བསྟན་འཛིན།
ཀླུ་སྨྱོན་ལགས་ཀྱིས། ༼རང་རེའི་སྤྱི་ཚོགས་ཁྲོད་བུད་མེད་རྩོམ་པ་མོ་ཉུང་སྐྱོན་འདུག སྐྱེས་པ་རྩོམ་པ་པོ་མང་སྐྱོན་འདུག༽ ཅེས་པའི་བསམ་ཚུལ་ཐུང་ངུ་ཞིག་སྤེལ་བ་འདིར་གནད་འགག་ཡོད་ཀྱི་རེད་དེ། དགོངས་ཚུལ་གྱི་གཤོག་པ་རིང་དུ་བརྐྱངས་ཏེ། ༼མང་དྲགས་འདུག་མི་འདུག་དུས་བབ་ཟིན་བྲིས་ཚང་ལ་ཕེབས་དང་མཁྱེན་གྱི་རེད༽ཅེས་གསུངས་འདུག འདི་ནི་ངས་ལགས་སོ་ཞུ་མི་ཐུབ་པའི་གསུང་ཚིག་ཅིག་རེད།
ཁྱེད་རང་ལ་བཀའ་འདྲི་ཞིག་ཞུ་རྒྱུར། ཁྱེད་རང་ནི་དུས་བབ་ཟིན་བྲིས་ནང་གཞོན་སྐྱེས་མཁས་པ་ཞིག་ལབ་ནའང་འདྲ། རྩོམ་པ་པོ་རྒན་གྲས་ཤིག་ལབ་ནའང་འདྲ། ཁྱེད་རང་དུས་བབ་ཟིན་བྲིས་ནང་ཞུགས་ཤིང་བཞུགས་མུས་སུ་ཡོད་མཁན་ཅིག་གི་ངོས་ནས། དུས་བབ་ཀྱི་ཟིན་བྲིས་པ་འདི་ཚོའི་ཤེས་དཔྱོད་ཀྱི་ཚད་དང༌། བསམ་བློའི་གཞི་རྒྱ། དམིགས་ཕྱོགས་ཀྱི་ཚད་བཅས་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པ་ཞིག་རེད།
གང་ཡིན་ཟེར་ན། ༼མང་དྲགས་འདུག་མི་འདུག་དུས་བབ་ཟིན་བྲིས་ཚང་ལ་ཕེབས་དང་མཁྱེན་གྱི་རེད༽ཅེས་ཁྱེད་རང་གིས་དུས་བབ་ཟིན་བྲིས་པ་ང་ཚོར་མཐོང་ཆུང་དང་ཁྱད་གསོད་བྱས་འདུག ད་ཡིན་ན། ཁྱེད་རང་གིས་དུས་བབ་ཟིན་བྲིས་པ་ཚོའི་ཤེས་དཔྱོད་དང་མིང་རྒྱང་གི་རིང་ཐུང་ཚད་བཅལ་བའི་མཐའ་མའི་བཙལ་དོན་དེ་ངོ་སྤྲོད་ཅིག་གནང་རོགས།
༼མང་དྲགས་འདུག་མི་འདུག་དུས་བབ་ཟིན་བྲིས་ཚང་ལ་ཕེབས་དང་མཁྱེན་གྱི་རེད༽ཅེས་ཁྱེད་རང་གིས་དུས་བབ་ཟིན་བྲིས་པ་ང་ཚོར་མཐོང་ཆུང་དང་ཁྱད་གསོད་བྱས་འདུག ད་ཡིན་ན། ཁྱེད་རང་གིས་དུས་བབ་ཟིན་བྲིས་པ་ཚོའི་ཤེས་དཔྱོད་དང་མིང་རྒྱང་གི་རིང་ཐུང་ཚད་བཅལ་བའི་མཐའ་མའི་བཙལ་དོན་དེ་ངོ་སྤྲོད་ཅིག་གནང་རོགས།
