ལྡོང་གསེར་མིག་གིས་ཧི་བོན་དྲ་བ་ལས་དྲངས།
ང་ཡང་ཆུང་དུས་ནས་བོན་པོ་ཞེས་པའི་མིང་དེ་གོ་མྱོང་ཡང་བོན་ལ་ཆ་རྒྱུས་མེད། ཅུང་ཟད་ཅིག་ཐོས་པ་ནི་བོན་པོ་ཚོས་མཐུ་དང་ནུས་པས་མི་བསྲུན་པ་ཚར་གཅོད་པར་བྱེད་པ་དེ་ཙམ་ཡིན་པས་བོན་པོ་ཚོར་སྐྲག་གི་ཡོད། དཔེར་ན་དགོང་མོ་ཞིག་ལ་ཨ་ལགས་གཡུང་དྲུང་ཚང་དང་ངེད་གཉིས་རྫོང་གི་མགྲོན་ཁང་ཞིག་ཏུ་མཉམ་དུ་ཁེལ་སོང་བས། ངས་ཁོང་གིས་ང་ལ་གནོད་པ་གཏོང་རྒྱུར་སྐྲག་ནས་མགྲོན་ཁང་བརྗེས་པ་ཡིན་ལ། ངའི་སྤུན་མཆེད་ཅིག་གི་ཁ་ལ་ཉན་ནས་ཨ་ལགས་ཁོང་ལ་སྐུར་འདེབས་ཞུས་པས་དགོང་མོ་ དེར་རྨི་ལམ་ནང་ཨ་ལགས་ཁོང་གི་མཆོད་ཁང་ནང་དུ་སྐུ་འདྲ་ལག་པ་མང་པོ་ཅན་ཞིག་གིས་གཡོ་འགུལ་སྣ་ཚོགས་བྱེད་བཞིན་འདུག་པ་མཐོང་སྟེ་རང་ཉིད་གཉིད་མ་སད་ཅིག་ཏུ་གནས་ཀྱང་གཟུགས་པོར་སྒུལ་སྐྱོག་བྱེད་མ་ཐུབ་པར་དཀའ་ལས་ཧ་ཅང་ཁག་པོ་བྱུང་། དེ་ནས་བཟུང་སྟེ་བོན་པོའི་བླ་མ་ཚོར་མཐུ་དང་ནུས་པ་ཡོད་པར་ཡིད་ཆེས་སོང་། ངའི་ཕ་ཡུལ་གྱི་མི་རྣམས་དགེ་ལུགས་པ་དང་རྙིང་མ་ཕྲན་བུ། ལོ་རེར་བོན་པོའི་སྔགས་པ་དག་གདན་དྲངས་ནས་སྐུ་རིམ་སྒྲུབ་ཀི་རེད། དེར་ཡང་ངའི་སྤུན་མཆེད་ཅིག་གིས་ངོ་ལོག་མང་པོ་བརྒྱབ་སོང་ལ་ངས་ཀྱང་དེ་ལ་དགག་བྱ་མ་བྱས། ངའི་བླ་མ་ལྰ་མོའི་ཡོངས་འཛིན་རྡོ་རྗེ་འཆང་ཚང་ནི་སྐུ་ཚེ་གང་བོར་གྲུབ་མཐའ་རིས་མེད་ལ་ཕྱོགས་ལྷུང་མེད་པར་དག་སྣང་ཁོ་ནའི་ངང་བཞུགས་མཁན་ཞིག་ཡིན་པས། ཁོང་གི་སྐུ་མདུན་ནས་བོན་པོ་དག་ལ་གཤེ་སྐུར་གྱི་ཚིག་གཅིག་ཀྱང་ནམ་ཡང་ཐོས་མ་མྱོང་།རྗེས་སུ་ཧི་མ་ལ་ཡ་བརྒལ་ཏེ་བལ་ཡུལ་དུ་འབྱོར་ཞིང་། བོད་པའི་གནས་སྐབས་སྣེ་ལེན་ཁང་ཞིག་ཏུ་ཉིན་འགར་སྡོད་དུས་སྡོད་ཁང་དེ་དག་དང་ཐག་མི་རིང་བའི་རི་ངོས་དམའ་སར་དགོན་པ་སྙིང་རྗེ་བོ་ཞིག་ཆགས་འདུག་པར་ཆོས་ལུགས་གང་གི་དགོན་པ་ཡིན་དྲིས་པར་བོན་པོའི་དགོན་པ་རེད་ཟེར་བས། བལ་ཡུལ་དུ་ཡང་བོན་པོའི་དགོན་པ་འདུག བོན་པོ་ཞེས་པ་འདི་ཡང་གང་སར་སླེབས་ཐུབ་པའི་ཆོས་ལུགས་ཤིག་རེད་ཅེས་བསམ་པ་ཙམ་ལས་དེར་འགྲོ་འདོད་ཅིག་ཡེ་ནས་མ་སྐྱེས། ལོ་གཅིག་གི་རྗེས་སུ་རྒྱ་གར་ནས་ཕྱིར་བལ་ཡུལ་དུ་ཡོང་ནས་དེ་གར་ལོ་དྲུག་གི་རིང་ སྡོད་དུས། སྟེས་དབང་གིས་བོད་ཡིག་ཚགས་པར་ཞིག་གི་སྙན་ངག་རྩོམ་སྒྲིག་པ་བྱེད་དགོས་བྱུང་བ་དང་། སྔོན་ཆད་མཐོང་བའི་བོན་པོའི་དགོན་པ་དེའི་ཨ་མདོའི་གྲྭ་པ་སྐོར་ཞིག་གིས་སྤུས་ཀ་ཧ་ཅང་ལེགས་པའི་རྩོམ་ཡིག་སྐོར་ཞིག་མཁོ་སྤྲོད་བྱས་པ་སོགས་ཀྱིས་ཁོ་ཚོ་དང་འབྲེལ་འདྲིས་ཟབ་མོ་བྱུང་ཞིང་། དབྱར་ཁའི་ཉིན་ཞིག་དོན་ཕྲན་ཞིག་གི་ཆེད་དུ་བོན་དགོན་དེར་སོང་བ་ཡིན་ལ། དགོན་པ་དེའི་ཁོར་ཡུག་ནི་གཡུ་ལྟར་ལྗང་བའི་སྨྱུག་མའི་ལྗོན་ཤིང་གིས་གང་སར་མཛེས་པར་བརྒྱན་ཅིང་། མེ་ཏོག་དང་འབྲས་བུས་དུད་པའི་ཤིང་ཕྲན་གཞན་དག་གིས་བར་མཚམས་མེད་པར་ཁྱབ་པ། རྒྱང་རིང་གི་ཡུལ་ལྗོངས་མཐོང་ཐུབ་པའི་ས་བབས་སོགས་གང་ཐད་ནས་ཡིད་དབང་འཕྲོག་པ་ཞིག་འདུག་ཅིང་། དེ་བས་ཀྱང་ཧང་སངས་པ་ཞིག་ནི། གྲྭ་པ་ཆུང་ཆུང་ཞིག་གིས་ཤིང་སྡོང་ཞིག་གི་གྲིབ་བསིལ་དུ་དཔེ་ཆ་ཞིག་སྐྱོར་བཞིན་འདུག་ཅིང་། འཁྲིས་སུ་བསླེབས་ནས་ཉན་དུས་དེ་ནི་སློབ་དཔོན་དབྱིག་གཉེན་གྱིས་བརྩམས་པའི་མངོན་པ་མཛད་ཀྱི་རྩ་བ་དེ་དང་འདྲ་བོ་ཡོད་པའི་མངོན་པའི་རྩ་ཚིག་ཅིག་རེད་འདུག་པས། དུས་ཚོད་དེ་རང་ལ་སྐད་ཆ་ཅི་ཡང་མ་དྲིས་ཀྱང་བོན་པོ་འདི་ཚོས་ཀྱང་བན་དེའི་ཆོས་ལུགས་དེ་དང་མཐུན་པའི་ཆོས་ཤིག་ལ་སློབ་སྦྱོང་བྱེད་བཞིན་ཡོད་ས་རེད་སྙམ་པ་ཞིག་ནི་བྱུང་།
རྗེས་སུ་མདོ་གཟེར་མིག་སོགས་བོན་གྱི་མཁས་གྲུབ་གོང་མ་དག་གིས་བརྩམས་པའི་བོན་གཞུང་ཁག་ཅིག་བཀླགས་པ་དང་། བཀའ་ཆེམས་བཀའ་ཁོལ་མ་ལས་སྟོན་པ་གཤེན་རབ་ཀྱང་སྟོན་པ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་གསུངས་པ་སོགས་ཀྱིས་སྔར་མེད་པའི་བློ་སྐྱེད་དམ་རྟོག་སད་ཅིག་བྱུང་སྟེ། གཡུང་དྲུང་བོན་གྱི་གྲུབ་མཐར་མ་ཤེས་ལོག་རྟོག་གིས་ཕྱིར་བཀྱེད་དང་ནག་ཁུང་ནང་དུ་བསྐྱུར་རྐྱང་བྱས་པ་དེ་ལ་འགྱོད་སེམས་ཆེན་པོ་ཞིག་ཀྱང་ཞར་དང་ཞོར་ལ་སྐྱེས།
