ཨེ་མ་ཧོ།
ན་མོ་གུ་རུ་ནྰ་ག་ཛུ་ན་ཡེ།
ཀ་མ་ལ་ལྟར་ལྷག་བསམ་དཀར་པོ་ཁ་བ་དཀར་པོ་ཚུར་གསོན་དང་། །
ག་དུས་ཡིན་ཡང་དུང་ཞེན་དཀར་པོ་ང་དང་ཁྱེད་ལ་ལྷད་མེད་ཕྱིར། །
ཅ་ཅོའི་ཚིག་ལ་སྙིང་པོ་མེད་ཀྱང་ཆ་འཇོག་ཡོད་པའི་སྙིང་གཏམ་ཞིག །
ཇ་འཐུང་ངོ་དགའི་ཚུལ་འཆོས་མིན་པར་ཉ་ཉོག་བདག་གིས་ཚིག་འགའ་ཐལ། །
ཏ་ཐྰ་ག་ཏའི་བསྟན་པའི་གནད་མཁྱེན་ཐ་སྙད་རིག་པའི་དབང་ཕྱུག་ཁྱེད། །
ད་ལྟའི་དུས་འདིར་བྱོན་པར་ལེགས་ཀྱང་ན་གཞོན་ཕལ་བས་རྟོགས་མིན་པས། །
པ་ལགས་བཟང་པོའི་མཁྱེན་རབ་དགོངས་ན་ཕ་བཟང་བུ་ལོས་རང་ཚོད་ཟུངས། །
བ་དང་ར་ལ་རྩོད་པར་འཕེལ་ན་མ་ཁ་གངས་ཅན་བོད་ལ་རེགས། །
ཙ་ར་མ་གཅོད་འབེལ་གཏམ་གསུང་ན་ཚ་དམྱལ་རང་སྲེག་བྱེད་པ་དག །
ཛ་དྲག་ལྟས་ངན་དགུ་བཅུ་གོ་དགུས་ཝ་མོ་རྒྱལ་བའི་ཙི་སྒྲ་རྣམས། །
ཞྭ་ནག་ཉེས་མེད་མགོ་རུ་བབས་པས་ཟ་ཁ་ནང་བསྟན་ཐག་རྐུན་ཚོས། །
འ་ཅག་ཆོས་པའི་དབུ་རྣ་བརྫེད་པས་ཡ་རབས་བདེན་པ་རྨིང་ནས་བཤིགས། །
ར་རུའི་ཚིག་ནག་ཁྱེད་ལ་ཤོར་ཀྱང་ལ་རྒྱའི་རྙིང་ཞེན་དྭངས་མ་ལགས། །
ཤ་ཚ་སྙིང་རྗེའི་གངས་ཅན་ལས་དབང་ས་སྐྱོང་དཔོན་གྱིས་སྐྱོབ་ཐབས་དཀའ། །
ཨ་ཙི་དྲང་སྲོང་བདེན་ཁར་མི་སྟེར་ཧ་ཅང་ཐལ་བའི་སྒྲོ་བཀུར་དུས། །
ཨུ་ཚུགས་བ་རའི་རྩོད་པ་གཡུགས་དང་གུ་ཡངས་བློ་བདེ་ཨེ་མ་ཧོ། །
ཞེས་པ་རབ་རྒྱན་ཆུ་སྦྲུལ་དབོ་ཟླའི་སྒྲོལ་མའི་དུས་ཆེན་ནམ། ཕྱི་ལོ་༢༠༡༣ ཟླ་གསུམ་པའི་ཚེས་གསུམ་ཉིན་སེམས་དཔའ་ཆེན་པོ་ཀླུ་སྨྱོན་ཧེ་རུ་ཀ་ལ་ཤྲྰི་སྨྱོན་ཨེ་མ་ཧོས་གང་ཤར་ངོ་དེབ་ཏུ་བྲིས་པ་དགེའོ། །
ཀ་རྩོམ་བྲིས་ཀྱང་ཁ་ཕྱོགས་མ་ནོར་ཤིག །
ག་དུས་ཡིན་ཡང་ང་རྒྱལ་མགོ་བོ་གཅོག །
ཅ་ཅོ་མང་ནས་ཆ་ལུགས་བསྒྱུར་བ་དང་ །
ཇ་ཆང་དགའ་མར་ཉ་ཉུང་མ་བསྲེ་ཤིག །
