་འདོད་པ་ལ་བལྟས་ན་དགྱེས་རྡོར་རང་ངོས་ནས་ཀླུ་སྨྱོན་ཀླུ་སྒྲུབ་འཛིན་པ་རེད། དེ་ལ་སྐྱོན་གང་ཡང་མི་འདུག ས་སྐྱ་གོང་མ་དང་། འཁྲུལ་ཞིག་རིན་པོ་ཆེ་སོགས་ས་དགེ་བཀའ་རྙིང་གི་བླ་མ་མང་པོ་ཞིག་གིས་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ་ཞེས་ཡོངས་གྲགས་སུ་ངོས་འཛིན་ཐོབ་བཞག ཀླུ་སྨྱོན་ཁོ་རང་ལ་ཡང་ཤེས་ཡོན་དང་ལྷག་བསམ་ཨོ་ཙམ་འདུག དགྱེས་རྡོར་གྱིས་གསོན་དུས་འདི་ལྟར་འབྲི་ནུས་པ་སྤོབས་པ་ཞིག་ཏུ་མཐོང་ངོ་།
ངས་ཀྱང་འདིར།
སྐུ་ཚེ་བརྟན་ཅིང་བཞེད་དོན་འགྲུབ། །
རིས་མེད་བསྟན་པའི་རྒྱལ་མཚན་བསྒྲེངས། །
སྙན་ངག་རིག་པའི་རྒྱལ་པོ་ཉིད། །
འཇིག་རྟེན་རྒྱན་ཏུ་མཛེས་གྱུར་ཅིག །
ཁྱེད་ཀྱི་དྲིན་ལས་ས་སྐྱའི་རིགས་བརྒྱུད་འཕེལ། །
འདི་མ་གཏོགས། བསམ་ཤེས་ཀྱིས་ཡག་པོ་བྲིས་འདུག ཧཧཧཧ།
སྡོམ་གསུམ་ཁྲིམས་ཀྱིས་ཐུགས་རྒྱུད་རབ་ཏུ་ཕྱུག།
ལྟ་བ་རྟེན་འབྱུང་སྤྱོད་པ་འཚེ་མེད་པས།།
གངས་རིའི་ལྗོངས་ཀྱི་ཀླུ་སྒྲུབ་གཉིས་པ་སྟེ།།
ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོར་མཆོད།།
མགོན་པོ་ཀླུ་སྒྲུབ་གཉིས་པ་བརྗོད་པ་ལས་དགེ་འདུན་ཆོས་འཕེལ་གཉིས་པ་ཟེར་ན་ལན་པ་འདུག
ཀླུ་སྒྲུབ་གཉིས་པའི་རི་བོང་ར་ཅོ་དེ། །
དགེ་ཆོས་གཉིས་པའི་རུས་སྦལ་སྤུ་ནང་བཏུམ། །
བླུན་པོས་བསྟོད་ཚིག་མ་ཤེས་ན་མཁས་པས་སྨོད་ཚིག་དོན་ལ་དགའ། ཟེར་བ་ལྟར་ཡང་དཔལ་དགྱེས་བསྟོད་ཚིག་བྲིས་ཁུལ་འདིས་ཀླུ་སྨྱོན་རྩོམ་པ་པོ་མདུན་ནས་ཕྱག་ལེན་ཞིག་འབྲི་རྒྱུ་རེ་བ་ལས་མེད། ཀླུ་སྨྱོན་ཁྱོད་ཀྱིས་ཁོང་ལ་བསྟོད་རྩོམ་བྲིས་པ་ཡིན་ན་ངེས་པར་དུ་ཁོས་ཡང་བོད་ལ་གཏོང་འཆར་དང་ང་ལ་རྩོམ་པ་པོས་འདི་ལྟར་བྲིས་ཡོད་ཟེར་རྒྱུ་གདོན་མི་ཟ། དཔལ་མཇེ་ལགས་བདེ་མོ་བྱོས
ཧ་ཧ་ཧ།
རིགས་ཚོགས་དྲུག་མདུན་དུ་ཞོགས་དང་། ཀླུ་སྒྲུབ་ཡིན། ཀླུ་སྨྱོན་དེ་དུས་གོ།་ ཧཧཧཧཧ
པ་ར་མི་ཏའི་ཕྱིན་དྲུག་སྤྱོད་པར་འཇུག ། ཞེས་པ། པཱ་ར་མི་ཏཱའི་ཕྱིན་དྲུག་སྤྱོད་པར་འཇུག ། ཅེས་དགོས།
ཝ་གི་ཤྭ་རའི་རྣམ་སྤྲུལ་རྒྱལ་གྱུར་ཅིག ། ཞེས་པ། ཝཱ་གཱི་ཤྭ་རའི་རྣམ་སྤྲུལ་རྒྱལ་གྱུར་ཅིག ། ཅེས་དགོས།
་
བོད་མིང་ཚིག་ཁ་ཤས་ལ་ཡང་ཁ་སྐད་ཤོར་ཡོད་པ་བཏང་སྙོམས་སུ་བཞག་གོ །
དོན་གྱི་སྒོ་ལྕགས་མཁྱིད་གང་ལ།།དཔེ་ཡི་ལྡེ་མིག་ཁྲུ་གང་ཙམ།།ཞེས་པ་ལྟར་དཔེ་དང་དོན་གཉིས་ཁྱད་ཆེན་པོ་འདུག །མ་གཞི་ནས་ཚིག་སྦྱོར་ཡག་གི །
ཀླུ་སྨྱོན་ནི་ཆོས་ལུགས་ཀྱི་ཆགས་སྡང་དང་མི་རིགས་ཀྱི་རིས་འཛིན་ཀླད་རྙིང་གིས་ཞེན་འཛིན་སོགས་མེད་པའི་བློ་རྒྱ་ཐུགས་རྒྱ་མདའ་ཤོང་མདུང་ཤོང་གི་མི་བུ་གཅིག་ཡིན་པར་དྲ་རྒྱར་ཉུལ་བ་ལ་བརྟེན་ནས་ཤེས་སོང། སྔོན་མ་ཁོང་རྙིང་མ་དེ་ནས་དགེ་ལུགས་དེ་ནས་སླར་རྙིང་མའི་སྤྲ་སྐུ། དེ་ནས་ད་ལྟ་ས་སྐྱ་སོགས་རིས་སུ་མ་ཕྱེས་པའི་སྐྱེ་བོ་ཞིག་ཡིན་པར་མཐོང་སོང། འོན་ཀྱང་ཁོང་ལ་བསྟོད་པ་འདི་འབྲི་བ་པོ་འདི་ཡིས་དེ་ཙམ་དགའ་སྣང་མ་བྱུང། ཁོང་ལ་བསྟོད་པ་འབྲི་བ་པོ་བེ་རུ་དང་ལེགས་བཤད་ལྷག་བསམ་ལས་སོགས་ཞིག་ཡིན་ན་དངོས་གནས་དགའ་བོ་ཞིག་འབྱུང་ས་རེད། འོན་ཀྱང་མི་བུ་ཆགས་སྡང་གིས་རབ་ཏུ་བཟི་བའི་སེར་མིག་ཅན་འགས་ཁོང་ལ་དགག་པ་བྱེད་པ་ནི་སྤྱི་ཚོགས་ཞིག་གིས་འགྲོ་སྟངས་ལས་དེ་ལས་ཧ་ལས་ཧོན་འཐོར་དགོས་པ་གང་ཡང་མ་མཐོང་ངོ།
ཀླུ་སྨྱོན་ཁྱེད་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད།
ཀླུ་སྨྱོན་ལགས་ཀྱིས་བཀའ་གདམས་པ་གསར་མའི་གདན་སར་ཕྱིན་པ་དང་། དེ་ནས་རྙིང་མའི་སྤྲུལ་སྐུར་ངོས་འཛིན་བྱུང་བ། དེའི་སྟེང་དུ་ས་སྐྱའི་ཆོས་འཁོར་ལ་བཞུགས་སོགས་བདེན་པ་ཡིན་ན། དངོས་གནས་རིས་མེད་ཡག་པོ་ཅིག་རེད་སྙམ་ལགས། དེ་མིན་ཆོས་གྲོགས་གཅིག་གིས། ཀླུ་སྨྱོན་ཧེ་རུ་ཀ་ཡིན་པ་དང་། ཀླུ་སྒྲུབ་གཉིས་པ་ཡིན་པ་སོགས་ཀྱིས་བསྟོད་ན། མ་མཁན་བྱུང་ནའང་དེ་ཡང་བདེན་པ་ཡོད་རེད་སྙམ་ལགས།
ཇོ་ནང་པའི་ཀུན་མཁྱེན་དོལ་པོ་པ་དང་། འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་ལ། ཀླུ་སྒྲུབ་གཉིས་པ་ཞེས་མཚན་གསོལ་བ་མ་གཏོགས་ཀླུ་སྒྲུབ་གཉིས་པ་ཀླུ་སྨྱོན་ཟེར་ན་གད་མོ་འཆོར་བའི་གནས་སོ།
དེང་སྐབས་འདི་འདྲའི་གཏམ་རྒྱུད་དེ། མ་འོངས་ལོ་རྒྱུས་ཁྲོད་འཕྱ་སྨོད་ཀྱི་མཚན་གཞི་འཇོག་ས་ཞིག་ཆགས་འདུག
མི་འདི་རྣམས་དཀོར་གྱིས་ཚིམ་ན་རང་ཉིད་སངས་རྒྱས་ཡིན་ཞེས་ཀྱང་སྨྲ་བར་ཐེ་ག་ལ་ཚོམ། འདི་ཚོ་སངས་རྒྱས་བསྟན་པ་ནུབ་པའི་སྔ་སྟས་ཤིག་ཀྱང་མིན་འགྲོ། དཀོན་མཆོག་མཁྱེན།
ཁོང་གི་དེ་རིང་གི་པར་ལ་ལྟས་སྐབས་། དངོས་གནས་རབ་བྱུང་ཡང་དག་ཅིག་རེད་འདོད་།
ན་མོ་མ་ཧཱ་གུ་རུ་ནཱ་ག་ཛུ་ན་ཧེ་རུ་ཀ་ཡེ། ཞེས་པ་དེ། ན་མོ་མ་ཧཱ་གུ་རུ་ནཱ་གཱ་རྗུ་ན་ཧེ་རུ་ཀཱ་ཡ ཞེས་སོ།
ཀ་དག་ཆོས་སྐུའི་ངོ་བོ་ཧེ་རུ་ཀ་།
ཁ་བའི་ལྗོངས་ཀྱི་བུ་རྒོད་ཧེ་རུ་ཀ་།
གངས་ལྗོངས་བརྩམས་ཀྱི་འགྲན་བྲལ་ཧེ་རུ་ཀ་།
ང་ཡིས་སྙིང་གི་ནོར་བུ་ཧེ་རུ་ཀ་།
༢༡༽ ེསེང་སྟག་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༩ གི་ཆུ་ཚོད་ ༢ སྐར་མ་ ༡༠
ཀ་དག་ཆོས་སྐུའི་ངོ་བོ་ཧེ་རུ་ཀ་།
ཁ་བའི་ལྗོངས་ཀྱི་བུ་རྒོད་ཧེ་རུ་ཀ་།
གངས་ལྗོངས་བརྩམས་ཀྱི་འགྲན་བྲལ་ཧེ་རུ་ཀ་།
ང་ཡིས་སྙིང་གི་ནོར་བུ་ཧེ་རུ་ཀ་།
ལན་དུ།
ཀ་དག་ཆོས་སྐུའི་ངོ་མེད་ཧེ་རུ་ཀ །
ཁ་བའི་ལྗོངས་ཀྱི་རྨུག་རྒོད་ཧེ་རུ་ཀ །
གངས་ལྗོངས་བརྩོམ་གྱི་གྲལ་མཐར་ཧེ་རུ་ཀ །
ང་ཡི་སྙིང་གི་ནོར་རུལ་ཧེ་རུ་ཀ །
ཅ་དག་དགེ་སློང་ཡང་དག་ཧེ་རུ་ཀ །
ཆ་ཤས་ཡོངས་རྫོགས་བྱང་སེམས་ཧེ་རུ་ཀ །
ཇ་ཆང་འདོད་པས་མ་གོས་ཧེ་རུ་ཀ །
ཉ་གང་ཟླ་བཞིན་ཀུན་བཟང་ཧེ་རུ་ཀ །
དཔལ་འཇེས་བསྟོད་རྩོམ་བྲིས་་་་་དེ་ལ་པདྨས་མཆན་བུའི་སྒོ་ནས་ཡང་ཡང་བསྟོད་་་་་་་ས་འོག་གི་དར་ཐག་གཅིག་ཏན་ཏན་འཐེན་འདུག འོ་རྩེད་མོ་ཞུས་ཡིན་ཀླུ་སྨྱོན་ལ་བསྟོད་པ་གནང་བ་དེ་ལ་ངས་ཀྱང་མོས་མཐུན་ཡོད།
༢༣༽ པདྨ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༩ གི་ཆུ་ཚོད་ ༤ སྐར་མ་ ༢༥
ཅ་དག་དགེ་སློང་ཡང་དག་ཧེ་རུ་ཀ །
ཆ་ཤས་ཡོངས་རྫོགས་བྱང་སེམས་ཧེ་རུ་ཀ །
ཇ་ཆང་འདོད་པས་མ་གོས་ཧེ་རུ་ཀ །
ཉ་གང་ཟླ་བཞིན་ཀུན་བཟང་ཧེ་རུ་ཀ །
ལན་དུ།
ཅ་དག་དགེ་སློང་ཨ་ཡིན་ཧེ་རུ་ཀ །
ཆ་ཤས་ཡོངས་རྫོགས་བྱང་མེད་ཧེ་རུ་ཀ །
ཇ་ཆང་འདོད་པས་ཆགས་སྲེད་ཧེ་རུ་ཀ །
ཉ་གང་ཟླ་བཞིན་བཟང་གཟུགས་ཧེ་རུ་ཀ །
ད་ལྟའི་འཚོ་བཞུགས་ཡོད་པའི་བོད་རིགས་གང་སུ་ཞིག་ལ་ཡང་། སངས་རྒྱས་རྡོ་འཆང་སྐུ་དངོས་ཧེ་རུ་ཀ་ཡིན་མདོག་དང་། མགོན་པོ་ཀླུ་སྒྲུབ་ཀྱི་ཡང་སྲིད་དམ། ཀླུ་སྒྲུབ་གཉིས་པ་རེད་ཅེས་བསྒྲགས་ན། ངས་ངོ་རྒོལ་མཐར་ཕྱིན་བྱ་རྒྱུ་ཡིན་ནོ། །ཧ་ཧ།
ཀརྡོ་ཟེར་འདི་དེ་འདྲ་ཀླུ་སྨྱོན་དང་རྩོམ་མཁན་ལ་དེ་ལྟར་སྡང་དགོས་དོན་གང་ཡིན་ནམ། ཐོག་མར་ད་ལྟ་འཚོ་བཞུགས་པའི་བོད་མི་ཡོངས་ཀྱི་སྐྱབས་མགོན་སྤྱན་རས་གཟིགས་སྐུ་ཤ་དྲོན་པོ་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་དང་། གཉིས་པ་ས་སྐྱ་དང་ཀརྨ་མ་ནག་རིལ་ལ་ཨོ་རྒྱན་ཕྲིན་ལས། རྡོ་འཆང་གསུམ་པ་དང་དོལ་ཚོགས་ཀྱི་སྣང་བ་མཐས་ཡས་སོགས་ལ་དགག་པར་ཐོངས་དང་བུ་རྒོད་ཡིན། དེ་མིན་ཇོ་ནང་དང་དྭགས་པོ། ཞི་བྱེད། ཀཿ་ཐོག གནས་མདོ་དང་འབྲི་གུང་སོགས་ཀྱི་སོ་སོའི་འདོད་ངོར་བརྗོད་པ་མ་ཡིན་ནམ། དེས་ན་ངས་འདིར་རྒྱ་ཆ་བརྒྱ་ཐམ་པས་རྒྱབ་སྐྱོར་ཡོད་ཞུས་པ་དེ་ཡིན། །
ཏྰ་ལའི་བླ་མ་གཅེས་ཕྲུག་ཧེ་རུ་ཀ །
ཐ་དག་དག་སྣང་ཐོབ་པའི་ཧེ་རུ་ཀ །
ད་ལྟའི་སྙན་ངག་རྒྱལ་པོ་ཧེ་རུ་ཀ །
ནྰ་གྰ་རྫུ་ན་གཉིས་པ་ཧེ་རུ་ཀ །
ཏྰ་ལའི་བླ་མའི་གཅེས་ཕྲུག་ཧེ་རུ་ཀ །
༢༧༽ པདྨ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༩ གི་ཆུ་ཚོད་ ༧ སྐར་མ་ ༡༢
ཀརྡོ་ཟེར་འདི་དེ་འདྲ་ཀླུ་སྨྱོན་དང་རྩོམ་མཁན་ལ་དེ་ལྟར་སྡང་དགོས་དོན་གང་ཡིན་ནམ། ཐོག་མར་ད་ལྟ་འཚོ་བཞུགས་པའི་བོད་མི་ཡོངས་ཀྱི་སྐྱབས་མགོན་སྤྱན་རས་གཟིགས་སྐུ་ཤ་དྲོན་པོ་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་དང་། གཉིས་པ་ས་སྐྱ་དང་ཀརྨ་མ་ནག་རིལ་ལ་ཨོ་རྒྱན་ཕྲིན་ལས། རྡོ་འཆང་གསུམ་པ་དང་དོལ་ཚོགས་ཀྱི་སྣང་བ་མཐས་ཡས་སོགས་ལ་དགག་པར་ཐོངས་དང་བུ་རྒོད་ཡིན། དེ་མིན་ཇོ་ནང་དང་དྭགས་པོ། ཞི་བྱེད། ཀཿ་ཐོག གནས་མདོ་དང་འབྲི་གུང་སོགས་ཀྱི་སོ་སོའི་འདོད་ངོར་བརྗོད་པ་མ་ཡིན་ནམ། དེས་ན་ངས་འདིར་རྒྱ་ཆ་བརྒྱ་ཐམ་པས་རྒྱབ་སྐྱོར་ཡོད་ཞུས་པ་དེ་ཡིན། །
ཏྰ་ལའི་བླ་མ་གཅེས་ཕྲུག་ཧེ་རུ་ཀ །
ཐ་དག་དག་སྣང་ཐོབ་པའི་ཧེ་རུ་ཀ །
ད་ལྟའི་སྙན་ངག་རྒྱལ་པོ་ཧེ་རུ་ཀ །
ནྰ་གྰ་རྫུ་ན་གཉིས་པ་ཧེ་རུ་ཀ །
ཞེས་པའི་ལན་དུ།
ང་ཀླུ་སྨྱོན་ལགས་ལ་མི་དགའ་བ་མེད། འོན་ཀྱང་ཁོང་ཧེ་རུ་ཀ་རེད་དང་། ཀླུ་སྒྲུབ་གཉིས་པ་ཟེར་ཚིག་སྡང་ལགས།
དེས་ན།
པདྨ་་བླ་མའི་གཅེས་ཕྲུག་རྩ་མྱོན་ཀ །
ཅི་ཡང་དག་སྣང་མ་ཐོབ་བླ་གྲལ་ཐོབ། །
ད་ལྟའི་སྙན་དངགས་སྦྱོང་མཁན་ཀླུ་སྨྱོན་ལགས། །
ནྰ་གྰ་ལེན་ཌིའི་ཧི་རོ་གཉིས་པ་ལགས། །
ཧ་ཧ་ཧོ་ཧོ་ཀུ་རེ་ཡིན་ནོ་པདྨ་ལགས།
མིང་གི་རྣམ་གྲངས་མ་ཤེས་ཀརྡོ་ཟེར། །
ཚིག་གི་སྡེབ་སྦྱོར་མ་ཐོན་འདྲ་བཟོ་མཁན། །
ཆོས་ཀྱི་གནས་ལུགས་མ་ཤེས་སྒྲོ་བཀུར་འདེབས། །
དོན་གྱི་གཤིས་ངན་ཁྱོད་ལ་གྱེས་ཕྱག་འཚལ། །
ཀླུ་སྒྲུབ་གཉིས་པ་ཨེ། དཔེ་འཇོག་ས་ཟད་པ་ནི་ཨེ་ཡིན་ན། གང་ལྟར་སོ་སོ་ལ་གྲགས་པ་དགོས་ན་གཅེར་བུར་འདོད་པ་སྤྱོད་བཞིན་པ་དེ་འདྲ་ཐོངས་དང་། བོད་པའི་སྤྱི་ཚོགས་སུ་གྲགས་པ་རྒྱས་ཐག་ཆོད་རེད། ཀླུ་སྒྲུབ་ཞབས་འདིར་དྲུད་མ་ཡོང་རོགས།
ཀ་ཁ་ཤེས་པ་ཙམ་གྱིས། །
ཀླུ་སྒྲུབ་འདྲ་སྣང་ཨེ་ཤར། །
སྤྱོད་པ་ཡ་མ་རླ་འདིར། །
ཀླུ་སྒྲུབ་ཁྲེལ་བ་ཨེ་ཤེས། །
བདག་ལ་བསྟོད་པ་གཞན་ཡོད་ན།།