དུས་བབ་ཟིན་བྲིས་ནང་ལ་ཚུད་བདེ་བའི་རྐྱེན་པས་ཡིན་པ་འདྲ། མགོ་རྔ་ཚང་མཁན་བྲིས་ཤེས་མཁན། ཚེ་རིང་སྐྱིད་རེད། རང་རང་སོ་སོས་རྩོམ་པ་པོ་ཡིན་ཟེར་བ་ནི། མང་རྐྱོན་མ་གཏོགས་མི་འདུག་རུང་། མགོ་རྔ་ཚང་བའི་རྩོམ་པ་པོ་ཟེར་བའི་མིང་ཐོག་མཁན་དེ་རྣམས་ཀྱང་། ང་ལས་ལོད་པ་མ་གཏོགས་མཐོང་གི་མི་འདུག ང་ནི་རྩོམ་པ་པོ་མིན་ལ། བོད་ཡིག་མགོ་རྔ་ཚང་བ་ཞིག་ཀྱང་བྲིས་ཤེས་ཀྱི་མེད། ཀླུ་རིན་པོ་ཆེ་ནམ་རྒྱུན་བསྟོད་བསྔགས་ལར་ནས་བྱེད་ཀྱི་མེད་དེ། དེ་རིང་ཞིག་འཇུག་ཡག་པོ་བྱེད་ཀྱིན་ཡོད་པ་འདྲ་ཟེར་བསྟོད་བསྔགས་ཀྱི་ཚིགས་གཅིག་ཤོར་སོང་།
རང་རེ་བོད་ཀྱི་ནང་དུ། རྩོམ་པ་པོ། མི་འབོར་ལ་ལྟོས་ན། དངོས་གནས་ཉུང་ངུ་མིན། ཡིན་ནའང་། དུས་རབ་འདིར་རྩོམ་པ་པོ་ཞེས་དོན་དང་མཐུན་པའི་མཚན་འདོགས་ས་ནི། གསེར་ཐ་མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་ཁ་ཤས་རེད། རྩོམ་པ་པོ་མང་ཆེ་བའི་དོགས་པ་ལར་ནས་དགོས་ཀྱི་མི་འདུག ཡིན་ནའང་། བྲིས་མང་བའི་སྐྱོན་འདུག གོ་རྒྱུ་མེད་པའི་དེབ་འཕྲེང་དེ་རྣམས་ནི། སོ་སོའི་ཕྱག་དངུལ་ཆུད་ཟོས་གཏོང་བ་དེ་ཆུང་ཆུང་རེད། རིག་གཞུང་ལ་ཤུགས་རྐྱེན་ངན་པ་ཐེབ་ཀྱིན་འདུག
བསྟན་འཛིན་ཟེར་བ་འདི་སུ་རེད། ད་དུང་ཆོས་འཕེལ་ཟེར་བ་དང་འཆི་བདག་སྐྱབས་ཟེར་བ་འདི་ཚོ་སུ་རེད།
མི་རྫུན་རྐྱང་རྐྱང་གིས་དྲ་ཚིགས་ཀྱང་རྫུན་མ་བཟོས་འགྲོ་གི་འདུག རེ་བ་ཞིག་ལ་ཁྱེད་རྣམ་པ་ཚོས་རང་རང་ས་ནས་རང་རང་གི་སྐྱག་ཁ་བོ་བཙུམ་ནས་འདུག་རོགས།
དྲ་ཚིགས་ཉོག་ཟང་ཅན་དུ་འགྱུར་འགྲོ་བ་ཡང་མི་རྫུན་ཁྱོད་ཚོ་ལན་པ་རེད།
དྲ་ཚིགས་ཕྱོགས་རུས་ཅན་དུ་འགྱུར་འགྲོ་བ་ཡང་མི་རྫུན་ཁྱོད་ཚོ་ལན་པ་རེད།
