བྱ་འཕུར་ལྷུན་གྲུབ་རྒྱ་མཚོ། (ཨ་རི། རྒྱལ་གཤེན་ཞང་བོད་རིག་སློབ་གླིང་།)
ཆུང་དུས་སློབ་གྲྭར་ལོ་མང་མ་འགྲིམས་ཀྱང་།།
ཚན་རྩལ་རིག་པའི་གནས་ལ་མི་རྨོངས་པར།།
དུས་རབས་གསར་པའི་འོད་ཀྱིས་འཚོ་བ་ཡི།།
ཀླུ་སྨྱོན་ཁྲག་འཐུང་གླིང་བ་ཨེ་རིག་ཐལ།།
རྟོག་གེའི་གནས་ལ་རིང་དུ་མ་འབད་ཀྱང་།།
སྤྱི་དོན་ཚད་མའི་དེ་ཉིད་རྟོགས་པའི་མཐུས།།
མདོ་རྒྱུད་དབུ་སེམས་གྲུབ་མཐའ་སྨྲ་བའི་བུ།།
ཀླུ་སྨྱོན་ཁྲག་འཐུང་གླིང་བ་ཨེ་རིག་ཐལ།།
རྒྱུད་གྲྭ་སྟོད་སྨད་ཡུན་རིང་མ་འགྲིམས་ཀྱང་།།
རིམ་གཉིས་ཏིང་འཛིན་ཟབ་མོའི་གོ་བགོས་ཏེ།།
ཟུང་འཇུག་བདེ་དྲོད་འབར་བའི་རྡོ་རྗེ་འཆང་།།
ཀླུ་སྨྱོན་ཁྲག་འཐུང་གླིང་བ་ཨེ་རིག་ཐལ།།
རྒྱབ་རུས་བྲག་དང་ཕུག་པར་མ་བརྙེས་ཀྱང་།།
སྣང་བཞི་ལྷུན་གྲུབ་འོད་དུ་དེངས་པའི་ངོར།།
སྐྱོན་ཡོན་གཉིས་སུ་བྲལ་བའི་རྣལ་འབྱོར་བ།།
ཀླུ་སྨྱོན་ཁྲག་འཐུང་གླིང་བ་ཨེ་རིག་ཐལ།།
ཁ་བའི་ལྗོངས་ཀྱི་མཁས་མང་བླ་སྤྲུལ་དབུས།།
མི་རིགས་དང་ནི་ཆོས་རྒྱུད་གྲུབ་མཐའི་བར།།
ཕྱོགས་ཞེན་དུག་སྦྲུལ་ལྕེ་རྩེས་མ་རེག་པ།།
ཀླུ་སྨྱོན་ཁྲག་འཐུང་གླིང་བ་ཨེ་རིག་ཐལ།།
རང་བྱུང་ཙི་ཏ་ཤེལ་དཀར་བུམ་གཟུགས་ལྟོར།།
ཚངས་སྲས་ལྷ་མོའི་འགྲམ་ཆུ་ཕོག་དང་ལྷན།།
དབྱངས་སྙན་བདུད་རྩི་ཚིགས་སུ་སྡེབ་པ་པོ།།
ཀླུ་སྨྱོན་ཁྲག་འཐུང་གླིང་བ་ཨེ་རིག་ཐལ།།
གཅེར་བུར་ཉི་མར་བལྡེ་བའི་མཚོ་ཁ་དང་།།
རང་བྱུང་མེ་ཏོག་འབར་བའི་སྐྱེད་ཚལ་དུ།།
སྙན་ཚིག་སྦྲང་མའི་གཤོག་རྩེར་འཁྱུད་པ་པོ།།
ཀླུ་སྨྱོན་ཁྲག་འཐུང་གླིང་བ་ཨེ་རིག་ཐལ།།
བྲེལ་བས་གློག་བཞིན་འཚུབ་པའི་འདུ་བ་དང་།།
དངུལ་ལོའི་ལྕག་གིས་གཞུ་བའི་ཁོར་ཡུག་ན།།
བོད་ཀྱི་ཤེས་རིག་དགའ་མར་བསྟེན་པའི་བུ།།
ཀླུ་སྨྱོན་ཁྲག་འཐུང་གླིང་བ་ཨེ་རིག་ཐལ།།
