འདྲེ་མགོ་རྡོ།
སྔགས་འཆང་ཀླུ་སྨྱོན་གྱི་མི་ཚེར་རྩོམ་ལ་བསྔོས་པ།།
འདྲེ་ངས་མ་བཤད་ཀྱང་མི་ལ་གསལ་བོ་ཡིན་པས།།
བྱས་པའི་འབྲས་བུ་ཞིག་ཕྱི་ལ་འཇོག་ན་འདོད་པ།།
ཁོང་ཙམ་མ་ཟད་པའི་ང་ཚོ་ཚང་མར་ལོས་ཡོད།།
བོད་ཀྱི་རྩོམ་རིག་གི་ཚབ་མཚོན་ཀླུ་སྨྱོན་མིན་པ།།
འདྲེ་ངས་མ་བཤད་ཀྱང་མི་ལ་གསལ་བོ་ཡིན་པས།།
ཀླུ་སྨྱོན་རྟགས་མ་ལ་མི་འདོག་གནས་ལུགས་དག་ཀྱང་།།
མི་འགའ་འདྲེ་ལྟར་གྱི་གནས་ལུགས་ཡེ་ནས་མི་འདུག།
རྒན་རབས་ཆབ་བྲག་གི་ཚིག་ལ་བསམ་ཤེས་ལྡན་ཡང་།།
དོན་ལྡན་སྙིང་བོ་ཞིག་ཡོད་པ་འདྲེ་ལ་མ་སྣང་།།
བྱིས་པ་གནམ་ལྕགས་དང་རྟ་ནག་རླུང་གིས་ཁུར་ཡང་།།
ཐོལ་བྱུང་ཚོར་སྣང་གིས་ཨག་སྐད་གནམ་དུ་རྒྱངས་འདྲ།།
ག་ལེར་བསམ་གཞིག་གི་མཚོ་མོ་ངང་གིས་འགྲིམས་ན།།
ཀླུ་སྨྱོན་བཏགས་པས་ཀྱང་སྐྱོན་ཞིག་མེད་པ་འདྲ་བས།།
གཅིག་གི་བྱས་བསགས་ཀྱི་ལྷག་བསམ་རྡོ་ལ་དཔར་ཆེད།།
རང་གི་རང་མིང་གིས་བདེན་དཔང་བྱས་པ་འདྲ་འདུག།
རྩོམ་རིག་རིགས་གཞུང་གི་མདའ་མོ་གཞུ་ལ་འདྲེན་ན།།
རྒན་རབས་ཆབ་བྲག་ཚང་མེད་ཀྱང་གོམས་ལོབ་དགོས་ལ།།
སྔགས་འཆང་ཀླུ་སྨྱོན་གན་ཡོད་ཀྱང་མཐོང་དུ་མེད་པས།།
གྲགས་གྲགས་སྟོང་བ་ཡི་མཁའ་རུ་རོ་གཅིག་ཤར་འདུག།
བྱིས་པའི་ཚོར་འདུ་ལ་ལང་ཚོའི་གསོན་ཤུགས་ཡོད་པས།།
ཁོང་ཚོའི་བསམ་པ་དེ་ལག་པས་གཉོར་ན་སྐྱིད་པས།།
བསྟན་ལྷ་རྟ་གསུམ་གྱི་ཚིག་རྡོག་བདག་མེད་རེ་འགའ།།
རྒན་རབས་ཀླུ་སྨྱོན་འདིའི་མྱི་ཡི་གྲལ་དུ་བཞག་འདུག།
ཁ་བརྡ་དྲ་ངོས་སུ་ཁེབས་ཀྱིས་ཁེངས་པའི་ཁྲོད་དུ།།
གསེར་དང་གད་སྙིགས་ཀྱི་དབྱེ་འབྱེད་བྱེད་ཐུབ་མེད་ཀྱང་།།
བཙན་བྱོལ་ཡིག་འབྲི་བའི་གནམ་ངོ་ཡིད་ལ་ཤར་ན།།
འདི་འང་བོད་ཡིག་ལ་བཀའ་དྲིན་ཆེ་བ་མིན་ནམ།།
ཨ་སྒོར་གསུམ་བརྒྱ་ཡི་ཁ་སྟབས་བསམས་པ་མིན་ཡང་།།