ཐུགས་རྗེ་གཟིགས། དྲ་བདག་ལགས། མི་རྫུན་འདི་རིགས་ཀྱི་མཆན་བུ་དང་རྩོམ་འཁྱོག་དེ་ཚོ་དྲ་སྟེང་ལ་མ་འཇོག་རོགས། ཐུགས་རྗེ་གཟིགས།
འཆི་བདག་སྐྱབས་ནས་འཆི་བདག་སྐྱབས་སུ་རེད་ཅེས་དྲིས་འདུག་པར། ངས་ཁ་བརྡའི་དྲ་དཔོན་ཚོའི་ཚབ་ལ་ལན་ཞིག་འདེབས། འཆི་བདག་སྐྱབས་སུ་རེད་ཅེས་པའི་ལན་དུ། འཆི་བདག་སྐྱབས་ཁྱེད་རང་སུ་ཡིན་ཅེས་ཞུ་ཡི་ཡོད། བསྟན་འཛིན་དང་ཆོས་འཕེལ་གཉིས་ནི་མི་རེད། དྲ་ངོས་འདི་ན་མི་རྫུན་མ་ཟེར་བ་ཞིག་ཁྱོན་ནས་ཡོད་པ་མ་རེད། ཤོད་སྟངས་ལ་བལྟས་ན། ཁྱེད་རང་དུས་བབ་དྲ་ངོས་ཀྱི་ཟིན་བྲིས་པ་འདྲ་པོ་འདུག་གཱ
རང་རེའི་སྤྱི་ཚོགས་ཁྲོད་བུད་མེད་རྩོམ་པ་མོ་ཉུང་བའི་སྐྱོན་འདུག་ཟེར་ན་དངོས་ཡོད་རེད་་་་་་་་དེང་སྐབས་ཚོགས་བཞིན་པའི་རྩམ་པ་པོའི་མཐུན་ཚོགས་ཟེར་བ་དེའི་ནང་གཟིགས་ན་ཤེས་ཀྱི་རེད་་་མ་གཞི་ཚོགས་པ་དེ་ཡང་མིང་དོན་མཚུང་པ་ཞིག་ཡིན་མིན་ཁག་པོ་འདུག་་་དགེ་གྱི་ཁེ་ཕན་སྤྱོད་དེ་སྤྱི་མིང་བད་སྤྱོད་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་པ་མང་པོའི་ཞལ་ནས་ཐོས་་་་་་་་་་་་་གང་ལྟར་དེ་རྩམ་མ་ཡིན་པ་ཕོ་ལས་མོ་ཉུང་བའི་གནས་སྟང་འདི་རང་རེའི་སྤྱི་ཚོགས་ཁྲོད་ཤེས་ཡོན་པའི་སྡེ་ཚན་ཡོངས་ལ་གཅིག་པ་རེད་
ངས་དངོས་གནས་ཟེར་གྱིན་ཡོད། ང་ནི་འཆི་བདག་སྐྱབས་ལ་སོགས་པ་དང་ནམ་ཡང་བསྡུར་ནུས་པ་ཞིག་མིན། ང་ལ་གཅིག་ཡོད་པ་དེ་ནི། བོད་ལ་ཞེན་ཆགས་དེ་རེད། ང་ནི་གཅིག་ལ་སྡང་པ་དེ། འཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་ཅན་དེ་རྣམས་རེད།