དེ་ཡང་བན་བོན་གཉིས་ཀས་མདོ་ཕྱོགས་ནས་སྐྱབས་གསུམ་དང་བདེ་བཞི་ཕར་ཕྱིན་དྲུག་ཚད་མེད་བཞི་སོགས་དང་། སྔགས་ཕྱོགས་ནས་བྱ་སྤྱོད་ཀྱི་རྒྱུད་སྡེ་ནས་ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོ་ཐ་མལ་བའི་སྣང་གྲག་རིག་གསུམ་དག་པ་ལྷ་སྔགས་ཆོས་སྐུར་འཁྱེར་བའི་ཉམས་ལེན་སོགས་ མིང་ཙམ་བརྡ་ཙམ་ལས་དོན་ལ་ཁྱད་པར་ཡོད་པ་ཅང་མ་མཐོང་བ་ལ་བརྟེན་ནས། གངས་ཅན་བོད་པའི་ཕ་ཆོས་གཡུང་དྲུང་བོན་གྱི་སྡེ་ལ་སྔ་ན་མེད་པའི་དད་གུས་དག་སྣང་རྒྱ་ཆེན་པོ་ཞིག་བྱུང་བ་དང་། རྗེ་ཙོང་ཁ་པས། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླགས་རྙེད་པ་དང་། །ཉེས་སྤྱོད་ཆེན་པོ་རང་འགག་འགྲོ་བ་ཞེས་གསུངས་པ་འདི་བན་བོན་གྲུབ་མཐའ་གཉིས་ཀར་སྦྱོར་རུང་བ་དང་། གསང་སྔགས་པའི་དམ་ཚིག་ཏུ་གཅེར་བུ་བ་དང་རྒྱང་འཕེན་པ་སོགས་ཕྱི་རོལ་བའི་གྲུབ་མཐར་ཡང་སྨོད་མི་རུང་ན། བྱམས་སྙིང་རྗེས་རྩ་བ་བྱས་པའི་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ་དད་གུས་དག་སྣང་སྦྱོང་བ་མ་གཏོགས་ཚིག་གཅིག་གིས་བརྙས་སྨོད་ཁྱད་གསོད་བྱས་ཀྱང་ངན་འགྲོའི་གཡང་ཁར་ཕྱོགས་པ་མ་གཏོགས་འཐོབ་རྒྱུ་ཅི་ཡང་མེད་པའི་ངེས་ཤེས་ཟབ་མོ་ཞིག་ཀྱང་རྙེད་པར་གྱུར་ཏོ།།
ད་དུང་བོན་གྱི་ཆོས་དང་རིག་གཞུང་འདིའི་ཁྲོད་དུ་རང་རེ་ཁ་བ་གངས་ཅན་པའི་ལོ་ངོ་ཁྲི་ཕྲག་གི་ལོ་རྒྱུས་རིང་མོའི་གྲུབ་ཆ་གལ་ཆེན་དུ་གྱུར་པའི་ཤེས་རིག་གི་གནའ་རྫས་རིན་ཐང་བྲལ་བ་མང་པོ་ཞིག་མི་མངོན་པའི་ཚུལ་དུ་ཡོད་པས། ཤེས་རབ་ཅན་དག་གིས་བན་བོན་ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཞེན་ཁོག་ནག་པོ་དེ་རྒྱང་དུ་དོར་ནས་ཕ་མེས་ཀྱིས་བུ་ལ་བཞག་པའི་གཟི་འོད་འཚེར་བའི་རིག་གཞུང་གང་ཞིག་ཡིན་ཡང་ཡོད་པ་ལ་ཡོད་པར་ངོ་ཤེས་པའི་སྒོ་ནས་སློབ་སྦྱོང་དང་ཞིབ་འཇུག་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་བར་མཐོང་གི་འདུག་པས། བོད་མི་གཉིས་མཉམ་དུ་འཛོམས་དུས་ཐོག་མར་ཆོས་ལུགས་གང་ཡིན་རྩད་གཅོད་མི་གཏོང་བར་གངས་རིའི་འདབས་ནས་སྐྱེས་ཤིང་གངས་ཆུ་མཉམ་དུ་འཐུངས་པའི་བོད་མིའི་རུས་རྒྱུད་གཅིག་པ་ཡིན་པའི་བསམ་བློ་དེ་ཐོག་མར་སྐྱེ་བའི་ཐབས་ལམ་ལ་འབད་པར་འཚལ་ལོ།། སྤྱི་ལོ་༢༠༡༡ལོའི་ཟླ་༧པའི་ཚེས་བཅུ་དགུ་ལ་ཨ་རིའི་སེ་ཨ་ཀྲལ་གྲོང་ཁྱེར་ནས།
Comments on “ཀླུ་སྨྱོན་ཧེ་རུ་ཀས་བོན་ཆོས་རྙེད་པའི་བརྒྱུད་རིམ།”
Comments are closed.
མཐའ་མཇུག་གི་ཚིག་ལྷུག་དེ་ལ་མངོན་པར་སྟོད་དོ།
ཨ་ཕ་བོ་ཡིན་ན། ཀླུ་སྨྱོན་ཟེར་བ་འདི་ཡང་ཌ་རུ་ངོ་གཉིས་པ་ཞིག་རེད་བཞག ། དེ་འདྲ་ཡིན་ན་ལྰ་མོའི་ཡོངས་འཛིན་རྡོ་རྗེ་འཆང་ཚང་ཟེར་བ་དེ་ཡང་རྒྱ་མགོ་མཐོ་དུས་རྒྱ་མགོ། བོད་མགོ་མཐོ་དུས་བོད་མགོ། སྐུ་འབུམ་ཨ་རྒྱ་འདྲ་བོ་ཡིན་ས་རེད། དེ་ཚོ་ལ་བླ་མ་མི་ཟེར། སློབ་དཔོན་འཇིགས་མེད་རིན་པོ་ཆེ་དང་མཁན་ཆེན་བླ་མས་འདི་གཟིགས་ཀི་ཨེ་ཡོད་ན། ཧ ཧ མ་ཚད་གྲྭ་གཟུགས་འདི་ནང་ཆོས་ལ་མཐོང་རྒྱ་གང་ཡང་མེད་པ། རང་འདོད་ཁོ་ན་སྨྲ་བ། བཟང་མོ་མ་ཤི་བར་དུ་སྐྱིད་བདེ་སྤྱོད། ཤི་ན་དེ་ཡི་སྤྱོད་ཡུལ་མིན། ཞེས་ཟོར་སྦྱོར་པ་དང་། ནང་པ་སངས་རྒྱས་པའི་ཆོས་ལ་ཤ་ཞེན་སྤུ་ཙམ་ཡང་མེད་པར་ཆོལ་རྙོག་སྤྱོད་པའི་སྙན་ངག་དབྱུག་པ་ཅན་ནང་བཞིན་ཟ་གོས་བུད་མེད་དོན་དང་ཚེ་འདིར་ཁོ་ན་ཞེན་པ་ཞིག་རེད་འདུག