ཡོངས་གྲགས་བཤིབ་བསྡུར་གྱི་གྲས་ནས་རྩེ་ཕུད་བྱུང་ན།།
འདི་འང་སྟོང་བ་ཞིག་ཡེ་ནས་ཡིན་དོགས་མེད་པ།།
རྒྱལ་ཁམས་བློ་མིག་ལ་ཤེས་རབ་ཡོད་པས་སྒྲུབ་འདུག།
སྔགས་འཆང་ཀླུ་སྨྱོན་གྱིས་བྲིས་བྲིས་བསམས་བསམས་ཚང་མ།།
རང་གཞན་མངོན་ལྐོག་གི་ས་མཚམས་ཙམ་ཡང་མེད་པར།།
དམར་དམར་རྗེན་རྗེན་གྱིས་དྲ་ངོར་བླུགས་པ་བསམས་ན།།
ཁྱེད་ཀྱི་ལས་འགུལ་ལ་ཐལ་མོ་ཤུགས་ཀྱིས་རྡབ་གོ།
གཞུང་ལུགས་བསྲེས་མ་ཡི་ཡིག་ཚོགས་མཐོང་བ་མེད་ཀྱང་།།
སྙན་ཤ་རང་འབར་གྱི་བཅད་མ་བྲིས་པ་མེད་ཀྱང་།།
ས་ཆའི་རི་དྭགས་ཀྱི་གྲས་ནས་མགོ་ལ་བཞག་ན།།
སྔགས་འཆང་ཀླུ་སྨྱོན་ཁྱེད་དགའ་བ་བསྒོམས་ནས་བཞུགས་རོགས།།
ཡིན་མིན་དགའ་སྡང་གི་རེ་དོགས་ལུ་གུའི་བརྒྱུད་ནས།།
ལྟོས་ནས་རྟེན་འཇོག་ཅིག་འོས་པར་བསམས་པ་ཙམ་ལས།།
ཡ་གའི་སངས་རྒྱས་ཀྱིས་མྱི་ཁ་ཆོད་ཀྱི་མེད་ན།།
སྔགས་འཆང་ཀླུ་སྨྱོན་ཁྱེད་ཐུགས་བློ་བདེ་བོར་བཞུགས་རོགས།།
ཆོས་མེད་སྲིད་མེད་ཀྱི་མགོ་སྟོང་སྐྱ་བོ་རེ་འགས།།
ཚིག་བཅད་དམ་དུམ་རེ་བྲིས་ནས་དགུང་དུ་འཕུར་བ།།
ཐམས་ཅད་མཁྱེན་པ་ལ་སྙིང་རྗེའི་ཡུལ་དུ་ལགས་མོད།།
བཙན་བྱོལ་རྩོམ་རིག་ལ་དེའང་གྲོགས་སུ་ཤར་འདུག།
དེ་ལྟར་ཐོལ་བྱུང་གི་བསམ་འགྱུའི་རི་མོ་འཁྱུག་མ།།
བཅད་མར་བསྟར་བ་འདི་སྔགས་འཆང་ཀླུ་སྨྱོན་ཚང་གི།
བོད་ཀྱི་ཡི་གེ་ལ་གཟས་པའི་ལས་འགུལ་དེ་ལ།།
སོར་མོའི་ཁ་རྩེ་ནས་འཐོར་བའི་བསྟོད་གླུ་ཡིན་ནོ།།
འདྲེ་མགོ་རྡོ་ལ།
མ་གཞི་ཁྱེད་རང་སུ་ཡིན་མིན་ནི། ང་ལ་མཚོན་ན་དགོས་པ་ཅི་ཡང་མེད་མོད། ཁྱོད་ཀྱིས་ད་ལྟའི་བར་དུ། བསམ་ཚུལ་འདྲ་རེ་དང་། ཡང་མཚམས་རེར་སྙན་ངག་འདྲ་ཞིག་གང་སར་བཀོད་དང་འགོད་ཀྱིན་པ་ཡིན་རུང་། བསམ་ཚུལ་གང་ཞིག་ཡོད་པ་རྣམས་ཀྱི་ནང་ཉམས་ལ་ཅིག་རེ་བལྟ་སྐབས། རང་ཕྱོགས་ཅན་དང་རང་མཐོང་ཅན་ཁོ་ནར་ཟད་དོ།། མ་ཚད་ཆེ་སར་འགྲན་བཟོད་པའི་ཚུགས་ཀ་བཟུང་རུང་། གོ་རྟོགས་དང་བསམ་རྒྱ། ལག་ལེན་དང་ངོས་འཛིན་སོགས་ཀྱིས་འདང་གི་མེད་པ་ས་རིས་ཐང་གསལ་རེད།