ང་ལ་བོད་ལ་ཞེན་ཆགས་ཆེ་བའི་རྒྱུ་མཚན་གྱིས། བོད་དོན་སྐོར་ལ་གོ་རྟོགས་ཡར་རྒྱས་འདྲ་ཕན་པ་བྱུང་ན་བསམ་ནས་ཡོང་པ་ཡིན། ཁ་བརྡ་འདིའི་ཐོག་ལ་ཡོད་མཁན་ཕལ་ཆེར་བ་ནི། བོད་དོན་སྐོར་ལ་བགྲོ་གླེང་བྱེད་འདོད་མེད་པ་ཤ་སྟག་མཐོང་བྱུང་།
ཁ་ཤས་ཀྱིས་དྲི་བ་འདྲ་དང་། དྲིས་མཁན་ལ་ནི། ཆབ་སྲིད་ལ་གོ་རྟོགས་མེད་དྲག ཁ་ཤས་ཀྱིས་ཅུང་དོ་སྣང་ཡོད་པའི་ཁུལ་འདྲ་འདུག་རུང་། མི་ཤེས་ཤེས་མདོག་དུས་འཁོར་དང་སྦྱར་ནས་བཤད་ཀྱི་ཡིན་ཟེར་གྱི། ཁོང་བཤད་མཁན་གྱིས་བཤད་ཤེས་ཀྱི་ཡོད་ན་ང་ཉན་མཁན་གྱིས་ཉན་མི་ཤེས་ཀྱི་མི་འདུག
ད་དུང་མེ་སྒྱོགས་རྒྱ་མཚོ་ཟེར་བ་དེས། བོད་དོན་ཤེས་མདོག་འདྲ་བྱས་འདུག་ཀྱང་། རྒྱ་གཞུང་གིས་བཙན་བྱོལ་བོད་ལ་རྐྱོན་བརྗོད་བྱས་པ་དེ་རྣམས་མ་གཏོགས། དེང་དུས་ཀྱི་བོད་གཞུང་དེ། སྔོན་མའི་བོད་གཞུང་དང་གཅིག་མཚུངས་སུ་འཛིན་པའི་བླུན་པོ་ཡ་མེད་ཞིག་གཏན་གཏན་རེད་འདུག
བོད་ལ་བུད་མེད་རྩོམ་པ་པོ་ཉུང་ཉུང་ཡིན་པ་ནི་དངོས་ཡོད་གནས་ཚུལ་རེད།
འོན་ཀྱང་དེ་ནི་སོ་སོའི་དོ་སྣང་མ་སྤྲད་མ་སྤྲད་ཀྱི་ཁྱད་པར་ཞིག་ཡིན་གྱི་རེད་
མ་གཏོགས་འགོག་རྐྱེན་གཞན་གང་ཡང་ཡོད་རྒྱུ་མ་རེད།
ང་ཚོས་ཆབ་སྲིད་ཀྱི་བགྲོ་གླེང་ཤུགས་ཆེ་ས་བོད་ཀྱི་དུས་བབ་དང་བང་ཆེན་བོད་མའི་
རང་དབང་སོགས་ཀྱི་ཐོག་གཙོ་བོ་གནང་གིན་ཡོད་པ་རེད།
ཁ་བརྡ་ཐོག་སོ་སོའི་བསམ་ཚུལ་འདྲ་མིན་རང་དབང་གི་ཐོག་གླེང་གི་འདུག་པ་
དེ་ཡང་ཡག་པོ་རེད། ཡིན་གཅིག་མིན་གཅིག་བསམ་ཚུལ་ཞིག་བཤད་བཤད་ཚང་མ་
ཆབ་སྲིད་རྐྱང་རྐྱང་ཡིན་དགོས་ཀྱི་མ་རེད། འགྲོ་བ་མིའི་ཁམས་དབང་མོས་པ་སྣ་ཚོགས་པ་ཞིག་
ཡོད་པས་ཆོས་འཕེལ་ལགས་ཆབ་སྲིད་ཤེས་འདོད་ཆེ་ན་དྲྭ་རྒྱ་འདྲ་མིན་གྱི་ཐོག་གོ་སྐབས་ཡོད་
བསྡད་ཞིག་རེད།