བོན་ནག་ཚོ་ནི་ངན་སྔགས་དང་འཚེ་བ་ཆོས་སུ་སྨྲ་བ། བསྟན་པའི་ཆོམ་རྐུན་འདི་ཚོ་ལ་དེ་འདྲའི་དག་སྣང་ཡོད་ན་རྒྱལ་བ་ཙོང་ཁ་པའི་བསྟན་པ་ལས་མཆེད་པའི་བཀའ་གདམས་གསར་མ་དང་གངས་ཅན་བླ་མ་རྒྱ་བོ་ཚོ་སངས་རྒྱས་དངོས་ལྟ་ས་རེད། མ་ཚད་ལོ་དུ་མའི་སྔོན་ལ་བོན་ཚོགས་འགའ་རེས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱལ་བསྟན་སྤྱི་དང་རྙིང་མའི་བདུད་འཇོམས། བཀའ་བརྒྱུད་འཇིག་རྟེན་གསུམ་མགོན། མི་ལ་རས་པ། ས་སྐྱ་པན་ཆེན། རྗེ་ཚོང་ཁ་པ། རྒྱལ་དབང་ལྔ་བ་ནས་༧་རྒྱལ་བ་བསྟན་འཛིན་རྒྱ་མཚོ་བར་ལ་སྒྲོ་བསྐུར་ག་རེ་བྱེད་ཀི་འདུག ལྐོག་གཡོ་ངན་བྱོས་ཀྱི་བོན་ལུགས་འདི་དག་ལ་སྨྲ་ཤེས་དོན་གོའི་སྒོ་ལྔ་ཚོགས་དྲུག་ཤེས་པ་ཡོད་མཁན་ཞིག་ཡིན་ན་ཕལ་ཆེ་ཤེས་ས་རེད། ཉེ་སྔོན་དེ་མ་ཐག་༧གོང་ས་མཆོག་གི་གསུང་ཞིག་བདག་གིས་མཆན་ཐོག་བཀོད་ཀྱང་། ལ་བུ་ཆོས་འཁོར་སོགས་ཀྱིས་མཁན་ཆེན་བླ་མ་ལ་ཞེ་འཁོན་གྱིས་སྣང་མེད་ག་འདྲ་བྱས་སོང་། ཕ་མགོ་བུ་གཡོག་གི་སྐད་ཆ། ཕྱི་རབས་རྗེས་འཇུག་རྣམས་དམོས་ལོང་མུན་པའི་ནང་དུ་འདྲེན་པའི་སྐད་ཆ་ངོ་གཉིས་མ་ག་འདྲ་བཤད་འདུག སྐྱ་མིན་སེར་མིན་བན་དེའི་བདུད། གོ་མིན་གནས་མིན་བུ་མོའི་བདུད་ཟེར་བ་དེ་དངོས་ནས་དྲ་ཐོག་འདི་ཚོ་ལ་མང་གི་ཡ། བོན་གྱི་འབྱུང་གནས། དམིགས་ཡུལ། བྱ་བྱེད་ལས་གསུམ། མཐར་གྲུབ་འབྲས་དང་བཅས་པ་ངས་གསལ་བོ་ཤེས་ཡོད། མུ་འཐུད་དུ་ལམ་དེར་སྐྱོད་དང་རྐུན་མ་ལ་དཔའ་དར། སྤྱང་ཀི་ལ་བརྔན་པ་མ་ཡིན་ནམ། ཐུབ་པ་སངས་རྒྱས་བསྟན་པའི་དཔེ་རྐུན་ཐོག་མ་དེ་རེད་བརྗོད་ན་མི་ཆོག་པ་མེད་ངེས་རེད། ཀླུ་སྨྱོན་གྱིས་སྒྲུབ་བྱེད་ཀྱང་། ཁོ་རང་རྨི་ལམ་འཁྲུག་པ། ཡན་ལག་འགུལ་གཡོ་མེད་པར་ཆག་ནས་སྐྲག་པ། བལ་ཡུལ་བོན་དགོན་ལ་ས་ཆ་སྐྱིད་པོ། གྲྭ་ཆུང་བློ་འདོན། ཁྱད་པར་ཁོས་མདོ་གཟེར་ནང་རང་རྐུབ་དངོས་སུ་ཕུད་འདུག་གྰ། སྟོན་སངས་རྒྱས་ཀྱི་སྤྲུལ་བ་ཡིན་པ་བཤད་ཡོད་ན། སངས་རྒྱས་ཤྰཀྱ་ཐུབ་པའི་བསྟན་པ་ལོ་ཁྲི་ཕྲག་གི་སྔོན་ལ་ཡོད་པར་སྒྲུབ་བྱེད་ཅི་ཡོད་དམ། དེང་དུས་ཀྱི་བླུན་པོ་ཁྱི་སྣ་གར་ཁྲིད་ཀྱི་དཔེ་ལྟར་ཀླད་མེད་བྱིས་པ་འགའ་རེ་མགོ་སྐོར་ཐུབ་ན་མ་གཏོགས་གཟུར་གནས་བློ་ལྡན་གངས་ཅན་མཁས་གྲུབ་ཚོར་བསྐུར་འདེབས་བྱས་པ་རེད། བསྟན་པ་དང་ར་ཤ་བརྗེ་བ་དེ་རིས་མེད་ཀྱི་དག་སྣང་མིན་པར་ཤེས་པར་གྱིས། །
བན་བོན་ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཞེན་ཁོག་ནག་པོ་དེ་རྒྱང་དུ་དོར་དགོས་མི་འདུག་གམ། ཕྱོགས་གཉིས་ཀར་དྲིས་པ་ཡིན་ནོ། །དགེའོ། །
དྲི་བ། ༼རྗེ་ཙོང་ཁ་པས། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླགས་རྙེད་པ་དང་། །ཉེས་སྤྱོད་ཆེན་པོ་རང་འགག་འགྲོ་བ་ཞེས་གསུངས་པ་འདི་བན་བོན་གྲུབ་མཐའ་གཉིས་ཀར་སྦྱོར་རུང་བ་དང་།༽བྱང་ཆུབ་ལམ་གྱི་སྒྲོན་མའི་གདམས་ངག་གི་ཆེ་བ་བཞི་ནི། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་དང་། གསུང་རབ་མ་ལུས་གདམས་པར་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགག་ཏུ་འགྲོ་བའི་ཆེ་བ་བཞི་སྟེ་ལམ་རིམ་གྱི་ཆེ་བ་བཞི་ཡང་ཟེར། འདིའི་བསྟན་པ་ཐམས་ཅད་ཅེས་པ་ནི་སྟོན་པ་ཤཱཀྱ་ཐུབ་པས་ལེགས་པར་བཤད་པ་ཇི་སྙེད་པ་ལ་གོ་བ་མ་གཏོགས། བསྟན་པའི་མིང་ཐོགས་ཚད་ལ་སྦྱོར་མི་རུང་། བསྟན་དང་སྟོན་པ་ལྟ་བས་ཕྱི་ནང་གཉིས།།ཅེས་པ་ལྟར་གོ་དགོས་པ་ལས་དེ་ལྟར་མིན་ན། ཧུན་དུ་དང་འཇེན། མོ་ཧ་མ་དྷུའི་བསྟན་པ་རྣམས་ཀྱང་ཁྱད་མེད་དུ་ཐལ་བས་དེ་ལས་མཚང་ཆེ་བ་ཞིག་གང་ན་ཡོད། གྲུབ་མཐའི་ཁྱད་པར་ལྟ་བས་འབྱེད། ཐེག་ཆེན་དང་ཐེག་དམན་གྱི་ཁྱད་པར་ཐབས་ཀྱིས་འབྱེད་དགོས་པ་ཡིན། རང་རེའི་བོན་གྱི་བསྟན་པ་ནི་ཤཱཀ་ཐུབ་ཀྱི་ཡར་སྔོན་ནས་བྱུང་བ་ཞིག་དང་བན་བོན་གཉིས་ཀ་རང་རེའི་བོད་ཀྱི་ཕ་ཆོས་ངོ་མ་དེ་རེད། གྲུབ་མཐའ་བསྲེ་བསླད་བྱེད་མི་རུང་། ཀུ་ཤའི་རྩེ་ལྟར་མ་འདྲེས་བར་སྐྱོང་བ་ནི་བསྟན་པ་ཡུན་རིང་དུ་གནས་བའི་རྒྱུ་གཅིག་བུ་དེ་རེད། རྒྱ་གར་གྱི་གསང་སྔགས་བསྟན་པ་ཇི་ལྟར་ནུབ་ཚུལ་དགོངས་པ་ཡག་པོ་ཞིག་བཞེས་རོགས་གནང་།