ཏ་ཧུང་མདོག་གྱོན་ཐ་ཆད་སྤྱོད་ལམ་དོར། །
ད་ལྟའི་དུས་འདིར་ན་སོ་རྒན་གཞོན་ཀུན། །
པ་ལོ་གཏུབས་ནས་ཕ་རྟགས་འཛིན་མཁན་ལ། །
བ་གླང་ལྟ་བུའི་མ་གཏོགས་འདུ་ཤེས་མེད། །
ཙ་ར་གཅད་དུས་ཚ་བ་འཕར་ཉེན་ཆེ། །
ཛ་དྲག་ཐུག་དུས་ཝ་མོར་མ་རྫུ་ཨང་། །
ཞ་ཞ་སྒུར་སྒུར་འ་འུར་མང་དྲག་ན། །
ཡ་མ་ཟུང་དང་ར་མ་ལུག་དཔེར་སོམས། །
ཤ་ཚའི་སྙིང་གཏམ་ས་སྟེང་ནོར་མཆོག་འདི། །
ཧ་ལོག་བསམ་མེད་ཨ་ཁུ་རྩ་སྨྱོན་ལ། །
ཧ་ཅང་རན་པ་ཨ་ཕོ་ང་ཡིས་མཐོང་། །
ཧ་ལམ་ལེགས་བཤད་ཨ་མ་འདིའི་ལྷག་མེད། །
དུས་རབས་འདི་ལ་དཀའ་དྲིན་ཅན་གྱི་བོད་རིགས་ཡོངས་ཀྱི་སྙིང་དམར་པོ།། གོང་ས་མཆོག་ལ་ཟུར་ཟ་བྱས་ན་རང་མགོ་རྡུང་བྱེད་ཐོ་བ་རེད།། དམངས་གཙོའི་ཐོབ་ཐང་ཁ་ལ་ཁྱེར་ནས་རང་མལ་དྲོད་མོར་ཉལ་བཞིན་དུ།། དོན་མེད་ཁ་མཁས་བཤད་རྒྱུ་མང་ན་རང་སྡུག་རང་གིས་ཉོ་བྱེད་རེད།། ཉིན་གཅིག་སྐད་འབོད་ཙམ་ཡང་མེད་པར་དབུ་མ་རང་བཙན་བརྩད་པ་ན།། བཙན་བྱོལ་བོད་མིའི་ཆིག་སྒྲིལ་བྲག་རི་གཏོར་བྱེད་བསམ་བཞིན་མེ་རྒྱོགས་རེད།།
རེད་ཡ་ང་ཚོ་བོད་པའི་སྤྱི་ཚོགས་འདི་ནང་་་་ལུགས་སྲོལ་ངན་པ་གཅིག་ག་རེ་ཡོ་རེད་ཟེར་ན་མི་གཅིག་གིས་དྲ་མིང་ཐོག་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་དང་འབྲེལ་བའི་དྲང་ལྡན་གྱི་རྩོམ་ཡིག་ཞིག་བཀྲམས་ཡོང་དུས་དེ་ལ་ལན་མ་རྙེད་པར་བརྟེན་་་་མི་དེས་བཤད་པའི་དོན་གནད་དེ་ཚོའི་བརྗོད་བྱ་དེ་དྲང་བདེན་ཡིན་མིན་ལ་མ་བལྟོས་པར་ལམ་སེང་རྩོམ་ཡིག་དེ་སྤེལ་མཁན་སུ་རེད་་་་་་རྒྱ་མིའི་རྒྱུགས་ཁྱི་ཡིན་ས་རེད་ཡང་མིན་ན་སྒེར་སྨོད་བྱེད། ཡང་མིན་ན་ནི་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨོད་བྱེད་མཁན་ཞིག་རེད་ཟེར། ་་་་ཁོ་ལ་ཡ་མ་བྱེད་ཟེར་ནས་བཞག་གི་རེད