སྨད་པས་མི་དགའ་ཅི་ཞིག་ཡོད།།
བདག་ལ་སྨོད་པ་གཞན་ཡོད་ན།།
བསྟོད་པས་བདག་དགར་ཅི་ཞིག་ཡོད།།
ཞི་བ་ལྷས་ང་ལ་གནང་བའི་བསླབ་བྱ།
དེང་དུས་སངས་རྒྱས་བསྟན་པ་འདི།
བསླབ་པས་མི་འཛིན་གྲགས་པས་འཛིན།
དུལ་བས་མི་སྐྱོང་འཆལ་བས་སྐྱོང་།
སྙིགས་མའི་དུས་ལ་འདི་བྲིན་ནོ།
འདི་ཡང་བླ་རྒན་ཆེ་གེ་མོས་མ་འོངས་ལུང་བསྟན་ཏུ་གནང་བའི་སྐད་ཆའོ།། ཀུ་རེ་ཡིན།
སངས་རྒྱས་བསྟན་པ་ང་འདྲ་ང་མིན་ཞིག་གིས་འཇིག་ཞེས་པ་དང་། སྡུག་ཅན་དམྱལ་བར་འགྲོ་ཁར་བསོད་ནམས་མེ་ལྟར་འབར་ཟེར་བ་ནི། མཁས་རློམ་རང་མཐོང་ཅན་ཀླུ་སྨྱོན་མིང་ཅན་ལྟ་བུར་ཟེར་བ་འདྲ། ཉིན་ཞིག་༸གོང་ས་རྒྱལ་བོའི་དབང་བོའང་ཞེ་ཁྲལ་བའི་གསུང་ཞིག་འབྱོན་པར་མི་འདིའི་རིགས་ཀྱིས་སྒུག་ནས་བསྡད་ཡོད་པ་འདྲ།
བོན་གྱིས་དམ་ཆོས་ཀུ་རེ་བྱེད། །
བྱམས་པས་རྒྱལ་བར་དམྱལ་དབང་འབར། །
བསོད་ནམས་ཟད་པའི་ཏི་སི་ཡང་། །
ཞེ་འཁོན་སྡིག་པའི་རྭ་ཅོ་བརྡར། །
སྤྱོད་པ་འཆལ་བོ་ཁྱི་དང་ཕག་གི་ཟླ།།
སྐྱ་མིན་སེར་མིན་བསྟན་པའི་སྡང་དགྲ་སྟེ།།
ཀླུ་སྨྱོན་ཁྱི་སྤྱང་འདྲ་བོར་ཀླུ་སྒྲུབ་ཅེས།།
བཏགས་ན་རྐུབ་ནས་གད་མོ་ལྷུག་ལྷུག་ཤོར།།
ཝ་གི་ཤྭ་རའི་རྣམ་སྤྲུལ་རྒྱལ་གྱུར་ཅིག ། ཞེས་པ། ཝཱ་གཱི་ཤྭ་རའི་རྣམ་སྤྲུལ་རྒྱལ་གྱུར་ཅིག ། ཅེས་དགོས།
ཅེས་པར། ལེགས་སྦྱར་ལ་ཚེགས་དགོས་མིན་གཏམ་མང་ཡང་རེ་ཞིག་ཡོད་པའི་ལུགས་སུ་བྱས་ནས།
ཝཱ་གེ་ཤྭ་རའི་རྣམ་སྤྲུལ་རྒྱལ་གྱུར་ཅིག། ཅེས་གའི་རིང་ཆ་དང་ཨི་གཉིས་འབྲེལ་བས་ཨེ་རུ་འགྱུར་བར་ཡིག་རྙིང་རྣམས་སུ་མཐོང་བས་ན། ཁྱེད་ཡིག་རྙིང་ལ་གཙིགས་ཆེར་མཛད་པས་དགོངས་དཔྱད་ཡོད་པ་ཞུ།
དགེ་ཆེ་བློ་བཟང་འཇམ་དཔལ་ལ།། མཉེས་པའི་མཆོད་པར་བསམས་ཏེ་ཕུལ།།
ཨོཾ་ཝྰ་གྰི་ཤྭ་རི་མྰུྃ། ཨོཾ་ཝྰ་ཀྱེ་དཾ་ན་མ་ཞེས་ངག་གི་དབང་ཕྱུག་དང་། ངག་གི་དབྱངས་ཅན་དུ་འབོད་པས་ཨ་ཨུ་འདུས་པས་ཨེ་རུ་འགྱུར་བ་འཇམ་དཔལ་རྩ་རྒྱུད་སོགས་སུ་མ་གྲགས་པ་ཞིག་འདིར་ཝ་གེ་འམ་ཝྰ་གེ་ཞེས་རིག་གཞུང་གང་དུ་གསུངས་འདུག་གམ།
གཡག་རྔའི་རྩེ་མོ་ཞེས་པའི་འདུལ་ལུང་ཡང་། །
ཕུང་གསུམ་བློ་བཟང་བཀྲ་ཤིས་སྣ་ནག་གིས། །
མཚན་མཐུན་ཕོ་ལ་རྒྱོ་བའི་རྟོག་གེ་པས། །
རྐུབ་ཤ་ལྷུག་ལྷུག་ཤོར་བ་ཅི་ཡིས་ནོངས། །
སྐྱ་མིན་སེར་མིན་ཕྱི་བརྫིག་ནང་སྟོང་པ། །
ཀླུ་སྒྲུབ་གཞུང་ལས་ཕྱི་རོལ་གྱུར་པ་ཡི། །
ཆད་སྟོང་བདེན་པར་སྨྲ་བའི་བསྟན་བཤིག་ལས། །
ཀླུ་སྨྱོན་ཧེ་རུ་ཀ་པའི་སྟུག་དྲིས་ལྷག །
ཧ་ཅང་གི་ཐལ་ཆ་མ་ཆེ་ན་དགའ་གི་རེད་སྙམ། འོན་ཀྱང་དད་པ་དག་སྣང་འཁྲུལ་པ་མེད་དེ་འདྲ་ནི་ཉི་མོའི་སྐར་མ་རེད། གཟབ་གཟབ་དོ་ནན་གནང་ཡས་ཧ་ཅང་གི་གལ་ནན་དུ་མཐོང་། ང་སངས་རྒྱས་རློན་པ་ཡིན་ཞེས་བསྒྲགས་རུང་རང་མོས་རེད། འོན་ཀྱང་ཚོད་མཚམས་ཡོད་སྙམ། རང་འདོད་བྱུང་རྒྱལ་ཡིན་ཟེར་ན་དེ་ག་རང་རེད་ཅེས། འོ་ལགས་སོ། བཀའ་གནང་རང་རེད་ཅེས་ཞུ།
༡༽ ཡང་དགོས་སྙིང་ཞིག་ལ། དཔལ་མགོན་ཀླུ་སྒྲུབ་གླིང་འདིར་དངོས་སུ་བྱོན་པའི་ད྄ོགས་གཞི་ཡོད་མཁན་འདྲ་ཡོད་ས་རེད། དེས་ན་དངོས་སུ་བྱོན་པའི་གང་ཟག་ཚད་ལྡན་དམ་པ་ཞིག་ཡིན་ཁུངས་ཁག་ཐེག་ག་རེ་ཡོད་དམ།
༢༽ དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱི་ཟབ་མོ་ལྟ་བ་གཏན་ལ་འབེབས་བྱེད་རིགས་ཚོགས་ཉིང་ཁུ་གང་ཡིན་ནམ། རང་བཞིན་གྱིས་གྲུབ་པས་སྟོང་ཙམ་ནས་ཐ་སྙད་ཚད་གྲུབ་ཇི་ལྟར་འཇོག་གམ། རྫོགས་རིམ་རྫོགས་ཆེན་ཞེས་གསང་སྔགས་གསང་ཟབ་དག་གི་ཁྱད་ཆོས་དང་། སངས་རྒྱས་མ་ཕེབས་གོང་ནས་བོན་བོད་ལ་དར་ཟིན་པས། རྫོགས་རིམ་ལས་རྫོགས་ཆེན་ཆེས་ཟབ་པ་ཨེ་ཡིན་ནམ། དེ་དག་གི་ལུགས་ཀྱི་ཁྱད་པར་ཕྲ་མོ་ནས་ཇི་ལྟར་འབྱེད་དགོས་སམ། བཀའ་ལན་བྱུང་ན་ཐུགས་ཕན་གསོས་པོ་ཞེ་དྲག་ཡོང་ས་རེད་སྙམ།
ད་ཡིན་ན་ཀླུ་སྒྲུབ་གང་འདྲ་ཞིག་གཞི་ནས་བཤད་དགོས་འདུག གང་ཡིན་ན་བོན་པོས་རྐུན་མ་དང་། བན་དེའི་ཤིང་རྟའི་སྲོལ་འབྱེད་དུ་འདོད། དེ་དང་འབྲེལ་བའི་ལྟ་སྒོམ་སྤྱོད་འབྲས་ཀྱང་ཕུལ་ཏུ་བྱུང་བ་ཡོད་པ་རེད། གལ་ཏེ་ཀླུ་སྒྲུབ་ཀྱི་སྤྲུལ་སྐུ་ཡང་དུ་མ་ཞིག་གིས་ཐོབ་ཤོར་བྱས་ཡོད་པ་ཡོངས་གྲགས་རེད། ས་འབྲི་རྩོད་པའི་གཞི་གཅིག་ཀྱང་དེ་ནས་བྱུང་བས་དགེ་འདུན་པས་ནང་འཁྲུག་དམར་གསོད་བྱུང་བ་སོགས་རེད། མདོར་ན་དང་པོ་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་མདོར་བསྡུས་ཞིག་ཞུ།
དེ་ཡང་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་ནང་པའི་བསྟན་པ་དང་དེའི་གཞུང་ལུགས་སོགས་དར་རྒྱས་ཤིན་ཏུ་ཆེ་ཞིང་། འཆད་རྩོད་རྩོམ་སོགས་རིག་པའི་གནས་ལ་མངའ་བརྙས་པའི་མ་ཧྰ་པཎ་ཌི་ཏ་སྨྲ་བའི་དབང་ཕྱུག་ཆེན་པོ་ཆེས་མང་པོ་ཞིག་བྱུང་བ་ལས། མགོན་པོ་ཀླུ་སྒྲུབ། ཨརྱ་དེ་བ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་གླང་། དཔལ་ལྡན་ཆོས་གྲགས། ཡོན་ཏན་འོད། ཤྰཀྱ་འོད་བཅས་བརྒྱད་པོ་འཕགས་ཡུལ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཞེས་འཕགས་ཡུལ་གྱི་མཁས་མཆོག་ཡོངས་ཀྱི་གཙུག་ནོར་དུ་གྱུར་པའི་སྨྲ་བའི་སེང་གེ་ཆེན་པོ་བརྒྱད་བྱོན། དེ་དག་ལས་སློབ་དཔོན་ཀླུ་སྒྲུབ་ཞབས་ནི། འཛམ་བུའི་གླིང་མཆོག་མཛེས་པར་བྱེད་པའི་རྒྱན་གྱི་གཙོ་བོ་དང་། དུས་གསུམ་མཁྱེན་ཅིང་གཟིགས་ནས་ལུང་སྟོན་པའི་ཚད་མའི་སྐྱེས་བུ་ཆེན་པོ་ཤྰཀྱའི་རྒྱལ་པོས་འཕགས་པ་ལང་ཀར་གཤེགས་པ་དང་། འཇམ་དཔལ་རྩ་རྒྱུད། དང་པོའི་སངས་རྒྱས་སོགས་མདོ་སྡེ་དང་རྒྱུད་སྡེ་མང་པོ་ནས་བསྟན་པ་སྐྱོང་བའི་སྐྱེས་བུ་དམ་པ་ཉིད་དུ་ལུང་གི་འཕྲེང་བས་ཉེ་བར་བསྔགས། དེའང་ལང་ཀར་གཤེགས་པའི་མདོ་ལས། ལྷོ་ཕྱོགས་བེེ་དའི་ཡུལ་དུ་ནི། དགེ་སློང་དཔལ་ལྡན་ཆེར་གྲགས་པ། དེ་མིན་ཀླུ་ཞེས་འབོད་པ་སྟེ། ཡོད་དང་མེད་པའི་ཕྱོགས་འཇིག་པ། ང་ཡི་ཐེག་པ་འཇིག་རྟེན་དུ། བླ་མེད་ཐེག་ཆེན་རབ་བཤད་ནས། རབ་དུ་དགའ་བའི་ས་བསྒྲུབས་ཏེ། བདེ་བ་ཅན་དུ་དེ་འགྲོ་འོ། ཞེས་གསུངས། སློབ་དཔོན་འདི་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་སོང་བའི་དུས་སུ་རྒྱ་གར་ལྷོ་ཕྱོགས་བེེ་དརྦྷ་ཡུལ་ན་བྲམ་ཟེ་འབྱོར་ལྡན་ཞིག་གི་ཁྱིམ་དུ་འཁྲུངས་ཤིང་། མཚན་མཁན་ལ་བསྟན་པས་རྟགས་དང་མཚན་མ་བཟང་མོད་ཀྱང་ཞག་བདུན་གྱི་ཚེ་ཚད་ལས་མེད་ཟེར། དེ་ལ་ཅི་ཕན་དྲིས་པས་བྲམ་ཟེ་བརྒྱ་ལ་བསྙེན་བཀུར་བྱས་ན་ཟླ་བདུན་དང་། དགེ་སློང་བརྒྱ་ལ་བསྙེན་བཀུར་བྱས་ན་ལོ་བདུན་ཐུབ་པར་བཤད་པས། དེ་ནས་དེ་བཞིན་བྱས་ཏེ་དགུང་ལོ་བདུན་སོན་པ་ན་ཕ་མ་གཉིས་ཀྱིས་བུ་ཤི་བའི་རོ་མཐོང་བར་མི་བཟོད་པར་གཡོག་དང་བཅས་གཞན་དུ་འཁྱམ་དུ་བཏང་། རིམ་གྱིས་རྒྱ་གར་ཡུལ་དབུས་ཀྱི་དགོན་པ་ཆེ་ཤོས་ནྰ་ལེན་དྲར་ཕེབས་ཏེ་སློབ་དཔོན་བྲམ་ཟེ་ས་ར་ཧ་དང་མཇལ་ནས་ཚེ་དབང་ཞུས་པས་སྐུ་ཚེ་བསྲིངས་ཤིང་གསང་སྔགས་ཀྱི་ཆོས་མང་པོ་གསན། དགོན་པའི་མཁན་པོ་སྒྲ་གཅན་འཛིན་བཟང་པོའི་དྲུང་ལས་བསྙེན་པར་རྫོགས་ཤིང་། མཚན་དགེ་སློང་དཔལ་ལྡན་ཞེས་གསོལ། མདོ་སྔགས་ཀྱི་ཆོས་མང་དུ་གསན་ཏེ་ཐུགས་སུ་ཆུད། བར་སྐབས་ཤིག་ལ་དགེ་འདུན་གྱི་ཞལ་ཏ་པ་མཛད་རིང་ཡུལ་དུ་མུ་གེ་ཆེན་པོ་བྱུང་སྟེ། གླིང་ཕྲན་གཞན་ནས་གསེར་འགྱུར་གྱི་རྩི་བླངས་ནས་གསེར་བཙོངས་པའི་རིན་གྱིས་དགེ་འདུན་ལ་འཚོ་བ་སྦྱར། དེའི་གནས་ཚུལ་དགེ་འདུན་རྣམས་ཀྱིས་གསན་ནས་ཁྱོད་ཀྱིས་དགེ་འདུན་ལ་གནང་བ་མ་ཞུས་པར་ཚོང་བྱས་བ་སྦྱོར་བ་ཆོས་ཁྲིམས་དང་འགལ་ཞེས་སྐབས་དེར་བསླབ་ཁྲིམས་འཆལ་བར་སྤྱོད་པ་སྟོང་ཕྲག་མང་པོ་ཞིག་དང་མཉམ་དུ་གནས་ནས་ཕྱུངས། སློབ་དཔོན་དགུང་ལོ་བརྒྱ་མ་ལོན་ཙམ་ན་སྐལ་བ་དང་ལྡན་པའི་སྐྱེ་བོ་མང་པོ་ཞིག་ལ་སྡེ་སྣོད་གསུམ་གྱི་ཆོས་རྒྱ་ཆེར་འཆད། དེའི་སྐབས་དགེ་སློང་བདེ་བྱེད་ཅེས་བྱ་བས་ཐེག་ཆེན་གྱི་ལྟ་སྤྱོད་གཉིས་ཀ་སུན་འབྱིན་པར་བྱེད་པའི་ཆེད་དུ། རིག་པའི་རྒྱན། ཞེས་བྱ་བའི་གཞུང་ལུགས་འབུམ་ཕྲག་བཅུ་གཉིས་བྱས་པ་དེ་གདུལ་བའི་དོན་དུ་ནྰ་ལེན་དྲར་ཆོས་རྒྱ་ཆེར་གསུངས། དེའི་ཚེ་བྱིས་པ་གཉིས་ཆོས་ཉན་དུ་འོང་པ་ན་དྲི་ཞིམ་པོས་ཁོར་ཡུག་ཀུན་ཁྱབ་པར་གྱུར་ཅིང་། བྱིས་པ་དེ་གཉིས་ཕྱིར་སོང་པའི་ཚེ་དྲི་ཞིམ་པོ་དེ་མེད་པར་གྱུར་པས་ན། དེའི་རྒྱུ་མཚན་དྲིས་པས་བདག་ཅག་ཀླུའི་རྒྱལ་པོ་འཇོག་པོའི་བུ་ཡིན། མི་ཡུལ་དུ་ཡོང་བ་ལ་ཙན་དན་གོར་ཤིར་ཥའི་བསུང་བ་བྱས་པ་ཡིན་ཟེར། ཙན་དན་དེ་བླངས་དུ་ཡོད་དམ་དྲིས་པས། ཡབ་ལ་དྲི་འོ་ཟེར། དེས་ཕ་ལ་དྲིས་པས། ཀླུ་རྒྱལ་གྱིས་སློབ་དཔོན་ཀླུའི་ཡུལ་དུ་འབྱོན་ན་ཕུལ་ཟེར་བར། ཀླུའི་ཡུལ་དུ་གདུལ་བྱ་མཐའ་ཡས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། རྒྱལ་བ་ཐམས་ཅད་ཀྱི་ཡུམ་གཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་མི་ཡུལ་དུ་མེད་པ་སྤྱན་འདྲེན་པ་སོགས་ཀྱི་དགོས་པ་མང་པོ་ཞིག་ཉེ་བར་གཟིགས་ཏེ་སློབ་དཔོན་ཀླུ་ཡུལ་དུ་བྱོན། ཀླུ་མང་པོ་ལ་ཆོས་བསྟན་ནས་ཀླུ་རྣམས་ཤིན་ཏུ་མགུ་བ་གྱུར་ཏེ། ཀླུ་ཡུལ་དུ་བཞུགས་པར་ཞུས་པས། ད་ལྟ་ང་མཆོད་རྟེན་བྱེ་བ་བཞེངས་པའི་འདམ་འཚོལ་བ་དང་། འབུམ་གདན་དྲངས་པར་འོང་པས་བསྡད་མི་ཁོམ། ཕྱིས་འོང་སྲིད་ཅེས་གསུངས་ཏེ། ཀླུའི་འདམ་མང་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་བརྒྱ་པ། གཟུང་མང་པོ་བཅས་སྤྱན་དྲངས་ཏེ་འཛམ་བུའི་གླིང་དུ་བྱོན། དེའི་ཚེ་ཀླུ་རྣམས་ཀྱིས་སློབ་དཔོན་ཀླུའི་ཡུལ་དུ་ངེས་པར་བྱོན་པའི་གཏམ་མར་འབུམ་གྱི་ཞབས་ནས་ཅུང་ཟད་ཙམ་མ་བསྐུར་ཞེས་གྲགས་ཏེ། ཀླུ་ཡུལ་ནས་སྤྱན་དྲངས་པའི་འབུམ་རྒྱས་པ་ལ་རྟག་ཏུ་བུའི་ལེའུ་དང་། ཆོས་འཕགས་ཀྱི་ལེའུ་རྣམས་མེད་པས་བརྒྱད་སྟོང་པའི་གཤམ་གྱི་ལེའུ་གཉིས་པོ་དེ་ཡུམ་རྒྱས་པའི་གཤམ་དུ་སྦྱར་བ་ཡིན་པས། ལེའུ་གཉིས་པོ་དེ་ཡུམ་རྒྱས་བསྡུས་ལ་ཁྱད་ཅུང་ཟད་ཀྱང་མེད་དོ། །