ཆོས་ལུགས་ཚང་མས་སྙིང་རྗེ་དང་བརྩེ་སེམས་ཐོག་རྩལ་འདོན་བྱེད་ཀྱི་ཡོད་ཀྱང་། ལྟ་གྲུབ་ཀྱི་ཆ་ནས་ཁྱད་པར་དུ་མ་ཏན་ཏན་ཡོད། འོན་ཀྱང་དེ་ལ་སྐྱོན་མེད། ལྟ་བའི་གཞུང་རྣམས་ནི་དགོས་དོན་མཐར་ཐུག་པ་མིན་ལ། དམིགས་ཡུལ་ཡང་མིན་ཞིང་། དེས་གཞན་ལ་ཞབས་འདེགས་ཀྱང་ཞུ་མི་ཐུབ། དམིགས་ཡུལ་ནི་གཞན་རྣམས་ལ་ཕན་ཐོགས་བྱ་རྒྱུ་འདི་ཡིན། བསམ་པ་དེ་དག་ལ་ཕན་ཐོགས་པའི་ལྟ་བའི་གཞུང་རྣམས་ནི་རྩ་ཆེན་པོ་ཡིན། གལ་ཏེ་ལྟ་བའི་ཁྱད་པར་ལ་བལྟས་ནས་ཕན་ཚུན་རྩོད་གླེང་དང་སྐྱོན་བརྗོད་བྱས་ན་ཕན་ཐོགས་མེད་པར་མ་ཟད། འདིའི་རྐྱེན་པས་རྩོད་པ་རྒྱུན་མི་ཆད་པ་ཡོང་རྒྱུ་དང་། དེ་ཡི་འབྲས་བུར་ཡང་གཙོ་བོར་ཕན་ཚུན་མི་སྐྱིད་པ་བཟོ་རྒྱུ་ལས། གཞན་གྲུབ་འབྲས་གང་ཡང་ཐོན་མི་ཐུབ། དེས་ན་ལྟ་གྲུབ་དེ་དག་གི་དགོས་དོན་ལ་བལྟས་ཏེ་བྱམས་པ་དང་། སྙིང་རྗེ་དང་། ནུས་པ་ཁྱད་པར་བ་གོང་མ་ཞིག་ལ་གུས་བརྩི་བྱེད་རྒྱུ་བཅས་ལ་ནུས་པ་འདོན་རྒྱུ་གལ་ཆེན་པོ་ཡིན།
གོང་ས་ཏྰ་ལའི་བླ་མ་མཆོག་གི་(ནང་པའི་ལྟ་སྤྱོད་ཀུན་བཏུས་)རྒྱ་གར་དཔར་མའི་ཤོག་ངོས་༦༤བ་ལས་ཟུར་འདོན་ཞུས།
ལམ་བར་དུ་ཉག་བླ་འཁྲུལ་ཞིག་པདྨ་བདུད་འདུལ་གྱི་ཆོས་བརྒྱུད་ཕོ་བ་ཁུག་ཅེས་གྲགས་པའི་ཆོས་སྒར་དུ་སླེབས་པས། དེ་ན་བླ་མ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་བྱ་བཏང་གི་རྣལ་འབྱོར་བ་བོན་བན་གྱི་གྲུབ་མཐའ་ཐམས་ཅད་ཀྱི་ཆོས་རྒྱུས་མཁྱེན་ཅིང་ཕྱོགས་རིས་ཀྱི་ཆགས་སྡང་གཏན་ནས་མེད་པར་བློ་སྦྱོངས་ཁོ་ན་ཉམས་ལེན་གྱི་གཙོ་བོར་མཛད་པ་ཞིག་བཞུགས་པ་དེས་འདི་སྐད་དུ། ངེད་ཀྱི་ཆོས་སྒར་འདི་ཉག་བླ་འཇའ་ལུས་པ་ཆེན་པོ་པདྨ་བདུད་འདུལ་གྱི་རིང་ལུགས་ཡིན་པས་བཀའ་ཕྱག་གཉིས་དང་རྫོགས་ཆེན་གྱི་ཁྲིད་དང་བློ་སྦྱོང་རྣམས་ལ་ཉམས་ལེན་གྱི་མདོག་བྱེད་པ་ཡིན། ཁྱེད་ཀྱི་གསུང་རབ་འགའ་ཞིག་ངེད་ཀྱིས་མཇལ་བས་ཐུགས་ལ་དགོངས་ཉམས་ཀྱི་རྟོགས་པ་ཤར་འདུག་པས་དད་པ་སྐྱེས་པ་ལགས། ངེད་ཀྱི་སློབ་མ་རྣམས་ལ་བཀའ་འབྲེལ་ཞིག་དགོས་གསུངས་པས། དེར་རི་ཁྲོད་པ་དྲུག་ཅུ་ལྷག་འདུས་པ་ལ་རྗེ་བླ་མ་ནས་སྔོན་འགྲོ་གནད་བསྡུས་དམིགས་རྣམ་སྐྱོང་ཚུལ་
་དང་། ཕྱག་རྫོགས་དབུ་གསུམ་གྱི་ལྟ་བའི་ཁོག་དབུབ་རེ། སྒྲུབ་བརྒྱུད་ཀྱི་བསྟན་པའི་ཆེ་བ་དང་དེ་ལ་ཚུལ་བཞིན་དུ་འཇུག་དགོས་པའི་བསླབ་བྱ་ཅི་རིགས་གནང་བས་བླ་མའི་ཞལ་ནས་ཉམས་མྱོང་གི་གསུང་དུ་འདུག་ངོ་མཚར་ཆེ་གསུངས། སློབ་མ་གཞོན་པ་ཞིག་ན་རེ། བོན་གྱི་རྒྱུས་ངེད་ཅག་ལ་ཡེ་མེད། ཁྱེད་ཀྱི་གསུང་ལ་དཔག་ན་བོན་བན་བྱ་བ་ཚིག་གི་བརྗོད་སྒྲོས་མི་འདྲ་བ་ལས་དོན་གཅིག་ཏུ་འབབ་པར་འདུག་གསུངས། བླ་མ་བགྲེས་པོ་ཞིག་ན་རེ། ལས་གྲུབ་མཐའི་ཁ་འཛིན་འདི་བཀའ་བརྒྱུད་དང་དགེ་ལྡན་པ་ལྟ་བུ་བླ་མ་ཆེན་པོ་འགའ་ཞིག་བསྟན་དོན་ལ་དགོངས་པའང་འདུག འགའ་ཞིག་འཇིག་རྟེན་གྱི་ཆགས་སྡང་དུ་འདུག དེའི་དབང་གིས་བླུན་པོ་རྣམས་ནི་རི་བོང་ཅལ་འདྲོགས་བྱེད་པ་མང་ཡང་གྲུབ་མཐའི་རྒྱུས་མེད་པས་ལན་པར་འདུག་གསུངས། ཞེས་པ་ནས། སྐབས་དེར་ཡེ་ཤེས་རྡོ་རྗེ་ནས། མཁྱེན་པས་བོན་སྒོ་ཇི་སྙེད་ཐུགས་སུ་ཆུད། །བརྩེ་བས་འགྲོ་ཁམས་རྒྱ་མཚོ་སྐྱོངས་མཛད་ཅིང་། །ནུས་པས་ཀུན་བཟང་དགོངས་པ་མངོན་གྱུར་པ། །བཀྲ་ཤིས་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །ཞེས་པ་འདི་ཡང་རྨོངས་རྟུལ་གྱི་ན་བ་ཡེ་ཤེས་རྡོ་རྗེའི་མིང་ཅན་ནས་ཕུལ་བའོ། །ཞེས་ཕུལ་ཅིང་བསྙེན་བཀུར་དང་བསུ་སྐྱེལ་སོགས་ཀྱིས་གུས་འདུད་ཆེན་པོ་མཛད་པར་གྱུར་ཏོ།།
དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པའི་བོན་གྱི་མཁས་གྲུབ་ཆེན་པོ་མཉམ་མེད་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར་པེ་ཅིན་པར་མའི་ཤོག་ངོས་༡༨༢ལས་ཁོལ་དུ་ཕྱུངས།