་་་་་དེ་ཚོ་དངོས་གནས་ཞབས་འདྲེན་རང་རེད། ཞབས་འདྲེན་ནང་ནས་ཀྱང་ཆེས་ཤོས་དེ་རེད། ཁ་ཕྱོགས་མི་མཐུན་པས་རྒྱ་མིས་བཤད་པའི་སྐད་ཆ་ཚང་མ་བདེན་པ་མིན་པའི་ངོས་འཛིན་བྱེད་ཡག་དེ་ཚོ་ནི་ཆེས་རྗེས་ལུས་ཀྱི་རྣམ་པར་མངོན། ལྷག་པར་དུ་རང་བཙན་དོན་གཉེར་གྱི་མི་སྣ་ཚོས་བོད་སྤྱི་ཚོགས་ནང་ཡང་དག་པའི་དམངས་ཚོགས་ལོངས་སུ་སྤྱོད་ཡོང་དུས་དེ་ལ་ལམ་སང་གོང་ས་མཆོག་ལ་ངོ་རྒོལ་བ་ཞིག་ལ་ངོས་འཛིན་བྱེད་དགོས་པའི་རྒྱུ་མཚན་དེ་ག་པར་ཐུག་ཡོ་རེད་ཟེར་ན་་་་་་ད་བར་དམངས་ཚོགས་ཟེར་ཡག་དེ་མིང་ཙང་ལས་དོན་ལ་སྒེར་བཅོད་རིང་ལུགས་པ་ཡིན་པར་མཚོན་ཐུབ།
ངས་བསམ་ན་ཀླུ་སྨྱོན་གྱིས་དྲང་བདེན་དམར་བརྗེན་མ་བཤད་སོང་། ལན་མེད་པའི་བདེན་གཏམ་རེད། ད་འགའ་རེས་འབྲེལ་ཐག་བཅད་པ་ཡིན་ཟེར་ནས་མ་དགའ་བ་བྱེད་པ་དེས་ག་རེ་ཧ་གོ་ཡོང་གི་འདུག་ཟེར་ན་་་་་་་ད་བར་ཆོས་དད་རང་དབང་མེད་པ་དང་ཆོས་ཟེར་ཡག་དེ་ཆབ་སྲིད་ཀྱི་ལག་ཆར་བྱེད་དང་བྱེད་བཞིན་པ་དེ་མཚོན་ཐུབ་་་་ཤེས་པ་རང་བཞིན་དུ་གནས་པ་ཞིག་ཡིན་ན་དེ་ཚོ་འགྲེལ་བཤད་མ་བརྒྱབ་ནའང་མཁྱེན་རྟོགས་ཐུབ་ཀྱི་རེད།།
ཨ་ཕྱི་ཆོས་སྒྲོན་ཟེར་བ་འདིས་མི་གཞན་གྱི་མཆན་བུ་བརྐུས་ནས་འགོད་ཀྱིན་འདུག ཆི་གང་བཤད་མི་ཤེས་ན་མ་བཤད་ན་འགྲིག་གི་རེད་པ། སུ་ལའང་ཁྲལ་ནི་བཀལ་ཡོད་པ་མ་རེད། འུ་ཐུག་ཐབས་ཟད་དེ་འདྲ་བྱེད་དགོས་དོན་ཨེ་ཡོད་ན།
ཨ་ཕྱིའི་སྐད་ཆ་དེ་ནམ་རྒྱུན་ཀླུ་སྨྱོན་གྱིས་ཡང་སེ་བཤད་བསྡད་པའི་སྐད་ཆ་ཞིག་རེད། ཆ་བཞག་དགོས་དོན་མེད་དོ།
མཐོན་པོའི་འབྲས་བཟང་ཕྲག་དོག་མི་བཟོད་ཀ།
དམའ་པོའི་སྐྱོན་ཆ་ཁོག་ལ་མི་གཤོངས་ཁ།
རང་མཉམ་ཡོན་ཏན་བློ་ལ་མི་འགྲོ་ག
ཀུན་གྱི་མཉའ་ནས་གནོན་པར་འདོད་པའི་ང་།
ཨ་ཁུ་ཀླུ་སྨྱོན་མཐོང་ན་ཤིན་དུ་དགའ།