དྲྭ་རྒྱ་གཞན་ལ་ལྟོས་ན། ཞ་བོའི་ནང་གི་རྐང་ལྡན། ལོང་པའི་ནང་ནས་མིག་ཡོད་དེ་ཁ་བརྡ་དྲྭ་རྒྱ་འདི་རེད་འདུག་བསམ་ནས་ཡོང་པ་ཡིན། ཡིན་ན་ཡང་། བོད་ལུས་བླངས་ཀྱང་བོད་དྲི་དང་། བོད་དོན་མི་སེམས་པའི་མི་ཁྱོད་ནང་བཞིན་གྱིས་གང་སྡད་ཡོད་པ་འདྲ།
སྐུ་ཞབས་བསྟན་འཛིན་ལགས། ངས་དུས་བབ་དྲ་ངོས་སུ་སྐྱེས་པ་རྩོམ་པ་པོ་མང་དྲགས་འདུག་ཅེས་བྲིས་ཡོད་པ་མ་གཏོགས་སྐྱེས་པ་རྩོམ་པ་པོ་དེ་དག་གི་བརྩམས་ཆོས་ལ་བཟང་ངན་གང་ཡང་བརྗོད་མེད། འདི་མི་བདེན་བསམས་ན་ཁྱེད་རང་དུས་བབ་ཟིན་བྲིས་སུ་ཚར་གཅིག་ཕེབས་དང་དེ་ནས་མཁྱེན་གྱི་རེད། དཔེར་ན་མི་ཞིག་གིས་ངས་ཁ་ལག་བཟའ་རྒྱུ་མང་དྲགས་འདུག་ཅེས་བརྗོད་པ་འདིས་ཁ་ལག་གི་བཟང་ངན་གང་ཡང་བརྗོད་མེད་པ་དང་གཅིག་པ་མ་རེད་དམ། མང་ཉུང་དང་བཟང་ངན་གྱི་གོ་དོན་རྦད་དེ་ཁ་ཁ་རེད་ལགས། ངས་དེ་འདྲ་ཞིག་མཐོང་སོང་། དེ་རུ་སྐྱེས་པ་རྩོམ་པ་པོ་མང་དྲགས་འདུག སྐྱེས་མ་རྩོམ་པ་པོ་ཉུང་དྲགས་འདུག མི་བདེན་བསམས་ན་གྲངས་ཀ་སྐྱོན་རོགས།
རྩ་བའི་ཆ་ནས་འདི་ནི་ང་གཅིག་པོའི་ལྟ་ཚུལ་ཞིག་མ་ཡིན་པ་ནི་གོང་གི་དྲ་གྲོགས་ཚོའི་མཆན་དག་ལ་གཟིགས་ན་ཧ་ཅང་ལས་སླ་བོའི་ངང་མཁྱེན་ཐུབ་པ་ཞིག་རེད་ལགས། གང་ལྟར་འདི་དག་གནད་འགག་ཅིག་ཏུ་གཟིགས་ནས་དཔྱད་བརྗོད་སྤེལ་བ་ལ་སྙིང་ཐག་པ་ནས་དགའ་བསུ་ཞུ།
ཆོས་འཕེལ་གྱིས་ང་ལ། བོད་ལུས་བླངས་ཀྱང་བོད་དྲི་དང་། བོད་དོན་མི་སེམས་པའི་མི་ཁྱོད་ནང་བཞིན་
གྱིས་གང་སྡད་ཡོད་པ་འདྲ། ཞེས་ཟེར་བ་འདི་མི་བདེན་པ་ཞིག་རེད་ང་བོད་དོན་ལ་མི་སེམས་པ་ཁྱོད་ཀྱིས་
ཇི་ལྟར་ཤེས། ང་ལ་བོད་དྲི་མི་བྲོ་བའི་རྒྱུ་མཚན་གང་ཡིན།
གྲོགས་འཆི་བདག་སྐྱབས་ལགས། ད་ཁྱེད་རང་ལའང་སྤྲུལ་རྫུ་ཞིག་སླེབས་ཚར་ཚད་འདུག ངོ་མ་དྲ་དེབ་གཅིག་གི་སྟེང་དུ་མི་གཉིས་ཀྱིས་མིང་གཅིག་བེད་སྤྱོད་བྱེད་པ་དེ་ཡག་པོ་རང་མིན། དྲ་བདག་གིས་ཁྱེད་ལ་རོགས་པ་བྱེད་མི་ཡོང་ངམ། རྗེས་སུ་མཇལ་ཡོང་།