དེ་སྐབས་རྫ་ཆུ་ཁ་ནས་རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེ་ཞེས་གྲགས་པའི་བཀའ་གདམས་པའི་རྣམ་ཐར་སྐྱོང་བའི་བྱང་ཆུབ་སེམས་དཔའ་ཞིག་བཞུགས་པ་དེའི་དངོས་སློབ་རྫ་རྒྱལ་འཕགས་པ་ཞེས་གྲགས་པ་དེ་རྗེའི་རི་ཁྲོད་དུ་མཇལ་འཕྲད་བྱུང་བས་ཕན་ཚུན་ཞེ་ས་ལུགས་བཞིན་གནང་། ཞལ་ཏ་གནང་བས་ཐུགས་ནང་གཅིག་འདྲེས་སུ་གྱུར། དགོངས་བཞེད་བཞིན་ལམ་རིམ་སུམ་བརྒྱ་བའི་བཀའ་འབྲེལ་དང་། རིག་པ་རྩལ་གྱི་དབང་བཀའ་གནང་། ཚུར་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཁྲིད་ལུང་། རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་དབང་དང་རྟོགས་བརྗོད་ལོ་རྒྱུས་གསན་པར་གནང་ཞེས་ཐོས་སོ།།
དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པའི་བོན་གྱི་མཁས་གྲུབ་ཆེན་པོ་མཉམ་མེད་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར་པེ་ཅིན་པར་མའི་ཤོག་ངོས་༡༥༦་་་༡༥༧ལས་ཁོལ་དུ་ཕྱུངས།
རྒྱ་གར་ཨིན་ཇིས་དབང་སྒྱུར་བྱེད་པའི་སྐབས་སུ། རྒྱ་གར་ས་གནས་མང་པོ་་རུ་རྡོ་ལ་བརྐོས་པའི་སྔར་གྱི་ཡི་གེ་སུས་ཀྱང་ཀློག་ཐུབ་པ་མེད་པ་ན། སྐྱེས་བུ་བརྩོན་པ་དང་ལྡན་པ་ཞིག་གིས་ལོ་ངོ་སུམ་ཅུ་ཙམ་གྱི་འབད་པས། ཡི་གེ་དག་ཀློག་ཐུབ། ལྷ་རྣམས་ཀྱིས་གཅེས་པའི་རྒྱལ་པོ་ཞེས་པ་ལས་ཚིག་གཞན་འདི་དང་འདི་ཞེས་སྟོན་པ་མེད་པའི་སྐབས་སུ། སིང་གཧ་ལའི་ཡུལ་གྱིས་རྒྱལ་རབས་ན། ལྷ་རྣམས་ཀྱིས་གཅེས་པ་རྒྱལ་པོ་མྱ་ངན་མེད། ཅེས་པས་རྡོ་དང་བྲག་དང་རྡོ་རིང་དག་ལ་ཡི་གེ་བྲིས་པ་དེ་དག་རྒྱལ་པོ་མྱ་ངན་མེད་ཀྱི་བཀའ་ཡིན་པ་ངོས་འཛིན་ཐུབ། བཀའ་བརྐོས་དེ་དག་གི་དག་ན་གཅིག་ལ་འདི་སྐད་བྲིས་ཏེ།
གཞན་གྱི་ཆོས་ལུགས་ལ་དམའ་འབེབས་བྱེད་པ་ནི། རང་ཉིད་ཀྱི་ཆོས་ལུགས་ལ་ཡང་རྩི་བ་མེད་པར་ཟད་རང་གི་ཆོས་ལུགས་ཉམས་ཆག་བྱེད་པའི་རྒྱུར་འགྱུར་བ་ཡིན། ཞེས་པ་ཞིག་ཡོད་པ་གསལ་བར་དྲན་ནོ། །རང་རའི་གངས་ལྗོངས་སུ་བན་བོན་གཉིས་སྔར་ཇི་ལྟར་ཡོད་པ་ནི་ཡིད་བརྟན་འཕེར་བའི་ལོ་རྒྱུས་མེད་པས་ཤེས་པར་དཀའ་ལ་། ད་ལྟའི་གནས་སྟངས་ལ་ནི་བན་བོན་གཉིས་ཀའི་ཆོས་དང་དགོན་པ་དང་ཆོས་སྒྲུབ་པ་པོ་དག་ལ་ནི་ཁྱད་པར་མེད་པ་ལྟ་བུ་་སྣང་བས་གཉིས་ཀ་ལ་གུས་བཀུར་ཞུ་དགོས་ཤིང་། རང་རེའི་བོད་དུ་བན་དང་བོན་གཉིས་ལ་གུས་བཀུར་ལྟ་ཅི། ཕྱི་རོལ་པ་ལ་དག་ལ་ཡང་གུས་པ་བྱེད་དགོས་པ་བསྟན་ཏེ། བྱང་སེམས་སྤྱོད་ཡུལ་བདེན་པ་པོའི་ལེའུ་ལས། འཇམ་དཔལ། ཡང་སངས་རྒྱས་ཀྱི་ཞིང་འདི་ན་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དག་སྣང་བ་འདི་ཡང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་ཐབས་ལ་མཁས་པའི་ཡུལ་བསམ་གྱིས་མི་ཁྱབ་པ་ཡིན་པར་རིག་པར་བྱའོ། ་ ་ ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བ་དག་གོ །ཞེས་གསུངས་སོ།།
སྤྱིར་མི་སྟེགས་བསྟན་པའམ་ཡོངས་གྲགས་སུ་བོན་ཆོས་ཞེས་འབོད་པའི་ཆོས་ལུགས་འདི་སྔོན་སངས་རྒྱས་པ་བོད་དུ་མ་དར་བའི་སྔོན་ནས་གངས་ཅན་ཞིང་དུ་ཡོངས་སུ་གྲགས་པ་རང་རྐྱ་འཕེར་བའི་ཆོས་ལུགས་བྱེ་བྲག་པ་ཞིག་སྟེ། རང་རེའི་མེས་དབོན་གོང་མ་རྣམས་ཀྱིས་གཙུག་ཏུ་བཀུར་ཅིང་དེ་ལ་ཐོས་བསམ་དང་ཉམས་ལེན། སྒྲུབ་པ་རྒྱ་ཆེར་བྱས་སའི་དད་པའི་གནས་ཤིག་ཡིན་པ་ནི་རང་གཞན་གཉིས་ཀར་ཡོངས་སུ་གྲགས་པ་བདེན་པའི་གཏམ་ཁོ་ནར་སྣང་བ་ལྟར་མོད། འོན་ཀྱང་ཕྱིས་ཀྱི་སངས་རྒྱས་པ་བོད་དུ་དར་བ་ནས་ཡུན་རིང་གི་ལོ་རྒྱུས་ཀྱི་དཀྱོགས་མཚམས་མང་དུ་བརྒྱུད་མཐར་སངས་རྒྱས་པའི་ཆོས་ཀྱི་བྱིན་རླབས་བོད་རྣམས་ཀྱི་རུས་པའི་རྐང་དང་ཀླད་རྩའི་སྦུབས་སུ་ཟུག་པའི་དུས་དེ་ཙ་ན། བོན་རྣམས་ཀྱིས་ཀྱང་རང་གི་ཆོས་ལུགས་མུ་མཐུད་དུ་ཡུན་དུ་གནས་ཐབས་དང་དེ་ལ་འགལ་རྐྱེན་གཞན་མི་འབྱུང་བའི་ཆེད་དམ། ཡང་ན་གཞུང་དང་བསྟན་བཅོས་ཀྱི་རྣམ་བཞག་ཆ་མ་ཚང་བ་དད་པའི་ལུགས་སུ་བྱས་པའི་བོན་ཆོས་ལ་ཁ་སྣོན་དང་འཕྲི་བཏུབ་སོགས་བསམ་གྱིས་མི་ཁྱབ་པ་རང་རེའི་སངས་རྒྱས་པ་དང་གཉིས་སུ་མི་སྣང་བ་ཐ་ན་སྟོན་པའང་ཤཀྱ་བའི་རྣམ་སྤྲུལ་དུ་བསྒྲུབ་པ་སོགས་བྱུང་ཞིང་། དེ་ནི་རང་རེའི་ཕ་མེས་ཀྱི་ཆོས་བརྒྱུད་ལ་ཉམས་ཉེས་དང་གོད་ཆག་ཚད་མེད་ཅིག་ཏེ་དེ་ནས་བཟུང་བོན་གྱི་ཆོས་ལུགས་རྣལ་མ་ཞིག་བཙལ་ཀྱང་མི་རྙེད་པར་གྱུར་པ་རེད།