དེ་ནས་ཀླུའི་འདམ་ཡོད་བཞེས་ནས་མཆོད་རྟེན་བྱེ་བ་ཙམ་བཞེངས་པ་དང་ཤེར་ཕྱིན་འབུམ་སོགས་མི་ཡུད་དུ་སྤྱན་དྲངས་པས་མཚན་ཡང་ཀླུ་སྒྲུབ་ཅེས་ཆགས། དེ་ནས་མཉན་ཡོད་ལ་སོགས་པའི་རྒྱ་གར་གྱི་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་གིས་གཙོས་ཕྱོགས་ཐམས་ཅད་དུ་ལྷ་ཁང་དང་མཆོད་རྟེན་མང་པོ་བཞེངས་ཤིང་། རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་གི་མཐའ་སྐོར་དུ་རྡོའི་དྲ་མིག་གི་ར་བ་སྐོར། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་ལྕགས་རིས་བསྐོར་ཞིང་ནང་དུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས། བྱང་སྒྲ་མི་སྙན་དུ་ཕེབས་ནས་འགྲོ་དོན་མཛད། སྒྲ་མི་སྙན་དུ་གཤེགས་པའི་ལམ་དུ་གྲོང་ཁྱེར་ས་ལ་མ་ན་བྱིས་པ་ཛི་ཏ་ཀའི་ལག་རིས་ལས་ཕྱིས་རྒྱལ་པོར་ལུང་བསྟན། སྐུ་ཚེའི་སྨད་ལ་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་བོར་གཙོར་བཞུགས་གནང་སྟེ་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། ལྷག་པར་ཐེག་པ་ཆེན་པོའི་དབུ་མའི་ལྟ་བ་དར་སྤེལ་མཛད་དེ་གདུལ་བྱ་གྲངས་ལས་འདས་པ་ཐེག་པ་ཆེན་པོའི་ལམ་དུ་ཁྲིད་པར་མཛད།
དེ་ལྟར་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ན། བདུད་སྡིག་ཏོ་ཅན་དཔུང་དང་བཅས་ཕྲག་དོག་གིས་མ་བཟོད་པར། སྔར་སློབ་དཔོན་སྒྲ་མི་སྙན་དུ་གཤེགས་སྐབས་ལུང་བསྟན་པའི་བྱིས་པ་དེ་རྒྱལ་པོར་གྱུར་པ་རྒྱལ་པོ་བདེ་སྤྱོད་བཟང་པོ་ཞེས་པའི་བཙུན་མོའི་མངལ་དུ་བདུད་ཀྱིས་ཞུགས་ནས་ཕྱིར་བཙས་པས། དེའི་མིང་དུ་རྒྱལ་པོ་གཞོན་ནུ་ནུས་ལྡན་དུ་གྲགས་པ་ལ། རང་གི་མས་གོས་བཟང་པོ་བསྲུབས་མེད་པ་འཇིག་རྟེན་རྙེད་དཀའ་བ་ཞིག་བྱིན་པས། བུ་ན་རེ། འདི་ལྟ་སྦོས་ལ་ང་རྒྱལ་སྲིད་སྐྱོང་བ་ན་གྱོན་ནོ་ཞེས་ཟེར་བ་ལ་མས། ཁྱོད་ཀྱི་ཡབ་སློབ་དཔོན་ཀླུ་སྒྲུབ་དང་ཚེ་མཉམ་པའི་བཅུད་ལེན་གྲུབ་པས་སློབ་དཔོན་མ་གྲོངས་བར་མི་འཆི། ཁྱོད་ཀྱིས་རྒྱལ་སྲིད་སྐྱོང་བ་མི་ཡོང་ཅེས་བརྗོད་པས། བུ་མྱ་ངན་སྐྱེས་ནས་ངུས་པས་ན། མ་ན་རེ། ངུ་མི་དགོས། སློབ་དཔོན་བྱང་ཆུབ་སེམས་པའི་སྤྱོད་པ་རླབས་པོ་ཆེ་ལ་གནས་པས། དབུ་སློང་ན་སྟེར་བར་གྱུར་ཞིང་། དེར་ཡབ་ཀྱང་འགུམས་པས། ཁྱོད་ཀྱིས་རྒྱལ་སྲིད་ཐོབ་པར་འགྱུར་རོ་ཞེས་སྨྲས་པ་ལྟར། དེས་དཔལ་གྱི་རི་ལ་སློབ་དཔོན་གྱི་དྲུང་དུ་དབུ་སློང་པའི་ཕྱིར་དུ་འོང་། སློབ་དཔོན་གྱིས་ཇི་ལྟར་འདོད་པ་བཞིན་ཆོད་ཅིག་ཅེས་བཀའ་བརྩལ་པ་དང་དེས་རལ་གྲི་ཤིན་ཏུ་རྣོ་བས་བཅད་པས་ཆད་པར་མ་འགྱུར། དེ་ཚེ་སློབ་དཔོན་གྱིས་དེ་ལ་སྨྲས་པ། ང་ཉིད་སྔོན་དགེ་འདུན་གྱི་ཞལ་ཏ་བར་གྱུར་པའི་ཚེ་འཇག་མ་ཞིག་བཅད་པའི་ཞོར་ལ་འབུ་གཅིག་གི་སྐེ་བཅད་པའི་ཉེས་པ་ཡོད་པས་རྩ་ཀུ་ཤས་ཆོད་ཅིག་གསུངས་པ་ལྟར་བྱས་པས་ཆོད། དེའི་ཚེ་སྐུ་ཁྲག་འོ་མའི་རང་བཞིན་དུ་བྱུང་ཞིང་དབུ་དེའི་ཞལ་ནས། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་གྱུར། ཅེས་པའི་ཚིག་བྱུང་བར་གྲགས། དེ་ནས་རྒྱལ་པོ་དེས་སླར་དབུ་འབྱར་གྱི་དོགས་ནས་དཔག་ཚད་གཅིག་ཙམ་དུ་དོར་བ། སློབ་དཔོན་བཅུད་ལེན་སྒྲུབ་པས་སྐུ་ལུས་དང་དབུ་རྡོ་རུ་གྱུར་ཅིང་སླར་རིམ་གྱིས་དབུ་དང་སྐུ་གཉིས་ག་མ་ཉམས་པར་ལོ་རེ་བཞིན་ཇེ་ཉེ་ཇེ་ཉེར་སོང་ནས་མཐར་སྐུ་ལུས་ལ་འབྱར་ནས་སློབ་དཔོན་རང་ཉིད་ཞལ་བཞུགས་དུས་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་པར་གྱུར་བར་གསུངས། མཐར་སྐུ་ཚེ་བསྲིངས་ཏེ་དགུང་ལོ་དྲུག་བརྒྱ་བཞུགས་པར་གྲགས། མདོ་སྔགས་གང་གི་ཆ་ལའང་སྟོན་པ་གཉིས་པ་ལྟ་བུར་གྱུར། ཁྱད་པར་དུ་བདག་ཅག་གི་སྟོན་པའི་དགོངས་དོན་གསལ་བར་བྱེད་པའི་བསྟན་བཅོས་ཀྱི་རྒྱལ་པོ་མང་དུ་བསྐྲུན་པ་ནི། ཐུན་མོང་བའི་བསྟན་བཅོས་དམངས་ལ་གདམས་པ་སྐྱེ་བོ་གསོ་ཐིགས། མཛངས་བློན་ལ་གདམས་པ་ཤེས་རབ་བརྒྱ་པ། ས་བདག་ལ་གདམས་པ། དབུ་མ་རིན་ཆེན་ཕྲེང་བ། གཞན་ཡང་རྩིས་དང་། གསོ་བ་རིག་པ་ལ་སོགས་པའི་བསྟན་བཅོས་མང་པོ་དང་། ཐུན་མོང་མ་ཡིན་པའི་ནང་རིག་པའི་གནས་ཀྱི་བརྗོད་བྱ་གཙོ་བོར་སྟོན་པ་ལ། ལྟ་བ་གཏན་འབེབས་པ་དབུ་མ་རིགས་ཚོགས་དྲུག སྤྱོད་པ་གཙོ་བོར་སྟོན་པ་ལུང་གིས་སྟོན་པ་མདོ་ཀུན་ལས་བཏུས། རྟེན་ཁྱིམ་པའི་སྤྱོད་པ་གཙོ་བོར་སྟོན་པ་བཤེས་སྤྲིངས། རབ་ཏུ་བྱུང་བའི་སྤྱོད་པ་གཙོ་བོར་སྟོན་པ་བྱང་ཆུབ་ཀྱི་ཚོགས། སྔགས་ཀྱི་ཕྱོགས་ལ་ལྟ་སྤྱོད་མདོར་བསྡུས་པ་རྒྱུད་ཀུན་ལས་བཏུས་སོགས་མང་པོ་མཛད་ཅིང་། ཐེག་པ་ཆེན་པོ་དབུ་མ་པའི་ལྟ་བ་སྲོལ་འབྱེད།
འདི་ཉིད་ཀྱིས་ལེགས་པར་གསུངས་པའི་བདུད་བརྩིས་ཉེ་བར་བསྐྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་མཐའ་ཡས་པ་ཞིག་བྱོན་པ་ལས། གཙོ་བོར་གྱུར་པ་སྲས་ཀྱི་ཐུ་བོ་རྣམས་པ་བཞི་སྟེ། ཤྰཀྱ་མི་ཏྲ། ནྰ་ག་བོ་ངྷི། ཨྰརྱ་དེ་བ། མ་ཏིངྐ་པ།ཉེ་བའི་ཐུགས་སྲས་གསུམ་སྟེ། སངས་རྒྱས་བསྐྱངས།ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་བཅས་བདུན་དུ་གྲགས། དེའི་ནང་ནས་ཀྱང་ཟླ་དང་བྲལ་བ་ནི་སློབ་དཔོན་ཨྰརྱ་དེ་བ་སྟེ་འཕགས་པ་ལྷ་ཡིན་ལ། དེ་གཉིས་ལ་ཀླུ་སྒྲུབ་ཡབ་སྲས་གཉིས་དང་གཞུང་ཕྱི་མོའི་དབུ་མ་པར་ཡང་གྲགས།
སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུའི་ཆ་བྱད་ནི་ཞབས་གཡོན་བརྐྱངས་ཤིང་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་དང་། དབུའི་སྟེང་དུ་ཀླུའི་རྒྱལ་པོས་ཕུལ་བའི་སྦྲུལ་གྱི་གདེངས་ཀ་བདུན་གྱིས་བརྒྱན་ནས་བཞུགས་པའོ། །
གཉིས་པ་ཀླུ་སྒྲུབ་གཉིས་པ་ཀླུ་སྨྱོན་ཧེ་རུ་ཀ་ནི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ད་ལྟ་སྐུ་དངོས་སུ་བསྟན་འགྲོའི་དོན་དུ་ལུང་རྟོགས་བཤད་སྒྲུབ་དམ་པས་འཛིན་སྐྱོང་སྤེལ་ནས་འཚོ་བཞེས་པ་འདིའོ། །
ཀླུ་སྒྲུབ་ཞིང་ལ་གཤེགས་དུས་ཟླ་བ་གྲགས་པས་གདུང་ཤུགས་དྲག་པོས་སྨེ་སྔགས་བཏོན་པའི་ཚིག་བཅད་མིག་ཆུ་འཆོར་བ་ཞིག་ཡོད་པ་དེ་འདིར་འདྲེན་མཁན་རེ་ཡོད་དམ།
ཨ་ལགས་དོར་ཞིས་རྒྱ་ཡིག་ནས་བསྒྱུར་པའི་ཀླུ་སྒྲུབ་ཀྱི་ལོ་རྒྱུས་ནང་ཁོང་ཐོག་མར་སྒྱུ་མ་མཁན་ཞིག་ཡིན་ཞིང་། ཁོང་གི་གྲོགས་པོ་སྒྱུ་མ་མཁན་དང་མཉམ་དུ་རང་ལུས་བསྒྲིབས་ཏེ་རྒྱལ་པོའི་ཕོ་བྲང་ནང་སོང་ནས་བཙུན་མོ་མཛེས་མ་ཚོར་འདོད་དགུར་རྒྱོ་བརྒྱབ། མཐར་དམག་མིས་བཙུན་མོ་ཚོའི་ཐད་ཀའི་བར་སྣང་དུ་གྲི་མདུང་གིས་བསྣུན་ཏེ་ཁོང་གི་གྲོགས་པོ་བསད། ཀླུ་སྒྲུབ་དེས་སྐྱོ་ནས་རབ་ཏུ་བྱུང་ཞེས་བྲིས་འདུག ཀླུ་སྒྲུབ་སྒྱུ་མ་མཁན་རྒྱོ་དགའ་དེ་དང་ང་གཉིས་ལ་འདྲ་ས་འདུག་ག ཧཧཧ
མཆན་བུ་བ་རྣམ་པ་ཚོས་དགོངས་པ་བཞེས་རྒྱུར། ཀླུ་སྨྱོན་ལ་དགག་པ་ནི་འདྲེ་ཤར་སྒོར་བཞག་ནས་གླུད་ནུབ་སྒོར་འཕེན་པ་རང་རེད། ཀླུ་སྨྱོན་གྱིས་ང་ཀླུ་གྲུབ་གཉིས་པ་ཡིན་ནམ་ཡང་བཤད་པར་མ་ཐོས་མ་མཐོང། དེས་ན་ཀླུ་སྨྱོན་ཀླུ་གྲུབ་གཉིས་པ་ཡིན་པར་མ་ཤེས་ཤེས་ཁུལ་བྱེད་མཁན་མ་ཡིན་ཡིན་མདོག་བྱེད་མཁན་ལྷ་བླ་མའི་ལུང་བསྟན་ཡིན་མདོག་མི་ཆོས་བླ་མའི་རྫུན་གྱིས་འཁོར་ལོ་བསྐོར་མཁན་ཀླུ་སྨྱོན་ལ་བསྟོད་ཁུལ་བྱེད་མཁན་དེ་རིགས་ལ་དགག་པ་བྱེད་དགོས་པ་རེད། དཔེར་ན། པདྨ་ཟེར་བ་ནི་དཔལ་འཇེ་རང་རེད་ཐོག་མའི་བསྟོད་རྩོམ་འབྲི་མཁན་དེ་དང་ཞབས་སུ་མཆན་འདེབས་མཁན་དེ་གཉིས་མི་གཅིག་པ་རེད། མི་མངོན་གྱི་ས་ཞབས་ནས་དར་ཐག་འཐེན་མཁན་དེ་རེད། ཁོས་འདི་ན་འབྲེལ་མེད་དོན་གཞན་བོན་པོ་རྐུ་མ་ཟེར་སྟངས་འདི་ལ་ལྟོས་དང་སྔར་དཔལ་འཇེས་བོན་ལ་དེ་འདྲ་རང་བཤད་པ་རེད་ལྷ་འདྲེ་ཁོག་བཞུགས་དེ་རིགས་ཀྱིས། ཀླུ་སྨྱོན་ནག་པོ་བཟོ་འདོད་པ་རེད། ངས་གཏམ་དཔེ་གཅིག་བཤད། བཟང་པོ་ལ་དམའ་འབེབས་བྱེད་འདོད་ན། ཁ་བརྡའི་ནང་དུ་བསྟོད་པ་བྲིས། ཟེར་བ་ལྟ་བུ་རེད།
ཀླུ་སྨྱོན་ནི་མི་བུ་བློ་རྒྱ་ཡངས་པོ་བཟོད་སྒོམ་ཆེན་པོ་རིས་མེད་ཀྱི་དག་སྣང་ཡོད་མཁན་ཁ་བརྡའི་ནང་གི་རྩོམ་པ་པོ་དང་མཆན་པ་པོ་གཅིག་པུ་དེ་རེད་ཟེར་ན་ཆོག་པ་འདུག
ཀླུ་སྨྱོན་ཐུགས་སེམས་ནམ་མཁའ་ལ།
ལོག་རྟོག་སྤྲིན་ནག་དཀྲིགས་ན་ཡང།
རང་བཞིན་ཡེ་སྟོང་ཆེན་པོ་ལ།
རྡུལ་ཙམ་གནོད་པ་ཅི་ལ་སྲིད།
སྙིགས་མའི་དུས་འདི་ལ། ཆོས་མིན་བྲིན་ཟང་སིང་བྲིན།། བདེན་པ་མི་བྲིན་རྫུན་པ་བྲིན།། ཟེར་བ་ཀླུ་སྨྱོན་ལྟ་བུ་རེད། ཀླུ་སྨྱོན་གྱིས་རང་གིས་རང་གི་གདོང་ལ་ཐལ་བ་བྱུག་པ་རེད། འདི་ལ་དཀོར་སྙིང་ལ་བབ་པ་འམ། ལྷ་བདུད་དུ་བབ་པ་རེད་ཟེར། མི་ཡི་ཞབས་འདྲེན། ཆོས་བའི་ཞབས་འདྲེན། རང་སྒྲོག་ཆེ་བའི་སྙིང་ཁམས་ཅན་ཁྱེད་ལ་རང་མིན་དན་རྟགས་དམར་བོ་ཞིག་དཔལ་ཀླུ་སྒྲུབ་ཀྱི་བཀའ་སྲུང་རྣམས་ཀྱིས་མི་ཡོང་བ་ཨེ་་་་་་་་་་་་་
ཟང་ཟིང་
ཧེ་མ་ཧོ་ཞེས་པས་ཁྱེད་ལ་བསྟོད་པའི་ཟོལ་གྱིས་ངོ་གདོང་ཆུར་ལ་ཕངས་བ་མ་ཤེས་པའི་རང་སྒྲོག་ཆེ་བ་ཁྱེད་ལ་མ་དགའ་བ་མིན། ཁྱེད་རང་ཚུལ་མཐུན་ལུགས་མཐུན་ཞིག་ཡིན་ཆོག་པ་ལ་བསམ་ཁོ་ནས་གཅེས་པ་ཡིན།
་་་་་་་་ བཙུན་མོ་མཛེས་མ་ཚོར་འདོད་དགུར་རྒྱོ་བརྒྱབ། མཐར་དམག་མིས་བཙུན་མོ་ཚོའི་ཐད་ཀའི་བར་སྣང་དུ་གྲི་མདུང་གིས་བསྣུན་ཏེ་ཁོང་གི་གྲོགས་པོ་བསད། ཀླུ་སྒྲུབ་དེས་སྐྱོ་ནས་རབ་ཏུ་བྱུང་ཞེས་བྲིས་འདུག ་་་་་་་ཟེར།
༤༢༽ པདྨ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༩ གི་ཆུ་ཚོད་ ༢༠ སྐར་མ་ ༡༧
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ སློབ་དཔོན་དཔའ་བོ་བཅས་བདུན་དུ་གྲགས། དེའི་ནང་ནས་ཀྱང་ཟླ་དང་བྲལ་བ་ནི་སློབ་དཔོན་ཨྰརྱ་དེ་བ་སྟེ་འཕགས་པ་ལྷ་ཡིན་ལ། དེ་གཉིས་ལ་ཀླུ་སྒྲུབ་ཡབ་སྲས་གཉིས་དང་གཞུང་ཕྱི་མོའི་དབུ་མ་པར་ཡང་གྲགས།
སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུའི་ཆ་བྱད་ནི་ཞབས་གཡོན་བརྐྱངས་ཤིང་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་དང་། དབུའི་སྟེང་དུ་ཀླུའི་རྒྱལ་པོས་ཕུལ་བའི་སྦྲུལ་གྱི་གདེངས་ཀ་བདུན་གྱིས་བརྒྱན་ནས་བཞུགས་པའོ། །
གཉིས་པ་ཀླུ་སྒྲུབ་གཉིས་པ་ཀླུ་སྨྱོན་ཧེ་རུ་ཀ་ནི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ད་ལྟ་སྐུ་དངོས་སུ་བསྟན་འགྲོའི་དོན་དུ་ལུང་རྟོགས་བཤད་སྒྲུབ་དམ་པས་འཛིན་སྐྱོང་སྤེལ་ནས་འཚོ་བཞེས་པ་འདིའོ། ། ་་་་་་་་་་་་ཟེརརརརརརརརརརརརརརརརརར།
ཨ་ལགས་དོར་ཞི་སུ་རེད། ལགས།
༤༥༽ བན་དེ་བ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༩ གི་ཆུ་ཚོད་ ༢༢ སྐར་མ་ ༢༥
མཆན་བུ་བ་རྣམ་པ་ཚོས་དགོངས་པ་བཞེས་རྒྱུར། ཀླུ་སྨྱོན་ལ་དགག་པ་ནི་འདྲེ་ཤར་སྒོར་བཞག་ནས་གླུད་ནུབ་སྒོར་འཕེན་པ་རང་རེད། ཀླུ་སྨྱོན་གྱིས་ང་ཀླུ་གྲུབ་གཉིས་པ་ཡིན་ནམ་ཡང་བཤད་པར་མ་ཐོས་མ་མཐོང། ་་་ཟེར་བ་ལྟར། ང་ཡང་དེ་ལྟར་འདོད་དོ། །
ཨ་ལགས་དོར་ཞི་སུ་རེད། ལགས།
ལན། ཨ་ལགས་དོར་བཞི་ཟེར་བ་བོད་མདོ་སྨད་ལ་ཞུགས་པའི་མཁས་དབང་ཆེན་པོ་ཞིག་ལགས། ཁོང་གཙོ་བོ་དགེ་ལྡན་པའི་གཞུང་གཟིགས་པ་ཆེ་བ་གང་ཞིག་ལ་ཆོས་རྒྱུད་གཞན་པའི་ཐོག་ལ་ཡང་གཟིགས་རྒྱ་ཆེ་བས་མཁས་པ་ཆེན་པོ་ཞིག་ལ་ངོས་འཛིན་མཛད། ཁོང་ནས་རྒྱ་ཡིག་ཐོག་ལ་ནང་ཆོས་མང་པོ་བསྒྱུར་ཡོད་པ་དང་། ད་དུང་། སུམ་རྟགས་སྙན་ངག་སྒྲ་སོགས་ལ་ལྗགས་རྩོམ་མང་པོ་མཛད་འདུག
སྐུ་ཞབས་པདྨ་ལགས།
ཁྱོད་མ་ཡིན་ཀྱང་ང་ཚོ་མང་བོས་ཀླུ་སྒྲུབ་ཀྱི་རྣམ་ཐར་ཞིབ་མོ་ཤེས་ཀྱི་ཡོད་པས། གོང་གི་རྩོམ་ཉོག་དེ་འདྲ་བ་རང་གཞན་ཀུན་གྱི་དུས་ཚོད་སྟོང་ཟད་དུ་འགྲོ་བའི་རྒྱུ་ལས་ཅང་མ་མཐོང་།
༥༣༽ བསམ་ཤེས་ལགས་ལ། ཐུགས་རྗེ་ཆེ་ཞེས་ཞུའོ།།
འོད་གསལ་ཕེབས་པར་དགའ་ཡོད། ཡིན་ན་ཡང་འདིར་ཁ་ཤར་དང་ཀླུད་ནུབ་ཏུ་འཕེན་པ་ཚོ་ལ་ཕན་དུ་རེ་ནས་མཆན་ཟུར་ཙམ་བརྗོད་པ་ཡིན། མིག་སེར་མཁན་ནི་མ་གཏོགས་སོ། ང་ཡང་འདིར་ཧ་ལས་དགོས་པ་ཞིག་ལ་ཀླུ་སྨྱོན་ཧེ་རུ་ཀའི་སྐུ་ཚེ་གོང་བོར་ཆོས་དང་གང་ཟག་གང་སུ་ཞིག་ལ་ཡང་ངན་སྨྲས་དང་སུན་འབྱིན་བྱས་མྱོང་མེད་ཀྱང་། འདིར་མིང་ཙམ་གྱི་ཕག་ཏུ་ཡུབ་མཁན་གྱི་གདོན་གཟུགས་དེ་ཚོ་སུན་འབྱིན་པ་ཙམ་ཡིན་ནོ། །
འོད་གསལ་ལགས་ལ་ཞུ་བསྐུལ་དུ་མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར་ཞིབ་མོ་ཤེས་པ་ཡོད་གསུང་འདུག བདག་གི་རྩོམ་ཉོག་དེ་འདྲ་མིན་པར་རང་གཞན་ཀུན་ལ་དུས་ཚོད་དོན་ལྡན་གྱི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་ཞིབ་ཅན་ཞིག་ཕྲིས་དང་དགེ་བ་ཞིག་མིན་ནམ། རྒྱ་ནག་ཡིག་ཐོག་ཡོད་པ་དང་བོད་རང་གིས་བཤད་པ་ཚོ་དང་རྒྱ་གར་བཤད་སྲོལ།་བསྟན་འགྱུར་ཁྲོད་ནས་བྱུང་བའི་ལོ་རྒྱུས་དག་གོ་སླ་བ། མདོར་བསྡུས་པ་ཞིག་གསུངས་དང་། འོད་གསལ་གྱིས་ཁ་ཤོམ་ཙམ་མིན་པར་ཤེས་ཐུབ། དེ་མིན་་་་་་་་་་
སྐུ་ཞབས་པདྨ་ལགས།
རྒྱ་ནག་གི་སྐད་དུ་བཞུགས་པའི་ཐེག་ཆེན་གྱི་མདོ་སྡེ་དང་བསྟན་བཅོས་ཁ་ཤས་ནི་སྔོན་གྱི་ཧ་ཤང་རྣམས་ཀྱིས་གསར་དུ་བཟོས་སྲིད་པས་ལེགས་པར་བརྟག་དགོས། བོད་སྐད་དུ་བཞུགས་པའི་མདོ་བསྟན་རྣམས་ཁུངས་བཙན། གང་ལགས་ཤེ་ན། རྒྱ་ནག་གི་ལོ་ཙཱ་བ་རྣམས་ལས་བོད་ཀྱི་ལོ་ཙཱ་བ་རྣམས་སྐྱེས་སྦྱངས་ཀྱི་ཤེས་རབ་རླབས་ཆེ་བ་བྱུང་བ་དང་། ལེགས་སྦྱར་གྱི་མིང་ཚིག་རྒྱ་ནག་གི་སྐད་དུ་ཞིབ་ཅིང་ཕྲ་བ་བསྒྱུར་མི་བཏུབ་པ་དག་བོད་སྐད་དུ་ལེགས་པོར་བསྒྱུར་ནུས་པ་བྱུང་བས། རྒྱ་སྐད་དུ་བཞུགས་པའི་གསུང་རབ་རྣམས་ལ་ཡིད་རྟོན་ཆེན་པོ་བྱེད་མི་འོས།
དེ་ཙམ་དུ་མ་ཟད། རྒྱ་ནག་གི་ནང་ཆོས་ལ་མདོ་ཁོ་ན་ལས་སྔགས་མེད་པས་དམན། རྒྱུད་འདི་ཉམས་སུ་མ་ལེན་བར་དུ་མདོ་གཅིག་པོའི་ལམ་དུ་ཞུགས་ན་ཚུལ་ཁྲིམས་རྟུལ་ཞུགས་མཆོག་འཛིན་སོགས་མཐར་འཛིན་གྱི་ལྟ་བའི་འོབས་སུ་ལྷུང་ནས་གསེར་སྒྲོག་གིས་བཅིངས་པ་དང་འདྲ། འོ་ན་རྒྱུད་ཟེར་བ་དེ་གང་འདྲ་ཞིག་ལ་གོ་དགོས་ཟེར་ན། འཛམ་གླིང་གི་ཡུལ་གྲུ་མང་བོར་ཕེབས་ནས་ཞལ་འདེབས་སློང་བྱེད་དུ་རྡུལ་ཚོན་བཞེངས་པ་ཙམ་མ་ཡིན་པར། འདོད་ཡོན་ལམ་དུ་འཁྱེར་ཤེས་པ་ཞིག་ལ་གོ །འོན་ཀྱང་འདོད་ཡོན་འཆོལ་ཉོག་ཏུ་སྤྱད་ན་དེ་ལམ་ཏུ་འཁྱེར་མ་ཤེས་པའི་རྟགས་དང་རྒྱང་འཕེན་པའི་གྲུབ་མཐར་ལྷུང་ཉེན་ཆེ། ཡུལ་དང་དུས་ཀྱི་འཇིག་རྟེན་ན་གྲགས་པའི་ཁྲིམས་དང་ཡ་རབས་ཀྱི་སྲོལ་དང་བསྟུན་ནས་འདོད་ཡོན་སྟེན་་དང་ཁྱིམ་པ་སུན་མི་འབྱིན་པའི་དགོས་པ་ཡོད། དེས་ན་དང་བོ་མདོ་ལམ་ཏུ་ཞུགས། རྗེས་སུ་སྔགས་ལམ་ལ་ཞུགས་པ་ལམ་གྱི་གོ་རིམ་མ་ནོར་བ་ཡིན།
འོད་གསལ་གྱི་མཆན་བུ་༥༨པ་དང་། ༥༩པ་དེ་གཉིས་༸གོང་ས་མཆོག་གི་གསུང་དང་མཐུན། ལེགས་བཤད་དུ་ཡང་སྣང་བས། དེ་དེ་བཞིན་ནོ།།
པད་མ་ལགས།
ངའི་མཆན་ ༤༡ པའི་ཐོག་དྲི་བ་གཉིས་བཀོད་ཡོད། དེ་ལས་ཀླུ་སྒྲུབ་ཞབས་ཀྱི་ལོ་རྒྱུས་ཙམ་ནི་དྲ་རྒྱ་དང་ལོ་རྒྱུས་དཔྱད་གཞི་ཁག་ནང་དེ་ལས་གསལ་བ་མང་པོ་སྔོན་ནས་མཇལ་མྱོང་། དཔལ་མགོན་ཁོང་བྱོན་ནས་བཞུགས་ཡུན་ལོ་ཚིགས་མང་པོ་ལས་ཇི་འཐད་དང་། རིགས་ཚོགས་མཛད་པོ་དང་གྲུབ་ཆེན་བརྒྱད་ཅུའི་ཁོངས་ཀླུ་སྒྲུབ་ཁྱད་པར། དཔལ་གསང་བསྡུས་རྫོགས་རིམ་ལས་ལྷག་པའི་རྫོགས་ཆེན་ཟུར་ཡོད་ཡིན་མིན་སོགས་མདོ་རྒྱུད་ཀྱི་ཟབ་གནད་གསེད་སྐྲོལ་འཕེར་བ་གང་ཡོད་དམ།
རིགས་ཚོགས་དྲུག་གི་དགོངས་དོན་སློབ་དཔོན་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་གཉིས་བཞེད་མཚམས་ཇི་འཐད་དཔལ་ལྡན་ཟླ་བས་དཔལ་ལྡན་ཚིག་གསལ་དང་འཇུག་པ་རང་འགྲེལ་དང་བཅས་པས་རིགས་རྩལ་སྟོང་གིས་སྒྲུབ་ཚུལ་གང་ཡིན་ནམ། ཐལ་འགྱུར་ཙམ་གྱིས་གནད་ལུགས་སྒྲུབ་སྟངས་དང་མངོན་སུམ་ལ་ཤེས་པ་་ཡིན་མི་དགོས་ཚུལ་འཁྲུལ་ཤེས་ཀྱིས་ཡུལ་དངོས་འཇོག་སྟངས། ཐ་སྙད་པས་ཚད་གྲུབ་འཇོག་ཚུལ། སྟོན་པ་ཉིད་རྟེན་འབྱུང་རང་དབང་གིས་འདོམས་ཚུལ་སོགས་ཀྱི་དཔལ་མགོན་ཀླུ་སྒྲུབ་ཀྱི་ཟབ་གནད་སྙིང་བསྡུས་གང་དང་གང་ཡོད་དམ།
རིགས་ལྡན་རྒྱལ་པོ་དང་མཁན་པོ་འོད་གསལ་ཕེབས་དགའ་ཡོད། རྒྱུ་མཙན་དང་ལྡན་པའི་སྐད་ཆ་ཡིན་ཀྱང་། སྔ་མ་དེ་ཅོ་འདྲི་འདྲ་ཞིག་དང་ཕྱི་མས་གདམས་ངག་འདྲ་ཞིག་བཤད་ཀི་འདུག ད་སྐབས་ང་ལ་ཡང་དུས་ཁོམས་མེད། ཀླུ་སྒྲུབ་གཉིས་པ་བཞུགས་བཞིན་དུ་བླུན་པོ་ང་ལྟ་བུ་དྲི་བ་དག་ནི་ཉི་མ་འཆར་རུང་དམོས་ལོང་གིས་གཟུགས་མི་མཐོང་བ་ལྟ་བུ་མ་སོང་ངམ། རིགས་ལྡན་རྒྱལ་པོ་་་་་་་་་་་གང་ལྟར་དུས་ཁོམས་བྱུང་ན་ལན་ཞིག་འདྲི་ཡོང་། བདེ་མོ་གྱིས།
དཀའ་ཐུབ་ཚུལ་ནི་བཟོད་པ་ཡིན། །གཙོ་བོའི་ཚུལ་ནི་དཀའ་སྤྱོད་ཡིན། །ཤར་བའི་ཚུལ་ནི་དཀའ་བཟློག་ཡིན། །བུད་མེད་ཚུལ་ནི་དཀའ་ཐུབ་ཡིན།
གོང་གི་ཚིགས་བཅད་འདི་དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱི་སྐྱེ་བོ་གསོ་ཐིགས་ལས་བཏུས་པ་ཡིན། དེའི་གོ་དོན་གང་ཡིན་ནམ་ཞེས་པར་བཀའ་ལན་ཡོང་རེ་དང་བཅས།།
པདྨ་ཁོ་ལ་དུས་ཁོམ་གང་ནས་ཡོད། ཆགས་སྡང་རྨོངས་པའི་རྩོམ་སྐྱག་དྲི་ངན་འཐུལ་ལེར་གཏོང་དགོས་རེད།
རྫོགས་ཆེན་པདྨར། ཆགས་སྡང་རྨོངས་གསུམ་རྫོགས། རྫོགས་ཆེན་པདྨར་བུད་མེད་རྫོགས། རྫོགས་ཆེན་པདྨར་་་ཟ་ཉོབ་རྫོགས། རྫོགས་ཆེན་པདྨར་་་ཕྱག་རྒྱ་མ་རྫོགས། ཁྱོད་ལ་རྫོགས་པ་དེ་རེད། དཔེར་ན་ཨོང་རྡོ་བཞིན་ནོ།
མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། །ང་འདས་ལོ་ནི་ཉིས་སྟོང་ན། །གདོང་དམར་ཡུལ་དུ་བསྟན་པ་འབྱུང་། །སྤྱན་རས་གཟིགས་ཀྱི་གདུལ་བྱར་འགྱུར། །དེ་ཡི་བསྟན་པའི་སྙིགས་མ་ལ། །བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ། །ཧེ་རུ་ཀ་ཞེས་བྱ་བ་འབྱུང་། །ཞེས་ལུང་དོན་འགྲེལ་ནས་གང་ལ་སྦྱར་ན་འགྲིག་གམ།
རིགས་ལྡན་རྒྱལ་པོ་པོས་ཐོག་མར་འདིར་གཟིགས། གཟོད་་གཞི་ནས་ལབ་ཆོག་ ཡ]་
@001A ༄༅། །དབུ་མ་ལ་འཇུག་པའི་དགོངས་པ་ཡང་གསལ་སྒྲོན་མེ་ཞེས་བྱ་བ་ཚིག་འགྲེལ་སྤྱི་དོན་མཐའ་དཔྱོད་ཟུང་འབྲེལ་དུ་བཤད་པ་བཞུགས་སོ།། །།
@001B ༄༅༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བྱང་ཆུབ་སེམས་ཀྱི་ས་བོན་ནུས་ལྡན་སྟོང་ཉིད་ལུས་ཕྲའི་མངལ་ཡངས་པོར། །སྦྲུམ་པའི་རྒྱུན་ལས་ཚོགས་གཉིས་གོམས་པའི་ཡན་ལག
ཡོངས་སུ་རྫོགས་པ་ན། །སྒྲིབ་གཉིས་རུས་པའི་དྲ་བས་དམ་འཁྱུད་འཁོར་བའི་སྒོ་ལས་ངེས་ཐར་ནས། །གཏན་བདེའི་དཔལ་ལ་འདོད་རྒུར་སྤྱོད་མཛད་ཟླ་མེད་སྟོན་པ་མཆོག་གིས་སྐྱོངས།།
རིང་མོ་ཉིད་ནས་སྤངས་རྟོགས་ཆ་ཤས་ཀུན། །ཡོངས་སུ་རྫོགས་ཀྱང་ཚེས་པའི་ཟླ་བ་བཞིན། །བྱང་ཆུབ་སྤྱོད་པའི་མཁའ་ལ་རོལ་བ་ཅན། །རྒྱལ་ཚབ་འཇམ་པའི་དབྱངས་ལ་གུས་ཕྱག་འཚལ་
མཐའ་བྲལ་ལྟ་བའི་ས་འཛིན་རྩེར་གནས་ཏེ། །རྟེན་འབྲེལ་སྟོང་པའི་ང་རོ་ཆེར་བསྒྲགས་པས། །དངོས་འཛིན་རི་སུལ་གནས་བཅས་རི་དྭགས་ཚོགས། །སྐྲག་མཛད་ཀླུ་སྒྲུབ་སྨྲ་བའི་སེང་གེ་རྒྱལ། །
སངས་རྒྱས་གཉིས་པའི་དགོངས་པ་ཇི་ལྟ་བར། །འགྲེལ་ལ་འགྲན་པའི་ཟླ་བྲལ་འཕགས་པ་ལྷ༑ །གྲུབ་མཆོག་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས། །ཞི་བ་ལྷ་དང་བཅས་པའི་ཞབས་ལ་འདུད།།
@002A ༄༅། །ཆོས་ཀུན་བདེན་པའི་རང་བཞིན་བྲལ་ཡང་ཐ་སྙད་བྱ་བྱེད་ཆེས་འཐད་པའི། །རྟེན་ཅིང་འབྲེལ་འབྱུང་ཀུནྡའི་ཚལ་རྣམས་རྟག་ཆད་ལྟ་བའི་ཚ་གདུངས་ཀྱིས། །ཅུང་ཟད་ཟུམ་ལ་མངོན་དུ་ཕྱོགས་ཚེ་ལེགས་
བཤད་འོད་དཀར་དཀྱིལ་འཁོར་ཅན། །ཉེ་བར་དྲངས་ནས་ཆེས་ཆེར་འཛུམ་མཛད་ཀུན་མཁྱེན་བླ་མ་བཙོང་ཁ་པ། །མགོན་དེའི་སྲས་ཀྱི་ཐུ་བོ་རྣམ་གཉིས་དང༌། །རིགས་པའི་དབང་ཕྱུག་རྗེ་བཙུན་བསྟན་དང་སོགས། །དངོས་བརྒྱུད་