གྲོགས་ཆོས་འཕེལ་ཟེར་བ་ལགས། རྒྱ་ནག་གཞུང་གིས་བོད་གཞུང་ལ་སྐྱོན་བརྗོད་དང་ངས་རང་ཚད་ཀྱིས་སྐྱོན་འདོན་བྱེད་པ་གཉིས་ཀྱི་དམིགས་ཡུལ་དང་བྱེད་སྟངས་གཏན་ནས་མི་འདྲ་བ་རེད། མ་གཞི་ནས་དུས་འཁོར་དང་སྦྱར་ནས་སྐྱོན་བརྗོད་ཅིག་རྒྱ་གཞུང་གིས་གང་ན་བྲིས་འདུག་ག
ཡེ་ཤེས་ལགས་་་་་་
དངོས་སུ་མང་དྲག་འདུག་ཟེར་དུས་ཤུགས་ལ་རྩོམ་པ་པོ་དེ་དག་གི་བརྩམས་ཆོས་ལ་བཟང་ངན་གང་ཡིན་བརྗོད་ཚར་བ་མ་རེད་པས་་་་་་་
ཁྱེད་རང་གི་ལན་དེ་སྙིང་རྗེ་མདོག་ཁ་པོ་ཞིག་གསུངས་འདུག་སྟེ་འོ་ན་མང་དྲག་པའི་རྒྱུ་མཚན་དེ་གང་ཡིན་གསུང་རོགས་གནང་དེ་ནས་ཤེས་ཡོང་གི་རེད་་་་་་་་་
བཟང་ངན་བཤད་ཀི་མེད། རྩོམ་ཡིག་གཅིག་གཉིས་རེ་སྤེལ་རྗེས་སུ་ལོ་དང་ཟླ་བའི་རིང་ལ་མཐོང་རྒྱུ་ཐོས་རྒྱུ་མེད་པའི་རྩོམ་པ་པོ་མང་དྲགས་འདུག་ཟེར་གི་ཡོད། ཨ་ཡ། བོད་སྐད་ལ་ལོ་ཙྰ་མ་དགོས་ན་ཧྲ་གི་ཡ།
ཀླུ་ཚང་གི་སྨྱོན་པས་བཤད་པ་བདེན་པ་རེད། དངོས་གནས་རྩོམ་པ་པོ་མང་སྐྱོན་ཀྱི་མི་ཚད་སྐྱོན་ཆེན་པོ་འདུག་དེང་སང་གསར་སྐྱེས་རྩོམ་པ་པོ་མང་པོ་བྱུང་དང་འབྱུང་བཞིན་པ་འདིས་སྔར་ལྟར་རྩོམ་ཐར་ཐོར་ཕྲིས་བ་ཙམ་གྱི་མིང་གྲགས་མི་ཐོབ་པའི་མི་ཚད་རྩོམ་པ་པོ་རྒན་གྲས་ཚོ་ཡང་ཟིལ་གྱིས་མནན་ཡོང་གི་འདུག།
རྩོམ་པ་པོ་མང་མི་ཉན་སྨྱུ་གུ་འཛིན་མཁན་མང་པོ་བྱུང་ན་སྨྱུ་གུ་འཛིན་མཁན་འགའ་ཞིག་ཕམ་ཡོངས།ལྷག་པར་ཏུ་གཞོན་སྐྱེས་ནང་ནས་མ་བྱུང་ན་ཡག་ཤོས་རེད