གཞན་ཡང་། སྙན་ངག་གི་བཟོ་འདྲ་བོ་རེ་འགྲེམས་སྟོན་བྱས་དང་བྱེད་ཀྱིན་པ་ཡིན་རུང་། དེ་ནི། གཅིག་ནས་སྙན་ངག་ཅིག་གི་ཉམས་འགྱུར་དང་བྲོ་བ་ཅི་ཡང་མེད་པ། གཉིས་ནས་སྙན་པ་ཞེས་པའི་ཚད་དེ་ཁྱོད་ལ་མཛའ་དགོས་ན། སྙན་གཞུང་དང་སྙན་ངག་གི་དཔེར་བརྗོད་གང་མང་བཞག་ཐུབ་ན། གཞི་ནས་ལྟ་སོ་ཞིག་ཨེ་ཡོད་སྙམ། དེ་མིན་བྱིས་པ་ལོ་གཉིས་ལྟ་བུ་ཞིག་རེད། སྐད་ཆ་བཤད་པ་དང་གོ་བ་ཞིག་ལེན་ཐུབ་པར་ཅི་ཙམ་འགོར་གྱི་རེད་དམ། དེ་དང་ཨ་ན་མ་ན་རེད།
སྤྱིར་ན། ཁྱོད་ཀྱིས་ད་ནས་བཟུང་། བོད་ཡིག་བེད་སྤྱོད་གཏོང་དུས། བརྗོད་བྱ་དེ་ཚིག་སྤྱོར་དུ་ཕབ་དུས། རྣམ་རིག་བསྒྲིམས་ནས། བྱུང་རྒྱལ་དུ་བོད་ཡིག་བེད་སྤྱོད་བཏང་ན། ཁྱོད་རང་འདྲེ་ཞིག་ཡིན་མིན་མི་ཤེས་མོད། འོན་ཀྱང་། བོད་ཡིག་བེད་སྤྱོད་གཏོང་སྟངས་ནོར་སོང་ན། ཁྱོད་རང་ངོ་མ་ཅན་གྱི་བོད་སྐད་བོད་ཡིག་གི་རྨང་གཞིར་གྱུར་བའི་བརྡ་སྤྲོད་ཀྱི་དགྲ་ཟླར་འགྱུར་མི་སྲིད་པ་མིན་པས་ན། ཅི་ཡིན་འདི་ཡིན་མེད་པའི་བསམ་ཚུལ་དང་མཐོ་སྙེག་དམའ་འབེབས་བྱེད་ལུགས་ཀྱི་མཆན་བུ་སྤེལ་མཚམས་འདི་བསྐྱུར་ན་མི་བཟང་ངམ།
འདྲེ་མགོ་རྡོ་ཡང་མི་ལ་ངོ་སོ་བསྟོད་ན། །
མི་ཤེས་སྨྲ་ཡང་ཕྲག་དོག་ཡལ་བར་དོར་ནས། །
ཀླུ་དགྱེས་རྡོར་ལ་བསྟོད་བསྔགས་གཏོང་རན་འདུག་གདའ། །
ཨ་ལ་ལ་ལ་ལ་རྒྱ་འདི་མོས་ལོས་ཡིན། །
འདྲེ་མགོ་རྡོའི་རྩོམ་དེ་སྙན་ཀི་ད་དུང་རྒྱ་ཕེབས་སྟེང་ནས་གཅིག་བལྟས་ན་ཤིན་ཏུ་སྙན་ཀི་ཡ།
འདྲེ་མགོ་རྡོའི་རྩོམ་བྲི་རྩལ་ལ་བལྟས་ན་འདྲེ་སྙན་ངག་མཁན་ཞིག་ཡིན་ས་རེད་སྙན་པོ་བྲིས་འདུག