ཡོངས་འཛིན་རྣམས་ལ་གུས་བཏུད་ནས། །དབུ་མ་འཇུག་པའི་དགོངས་པ་ཡང་གསལ་བྲི། །དེ་ལ་འདིར་རྗེ་བླ་མའི་དགོངས་པ་དང་མཐུན་པར་བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་ནི་ཚིག་འགྲེལ་སྤྱི་དོན་མཐའ་དཔྱོད་གསུམ་གྱི་སྒོ་ནས་
གཏན་ལ་འབེབས་པར་བྱ་སྟེ། འདི་ལ་གཉིས། བསྟན་བཅོས་ཀྱི་སྔོན་དུ་འགྲོ་བ་སྤྱིའི་རྣམ་གཞག་དང༌། སྐབས་སུ་བབས་པའི་གཞུང་དོན་སོ་སོར་བཤད་པའོ། །དང་པོ་ནི། འོ་སྐོལ་གྱི་སྟོན་པ་ཟས་གཙང་གི་སྲས་པོ་དེ་ཉིད་ཀྱིས་
གདུལ་བྱ་རྣམས་ཀྱི་ཁམས་དང༌། བསམ་པ་དང༌། བག་ལ་ཉལ་ཇི་ལྟ་བ་བཞིན་དུ་གཟིགས་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་ཇི་སྙེད་ཅིག་གསུངས་པའི་ནང་ནས་བརྗོད་བྱའི་ངོས་ནས་མཆོག་ཏུ་གྱུར་པ་ནི། ཡུམ་རྒྱས་
@002B འབྲིང་བསྡུས་པ་གསུམ་པོ་ལྟ་བུ་ཡིན་ཏེ། འདིའི་དངོས་བསྟན་ལ་སྟོང་ཉིད་དང༌། སྦས་དོན་ལ་མངོན་རྟོགས་ཀྱི་རིམ་པ་གཉིས་ཡོད་པ་ལས། དང་པོའི་དབང་དུ་མཛད་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་དགོངས་པ་བཀྲལ་ལ། དེའི་ལུགས་རྫོགས་པར་ནི་དཔལ་ལྡན་ཟླ་བ་དང༌། རྗེ་བཙུན་བཙོང་ཁ་
ཆེན་པོས་ཕྱེ་བ་བཞིན་ཏེ། འདིར་ཡང་དེའི་རྗེས་སུ་འབྲང་ནས་རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་འཆད་པར་འགྱུར་བའི་ཕྱིར། འདི་འཆད་པ་ནི་དོན་དང་བཅས་པ་ཡིན་ཏེ། དེ་ཁོ་ན་ཉིད་དེ་ཐམས་ཅད་མཁྱེན་པ་འཐོབ་པ་ལ་རྟོགས་དགོས་པར་མ་ཟད། ཐར་པ་ཙམ་ཐོབ་པ་ལ་ཡང་ངེས་པར་རྟོགས་དགོས་པའི་ཕྱིར་
ཏེ༑ དེ་སྐད་དུ་ཡང་ཏིང་ངེ་འཛིན་རྒྱལ་པོ་ལས། གལ་ཏེ་བདག་མེད་ཆོས་ལ་སོ་སོར་རྟོགས། །སོ་སོར་དེར་བརྟགས་གང་ཡིན་སྒོམ་བྱེད་པ། །དེ་ནི་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། །ཞེས་དང༌། མགོན་པོས། དངོས་དང་དངོས་མེད་ཡོངས་ཤེས་པས།།
བདག་ཉིད་ཆེན་པོ་རྣམ་པར་གྲོལ། །ཞེས་གསུངས་པའི་ཕྱིར། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་རྒྱལ་བའི་གསུང་རབ་རྣམས་ཀྱང་དངོས་དང་བརྒྱུད་པ་ཅི་རིགས་ཀྱི་སྒོ་ནས་དེ་ཁོ་ན་ཉིད་སྟོན་པ་ལ་གཞོལ་བ་ཡིན་ཏེ། ཞིབ་ལྷས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་
དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཞེས་གསུངས་པའི་ཕྱིར། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རྟོགས་པ་ལྟ་ཞོག །འདི་ལ་དོན་འགྱུར་གྱི་ཐེ་ཚོམ་ཙམ་སྐྱེས་པས་ཀྱང་ཐར་པའི་བག་ཆགས་འཇོག་ནུས་པ་ཡིན་ཏེ། བཞི་བརྒྱ་པ་ལས།
བསོད་ནམས་ཆུང་དུས་ཆོས་འདི་ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། །ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང༌། །སྲིད་པ་ཧྲུལ་བོར་བྱེད་པར་འགྱུར། །ཞེས་གསུངས་པའི་ཕྱིར། དེ་ལྟར་ཡིན་ན། མགོན་པོ་ཀླུ་སྒྲུབ་ཀྱིས་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཏན་ལ་འབེབས་ཚུལ་
@003A ༄༅། །ཇི་ལྟ་བུ་ཡིན་ཞེ་ན། ཡོད་དེ། དེས་དེ་ཁོ་ན་ཉིད་ལུང་རིགས་གཉིས་ཀྱི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར། དེ་ཡང་ཡིན་ཏེ། དེས་ལུང་གི་སྒོ་ནས་གཏན་ལ་འབེབས་པ་ལ་མདོ་སྡེ་ཀུན་ལས་བཏུས་པ་དང༌། རིགས་པའི་སྒོ་ནས་གཏན་ལ་འབེབས་པ་ལ་
དབུ་མ་རིགས་པའི་ཚོགས་དྲུག་གསུངས་བའི་ཕྱིར། རིགས་ཚོགས་དྲུག་གིས་བརྗོད་བྱ་ཇི་ལྟར་བསྟན་པའི་ཚུལ་ཡང་ཡོད་དེ། རྩ་བ་ཤེས་རབ་ཀྱིས་རང་གཞན་གྱི་སྡེ་བ་རྣམས་ཀྱིས་སྒྲོ་བཏགས་པའི་བསྒྲུབ་བྱ་བདེན་དངོས་བཀག །ཞིབ་མོ་རྣམ་འཐག་གིས་རང་བཞིན་གྱིས་
གྲུབ་པའི་སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་བཀག །སྟོང་ཉིད་བདུན་ཅུ་བས་རང་བཞིན་མེད་པ་ལ་སྐྱེ་འཇིག་སོགས་ཀྱི་བྱ་བྱེད་འཐད་ཚུལ་བསྟན། རྩོད་ཟློག་གིས་ཁྱད་པར་དགག་སྒྲུབ་ཀྱི་རྣམ་གཞག་འཐད་ཚུལ་བསྟན། རིན་ཆེན་འཕྲེང་བ་དང༌། རིག་པ་དྲུག་ཅུ་པ་གཉིས་
ཀྱིས་མཐའ་གཉིས་སྤངས་པའི་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་དེ་གྲོལ་བྱེད་ཀྱི་ལམ་དུ་བསྟན་པའི་ཕྱིར། དེ་དག་གི་ནང་ནས་ལུས་ལྟ་བུ་ནི་རྩ་བ་ཤེས་རབ་ཡིན་ལ་འདིའི་འགྲེལ་པ་དེ་ལ་བརྒྱད་ཡོད་དེ། ག་ལས་འཇིགས་མེད། དེ་བ་ཤར་མ། གུ་ན་ཤྲི། གུ་ན་མ་ཏི། སྠི་ར་མ་
ཏེ༑ སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པས་མཛད་པའི་འགྲེལ་བ་རྣམས་སུ་ཡོད་པའི་ཕྱིར། འོ་ན༑ འགྲེལ་པ་དེ་དག་གི་ནང་ནས་གཙོ་བོར་གང་གི་རྗེས་སུ་འབྲངས་ཞེ་ན་དཔལ་ལྡན་ཟླ་བའི་འགྲེལ་པ་ཚིག་གསལ་དང༌། འཇུག་པ་རང་འཕྲེལ་དང་
བཅས་པའི་རྗེས་སུ་འབྲང་བ་ཡིན་ཏེ། དཔལ་ལྡན་ཟླ་བ་ནི་འཕགས་པའི་དགོངས་པ་མཐར་ཐུག་འགྲེལ་པ་ལ་འཁྲུལ་པ་དང་བྲལ་བའི་ཚད་མའི་སྐྱེས་བུ་ཡིན་པའི་ཕྱིར། ༈ །གཉིས་པ་སྐབས་སུ་བབས་པའི་གཞུང་དོན་སོ་སོར་བཤད་པ་ལ་བཞི། མཚན་གྱི་དོན༌།
@003B འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་བཤད་པའོ། །དང་པོ་ལ་གསུམ། ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། ཞེས་སོགས་གསུངས་ཏེ། དོན་ནི། ཤེས་བྱ་ཆོས་ཅན། རྒྱ་གར་ན་སྐད་རིགས་ཆེན་པོ་བཞི་ཡོད་པའི་ནང་ནས་ལེགས་སྦྱར་གྱི་སྐད་
དུ་བསྟན་བཅོས་འདིའི་མཚན་ལ་མ་དྷྱཱ་སོགས་སུ་འབོད་པ་ཡིན་ཏེ། མ་དྷྱཱ་མ་ཀ་ནི། དབུ་མ་ལ། ཨ་བ་ཏཱ་ར་ནི་འཇུག་པ། ནཱ་མ་ནི་ཞེས་བྱ་བར་འགྱུར་བའི་ཕྱིར། དེ་ལྟར་སྦྱར་བ་ལ་དགོས་པ་ཡོད་དེ་བསྟན་བཅོས་འདི་འཕགས་ཡུལ་གྱི་མཁས་པའི་གསུང་ཡིན་པར་ཤེས་པ་དང༌། ལེགས་
སྦྱར་གྱི་སྐད་ལ་བག་ཆགས་འཇོག་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། འོན་འཇུག་བྱའི་དབུ་མ་དེ་གང༌། འཇུག་པའི་ཚུལ་ཇི་ལྟ་བུ་ཞེ་ན། མ་དྷྱཱ་ཞེས་པ་ནི། དབུས་དང་བར་དང་དཀྱིལ་སོགས་ལའང་འཇུག་ཀྱང༌། སྐབས་འདིར་དབུ་མའི་བསྟན་བཅོས་ལ་འཇུག་པ་ཡིན་ཏེ། དབུ་མ་རྩ་
བཤེས་རབ་ལ་འཇུག་པ་ཡིན་པའི་ཕྱིར། སྤྱིར་དབུ་མ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན་གཉིས་ཡོད་དེ། རྗོད་བྱེད་ཚིག་གི་དབུ་མ་དང༌། བརྗོད་བྱ་དོན་གྱི་དབུ་མ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ་རྒྱས་འབྲིང་བསྡུས་གསུམ་ལྟ་བུའི་དབུ་མའི་མདོ་དང་རིགས་ཚོགས་དྲུག་ལྟ་བུའི་
བསྟན་བཅོས་རྣམས་དེར་འཇོག་པའི་ཕྱིར། ཕྱི་མ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན་གསུམ་ཡོད་དེ། གཞི་དབུ་མ་ལམ་དབུ་མ་འབྲས་བུ་དབུ་མ་དང་བཅས་པ་གསུམ་ཡོད་པའི་ཕྱིར། དང་པོ་ནི། ཆོས་རྣམས་རང་བཞིན་གྱིས་མེད་པ་ལྟ་བུ། གཉིས་པ་ནི། དེ་མངོན་སུམ་དུ་རྟོགས་པའི་ཉན་ཐོས་
ཀྱི་ཡེ་ཤེས་ལྟ་བུ། གསུམ་པ་ནི། ཉན་ཐོས་ཀྱི་ལྷག་མེད་མྱང་འདས་ལྟ་བུའོ། །འདིར་དེ་དག་གི་ནང་ནས་རྗོད་བྱེད་ཚིག་གི་དབུ་མ་དང༌། དེ་ཡང་རྩ་བ་ཤེས་རབ་ལ་བྱེད་པ་ཡིན་ཏེ། རང་འགྲེལ་ལས། དབུ་མའི་བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར་དབུ་མ་ལ་འཇུག་པ་རྩོམ་པར་འདོད་པས།
@004A ༄༅། །ཞེས་པ་དང༌། རྣམ་བཤད་དགོངས་པ་རབ་གསལ་ལས་ཀྱང༌། དེ་ཡང་འདིའི་འགྲེལ་པར་རྩ་ཤེ་ཁུངས་སུ་མཛད་པ་ན་དབུ་མ་ལས་ཞེས་མང་དུ་གསུངས་པ་ལྟར་རྩ་ཤེལ་བྱའི། དབུ་མའི་གཞུང་གཞན་དང་དོན་གཞན་ལ་མི་བྱའོ། །ཞེས་གསུངས་པའི་ཕྱིར་
དབུ་མ་ལ་འཇུག་པས་རྩ་ཤེ་ལ་འཇུག་ཚུལ་དེ་ལ་གཉིས་སུ་ཡོད་དེ། ཟབ་པ་དང་རྒྱ་ཆེ་བ་རྣམ་པ་གཉིས་ཀྱི་སྒོ་ནས་འཇུག་པའི་ཕྱིར། ཟབ་པའི་སྒོ་ནས་འཇུག་ཚུལ་ཡོད་དེ། །རང་བཞིན་གྱིས་མ་གྲུབ་པ་བཞིར་བཅས་ཀྱི་སྟེང་དུ་རང་རྒྱུད་པ་མན་ཆད་དང་ཐུན་མོང་མ་ཡིན་པའི་རྣམ་གཞག
ཀུན་གཞི་དང་རང་རིག་མེད་པ་སོགས་ཁྱད་ཆོས་བརྒྱད་བསྟན་པའི་སྒོ་ནས་འཇུག་པ་དང༌། རྩ་ཤེའི་དགོངས་པ་མཐར་ཐུག་སེམས་ཙམ་དུ་འགྲེལ་དུ་མི་རུང་བ་ལ་ངེས་པ་བརྟན་པོ་རྙེད་པ་གཉིས་ཀྱི་སྒོ་ནས་འཇུག་པའི་ཕྱིར། དེ་ཡང་ཡིན་ཏེ། རང་འགྲེལ་ལས། ལུགས་འདི་ནི་ཐུན་མོང་མ་
ཡིན་པའོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་བྱའོ། །ཞེས་དང༌། དེའི་ཕྱིར་བསྟན་བཅོས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར་དབུ་མ་ལ་འཇུག་པ་འདི་སྦྱར་བ་ཡིན་ནོ། །ཞེས་དང༌། ཚིག་གསལ་ལས། བརྟེན་ནས་བཏགས་པའི་ཚུལ་དབུ་མ་ལ་འཇུག་པ་
ལས་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། རྒྱ་ཆེ་བའི་སྒོ་ནས་འཇུག་ཚུལ་ཡོད་དེ། རྩ་ཤེས་བསྟན་པའི་ཟབ་མོ་རྟོགས་པའི་ལམ་གྱི་རིམ་པའི་སྟེང་དུ་སོ་སོ་སྐྱེ་བོའི་ཆོས་གསུམ། སློབ་པའི་ས་བཅུ། མི་སློབ་པའི་ས་སྐུ་གསུམ་མཛད་པ་དང་བཅས་པ་དང༌། ས་ལྔ་
པ་དང་དྲུག་པའི་གོ་རིམ་ལ་བརྟེན་ནས་བསམ་གཏན་གྱི་ངོ་བོ་ཞི་གནས་དང༌། དེ་ཁོ་ན་ཉིད་རྟོགས་པའི་ལྷག་མཐོང་གི་རིམ་པ་སོགས་རིགས་ཆོགས་གཞན་ནས་བསྟན་པས་རྣམས་ཀྱིས་ཁ་བསྐང་བའི་སྒོ་ནས་རྩ་ཤེལ་འཇུག་པ་ཡིན་པའི་ཕྱིར། གསུམ་པ་མཐའ་དཔྱད་པ་ལ།
@004B ཁ་ཅིག་ན་རེ། དབུམ་རྩ་བར་ཤེས་རབ་དེ་དབུ་མ་ཡིན་ཟེར་ན། དེ་ཆོས་ཅན། སྟོང་ཉིད་ཡིན་པར་ཐལ། དབུ་མ་ཡིན་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། ཁ་ཅིག། རྩ་ཤེའི་རབ་བྱེད་དང་པོ་དེ། སྐབས་འདིར་དངོས་སུ་བསྟན་པའི་འཇུག་བྱའི་དབུ་མ་ཡིན་ཟེར་ན།
དེ་ཆོས་ཅན། རྩ་བ་ཤེས་རབ་ཡིན་པར་ཐལ། འདིར་དབུ་མ་ལ་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་འཇུག་བྱའི་དབུ་མ་ཡིན་པའི་ཕྱིར། དེར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རབ་བྱེད་ཉེར་བདུན་པའི་བདག་ཉིད་ཅན་གྱི་གཞུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་