ང་ལ་ནི་ཁྱེད་རྣམ་པར་དེ་འདྲའི་ཆ་རྒྱུས་མེད་ནའང་། གོང་དུ་ཆོས་འཕེལ་གྱིས་གསུངས་ན། ཟིན་བྲིས་མགོ་རྔ་ཚང་མཁན་དང་བྲིས་ཤེས་མཁན་ཚེ་རིང་སྐྱིད་ལས་མ་རྙེད་པ་ནི་རྒྱབ་ལྗོངས་ལ་རྒྱུ་མཚན་ཅི་ཡོད་མི་ཤེས་ཀྱང་། ཁྱེད་རང་ཉིད་རྩོམ་དང་བོད་ཡིག་མགོ་རྔ་ཚང་བ་ཞིག་བྲི་ཤེས་མཁན་མིན་ན། བོད་ཡིག་བྲི་ཤེས་མཁན་དང་རྩོམ་ཤེས་མཁན་ཚེ་རིང་སྐྱིད་ལས་མེད་པ་ཇི་ལྟར་ཤེས། གལ་ཏེ་མོ་ལ་དགའ་ཡི་ཡོད་ན་ཐད་གར་དགའ་ཡི་འདུག་ཅེས་ཤོད་དང་མོ་ནི་དེང་དུས་ནུབ་ཕྱོགས་པའི་བསམ་བློ་འཁྱེར་མཁན་ཞིག་ཡིན་སྐད་འདུག་པས་སྐྲག་དགོས་དོན་མེད་ལ། ངོ་ཚ་དགོས་དོན་དེ་བས་མེད།
འཛེར་མ་ར་མགོ་ཟུག་གིས་ཡོད་པ་ད་བར་ཤེས་མ་སོང་། བོད་ཡིག་ཀློགས་ཤེས་ཀྱི་ཡོད། རྩོམ་ཡག་མིན་བལྟ་ཤེས་ཀྱི་ཡོད། ཡིན་ན་རྩོམ་རྒྱག་ཤེས་ཀྱི་མེད། ཚེ་རིང་སྐྱིད་གཙོས་བོད་ཀྱི་བུ་མོ་རྣམས་ལ་དགའ་བཞིན་ཡོད། ཡིན་ནའང་བོད་ཀྱི་བུ་མོ་ཐོབ་ཀྱི་མེད། བོད་ཀྱི་བུ་མོ་ལ་འབྲེལ་བ་བྱེད་ཁག་པོ་འདུག ཚུར་དགའ་ཡོད་ནའང་ངོ་ཚ་མདོག་གིས་བཤད་ཐུབ་ཀྱི་མི་འདུག ཕར་འབྲེལ་བ་བྱས་ན་ལམ་སེང་གཉེན་འགྲིགས་བྱེད་མིན་ཀྱི་སྐད་ཆ་དྲིས་ཀྱིན་འདུག
གཉེན་འགྲིགས་བྱེད་མིན་དེ་སོ་སོའི་བློ་ཁ་གང་བ་དང་། འདོད་པ་ཚིམ་པ་ཞིག་འདུག་དང་མི་འདུག་བལྟ་དགོས་རེད། དེ་མ་བལྟས་བཞིན་གཉེན་སྒྲིགས་བྱེད་མདོག་བྱས་ནས་ཕྲུག་གུ་ཞིག་བཟོས་ན། སྐྱེས་པ་རྣམས་སྙིང་རྗེ་ཡོད་པ་བྱེད་རོགས་ཟེར་དགོས་ཐུག་གིན་འདུག། ཕྱི་རྒྱལ་ཁག་ཀྱི་བུ་མོ་རྣམས་ལ་འབྲེལ་བ་བྱེད་བདེ་བ་འདུག ཁོང་ཚོ་ཁ་གསོང་པོ་རེད། དགོས་ཀྱི་ཡོད་དགོས་ཀྱིན་ཡོད་ལབ་ཀྱི་འདུག དགོས་ཀྱི་མེད་ན་དགོས་ཀྱི་མེད་ལབ་ཀྱི་འདུག
དུས་བབ་ཚང་གིས་ང་ལ་རྒྱབ་སྐྱོར་བྱེད་ཀི་ཡོད་ནི་མིན་ནམ། ཟིན་བྲིས་ལྡོམ་པོ་བཞི་ཅུ་སྐོར་ཞིག་སྒོ་བརྒྱབ་ཡོད་ཟེར་གི