ལས་དོན་གང་བརྩམས་ཀྱང་དེ་ལ་དགག་ཕྱོགས་དང་མཐུན་ཕྱོགས་གཉིས་ཡོད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད། མཐུན་ཕྱོགས་རྣམས་ཀྱིས་བསྟོད་པ་དང་། དགེ་མཚན་གྱི་གླུ་དབྱངས་ལེན་ལ། དགག་ཕྱོགས་རྣམས་ཀྱིས་སྨད་པའི་ཀན་སྒྲ་སྒྲོག
དྲ་གྲོགས་རྣམ་པ་ཚོ་ཕེབས་པ་དགའ་འོ།
ཚོད་ཚོད་ལ་ཀི་ཞིག་བཏབ་ན།
དཔུང་བ་ལྕགས་ཀྱིས་བརྡུང་བ་མིན་ཡང་འཁོར་བའི་བདེན་པ་བཏེགས་ནས་ཡོད།།
རྐང་ལ་འཕྲུལ་གྱི་འཁོར་ལོ་མེད་ཀྱང་སེམས་ཀྱི་རྟ་ཕོའི་སྔོན་དུ་རྒྱུགས།།
མིག་ནི་ཡེ་ཤེས་སྤྱན་ལྡན་མིན་ཡང་འཚོ་བའི་ཁ་དོག་གསལ་བོར་རྟོགས།།
ལྷ་འདྲེ་མིན་ལ་གཞི་བདག་མིན་པའི་མི་ཕོ་བདག་གིས་ཅི་ཞིག་འཚོལ།།
གཞན་ཡིད་འཕྲོག་པའི་ཁྱད་ཆོས་མེད་ཀྱང་མི་གཤིས་དྲང་མོ་བརྟན་པོར་ཡོད།།
སྲ་ཞིང་མཁྲེགས་པའི་ཆོད་སེམས་མེད་ཀྱང་སྐད་དང་ཡི་གེ་འདོར་འདོད་མེད།།
འཇིག་རྟེན་མི་ཡི་འཛོམས་གསུམ་འཛོམས་མོད་མི་དང་རྒྱང་དུ་བཀྱེད་ནས་ཡོད།།
འདོད་པའི་ལོངས་སྤྱོད་གཡས་སུ་བསྐྱུར་ནས་བདག་གིས་ཅི་ཞིག་རྙེད་ནས་ཡོད།།
འོག་ཕྱོགས་ཀླུ་ཡི་རྒྱལ་པོ་མིན་ཀྱང་ཞེ་སྡང་སྦྲུལ་ཚོགས་འདུར་འདུར་བྱེད།།
ཕ་དང་མ་ནི་བསད་པ་མིན་ཡང་འཁོན་འཛིན་ཁྲག་རྩ་ལྷོག་ལྷོག་ཁོལ།།
ལུས་ལ་ན་རྒས་འཁྱུད་པ་མེད་ཀྱང་རྐང་བའི་ཉྭ་སུག་ལྷབ་ལྷུབ་འདར།།
བར་མ་བར་གྱི་འཁུན་སྒྲའི་ཁྲོད་ནས་བདག་ལ་དངོས་པོ་ཅི་ཞིག་ཐོབ།།
མདུན་དུ་སྤུངས་པའི་གླེགས་བམ་གསེབ་ནས་ཉིན་མཚན་ཀུན་ཏུ་བྲེལ་འཚུབ་འཚུབ།།
རྒྱབ་ཏུ་གཡུགས་པའི་རྐང་རྗེས་ཁྲོད་ནས་འགྱོད་པའི་མིག་ཟུང་ཀེམ་ཀེམ་གཡོ།།
ལྐོག་ཏུ་ཡིབས་པའི་གསང་གཏམ་དྲོན་མོ་མལ་སའི་ནང་ནས་ཤབ་ཤུབ་ཟློ།།
ཟིན་དུ་མེད་པའི་ཚོར་བའི་ཀློང་ནས་གང་ལ་རེ་ཞིང་སྒུག་ནས་ཡོད།།