ནུས་སོ། །གཞན་ཡང༌། མངོན་རྟོགས་རྒྱན་གྱི་སྐབས་དང་པོ་མངོན་རྟོགས་རྒྱན་ཡིན་པར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྐབས་བརྒྱད་ཀྱི་བདག་ཉིད་ཅན་ཡིན་པར་ཐལ་ལོ། །ཁ་ཅིག། སྐབས་འདིར་བསྟན་པའི་བརྗོད་བྱེད་ཚིག་གི་དབུ་མ་ཡིན་ན།
རྩ་བ་ཤེས་རབ་ཡིན་པས་ཁྱབ་ཟེར་ན། དབུ་མ་འཇུག་པ་ཆོས་ཅན། དེར་ཐལ་དེའི་ཕྱིར། དེར་ཐལ། སྐབས་འདིར་བསྟན་པའི་འཇུག་བྱེད་དབུ་མ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁྱབ་སྟེ། སྐབས་འདིར་བསྟན་པའི་འཇུག་བྱེད་དབུ་མ་ཞིག་ཡོད་པའི་ཕྱིར་
དེར་ཐལ། དེར་བསྟན་པའི་འཇུག་བྱའི་དབུ་མ་ཡོད་པའི་ཕྱིར། འདོད་ན་སླའོ། །ཁ་ཅིག། རྩ་བ་ཤེས་རབ་ཀྱིས་རྒྱ་ཆེ་བའི་རིམ་པ་མ་བསྟན་ཟེར་ན། དེ་བསྟན་པར་ཐལ། དེས་གཞི་དངོས་པོའི་གནས་ཚུལ། ལམ་བགྲོད་པའི་རིམ་པ། འབྲས་བུ་སངས་རྒྱས་ཀྱིས་དང་བཅས་
པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། དེར་ཐལ། དེས་དེ་རྣམས་རང་བཞིན་གྱིས་མེད་ཅིང་ཐ་སྙད་དུ་ཡོད་པར་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར་རོ། །ཁོ་ན་རེ། དེས་དེ་མ་བསྟན་པར་ཐལ། རྣམ་བཤད་ལས། རྩ་ཤེ་ལས་ཟབ་མོའི་ཕྱོགས་མ་
@005A ༄༅། །གཏོགས་རྒྱ་ཆེ་བའི་ཐེག་ཆེན་གྱི་ཁྱད་ཆོས་མ་བསྟན་ཀྱང༌། ཞེས་དང༑ རྣམ་བཤད་རིགས་པའི་རྒྱ་མཚོ་ལས་ཀྱང་དེ་ལྟར་གསུངས་པའི་ཕྱིར། ཟེར་ན། སྐྱོན་མེད་དེ། དེ་ནི། ཟབ་མོའི་ཕྱོགས་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པ་
ལྟར་རྒྱ་ཆེ་བའི་ཕྱོགས་དེ་ཙམ་དུ་མ་བསྟན་པའི་དོན་ཡིན་པའི་ཕྱིར། ཁ་ཅིག། དབུ་མ་ཡིན་ན། དེ་བཞིན་ཉིད་ཡིན་དགོས་པར་ཐལ། དེ་ཡིན་ན། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དེ་བཞིན་ཉིད་ཡིན་དགོས་པའི་ཕྱིར། དེར་ཐལ། དེའི་སྒོ་ནས་དབུ་མའི་སྒྲ་བཤད་པའི་
ཕྱིར༑ དེར་ཐལ། དབུ་མའི་སྒྲ་དོན་ཅིག་ཡོད་པའི་ཕྱིར། འདོད་ན། རྒྱས་འབྲིང་བསྡུས་གསུམ་ཆོས་ཅན། དེ་བཞིན་ཉིད་ཡིན་པར་ཐལ། དབུ་མ་ཡིན་པའི་ཕྱིར། དེར་ཐལ། རྗོད་བྱེད་ཚིག་གི་དབུ་མ་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། ཁ་ཅིག། རྩ་བ་ཤེས་རབ་ཀྱི་གཞུང་
ཚིག་ཏུ་གྱུར་བའི་བདག་ལས་མ་ཡིན་ཞེས་སོགས་ཀྱི་ཤོ་ལོ་ཀ་གཅིག་པོ་དེ་ཆོས་ཅན། རྩ་བ་ཤེས་རབ་ཡིན་པར་ཐལ། དབུ་མ་ལ་ཞེས་པའི་དངོས་བསྟན་གྱི་འཇུག་བྱའི་དབུ་མ་ཡིན་པའི་ཕྱིར། དེ་དེར་ཐལ། རྩ་བ་ཤེས་རབ་དེ་དེ་ལྟར་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་
གཞུང་ཚིག་རེ་རེ་ནས་དང༌། རབ་བྱེད་རེ་རེ་ནས་དེའི་དངོས་བསྟན་གྱི་དབུ་མ་ཡིན་པར་འདོད་མི་རིགས་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། རྩ་ཤེ་ལ་བྱའི། དབུ་མའི་གཞུང་གཞན་དང་དོན་གཞན་ལ་མི་བྱའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག། རྟག་ཆད་ཀྱི་
མཐའ་གཉིས་དང་བྲལ་བའི་ཆོས་ཡིན་ན། དབུ་མ་ཡིན་དགོས་པར་ཐལ། དེ་ལྟ་བུའི་དེ་བཞིན་ཉིད་ཡིན་ན་དེ་ཡིན་དགོས་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། ཤེས་བྱ་ཆོས་ཅན། དེར་ཐལ་དེའི་ཕྱིར། དེར་ཐལ། རང་བཞིན་གྱིས་མེད་ཅིང་ཐ་སྙད་དུ་ཡོད་པ་ཡིན་པའི་ཕྱིར།
@005B འདོད་ན་སླའོ། །གཉིས་པ་འགྱུར་གྱི་ཕྱག་ནི། འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། དོན་ནི་ཉོན་མོངས་པའི་རྩུབ་རེག་དང་བྲལ་བས་ན་འཇམ། ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པས་ན་དཔལ། ན་ཆོད་གཞོན་ནུ་ལོ་བཅུ་དྲུག་ལོན་པའི་
ཉམས་ཅན་ཡིན་པས་ན་གཞོན་ནུར་གྱུར་བ་སྟེ་དེ་ལ་ཕྱག་འཚལ་ལོ་ཞེས་མཆོད་བརྗོད་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། འགྱུར་མཐར་ཕྱིན་པ་དང༌། བསྟན་བཅོས་འདི་མངོན་པའི་སྡེ་སྣོད་ཀྱི་ཁོངས་སུ་གཏོགས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་
གཞུང་གི་དོན་བཤད་པ་ལ་བཞི། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཐབས་མཆོད་པར་བརྗོད་པ། བརྩམས་པའི་བསྟན་བཅོས་ཀྱི་ལུས། བསྟན་བཅོས་ཇི་ལྟར་བརྩམས་པ། དེའི་དགེ་བ་བསྔོ་བའོ། །དང་པོ་ལ་གཉིས། སྙིང་རྗེ་ཆེན་པོ་ལ་སོ་སོར་མ་ཕྱེ་བར་བསྟོད་པ། སོ་
སོར་ཕྱེ་ནས་ཕྱག་འཚལ་བའོ། །དང་པོ་ལ་གཉིས། སྙིང་རྗེ་རང་འབྲས་བྱང་སེམས་ཀྱི་རྒྱུའི་གཙོ་བོར་བསྟན་པ། བྱང་སེམས་ཀྱི་རྒྱུ་གཞན་གཉིས་ཀྱི་ཡང་རྩ་བར་བསྟན་པའོ། །དང་པོ་ལ་གསུམ། ཉན་རང་དགྲ་བཅོམ་ཐུབ་དབང་ལས་འཁྲུངས་ཚུལ། ཐུབ་དབང་བྱང་སེམས་ལས་
འཁྲུངས་ཚུལ། བྱང་སེམས་ཀྱི་རྒྱུའི་གཙོ་བོ་གསུམ་བཤད་པའོ། དང་པོ་ལ་གསུམ། ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པའོ། །དང་པོ་ནི། ཉན་ཐོས་དང་སངས་རྒྱས་འབྲིང་པོ་སྟེ་རང་སངས་རྒྱས་དགྲ་བཅོམ་པ་རྣམས་ཆོས་ཅན། ཐུབ་པའི་དབང་པོ་ལས་སྐྱེས་པ་ཡིན་ཏེ།
དེས་རྟེན་འབྲེལ་ཟབ་མོའི་ཆོས་བསྟན་པ་ཉན་སེམས་བསྒོམས་གསུམ་བྱས་པ་ལ་བརྟེན་ནས་རང་གི་འདོད་བྱའི་བྱང་ཆུབ་ཐོབ་པའི་རྒྱུ་མཚན་གྱིས་དེ་ལས་འཁྲུངས་པར་བཞག་པའི་ཕྱིར། གཉིས་པ་ནི། ཉན་རང་ཐུག་དབང་ལས་འཁྲུངས་ན། ཉན་རང་དེ་གང༌། འཁྲུངས་ཚུལ་ཇི་ལྟ་བུ་
@006A ༄༅། །ཡིན་ཞེ་ན། རང་དོན་དུ་སྡུག་ཀུན་ཉེ་བར་ཞི་བའི་མྱང་འདས་གཙོ་བོར་དོན་དུག་ཉེར་བའི་ཐེག་པ་ཆུང་འབྲིང་གི་གང་ཟག་ལ། རིམ་པ་བཞིན་དུ་ཉན་ཐོས་དང་རང་རྒྱལ་ཞེས་བྱ་ཞིང༌། དང་པོ་ལ་ཉན་ཐོས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་བཞིན་གཤེགས་
པ་ལ་རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་ཉན་ནས་དེ་དོན་གཉེར་གྱི་གང་ཟག་རྣམས་ཀྱིས་ཐོས་པར་བྱེད་པས་ན། དེ་ལྟར་བརྗོད་པའི་ཕྱིར། དེ་ལ་ཐོས་སྒྲོག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་དེ་བཞིན་གཤེགས་པ་ལ་ཐོས་ནས་དེ་དོན་
གཉེར་གྱི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་གཞན་ལ་སྒྲོག་པར་བྱེད་པས་ན་དེ་ལྟར་བརྗོད་པའི་ཕྱིར་ཏེ། དེ་སྐད་དུ་ཡང༌། དམ་ཆོས་པད་དཀར་ལས། མགོན་པོ་བདག་ཅག་དེ་རིང་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད།།
དེ་པས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས་གསུངས་པའི་ཕྱིར། དེ་ཡང་སྲས་ཀ་ནི་ཉན་ཐོས་དང་ཐོས་སྒྲོགས་གཉིས་ཀ་ལ་འཇུག་པའི་དབང་དུ་བྱས་པ་ཡིན་ལ། དེ་ལྟར་ཡིན་ཀྱང་བྱང་སེམས་ཉན་ཐོས་སུ་མི་འགྱུར་ཏེ། བྱང་སེམས་ལ་ཐོས་སྒྲོགས་ཀྱི་སྒྲ་བཏགས་མིང་དུ་འཇུག།
ཉན་ཐོས་ལ་སྒྲ་དེ་དངོས་མིང་དུ་འཇུག་པའི་ཕྱིར། རང་རྒྱལ་ཆོས་ཅན། ཁྱོད་ལ་སངས་རྒྱས་འབྲིང་པོ་སྟེ་དེ་ཉིད་རྟོགས་པ་འབྲིང་པོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སངས་རྒྱས་ལས་དམན་ཞིང་ཉན་ཐོས་ལས་ལྷག་པའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་རྟོགས་པ་དང་ལྡན་པའི་ཐེག་པ་
འབྲིང་པོའི་གང་ཟག་ཡིན་པས་ན། དེ་ལྟར་དུ་བརྗོད་པའི་ཕྱིར། སྐབས་འདིར་སངས་རྒྱས་འབྲིང་ཞེས་བསྒྱུར་བ་ནི་ཅུང་ཟད་མི་བདེ་བ་ཡིན་ཏེ། སྤྱིར་བུད་དྷའི་སྒྲ་ནི་སངས་རྒྱས་པ་པདྨ་རྒྱས་པ་གཉིད་སད་པ། ཁོང་དུ་ཆུད་པ་སོགས་དུ་མ་ལ་འཇུག་པ་ཡོད་ཀྱང༌། འདིར་ཏ་ཧྭ་དང་འབྲེལ་
@006B པས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ལ་གནས་པ་འབྲིང་པོའི་དོན་དུ་བསྒྱུར་བར་བྱ་བ་ཡིན་གྱི། ཅིག་ཤོས་སུ་བསྒྱུར་བ་མི་འཚམ་པའི་ཕྱིར། དེ་ལྟར་ཡིན་ཏེ་འདིར་ཉན་ཐོས་དེ་ཉིད་རྟོགས་འབྲིང་ཐུབ་དབང་སྐྱེས།། ཞེས་པའི་འགྱུར་ཞིག་ཐོབ་པར་སྣང་བའི་ཕྱིར། རང་རྒྱལ་ལ་རང་སངས་རྒྱས་ཞེས་
ཀྱང་བྱ་སྟེ། སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་གྱིས་གདམས་ངག་བསྟན་པ་ལམ་བལྟོས་པར་རང་གིས་བྱང་ཆུབ་མངོན་དུ་བྱེད་པའི་ཕྱིར། གསུམ་པ་ལ། ཁ་ཅིག་ན་རེ། ཉན་ཐོས་སློབ་པ་དུ་མས་ཐུབ་པའི་དབང་པོས་རྟེན་འབྲེལ་ཟབ་མོའི་ཆོས་བསྟན་པ་ཉན་སེམས་བསྒོམས་གསུམ་
བྱས་པས་རང་གི་བྱང་ཆུབ་ཐོབ་པ་ཡོད་པས་ན་ཉན་ཐོས་དགྲ་བཅོམ་ཐུབ་དབང་ལས་འཁྲུངས་པ་འཐད་ཀྱང༌། རང་རྐྱལ་རྣམས་ཀྱིས་དེ་ལྟར་ཐོས་བསམ་བསྒོམ་གསུམ་བྱས་པའི་ཚེ་དེ་ལ་རང་གི་བྱང་ཆུབ་ཐོབ་པ་མེད་པས། རང་རྒྱལ་དགྲ་བཅོམ་ཐུབ་དབང་ལས་འཁྲུངས་པ་མི་
འཐད་དོ་ཞེ་ན། སྐྱོན་མེད་དེ། རང་རྒྱལ་རྣམས་ཀྱིས་ཚེ་དེ་ལ་རང་གི་བྱང་ཆུབ་མ་ཐོབ་ཀྱང་ཉན་སེམས་བསྒོམ་གསུམ་བྱས་པ་ལ་བརྟེན་ནས་སྐྱེ་བ་གཞན་དུ་ཐོབ་པར་འགྱུར་བའི་ཕྱིར། དེ་ཡང་ཡིན་ཏེ། མྱོང་ངེས་གྱི་ལས་བསགས་པའི་གང་ཟག་གིས་ཚེ་དེ་ལ་ལས་ཀྱི་འབྲས་བུ་མ་མྱོང་
ཀྱང་སྐྱེ་བ་གཞན་དུ་མྱོང་བ་ལྟ་བུ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། བཞི་པ་རྒྱབ་ལས། དེ་ཉིད་ཤེས་པས་གལ་ཏེ་འདིང༌། །མྱ་ངན་འདས་པ་མ་ཐོབ་ཀྱང༌། །སྐྱེ་བ་གཞན་དུ་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་པ་དང༌། རྩ་ཤེ་ལས། རྫོགས་སངས་
རྒྱས་རྣམས་མ་བྱུང་ཞིང༌། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི?། །བརྟེན་པ་མེད་པ་རབ་ཏུ་འབྱུང༌། །ཞེས་གསུངས་པའི་ཕྱིར། ཁ་ཅིག། ཉན་ཐོས་ཡིན་ན། ཉན་ཐོས་ཀྱི་སྒྲ་བཤད་དུ་ཡོད་པས་ཁྱབ་ཟེར་ན། གཟུགས་མེད་ཁམས་པའི་ཉན་ཐོས་ཆོས་ཅན་
@007A ༄༅། །དེར་ཐལ། དེའི་ཕྱིར། འདོད་ན། གཟུགས་མེད་ཁམས་ན་སྒྲ་ཡོད་པར་ཐ་ལ། འདོད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། དེ་ན་གཟུགས་མེད་པའི་ཕྱིར། །གཞན་ཡང༌། དེ་མ་ཁྱབ་པར་ཐལ། མཚོ་སྐྱེས་ཀྱི་སྒྲ་འཇུག་ན། དེའི་སྒྲ་བཤད་དུ་ཡོད་