ཀླུ་སྨྱོན་སྙིང་རྗེ། ངོ་མ་སྨྱོས་འདུག ཡར་ཤེས་ཡོན་ཅན་ཚད་ལྡན་གྱི་གྲས་སུ་མ་ཐེ། མར་བླ་སྤྲུལ་རྗུན་མའི་གྲས་སུ་འཚངས་ཀྱང་དགོས་དོན་ཆེར་མ་འགྲུབ། ད་ཁ་ནས་མི་བཤད་དགུ་བཤད་བྱས། སློབ་གཉེར་པ་གསར་བུ་ཞིག་ཀྱང་གད་མོ་འཆོར་བའི་རྩོམ་བྲིས་བྱས།
ཁྲམ་པ་གོར་གྱིས་རྒྱགས་ན་ལབ་བརྡོལ་མང།། བུད་མེད་གཡེམ་གྱིས་རྒྱགས་ན་ཟུག་སྐད་མང།།
ཞེས་ཀྱང་དབུལ་བར་བགྱིའོ།
སྤྱིར་ཁོ་བོར་མཚོན་ན་བོན་གྱི་རྣམ་བཞག་ལ་དཔྱད་པ་དེ་ཙམ་སོང་མེད་པའི་སྐྱེ་བོ་ཕལ་བ་ཞིག་ཡིན། ཡིན་ན་ཡང། ལོ་ཤས་སྔོན་ཝ་ཎ་མཐོ་སློབ་ཏུ་བོན་གྱི་ཐེག་དགུའི་རྣམ་བཞག་གསལ་བའི་དཔེ་དེབ་ཅིག་ཡོད་པ་ཐེངས་གསུམ་ཙམ་བཀླགས་པ་ཡིན། གཞུང་དེའི་རྩ་བ་སྟོན་པ་ཀུན་ཏུ་བཟང་པོ་དང་། འགྲེལ་གཤེན་ལྷ་འོད་དཀར་གྱིས་གསུངས་པ་རེད་འདུག དུས་དེ་ནས་བཟུང་ངའི་བསམ་བློར་བོན་ཆོས་དེ་ནང་པའི་ལྟ་བ་དང་། སྤྱོད་པ། སྒོམ་པ་སོགས་ཕན་ཚུན་ཁྱད་པར་ཆེན་པོ་མེད་པའི་གདེང་ཚོད་རྙེད། ངོ་ཤེས་སློབ་གྲོགས་ཞིག་ལ། བོན་གྱི་ལྟ་སྤྱོད་སྐོར་ལས་འཕྲོས་ཏེ་དྲི་བ་བཞི་ཙམ་བཏང་བར། ལན་དང་པོར། ལྟ་བ་དབྱིངས་ནས་ཡས་ཕུབ། སྤྱོད་པ་ཀླུང་ནས་མས་འཛེགས། ཐབས་ཕ་རོལ་དུ་ཕྱིན་པ་བཅུ་ལ་སྤྱོད། ལན་གཉིས་པར། བོད་མི་མང་པོ་ཞིག་གིས་བོན་པོར་སྡང་ཟུག་བྱེད་པ་ཆེས་ཡ་མཚན་པ་ཞིག་རེད། བོན་པོ་ཚོས་ད་ལྟ་བར་བོད་རང་ས་ནས་དར་བའི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་མ་ཉམས་རྒྱུན་འཛིན་བྱས་དང་བྱེད་བཞིན་ཡོད་ལ། མ་འོངས་པར་དེ་བཞིན་བྱ་རྒྱུ་རེད། གང་ཡིན་ཟེར་ན་དེ་ནི་བོད་རང་ནས་ས་སྐྱེས་རྡོ་སྐྱེས་ལྟ་བུའི་ཆོས་ལུགས་རེད། ལན་གསུམ་པར། སྟོན་པ་བཅོམས་ལྡན་འདས་ཀྱི་གསུང་རྣམས་ལ་བོན་པོ་ཚོས་ལོག་པར་བལྟ་ཕྱོགས་གང་ཡང་ཡོད་པ་མ་རེད། གང་ཡིན་ཟེར་ན་སྟོན་པ་བཅོམས་ལྡན་འདས་སྟོན་པ་གཤེན་རབ་ཀྱི་ཟུར་ལྡོང་དུ་བྱོན་པའི་མདོ་ལུགས་ཀྱི་བསྟན་པའི་གཉེར་དཔོན་ཞིག་རྒྱ་གར་དུ་འཁྲུངས་ཞེས་བོན་གྱི་ལོ་རྒྱུས་ཡིག་རིགས་ལས་གསལ་ཡོད། ལན་བཞི་པར། ད་ལྟའི་ཆར་ད་དུང་དྲ་ངོས་དང་དཔེ་དེབ་ཁག་ཏུ་བོན་པོར་སྡང་ཟུག་དང་ལོག་སྨྲ་བྱེད་མཁན་རེ་འགའ་བྱུང་དང་འབྱུང་བཞིན་ཡོད། དྲང་པོར་བཤད་ན་བོན་པོ་ཚོའི་ངོས་ནས། ཁོ་ཚོར། སྙིང་རྗེ། ད་དུང་བོན་གཞུང་ཤོག་ངོས་གཅིག་ཀྱང་མ་བཀླགས་པར་དུག་ལྔའི་ས་བོན་མངོན་དུ་གྱུར་བ་རེད་ཅེས་བཤད་ཀྱི་ཡོད། ཅེས་བཤད་སོང། གང་ལྟར། དེས་ན། དྲ་གྲོགས་ཚོ། བསམ་བཞིན་དོན་མེད་ཀྱི་གླེང་རྙོག་གམ་གནའ་མི་རྒན་པོ་ཁག་ཅིག་གི་ཁ་རྒྱུན་ཙམ་གྱི་བཤད་ཡམ་མི་འབྲི་བར། གྲུབ་མཐའི་གཞུང་ལ་དཔྱད་ནས་ཕན་ཚུན་བགྲོ་གླེང་བྱ་ཐུབ་ན་ཡག་པོ་མི་འདུག་གམ། དེའི་ཕྱིར་ངས་ཀྱང་གོང་གི་རྩོམ་དེ་ཧི་བོན་དྲ་བ་ཞེས་པ་དྲངས།
བདག་ལ་བརྡེག་འཚོག་མཚང་འདྲུའི་སེམས་ཅན་རྣམས། །
མཐོང་ངམ་ཐོས་སམ་ཡིད་ལ་དྲན་པའི་ཚེ། །
ཁོང་ཁྲོ་བྲལ་ཞིང་སླར་ཡང་དེ་དག་གི །
ཡོན་ཏན་བརྗོད་ཅིང་བཟོད་པ་བསྒོམ་པར་ཤོག །
རྗེ་ཙོང་ཁ་པས།
སེམས་ཅན་དང་ནི་སངས་རྒྱས་གཉིས། །
སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །
རྒྱལ་ལ་གུས་མཆོད་དེ་བཞིན་དུ། །
སེམས་ཅན་ལ་མིན་ཅི་ཡི་ཕྱིར། །
རྒྱལ་སྲས་ཞི་བ་ལྷས།
བདག་ལ་མི་སྙན་བརྗོད་པ་དེ་དག་ལའང་།།
བདག་ནི་ལྷག་པར་མ་བཞིན་བྱམས་གྱུར་ཅིག།
བདག་གིས་དེ་དག་རིང་པོར་མི་ཐོག་པར།།
བདག་གི་གཞན་གཅེས་སྒོམ་པ་བྱང་ཆུབ་སེམས།།
ལྷག་བསམ་དག་ལ་རྒྱུད་ལ་འཁྲུངས་གྱུར་ནས།།
བླ་མེད་བྱང་ཆུང་གོ་འཕང་སྟེར་བར་ཤོག།