སྐོམ་པས་དེད་པའི་གདུལ་བྱའི་སྣང་ངོ་ལ།།
གཅིག་ཏུ་མ་ངེས་སྣ་ཚོགས་སྤྲུལ་པའི་གཟུགས།།
བློ་དང་བསྟུན་ཏེ་སྟོན་པའི་ཐབས་ལམ་ཅན། །
ཀླུ་སྨྱོན་ཁྲག་འཐུང་གླིང་བ་ཨེ་རིག་ཐལ།།
ཁ་བརྡ་ལ་སོགས་དྲ་བའི་སྟེགས་བུར་ཡང་།།
ལེགས་བཤད་རོལ་མོ་རྒྱུན་དུ་དཀྲོལ་བ་ཡིས།།
ཀུན་ཡིད་འཕྲོག་པའི་ཕུལ་བྱུང་སྒྱུ་རྩལ་བ།།
ཀླུ་སྨྱོན་ཁྲག་འཐུང་གླིང་བ་ཨེ་རིག་ཐལ།།
ཐུགས་ཉིད་ནམ་མཁར་གཡོ་བ་མི་མངའ་ཡང་།།
མཛེས་མ་ཞིག་གི་རྣམ་འགྱུར་སྤྲིན་ཚོགས་ཀྱིས།།
ཀུན་རྫོབ་འོད་སྣང་གཞན་ངོར་བསྟན་པའི་ཕྱིར།།
སྐུ་ཡི་མེ་ཏོག་འཐོར་བའི་གཏམ་ཨེ་བདེན།།
མཚུངས་མེད་བྱ་འཕུར་རིན་པོ་ཆེའི་རྩོམ་སྙན་མོ་འདུག ཀླུ་སྨྱོན་ཚང་འདི་མདོ་སྨད་གྲུབ་པའི་དབང་ཕྱུག་ཨ་ལགས་དོ་རྡོའི་སྤྲུལ་སྐུ་འཁྲུལ་མེད་ཡིན་པ་ཞིག་གོ་ཐོས་བྱུང་། ཨ་ལགས་དོ་རྡོ་ཚང་ནི་གྲུབ་མཐའ་ལ་ཕྱོགས་རིས་གང་ཡང་མེད་པའི་སྙིགས་དུས་ཀྱི་གྲུབ་ཆེན་་ཞིག་རེད། །
ཚེ་རིང་སྐྱིད་ལ་དྲིས་དང་་་་་ཅིག་ཅེ་ན་མོས་རིག་ཡོད་རྒྱུ་རེད།
ཁ་བརྡ་ལགས་པདྨ་ཟེར་བའི་མི་འདི་ཡི་ཁ་ནས་ག་དུས་ཡིན་ནའང་དམོད་བཟློག་རྐྱང་རྐྱང་བཤད་ནསམབསྡད་ཀྱིན་པར་ཁྱེད་རྣམས་ནས་དགོངས་པ་རྒྱ་ཆེར་བཞེས་ན་མི་འདིའི་རིགས་གཏན་བཀག་གནང་ན་གང་འདྲ་འདུག་གམ་་་མི་འདི་ལ་མཆན་བུ་བ་ཡོངས་ཡིད་ཐང་ཆད་ནས་བསྡད་པར་མ་ཟད་ཁྱེད་རྣམས་ཀྱི་རྩ་ཁྲིམས་དང་ཁྱོན་ཡོངས་ནས་འགལ་ཀྱིན་འདུག་པས་དགོངས་པ་བཞེས་རོགས།
པདྨ་འདིས་ཀྱང་ཚུར་སླེབས་ཞོར་རྙོག་གླེང་དང་དུག་རོས་ཁེངས་པའི་ཞེན་ཁོག་རྫབ་དྲི་ཅན་ཞིག་འཁུར་ཡོང་གི་འདུག་ག
བཅུ་ཕྲག་གོང་དུ་ཐང་ལྷའི་རི་རྩེ་ནས།
དགེ་ལྡན་བསྟན་ལ་ཞུགས་ནས་རྩོམ་རིག་གླེང།
ལོ་ཤས་གོང་ནས་ཁ་བརྡའི་སྐྱེད་ཚལ་ནས།