པས་མ་ཁྱབ་པའི་ཕྱིར། དེར་ཐལ། སྐམ་ལས་སྐྱེས་པའི་པདྨ་ལ་མཚོ་སྐྱེས་ཀྱི་སྒྲ་འཇུག་ཏུ་ཡོད་ཀྱང་བཤད་དུ་མེད་པའི་ཕྱིར། ཁ་ཅིག། ཉན་ཐོས་ཀྱི་སྒྲ་བཤད་དུ་ཡོད་ན། དེའི་སྒྲ་འཇུག་ཏུ་ཡོད་པས་ཁྱབ་ཟེར་ན། ཉན་ཐོས་ཀྱི་སྒྲ་བཤད་དུ་ཡོད་པའི་བྱང་སེམས་ཆོས་
ཅན༑ དེར་ཐལ། དེའི་ཕྱིར། དེར་ལ། ཆོས་ཅན་དེའི་ཕྱིར། དེ་དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། མགོན་པོ་བདག་ཅག་དེ་རིང་ཉན་ཐོས་གྱུར།། ཞེས་གསུངས་པའི་ཕྱིར། འདོན། དེ་ཉན་ཐོས་ཡིན་པར་ཐལ་ལོ། །ཁོ་ན་རེ་དེ་ལ་ཉན་ཐོས་ཀྱི་སྒྲ་འཇུག་པར་
ཐལ༑ དེ་ལ་དེ་བཏགས་མིང་དུ་འཇུག་པའི་ཕྱིར་ཟེར་ན་མ་ཁྱབ། ཁ་ཅིག། རང་རྒྱལ་དེ་སངས་རྒྱས་འབྲིང་པོ་ཡིན་ཟེར་ན། འོ་ན་ཉན་ཐོས་དེ་སངས་རྒྱས་ཆུང་ངུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། སངས་རྒྱས་མ་ཡིན་པའི་ཕྱིར། ཁྱབ་སྟེ།
ཐེག་པ་ཆུང་འབྲིང་གང་རུང་ཡིན་ན། ཐེག་པ་ཡིན་དགོས་པའི་ཕྱིར། ཁ་ཅིག། སྟོན་པའི་འཁོར་དུ་གྱུར་བའི་རང་རྒྱལ་མེད་ཟེར་ན། དེ་ཡོད་པར་ཐལ། དེའི་འཁོར་དུ་གྱུར་བའི་ཐེག་པ་གསུམ་ཀའི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། རྣམ་བཤད་དགོངས་པ་རབ་གསལ་ལས༌།
དུས་དེར་འཁོར་དུ་ཉེ་བར་གྱུར་ཅིང༌། ཐེག་པ་གསུམ་ལ་བཀོད་པ་རྣམས་ཐེག་ཆེན་ཉིད་ལ་ཉེ་བར་སྦྱར་བར་བྱ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལུང་དེས་སྟོན་པའི་འཁོར་དུ་རང་རྒྱལ་སློབ་པ་ཐེག་ཆེན་དུ་འཇུག་པ་ཡོད་པར་བསྟན་པ་ཡིན་པའི་ཕྱིར། ཁོ་ན་རེ༌།
@007B དེ་མེད་པར་ཐལ། རང་རྒྱལ་སློབ་པ་ཡིན་ན། རང་རྒྱལ་རེགས་ངེས་ཡིན་དགོས་པའི་ཕྱིར། དེར་ཐལ། བཞི་བརྒྱ་པ་ལས། ངེས་པར་ཐོབ་འགྱུར་ལས་བཞིན་ནོ་ཞེས་དང༌། འཇུག་པ་ལས་ཀྱང༌། རང་བྱང་ཆུབ་ལ་བདག་ཉིད་ངེས་རྣམས་དང༌། །ཞེས་གསུངས་པའི་ཕྱིར་ཟེར་ན༌།
སྐྱོན་མེད་དེ། གཙོ་ཆེ་བ་ལ་དགོངས་པ་ཡིན་པའི་ཕྱིར། །གཉིས་པ་ཐུབ་དབང་བྱང་སེམས་ལས་འཁྲུངས་ཚུལ་ལ་གསུམ། ཚིག་དོན། སྤྱི་དོན། མཐའ་དཔྱད་པའོ། །དང་པོ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། བྱང་ཆུབ་སེམས་དཔའ་ལས་འཁྲུངས་
པ་ཡིན་ཏེ། རང་དང་རྒྱུད་གཅིག་ཏུ་གྱུར་བའི་བྱང་སེམས་ཀྱིས་ཉེར་ལེན་དང༌། རང་དང་རྒྱུད་ཐ་དད་པའི་བྱང་སེམས་འགའ་ཞིག་གིས་ལྷན་ཅིག་བྱེད་རྐྱེན་ཡོངས་འཛིན་བྱས་པ་ལ་བརྟེན་ནས་འཁྲུངས་པར་བཞག་པའི་ཕྱིར། ཤིང་ནི་འོག་མ་སྡུད་པའི་ཚིག་གོ །གཉིས་
པ་ནི། ཐུབ་དབང་བྱང་སེམས་ལས་འཁྲུངས་ན། ཐུབ་པའི་དབང་པོ་དེ་གང་ཡིན་ཞེ་ན། ཡོད་དེ། སྤྱིར་ཉོན་སྒྲིབ་སྤངས་པའི་གང་ཟག་ཐམས་ཅད་ཐུབ་པ་ཡིན་ཞིང༌། བཅོམ་ལྡན་འདས་དེ་གོང་ན་མེད་པའི་ཆོས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པ་མངའ་བ་དང༌། ཉན་རང་རྣམས་ཀྱི་
ཆོས་ཀྱི་རྒྱལ་སྲིད་ལ་མངའ་བསྒྱུར་བསན། སངས་རྒྱས་བཅོམ་ལྡན་འདས་ལ་ཐུབ་པའི་དབང་པོ་ཞེས་བརྗོད་པ་ཡིན་གྱི། གཞན་ལ་དེ་ལྟ་བུའི་དབང་པོའི་སྒྲ་མི་འཇུག་པའི་ཕྱིར། དེར་ལ༑ རང་འགྲེལ་ལས། དེ་ལ་གོང་ན་མེད་པའི་ཆོས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པ་མངའ་བས།
ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམ་པས་ཀྱང་དབང་ཕྱུག་དམ་པ་ཕུན་སུམ་ཚོགས་པ་ཉིད་དང༌། ཉན་ཐོས་ལ་སོགས་པ་ལ་དེའི་བཀས་མངའ་བསྒྱུར་བའི་ཕྱིར། བཅོམ་ལྡན་འདས་རྣམས་ལ་ཐུབ་པའི་དབང་པོ་ཞེས་བྱའོ། །ཞེས་གསུངས་པའི་
@008A ༄༅། །ཕྱིར། ཐུབ་དབང་དེ། བྱང་སེམས་ལས་འཁྲུངས་པ་ཡིན་ཏེ། དེ་དེ་ལས་འཁྲུངས་པ་ལུང་རིགས་གཉིས་ཀྱིས་འགྲུབ་བའི་ཕྱིར། ལུང་གིས་འགྲུབ་པ་ཡིན་ཏེ། དཀོན་ཅོག་བརྩེགས་པ་ལས། འོད་སྲུང་འདི་ལྟ་སྟེ། དཔེར་ན། ཟླ་བ་ཚེས་བ་ལ་ཕྱག་འཚལ་
བ་ལྟར་ཉ་བ་ལ་ནི་མ་ཡིན་ནོ། །འོད་སྲུང་དེ་བཞིན་དུ་གང་དག་ང་ལ་རབ་ཏུ་དད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི། དེ་བཞིན་གཤེགས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལས་ནི་དེ་བཞིན་གཤེགས་པ་
རྣམས་འབྱུང་ངོ། །དེ་བཞིན་གཤེགས་པ་རྣམས་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འབྱུང་ངོ། །ཞེས་གསུངས་པའི་ཕྱིར། རིགས་པས་ཀྱང་འགྲུབ་སྟེ། དེར་ང་དང་རྒྱུད་གཅིག་ཏུ་གྱུར་པའི་བྱང་སེམས་ཀྱིས་ལམ་ཉམས་སུ་བླངས་ནས་སྐྱེ་བ་རིམ་བར་བརྒྱུད་པའི་
ཉེར་ལེན་དང༌། རང་དང་རྒྱུན་ཐ་དད་པའི་བྱང་སེམས་འགའ་ཞིག་གིས་ཕྱིའི་ཡོངས་འཛིན་མཛད་ནས་ཆོས་བསྟན་པ་སོགས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་འཁྲུངས་པའི་ཕྱིར་ཏེ། དཔེར་ན། བདག་ཅག་གི་སྟོན་པ་སོགས། རང་དང་རྒྱུད་གཅིག་ཏུ་གྱུར་པའི་བྱང་
སེམས་རྣམས་ཀྱིས་ལམ་ཉམས་སུ་བླངས་ཏེ་བརྒྱུད་པའི་ཉེར་ལེན་དང་སྔོན་འཇམ་དཔལ་ལ་སོགས་པས་ཕྱིའི་ཡོངས་འཛིན་བྱས་པ་ལ་བརྟེན་ནས་འཁྲུངས་པར་མདོ་ལས་བཤད་པ་བཞིན་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། འོན་ཀྱང་རྒྱུ་གཉིས་ཀྱིས་བྱང་ཆུབ་སེམས་
དཔའ་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྒྱུར་འགྱུར་ཏེ། གནས་སྐབས་ཀྱི་ཁྱད་བར་དང༌། ཡང་དག་པར་འཛིན་དུ་འཇུག་པ་ལས་སོ། །དེ་ལ་གནས་སྐབས་ཀྱི་ཁྱད་པར་ནི། དེ་བཞིན་གཤེགས་པའི་གནས་སྐབས་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་
@008B རྒྱུ་ཅན་ཡིན་པ་ཉིད་ཀྱི་ཕྱིར། ཡང་དག་པར་འཛིན་དུ་འཇུག་པ་ལས་ནི། ཇི་ལྟར་འཕགས་པ་འཇམ་དཔལ་བྱང་ཆུབ་སེམས་དཔར་གྱུར་པ་ཉིད་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང༌། དེ་ལས་གཞན་པའི་དེ་བཞིན་གཤེགས་པ་རྣམས་ཆེས་ཐོག་མ་ཁོ་ནར་བྱང་ཆུབ་ཀྱི་
སེམས་ཡང་དག་པར་འཛིན་དུ་བཅུག་པ་འདོན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། །གསུམ་པ་ལ། ཁ་ཅིག། བྱང་སེམས་ཐུབ་དབང་ལས་འཁྲུངས་པ་ཡིན་གྱི། ལྡོག་ནས་ནི་མ་ཡིན་ཏེ། བྱང་སེམས་ལ་རྒྱལ་བའི་སྲས་ཞེས་བརྗོད་པ་འཐད་པའི་ཕྱིར།
ཟེར་ན། སྐྱོན་མེད་དེ། བྱང་སེམས་དེ་རང་ཉིད་ལ་ཆོས་སྟོན་པའི་རྒྱལ་ཟ་འགའ་ཞིག་ལས་འཁྲུངས་བས་རྒྱལ་སྲས་ཞེས་བརྗོད་ཀྱང༌། སྤྱིར་རྒྱུ་མཚན་གཉིས་ཀྱི་སྒོ་ནས་རྒྱལ་བ་ཉིད། བྱང་སེམས་ལས་འཁྲུངས་པ་མི་འགལ་ཞིང་འཐད་པའི་ཕྱིར། ཁ་ཅིག། དེ་བཞིན་
གཤེགས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། །ཞེས་པས། བྱང་སེམས་ལ་བསྔགས་པ་བརྗོད་དགོས་པ་ལྟར་སངས་རྒྱས་ལ་བསྔགས་པ་མི་བརྗོད་པར་བསྟན་པ་ཡིན་ནོ་ཟེར་ན། འོ་ན། བྱང་སེམས་ལས་བཅོམ་ལྡན་འདས་རྣམས་ཁྱད་པར་དུ་འཕགས་པར་ཡང་བརྗོད་མི་
རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། སངས་རྒྱས་འཕགས་པ་རྣམས་ཉན་རང་བྱང་སེམས་སོགས་ལས་ཁྱད་པར་དུ་འཕགས་པར་བརྗོད་རིགས་པའི་ཕྱིར། དེར་ཐལ། དེ་དེ་རྣམས་ལས་ཁྱད་པར་དུ་འཕགས་པ་གང་ཞིག །རང་
འགྲེལ་ལས། དེ་ལ་གོང་ན་མེད་པའི་ཆོས་ཀྱི་དབང་ཕྱུག་ཞེས་སོགས་གསུངས་པའི་ཕྱིར། དེ་ལྟར་ཡིན་ཀྱང༌། དཀོན་བརྩེགས་ཀྱི་ལུང་དེ་ཉིད་དང་འགལ་བའི་སྐྱོན་མེད་དེ། དེ་ནི་དེ་བཞིན་གཤེགས་པའི་རྒྱུ་ལ་གཅེས་པར་ཤེས་པ་དང༌། རྒྱུ་ལ་བསྔགས་པ་བརྗོད་པས་
@009A ༄༅། །འབྲས་བུ་དེ་བཞིན་གཤེགས་པ་ལ་བསྔགས་པ་བརྗོད་པར་འགྱུར་བ་དང༌། དེ་བཞིན་གཤེགས་པའི་འཁོར་དུ་གྱུར་པའི་ཉན་རང་གཉིས་ཐེག་ཆེན་ལམ་དུ་ཁ་དྲངས་པའི་དགོས་པ་ཡོད་པའི་ཕྱིར་ཏེ། དེ་བཞིན་གཤེགས་པས་གདུལ་བྱའི་བློ་དང་
འཚམ་པར་ཆོས་སྟོན་པས་མི་འགལ་བའི་ཕྱིར། ཁ་ཅིག། ཐུབ་པའི་དབང་པོ་ཆོས་ཅན། བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་ཡིན་ཏེ། རང་དང་རྒྱུད་གཅིག་པའི་བྱང་སེམས་ཀྱི་ཉེན་ལེན་དང༌། རང་དང་རྒྱུད་ཐ་དད་བའི་བྱང་སེམས་ཀྱིས་ལྷན་ཅིག་བྱེད་
རྐྱེན་བྱས་པ་ལ་བརྟེན་ནས་འཁྲུངས་པའི་ཕྱིར་ཞེས་བའི་སྦྱོར་བའི་ཁྱབ་པ་ཡིན་ཟེར་ན། བྱང་སེམས་འཕགས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། བྱང་སེམས་འཕགས་པ་ཡིན་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། དེ་བྱང་སེམས་ཀྱི་བྱེ་བྲག
ཡིན་པའི་ཕྱིར། ཁ་ཅིག། བྱང་སེམས་འཕགས་པ་སངས་རྒྱས་ལས་འཁྲུངས་པར་ཐལ། དེ་སངས་རྒྱས་ཀྱི་སྲས་ཡིན་པའི་ཕྱིར། དེར་ཐལ། རྒྱལ་བའི་སྲས་ཡིན་པའི་ཕྱིར། ཟེར་ན། སྔ་མ་ལམ་ཁྱབ། འདོད་མི་ནུས་ཏེ། སངས་རྒྱས་འདུས་མ་བྱས་ཡིན་པའི་ཕྱིར་
ཟེར་ན། འོ་ན། རྒྱལ་སྲས་ཡིན་ན། རྒྱལ་བ་ལས་འཁྲུངས་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རྒྱལ་བའི་རྒྱུར་གྱུར་པའི་བྱང་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། བྱང་སེམས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་གཉིས་དོན་
གཅིག་ཡིན་པའི་ཕྱིར། ཁ་ཅིག་བྱང་སེམས་དེ་རྒྱལ་སྲས་ཡིན་ཀྱང་རྒྱལ་བའི་སྲས་མ་ཡིན་ཞེས་ཟེར་བ་ནི་ཚིག་ལ་འཁྲིས་པའོ། །འདོད་ན་སླའོ། ། ༈ །གསུམ་པ་བྱང་སེམས་ཀྱི་རྒྱུའི་གཙོ་བོ་གསུམ་བསྟན་པ་ལ་གསུམ། ཚིག་དོན། སྤྱི་དོན། མཐའ་དཔྱད་
@009B པའོ། །དང་པོ་ནི་འདིར་བསྟན་སྙིང་རྗེའི་སེམས་དང༌། གཉིས་སུ་མེད་པའི་བློ་དང༌། བྱང་ཆུབ་ཀྱི་སེམས་གསུམ་ནི་ཆོས་ཅན། རང་འབྲས་རྒྱལ་སྲས་རྣམས་ཀྱི་རྒྱུ་ཡིན་ཏེ། དེའི་བསྐྱེད་བྱེད་ཡིན་པའི་ཕྱིར། གཉིས་པ་ནི། བྱང་སེམས་དེ། འདིར་བསྟན་ཆོས་གསུམ་ལས་འཁྲུངས་
ན༑ ཆོས་གསུམ་པོ་དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཡོད་དེ་འདིར་ཆོས་གསུམ་གྱི་ནང་ཚན་གྱི་སྙིང་རྗེ་དེ་ནི། སེམས་ཅན་སྡུག་བསྔལ་དང་བྲལ་འདོད་ཙམ་གྱི་སྙིང་རྗེ་ལ་བྱེད་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་སྡུག་བསྔལ་ས་སྐྱོབ་འདོད་ཀྱི་སྙིང་རྗེ་ལ་བྱེད་པ་ཡིན་པའི་ཕྱིར་ཏེ༌།