ཉོན་མོངས་དུག་ལྔའི་གཞན་དབང་གྱུར་བ་ཡི། །བདག་ལ་སྨོད་དང་སེམས་ངན་འཆང་བའི་རིགས། །ནག་ཞིག་བདག་གི་གདུལ་བྱར་གྱུར་ནས་ཀྱང་། །བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེས་གྱུར་ཅིག །
ཨ་རོ་ཀླུ་སྨྱོན་ཁྱོད་ཀྱིས་དམ་པའི་ཆོས་ལ་དད་པ་དང་འཇིག་རྟེན་རྨོངས་དད་གཉིས་ཀར་ནོར་བཞག ཤར་རྫ་དང་ཉག་བླ་པདྨ་བདུད་འདུལ་གཉིས་ཀྱིས་ཐུགས་དམ་མ་ཎི་འབྲུ་དྲུག་དང་ཉམས་ལེན་ཀ་ལྷུན་ཟུང་འཇུག་གིས་འཇའ་ལུས་སུ་དེངས་པར་ལོ་རྒྱུས་ཁུངས་དག་རེད། བོན་པོ་ཚོས་མ་ཎི་སིདྡྷི་ལ་རྒྱུ་མཚན་མེད་པར་ལོག་འགྲེལ་ག་རེ་བྱས་ཡོད་པར་ཤེས་སོང་ངམ། ཟས་ཅི་རིགས་ཟོས་ན་ཁྱི་ཕག་རེད། གཏམ་ཅི་དྲན་བཤད་ན་སྨྱོན་པ་རེད། ཆོས་གང་རིགས་དད་ན་རྨོངས་པ་ཟེར་བ་སྲིད་པ་རྒན་པོའི་ངག་རྒྱུན་དོན་གནས་ཀྱི་གཏམ་རྒྱུད་དེ་ཚོ་གོ་ཨེ་མྱོང་ངམ། གུ་རུའི་བླ་རྣམ་དང་དགའ་ལྡན་ལྷ་བརྒྱ་བློ་འདོན་ཤེས་པ་ཙམ་ལ་ནང་པ་ཟེར་ནི་མ་རེད། དེང་དུས་གུ་རུ་སིདྡྷི་འདོན་བཞིན་འདོད་ལོག་མི་དགེ་བ་སྣ་ཚོགས་སྤྱོད་པ་དང་། དགའ་ལྡན་ལྷ་བརྒྱ་འདོན་བཞིན་ཟོག་ལུག་སྡིག་ཚོང་བླ་གྲྭ་གསོད་རིས་བྱེད་པ་དག་དང་གཅིག་མཚུངས་རེད། དེ་ཚོ་ནི་རྙིང་མ་དགེ་ལུགས་མ་རེད་མོད། དོན་གྱི་གནད་འགག་ཤེས་ན་དད་པ་ཡང་དག་རེད། དེ་མིན་སོང་ཉིན་ཡང་ཁྱོད་ཀྱིས་སོ་ཟིན་མེད་པའི་དད་པ་དེས་གཤིན་རབ་བོན་ཆོག་དང་དོལ་འདྲེའི་མངའ་གསོལ་འདོན་ན་ཆོག་གམ། ཁྱོད་དེ་འདྲའི་ས་ཚོད་ལ་ཐོན་བཞག ལྷག་པར་དད་སྙིང་སྤུ་སི་མ་རེ་ཡོད་ན་མི་ཤེས་མ་གཏོགས་ཁྱོད་ཀྱིས་སྐྱབས་གནས་བསླུ་བ་མེད་པ་ཞིག་རྙེད་མི་འདུག སྙིང་རྗེ་བྱང་སེམས་ཀྱི་སྨོན་ལམ་རེ་རྒྱབ་ཤེས་ན་རང་གིས་རང་ལ་རྒྱོབས་ཤིག་ལོ། །
པདྨ་གེ་སར་ལགས་ཀྱིས་གཟེར་མིག་ལས་སྟོན་པ་སངས་རྒྱས་ཀྱི་སྤྲུལ་པ་གསུངས་ན་ཀླུ་སྨྱོན་རང་རྐུབ་རྡོལ
གསུངས་པ་ནི་གཟེར་མིག་ལས་བཞེད་པའི་དོན་སྟོན་པས་བཀའ་བབས་པའི་ལྷ་བུ་དམ་པ་གཏོ་དཀར་ཅེས་
པ་དེ་ཡིན་པ་ལས་སྟོན་པ་ཁོང་གི་ཤེས་རྒྱུན་ཕྱི་མ་ལྟ་བུར་ཡིན་མིན་འབྱེད་དཀའ།
བོན་ཆོས་ནི་བོད་རང་ས་ནས་དར་བའི་ཆོས་རེད་ཟེར་སྲོལ་འདུག་ཀྱང་ང་རང་དེ་ལ་དོགས་པ་ཞིག་བྱུང་། དེ་ཡང་བོན་གྱི་སྟོན་པ་མཆོག་སྟག་ཟིགས་འོར་མོ་ལུང་བྱ་བར་འཁྲུངས་ཞེས་གསལ་འདུག་པས། དེ་ནི་བོད་ཀྱི་ས་གནས་ཤིག་རེད་དམ་ཡང་ན་དེ་ལས་གཞན་དུ་གྱུར་པ་རེད། གལ་ཏེ་བོད་པ་མ་ཡིན་ཞིང་ཆོས་འཁོར་དང་པོ་སྐོར་ས་བོད་དུ་མ་ཡིན་ནའང་བོད་རང་ས་ནས་དར་བའི་ཆོས་ཡིན་ཚུལ་གང་། དེ་ལྟར་མིན་ཀྱང་བོད་ས་ནས་དར་བའི་ཕ་ཆོས་སུ་བཞག་རུང་ན། ནང་པ་སོགས་དེ་ལྟར་གཅིག་མཚུངས་འཇོག་མི་རུང་བའི་རྒྱུ་མཚན་གང་ལ་ཐུག གང་གི་དྲི་བ་འདི་རང་ལ་བློ་སྐྱེད་ཅིག་ཡོང་བའི་ཕྱིར་ཁོ་ན་ཡིན་པས་མཁྱེན་ལྡན་རྣམས་ཀྱིས་དགོངས་དབྱིངས་མངའ་བར་ཞུ།
འཇམ་མགོན་བླ་མས། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང། གསུང་རབ་ཐམས་ཅད་གདམས་པར་ཤར་བ་ཞིག་དགོས་གསུངས་དངོས་བདེན་ལོས་ཡིན། ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་གསུང་རབ་ཁག་དང། དེ་བཞིན་རང་རྒྱུད་བོན་ཆོས་དང་འདྲེས་པའི་སྐལ་ལྡན་གྱི་སྐྱེ་བུ་འགའ་རེ་ཙམ་ལས་དེ་དག་དོན་གྱི་སྙིང་པོར་འདྲིལ་ནས་ཉམས་ལེན་གྱི་ངང་ཐག་བསྲིངས་མཁན་ནི་ཐོ་རང་གི་སྐར་ཆེན་ཙམ་དུ་གྱུར། རྒྱུད་ཁུངས་དབང་དུ་བྱས་ན་སྟོན་པ་རྣམ་པ་གཉིས་པོས་ཀྱང། ལྟ་བ་ནི་ཡས་ཕུབས། སྤྱོད་པ་ནི་མས་ནས་འཛེགས། གཞི་སྙིང་རྗེ་ཆེན་པོ་ལ་ལོང། ཐབས་ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད་ཅིག ཅེས་གདམས་པ་ལས། རང་ལྟ་ལ་ཆགས། གཞན་ལྟ་ལ་སྡང། བསྟན་པ་བཤིག་ཅི་ཐུབ་གྱིས་ཞེས་རྩ་བ་ནས་གསུངས་མེད་པ་དེ་ཡང་ལོས་བདེན། ཀྱེ་མ། ཐབས་སྐྱོ་བ་དང་ཡིད་སྐྱོ་བ་ཞིག་ལ། རང་རེ་གདོང་དམར་བོད་ཀྱི་རྩམ་ཟན་འདི་ཚོ། ཁ་ནས་ནང་པ་སངས་རྒྱས་པ་ཞེས་རྫིག་རྫིག་སྦོམ་བཤད་ཞེ་དྲག་བྱེད་ཀྱི་འདུག་ཀྱང། དེ་དག་གི་བྱེད་སྤྱོད་ལ་བལྟས་ན་མུ་སྟེགས་མེ་ལྔ་པ་ཅན་དང། དབྱུག་གུ་གསུམ་པ་ཅན་ཚོ་ལས་ཀྱང་མ་སྡུག་ན་མི་ཡག་ཐག་ཆོད་རེད། ཀླུ་སྨྱོན་ཁྱེད་རང་ཁོང་ཚོ་ལ་ཁ་བརྡ་དང་གསལ་བཤད་བྱས་མ་བྱས་ཕན་ཐོག་ཡོང་རྒྱུ་དཀའ་པོ་རེད། གོ་བ་མེད་པའི་གླང་རྒན་ལ། རྒྱལ་པོའི་བཀའ་ལས་དབྱུག་པ་བཙན། ཞེས་ཟེར་སྲོལ་ཡོད་པ་བཞིན་བྱས་ན་མི་ལེགས་སམ། ཉི་མའི་འོད་ཟེར་ཤར་ཀྱང་མུན་པའི་ཁང་པ་ནག དེ་དང་འདྲ་བའི་སེམས་ཅན་དེ་རིགས་ལ། ངེས་ཚིག་བདེན་པ་བཤད་པ་ཀྱང་མི་ཉན་སྐུར་པ་འདེབས། དེ་ལྟ་བུ་ལ་ཐར་པའི་རྒྱུ་མ་མཆིས་སོ།