ལོ་ཟླའི་ཕྲེང་བ་རྡོག་པས་གནོན་གྱིན་ལང་ཚོའི་གཉེར་མ་མང་དུ་བརྩེགས།།
ཚེ་ཡི་འདུ་བྱེད་གཏིང་ནས་སྒོམ་བཞིན་གཡོ་དང་སྒྱུ་མའི་ཀློང་ན་རྩེན།།
རྨི་ལམ་དྲོན་པོ་མིག་གིས་འཚོ་ཞོར་སོམ་ཉིའི་སྐུད་པ་མཁའ་ལ་བསྲིངས།།
འཇའ་ཟེར་འོད་ཀྱི་གུར་ཁྱིམ་དབུས་ནས་རྣ་བའི་འདབ་མ་ཅི་ལ་ཀེར།།
ཚ་བོ་ཚ་མོའི་བདེ་སྡུག་བསམ་ནས་སེམས་ཀྱི་མེ་ཁ་ཡང་ཡང་གསོས།།
འབའ་འབའ་ལུ་གུའི་ལས་དབང་རུམ་ནས་མ་ཎིའི་དབྱངས་རྟ་འུར་འུར་གྱེར།།
ཅི་ཡང་མ་རྙེད་གང་ཡང་བོར་བས་གློག་ཀླད་མདུན་གྱི་ཉམ་ཆུང་ངས།།
རང་སེམས་མཚོན་པའི་གཞས་ཤིག་བཏང་བ་ཡི་གེའི་ལམ་ནས་མཚོན་ནུས་སམ།
༢༠༡༡ལོའི་ཧོར་ཟླ་༡པའི་ཚེས་༡༦དགོང་མོར།
ཨ་ལགས་ཀླུ་སྨྱོན་ལགས
ཉེ་ཆར་ངེད་ཅག་གི་སློབ་གྲྭར་སྐྱབས་རྗེ་འབྲུག་པ་རིན་པོ་ཆེ་མཆོག་ཕེབས་ཤིང་།
དེ་དུས་དེང་དུས་བོད་ཡིག་གི་དྲ་བ་ཁག་དང་འབྲེལ་བའི་རྩོམ་པ་པོ་སྐོར་ཞིག་གི་སྐད་ཆ་བྱུང་དུས།
རིན་པོ་ཆེ་མཆོག་གིས་སྐུ་ཉིད་མཚམས་འདྲི་དང་།
བྱུང་ན་ཁྱེད་ཀྱི་ཞལ་པར་ཨང་གྲངས་ཤིག་དགོས་ཚུལ་གསུངས་པ་དང་།
ལས་དོན་དེ་ཁོ་བོར་མངགས་བྱུང་བས།
སྐུ་ཉིད་ནས་ཉིད་ཀྱི་ཞལ་པར་ཨང་གྲངས་ཤིག་ཕྲན་གྱི་ཡིག་སྒམ་དུ་ཅི་ནས་ཀྱང་འཇོག་རོགས་ཞུ།
yuthogbu@yahoo.com
ཐུགས་རྗེ་ཆེ།
འདྲེ་མགོ་རྡོ་ནས་སྙན་པོ་ཞེ་དྲགས་བྲིས་འདུག
ཕྱི་རུ་ཉན་ཐོས་སྤྱོད་པས་ངུར་སྨྲིག་བསྣམས།
ནང་དུ་གསང་སྔགས་རྣལ་འབྱོར་རིག་མ་ཉར།
གསང་བ་ལིང་གྷ་བྷ་གའི་ནང་དུ་བཅུག
ཆོས་སྲིད་ཟུང་དུ་འབྲེལ་བའི་རྣལ་འབྱོར་ཞིག
ཀླུ་སྨྱོན་ལགས་ལོ་རྒྱུས་དང་འབྲེལ་བ་ཡོད་པས་ཁྱེད་ཀྱི་བྱ་དགའ་འདི་ནི་ནགསཚང་ཞི་ལུའི་སྐྱད་སྡུག་ལྟ་བའི་དཔེ་དེབ་ཞིག་ལ་སྤྲེད་དོན་དང་ལྡན་པ་ཞིག་རེད་བསམ་སོང་། ་ བློ་སེམས་རྩེ་གཅིག་ཡིན་དགོས་ཡ་འ་རོགས་མཁས་པ།