རང་འགྲེལ་ལས། སེམས་ཅན་འཁོར་བའི་བཙོན་རར་བསྡམས་པ་སྐྱབས་མེད་པ་དཔག་ཏུ་མེད་པ་མ་ལུས་པ་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན་ལ་བསྟོད་པར་འོས་པ་ཉིད་དུ་བསྟན་པའི་ཕྱིར་ཞེས་གསུངས་པའི་ཕྱིར། འདིར་བསྟན་གཉིས་མེད་ཀྱི་ཤེས་རབ་དེ་ཡང་གཟུང་འཛིན་གཉིས་
མེད་རྟོགས་པའི་ཤེས་རབ་ལ་བྱེད་པ་མ་ཡིན་ཏེ། བདེན་འཛིན་གྱིས་ཇི་ལྟར་བཟུང་བ་ལྟར་མ་གྲུབ་པར་རྟོགས་པའི་མཐའ་གཉིས་དང་བྲལ་བའི་ཤེས་རབ་ལ་བྱེད་པའི་ཕྱིར་ཏེ། རང་འགྲེལ་ལས། གཉིས་སུ་མེད་པའི་བློ་ནི། དངོས་དང་དངོས་མེད་པ་ལ་སོགས་པ་མཐའ་གཉིས་དང་
བྲལ་བའི་ཤེས་རབ་བོ། །ཞེས་གསུངས་པའི་ཕྱིར། འདིར་བསྟན་པའི་སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་རྫོགས་བྱང་ལ་འགོད་པའི་ཆེད་དུ་རང་ཉིད་ཀྱང་རྫོགས་བྱང་ཐོབ་པར་བྱའོ་སྙམ་པའི་སེམས་སྦྱོང་བའི་དམིགས་རྣམ་ཡོངས་སུ་རྫོགས་པའི་སེམས་ཞིག་ལ་བྱེད་པ་ཡིན་ཏེ། རང་
འགྲལ་ལས། དམ་པའི་ཆོས་ཀྱི་བདུད་རྩིའི་རོ་ཕུལ་དུ་བྱུང་བ་འབྱུང་བའི་རྒྱུ་ཕྱིན་ཅི་ལོག་གི་རྟོག་པ་མཐའ་དག་ལོག་པའི་མཚན་ཉིད། འགྲོ་བ་ཡོངས་ཀྱི་གཉེན་ཉིད་ཀྱི་རང་བཞིན་དུ་གྱུར་པ་སངས་རྒྱས་ཉིད་ཡང་དག་པར་ཐོབ་བར་འདོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིར་
@010A ༄༅། །བསྟན་ཆོས་གསུམ་པོ་དེ་སྔ་མ་ལ་བརྟེན་ནས་ཕྱི་མ་ཐོབ་དགོས་པའི་གོ་རིམ་ངེས་པ་ཅན་མ་ཡིན་ཏེ། ཐེག་ཆེན་གྱི་རིགས་ཅན་དབང་རྣོན་གྱིས་དང་བོར་སྟོང་ཉིད་རྟོགས་པའི་ལྟ་བ་རང་རྒྱུད་ལ་བསྐྱེད། དེ་རྗེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། དབང་རྟུལ་གྱིས་དང་པོར་
བྱང་ཆུབ་ཀྱི་སེམས་བསྐྱེད། དེ་རྗེས་སྟོང་ཉིད་རྟོགས་པའི་ལྟ་བ་འཚོལ་བར་བྱེད་པའི་ཕྱིར། དེར་ཐལ། དབུ་མ་རྒྱན་ལས། ཡང་དག་ཤེས་འཚོལ་སྔོན་བཏང་ནས། །དོན་དམ་རྣམ་པར་ངེས་གྱུར་ནས། །ལྟ་ངན་ཐིབས་གནས་འཇིག་རྟེན་ལ། །སྙིང་རྗེ་ཀུན་དུ་བསྐྱེད་ནས་སུ། །
འགྲོ་དོན་བྱེད་པ་དཔའ་གྱུར་པ། །བྱང་ཆུབ་བློ་རྒྱས་མཁས་པ་ནི། །བློ་དང་སྙིང་རྗེས་བརྒྱན་པ་ཡི། །ཐུབ་པའི་བརྟུལ་ཞུགས་ཡང་དག་སྤྱོད། །ཞེས་གསུངས་པའི་ཕྱིར། འདིར་བསྟན་པའི་བྱང་སེམས་དེ་བྱང་སེམས་མཚན་ཉིད་པ་ཡིན་ཀྱང༌། བྱང་ཆུབ་སེམས་ནི་ཞེས་པའི་དངོས་
བསྟན་གྱི་བྱང་ཆུབ་ཀྱི་སེམས་དེ་བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་མ་ཡིན་ཏེ། དེ་བྱང་ཆུབ་ཀྱི་སེམས་བཏགས་པ་འབུར་ཤུན་གྱི་རོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་བྱེད་པའི་ཕྱིར་ཏེ། རྣམ་བཤད་ལས། བྱང་སེམས་ཀྱི་སྔོན་དུ་འགྲོ་བའི་སེམས་བསྐྱེད་པ་ནི།
སེམས་དཔའ་ཆེན་པོ་ཀླུ་སྨྱོན་ཧེ་རུ་ཀ །
༦༥༽ པདྨ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༡ གི་ཆུ་ཚོད་ ༤ སྐར་མ་ ༢༥
མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། །ང་འདས་ལོ་ནི་ཉིས་སྟོང་ན། །གདོང་དམར་ཡུལ་དུ་བསྟན་པ་འབྱུང་། །སྤྱན་རས་གཟིགས་ཀྱི་གདུལ་བྱར་འགྱུར། །དེ་ཡི་བསྟན་པའི་སྙིགས་མ་ལ། །བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ། །ཧེ་རུ་ཀ་ཞེས་བྱ་བ་འབྱུང་། །ཞེས་ལུང་དོན་འགྲེལ་ནས་གང་ལ་སྦྱར་ན་འགྲིག་གམ། ་་་་ཟེར།
ཀླུ་སྒྲུབ་གཉིས་པ་མགོན་པོ་ཧེ་རུ་ཀ
༦༧༽ པདྨ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༣ གི་ཆུ་ཚོད་ ༡༦ སྐར་མ་ ༠༢
སེམས་དཔའ་ཆེན་པོ་ཀླུ་སྨྱོན་ཧེ་རུ་ཀ །་་་་་ཟེར།
༦༩༽ ཨ་ཕྱི་ཆོས་སྒྲོན་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༤ གི་ཆུ་ཚོད་ ༤ སྐར་མ་ ༡༢
ཀླུ་སྒྲུབ་གཉིས་པ་མགོན་པོ་ཧེ་རུ་ཀ ་་་་་་ཟེར། ཧཧཧཧོཧོཧོ།། །།
དྲ་གྲོགས་ཀླུ་སྨྱོན་ལགས་འདི། ཀླུ་སྒྲུབ་གཉིས་པ་ཡིན་མིན་ད་མེ་ཤེས་ཀྱང་། རྗེ་མི་ལའིརྣམ་ཐར་རྩོམ་མཁན་དེ་དང་མཚུངས་པ་ཅིག་འོངས་བཟོ་འདུག་སྙམ་མོ།།
ད་ཨ་རིའི་VOA ཀུན་གླེང་ནི་ཀུན་གླེང་རང་རེད། བདུན་རེ་ནང་ཐེང་གཉིས། དེ་ཡང་དུས་ཡུན་ཆུ་ཚོད་གཉིས་མ་གཏོགས་མེད་པ་གང་ཞིག་ལ། དོ་དགོང་ནི་འབའ་ལཱ་ཁ་བླ་མ་ཡིན་ན་གཅིག སྐྱ་མིན་སེར་མིན་ཞིག་ལ། སྐད་ཆ་མགོ་མེད་འཇུག་མེད་གཅིག་འདྲི་བཞིན་བསྡད་འདུག དངོས་གནས་བོད་ཕྱི་ནང་གཉིས་ནང་ཛ་དྲག་གི་གནས་ཚུལ་འདི་ཙམ་ཡོད་བཞིན་ཁོང་ཚོ་ནི་བཤད་རྒྱུ་མེད་ནས་རྐྱག་བཤད་རང་རེད་འདུག
དེ་ལས་ཀྱང་གལ་ཆེ་བ་གླིང་ཚ་བུ་ཚེ་བརྟན་རྡོ་རྗེ་ཐེངས་གཅིག་གླེང་ནའང་མི་ཆོག་པ་འདུག་གས།
ད་ནི་དངོས་གནས་VOA འདི་ལ་ཞེན་པ་ལོག་ཡ་འདྲ་གཅིག་འདུག་་་་་་་་སེམས་སྐྱོ་བ་ལ།
ཁོང་སྟོད་གྲྭ་པ་འདྲ་པོ་ཞིག་ལ་ཁོག་སྨད་མི་སྐྱ་འདྲ་པོ། སྐད་ཆ་ནི་ཡ་མ་ཟུང་ཁོ་རང་སྤྲུལ་སྐུ་ག་དུས་བཟོས་ཡིན་པའང་ཧ་གི་ཡི་མི་འདུག ཞབས་འདྲེན་རང་རེད་་་་་་་་་་་
ཀླུ་སྒྲུབ་ལ་བརྙས་བཅོས། ནང་བསྟན་སྤྱི་ལ་བརྙས་བཅོས། ཁྱད་པར་ཐེག་པ་ཆེན་པ་ལ་བརྙས་བཅོས།།།
བསྟོད་པས་གཉའ་ལ་འཁུར་ཀྱང་རུང་།།
སྨད་པས་རྐང་འོག་བརྫེས་ཀྱང་རུང་།།
བསྟོད་དང་སྨད་པ་གང་བྱས་ཀྱང་།།
ཁྱད་མེད་ལྟ་བའི་དགེ་སློང་ཞིག།
གྲུབ་རྒན་ཨོ་རྒྱན་ཉི་མ་ད་ཁྱོད་སྡོད། གལ་སྲིད་མགོན་པོ་ཀླུ་སྒྲུབ་དང་ངེད་གཉིས་དེ་རིང་ཐུག་པ་ཡིན་ན། ཀླུ་སྒྲུབ་ཀྱིས་མ་ཤེས་པ་ངས་ཤེས་པ་དེ་འདྲ་ཡོད་སྲིད་ལ། ངས་མི་ཤེས་པ་ཀླུ་སྒྲུབ་ཀྱིས་ཤེས་པ་དེ་འདྲ་ཡང་ཡོད་སྲིད། གློག་ཀླད་བེད་སྤྱོད་ཐད་ཀླུ་སྒྲུབ་ཀྱིས་ང་ལ་འགྲན་ཟླ་བྱེད་ཐུབ་མི་ཡོང་།
སྤྲུལ་སྐུ་ཨོ་རྒྱན་ཉི་མས་ད་རིས་ཡག་པོ་གསུངས་མ་སང་། ཀླུ་སྒྲུབ་གཉིས་པ་དང་ཨོ་རྒྱན་གཉིས་པ་ཐུག་ན་མི་བཟང་གི་ཡ། ཡིན་ན་ཡང་ཀླུ་སྨྱོན་ལ་ཞུ་ཡ་ཅི་ཡོད་མ་རེད། རྩོམ་མཁན་དེ་ལ་སྡིགས་ན་ཡག་པོ་རེད། ཁོས་མ་ཤེས་ཤེས་འདོགས་དང་། དད་གུས་ཡོད་འདོགས་བྱས་འདུག་ག
་་་་་ གློག་ཀླད་བེད་སྤྱོད་ཐད་ཀླུ་སྒྲུབ་ཀྱིས་ང་ལ་འགྲན་ཟླ་བྱེད་ཐུབ་མི་ཡོང་། ་་་་་ཟེར་ན།
ཀླུ་སྨྱོན་ཆོས་ཅན། ཤྰཀྱ་ཐུབ་དང་། སློབ་དཔོན་པདྨ་འབྱུང་གནས་ལས་མཁས་པ་ཡིན་པར་ཐལ། མཇེ་སྟུའི་སྙན་ཚིག་སྤེལ་བ་ལ་ཁོང་གཉིས་ལས་ལྷག་པའི་ཕྱིར། འདོད་ན། རང་གི་སྟོན་པ་ལས་མཁས་པར་འོད་པའི་རྗེས་འཇུག་ཅི་རྗེས་ཅིགའཇོག་གམ། དེ་འདྲའི་ནང་པ་ཅིག་ཡོད་པར་ཐལ་ལོ།། །།ཧཧ་ཧོཧོ།།སངས་རྒྱས་ཀུན་མཁྱེན་མ་ཡིནཔར་ཐལ་ལོོོ།། །།
དེ་རིང་ནས་བཟུང་། ཀླུ་སྨྱོན་ཀླུ་སྒྲུབ་ཡིན་པའི་ང་རྒྱལ་སྒོམས། ཨོ་ཉི་པད་འབྱུང་ཡིན་པའི་རྨོངས་མུན་་སྒོམས། ང་ཀརྡོ་་་་་་་་་་་་ ཡིན་པའི་་་་་་་་་་་་་་ !!! ???
ཧ་ཧ། ཀུ་རེ་ཡིན་ནོ། ཀླུ་སྨྱོན་ལགས།
ཀླུ་སྨྱོན་གྱི་ཉེ་སྔོན་བྲིས་པའི་སྙན་ངག་ཚིག་བཅད་མིན་མཁན་ཚོ་ལ་ངོ་མ་ཁྱད་ཆོས་ཤིག་འདུག གོ་སླ་བ་དང་། འཚོ་བའི་བདེན་དོན་ལ་ཁ ཐག་ཉེ་བ། སྐད་ཀྱི་མཛེས་པ་བཅད་གཏུབ་མ་བྱས་པར་གངས་ཆུ་བཞུར་བ་ལྟ་བུའི་སྙན་ཆ་ཞིག་འདུག ང་ལ་ཡིད་ཆེས་གྱིས། ང་ནི་སྙན་ངག་འབྲི་ཁུལ་བྱས་ན་ནི་ལད་ཟློས་ཐབས་ཆག་ཅིག་ལས་སྐྱག་པ་དུམ་བུ་ཞིག་གི་རིན་ཐང་ཡོད་པ་ཞིག་ཀྱང་མི་ཐོན་མོད་སྙན་ངག་ཀློག་པར་ངོ་མ་དགའ་མཁན་ཞིག་ཡིན། ངས་སྙན་ངག་གི་བཟང་ངན་ལ་བལྟས་ཡོང་དུས་ཨ་ཁུ་འབྲོག་པས་བཤས་ལུག་འདེམས་པའམ་ཁ་ཆེ་ཤན་པས་བཤད་ཟོག་ཉོ་བ་བཞིན་དུ་འདེམས་སྒྲུག་ལ་ཧ་ཅང་མཁས་པ་ཞིག་ཡིན།
སྤྲུལ་སྐུ་སང་ལ་དྲི་བ་ཞིག་ཡོད། གལ་ཏེ་ཀླུ་སྒྲུབ་གཉིས་པ་ལབ་པ་འདི་ཀླུ་སྒྲུབ་ཀྱི་སྤྲུལ་ཡིན་པ་བཤད་པ་དབང་དུ་གཏོང་ན། ང་ཚོས་རྒྱལ་བ་རིན་པོ་ཆེ་ལ་སྤྱན་རས་གཟིགས་ཡིན་པར་བརྗོད་པ་འདི་ཡང་། སྤྱན་རས་གཟིགས་ལ་བརྙས་བཅོས། ནང་བསྟན་སྤྱི་ལ་བརྙས་བཅོས། ཁྱད་པར་ཐེག་པ་ཆེན་པ་ལ་བརྙས་བཅོས་སུ་འགྱུར་རམ། མཆོག་གིས་ལྷ་ཁང་ངུ་ཆང་ས་བརྒྱབ་སྐབས་སུ་དེ་ན་བླ་སྤྲུལ་འགའ་རིས་ཨོ་རྒྱན་གཉིས་པ་ལྟ་བུ་ཡིན་པའི་འགྲེལ་བཤད་ཡུ་ཊུབ་ལས་མཐོང་གི་འདུག ངོ་ཚ་དང་ནང་བསྟན་ལ་བརྙས་བཅོས་ཞིག་མིན་ནམ།
བསྟོད་པའི་ཟོལ་གྱིས་སྨད་པ་རེད། ཁྱེད་རང་ལ་སྨད་པ་རེད་ལ། ཀླུ་སྒྲུབ་ལ་སྨད་པ་རེད། ཀླུ་སྒྲུབ་ཁྱེད་འདྲ་བོ་ཞིག་ལས་མེད་ན་ཚར་སོང་ནི་རེད། ཨོ་རྒྱན་ཆེན་པོ་ང་འདྲ་བོ་ཞིག་མ་གཏོགས་མེད་ན་ཞབས་འདྲེན་རེད།
ངོ་མ་ད་ཤེས་མ་སོང་། ང་ཚོས་རྒྱལ་བ་རིན་པོ་ཆེ་དང་ཨོ་རྒྱན་རིན་པོ་ཆེ་ཁྱེད་ལ་བསྟོད་པ་བྱས་ན་སྨད་པ་དང་། ཁྱེད་རྣམ་པ་ཞབས་འདྲེན་ཡིན་ན། ད་གང་གང་ཞིག་ལ་མཛུབ་མོ་གཙུག་དགོས་ཧ་གོ་མ་སོང་། སྤོབས་པ་མཐའ་ཡས་དང་ཅོ་རི་ཉི་མ་ས་ཟེར་བ་དག་ལ་རྒྱུ་མཚན་མི་འདུག་མག། རེད་ད་མ་རེད། སྤྲུལ་སྐུ་ཨོ་རྒྱན་ཉི་མ་ལགས།
གང་ལྟར་རང་ངོས་ནས་ཀླུ་སྨྱོན་ལ་དད་གུས་ཡོད། རྒྱུ་མཚན་གཙོ་བོ། ཁོ་ལ་སེམས་ཅན་ལ་སྙིང་རྗེ་ཆེན་པོ། གྲུབ་མཐའ་དང་ཆོས་ལུགས་ཆོལ་ཁ་ལ་ཕྱོགས་ཞེན་མི་བྱེད་པར་ཤེས་རབ་ཡེ་ཤེས་ཀྱིས་ཆོས་སྲིད་ཕན་བདེ་སྒྲུབ་པའི་རྣམ་ཐར་མང་པོ་འདུག ། དེང་དུས་མཁན་པོ་སྤྲུལ་སྐུ་བླ་མ་ཟེར་བ་ནང་དུ་ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོ་འདྲ་མི་འདུག་བཤད་ཕོད་ཀྱིན་འདུག དེས་ན་མཁན་ཆེན་བླ་མ་ཟེར་བའི་སྨྱོན་པ་དེས་ཀྱང་བྲིས་པ་ལ་ཡི་རང་ཡོད། སྤྲུལ་སྐུ་ཨོ་རྒྱན་ཉི་མ་ཞབས་འདྲེན་ཡིན་པ་ཁྱོད་རང་གིས་ལོས་ཤེས། ཁྱོད་རང་གིས་རྫུན་མིན་ན་སེ་ར་ཡང་སྤྲུལ་དང་གྲུབ་པདྨ་ནོར་བུ་དང་རྒྱལ་བ་རིན་པོ་ཆེ་རྣམས་པས་རྫུན་བཤད་མི་སྲིད་པ་རེད་བསམ་ཡོད། དེས་ན་ཁྱོད་ལ་སྤྲུལ་སྐུ་ཞེས་འབོད་ཀྱིན་ཡོད། གཞན་ཡང་བསྟན་པ་ལ་ཁ་གཡར་ནས་བླ་གྲྭ་ཚོ་ལ་ཕྲག་དོག ཆགས་སྡང་རྨོངས་པ་མང་པོ་ཞིག་ཁ་ནས་ལུད་བསྡད་ན་ཆོས་བརྒྱུད་དང་བཅས་པ་ལོག་ལྟ་སྐྱེ་བའི་རྒྱུ་བསགས་པ་ལས་གཞན་ཅི་མི་འདུག རེད་པས་དེ་ལུགས་གནང་རོགས།