རྙིང་སྤྲུལ་ཁྲི་ལ་འཁོད་ནས་ཆགས་སྲེད་གླེང།
མི་རིང་ཨ་རིར་སླེབས་ནས་རླུང་འཕྲིན་ནས།
མཛངས་མ་ཚེ་རིང་སྐྱིད་དང་ཁ་བརྡ་གླེང།
ད་ནི་གོ་ཐོས་རིག་མེད་ཚུལ་བསམ་ན།
ས་སྐྱར་འོད་གསལ་ཀློང་དུ་ཐིམ་མིན་ནམ།
ད་ནི་མ་གོ་མ་རིག་ལ་ལྟས་ན།
ཐོད་པའི་གཉེར་མ་བརྩེགས་ནས་རྒན་གསོ་རུ།
སྐུ་ངལ་གསོ་བཞིན་ངེས་འབྱུང་འཁྲུངས་མིན་ནམ།
མ་རིག་ཐལ་མ་གོ་ཐལ་མ་ཐོས་ཐལ།
༼ཡིན་ན་ཡང་བོན་གྱིས་དམ་གྲིབ། དོལ་འདྲེས་ཉམས་གྲིབ། ཀརྨས་མི་གཙང་གི་གྲིབ་ཀྱིས་ཕོག་ནས་༽པདྨ་ལགས་གཞན་ལ་ལྟ་བའི་མིག་ཡོད་ན་རང་ལ་ལྟ་སའི་མེ་ལོང་ཞིག་དགོས་ངེས་རེད། དེ་མེད་ན་གཡག་ཞར་གྱིས་རྩ་ཟོས་པ་བཞིན་ནོ།
ཁ་བརྡ་དྲ་བདག་ལགས་ནས་བཏང་འཛིན་བླ་མེད་གནང་བར་བཀའ་དྲིན་ཆེ། པདྨ་ལགས་ཕེབས་བསྐྱེལ་ཞུས་ཤག
འདི་ན་ཡང་ཨེ་རིག་ཐལ་ཞིག ཧ་ཧ།
བོན་བརྒྱའི་བོན་པོ་གྲུབ་དབང་མཁར་རྩེ་དང་གྲུབ་ཆེན་དོ་རྡོ་རྣམ་གཉིས་ཐུགས་མཐུན་པའི་གྲོགས་པོ་ཡིན་པ་དང་། ཁོང་རྣམ་པ་གཉིས་ནས་སྐྱེ་བ་ཕྱི་མ་འཇིག་རྟེན་གཞན་ཞིག་ལ་འགྲོ་རྒྱུ་ཞལ་བཞེས་ཡོད་པ་རེད། འོན་ཀྱང་ཁོང་གཉིས་འཇིག་རྟེན་གཞན་ཞིག་ལ་འགྲོ་ས་མ་རྙེད་པར་སྤྲུལ་སྐུ་རེ་འཁྲུངས་ཡོད་ས་རེད་འདུག །
ཉི་འོད་འཁྱུག་པའི་མཚོ་མཐའ་ན།།
གཅེར་བུ་མང་པོའི་རྒྱབ་ཟུར་ནས།།
མཇེ་གོག་ལག་པས་མཉེ་བཞིན་དུ།།
འགྱོད་པས་གདུང་ཞིང་ཡིབ་སྟེ་འདུག།
ཀླུ་སྨྱོན་ཁྲག་འཐུང་གླིང་བ་ཨེ་རིག་ཐལ།
ཀླུ་སྨྱོན་ཁྲག་འཐུང་གླིང་པ་་ཞེས་དགོས་ཀྱང་།
བ་ཡིག་བཀོད་པ་སྔོན་གྱི་ཡིག་ཚང་ལ།
ཀླུ་སྨྱོན་ཁྲག་འཐུང་གླིང་བས་རྒོལ་བ་ལགས།།
འདོད་ཆགས་སྐྱེད་ཚལ་ཆེན་མོའི་མཚོ་ཁ་རུ།།
དབྱངས་ཅན་ལྷ་མོ་ལྟ་བུའི་མཛེས་མ་ཚོས།།
སྐུ་གཟུགས་ཟླ་ཤེལ་གཙང་འཁྲུ་རོལ་བའི་དུས།།
ཀླུ་སྨྱོན་དབང་ལྔ་དྲན་འཐོར་བྱུང་ནས་འདུག།