མཁས་དབང་པདྨ་གེ་སར་ལགས། ཁྱེད་ཀྱིས་གསུངས་གསལ། “བོན་པོ་ཚོས་མ་ཎི་སིདྡྷི་ལ་རྒྱུ་མཚན་མེད་པར་ལོག་འགྲེལ་ག་རེ་བྱས་ཡོད་པར་ཤེས་སོང་ངམ།” ཞེས་བྲིས་འདུག བོན་པོ་ཚོས་ལོག་འགྲེལ་བྱས་པའི་འགྲེལ་དེ་འདིར་འགོད་རོགས་གནང་།
འཆིང་བྱེད་འཆིང་ཐག་གཙོ་བ་ནི། རང་ལྟར་ཆགས་པའི་ཞེན་ཆགས་ཡིན། མཐུན་ཕྱོགས་སྒྲུབ་པའི་མན་ངག་ཞེས། ཐེག་ཆེན་ལམ་ལ་འཇུག་པའི་སྒོ རྒྱུ་འབྲས་བདུན་གྱི་ཐོག་མ་སྟེ། རིགས་དྲུག་ཕ་མའི་སེམས་བསྐྱེད་དེ། རྩད་ནས་གཅོད་བྱེད་ཞེ་སྡང་ཡིན། གཉིས་འཛིན་སྒྲོག་གིས་རབ་བཅིངས་ཏེ། གཉིས་མེད་དོན་ལ་མི་སྦྱོར་བའི། བདག་མེད་དོན་ལ་རྨོངས་པ་ནི། མི་ཤེས་རྨོངས་པའི་གཏི་མུག་ཡིན། ཡོན་ཏན་ཡར་ཟླའི་ངང་ཚུལ་བཞིན། བོག་འདོན་ལམ་གྱི་སྒྲོན་མེ་སྟེ། ཤེས་རིག་སྣང་བའི་དཀྱིལ་འཁོར་ཉིད། འཕེལ་དུ་མི་སྟེར་ང་རྒྱལ་ཡིན། མི་ཤེས་རྨོངས་པའི་དབང་བསྒྱུར་ནས། ལྷན་སྐྱེས་བློ་ཡི་གཡོ་ལྡང་གིས། ལས་ངན་བསགས་པའི་རིགས་དྲུག་འགྲོ མང་དུ་མཆིས་ལ་ཡ་མཚན་ཅི། དེ་བས་སངས་རྒྱས་བསྟན་པའི་སྒོར། ཞུགས་ནས་ཐེག་ཆེན་ཉམས་ལེན་དོད། ཀུན་ཏུ་བརྟགས་པའི་ལྟ་ངན་གྱིས། དུམ་བུར་བཏུབ་པའི་ཚིག་མཚོན་དང། གཞན་སེམས་གསོད་པའི་བདུད་ལས་ཀྱི། རྣམ་སྨིན་རབ་ཏུ་བཟོད་དཀའ་བ། ཤེས་བཞིན་མི་ཡི་དཀྱིལ་འཁོར་ནང། མངོན་སུམ་མཆོང་འདི་ཀྱེ་མ་ཧུད། སྐྱབས་ཀྱི་དང་པོ་སངས་རྒྱས་ཀྱིས། ཆགས་སྡང་རྩོད་ཅེས་ལུང་བསྟན་ནམ། སྐྱབས་ཀྱི་གཉིས་པ་གསུང་རབ་ནང། སྡིག་ལས་སྤྱོད་ཅེས་གསུང་ལགས་སམ། སྐྱབས་ཀྱི་གསུམ་པ་སེམས་དཔའ་ཡིས། སྡིག་པའི་བསྐུལ་མ་བྱེད་ལགས་སམ།
མི་ཡི་དཀྱིལ་འཁོར་ཞེས་པ་འདི། མེ་ཡི་དཀྱིལ་འཁོར་ཞེས་པར་བཅོས་རོགས།
ཀླུ་སྨྱོན་ལགས་ཀྱིས་གསུངས་པའི་བྱང་ཆུབ་སེམས་དཔའི་བསླབ་བྱའི་ལེགས་བཤད་ཁག་ཐོས་ཚེ། ངོས་ནས་ཀྱང་རྗེས་སུ་ཡིད་རང་ཞུ་བ་དང་ཆབ་ཅིག པད་མ་གེ་སར་སོགས་ཀྱི་མཚོན་པའི་བསམ་སྦྱོར་ལོག་པའི་མཆན་འགོད་པ་འདི་དག་གི་དུག་གསུམ་གྱི་ངན་རྟོག་ཐམས་ཅད་སེལ་ཕྱིར་རྩ་གསུམ་དམ་ཅན་རྣམས་ལ་འདི་ལྟར་གསོལ་བ་ཕུར་ཚུགས་སུ་འདེབས་པར་རབ་ཏུ་སྤྲོ། རྗེ་རྒྱལ་བ་འདུས་པའི་ངོ་བོ་ཉིད། བླ་མ་རྣམས་ཀྱི་བྱིན་རླབས་ཀྱིས། འཇིག་རྟེན་གྱི་སྣང་བ་ལ་མི་ཆགས་པར། ཆགས་མེད་ཀྱི་རང་གྲོལ་སྤྱོད་པར་ཤོག སྒྱུ་ལུས་ལ་ཞེན་པ་མི་ཆགས་པར། སྒྱུ་མ་ཡི་མཚན་ཉིད་འཛིན་པར་ཤོག འདོད་ཡོན་ལ་ཞེན་པ་མི་ཆགས་པར། ཆོག་ཤེས་ཀྱི་གཏེར་ལ་སྤྱོད་པར་ཤོག བར་ཆོད་ཀྱི་རྐྱེན་ཁར་མི་ཆར་བར། རང་སེམས་ལ་ངེས་ཤེས་འཁྲུངས་པར་ཤོག ཐ་སྙད་ཀྱི་ཚིག་ཕྱིར་མི་འབྲེང་བར། དོན་ཟབ་ཀྱི་རོ་མཆོག་མྱོང་བར་ཤོག ཀུན་རྫོབ་ཀྱི་སྣང་བ་ལ་མི་འགག་པར། དོན་དུམ་དུ་ཞེན་ཡུལ་གྲོལ་བར་ཤོག ཐབས་ཀྱི་ལམ་མཆོག་རྙེད་པ་དང། ཤེས་རབ་ཀྱི་ས་གནས་བསྒྲོད་པར་ཤོག སྟོང་གསལ་དུ་སྣང་བ་ལྷན་ཅིག་སྐྱེས། སྣང་སྟོང་དུ་རང་ངོ་འཕྲོད་པར་ཤོག རྣམ་སྨིན་གྱི་ལུས་རྒྱ་ཞིག་པའི་དུས། འོད་གསལ་དུ་མ་བུ་འཕྲད་པར་ཤོག མཁྱེན་པའི་ཉི་མ་འཆར་བ་དང། བརྩེ་བའི་འགྲོ་ལ་ཕན་པར་ཤོག སྒོ་གསུམ་གྱི་རྣམ་སྨིན་ཀུན་བྱང་ནས། སྐུ་གསུམ་གྱི་འབྲས་བུ་སྨིན་པར་ཤོག བསམ་སྦྱོར་དག་པའི་སྨོན་ལམ་འདི། སྨོན་པ་བཞིན་དུ་གྲུབ་པར་ཤོག དེ་དང་ལྷན་དུ་ཤེས་བྱ་ཆིག་ཆོད་ཀྱི་ཚུལ་ཡི་དམ་གྱི་རྩ་སྔགས་སྙིང་བསྡུས་ཤིག་ཀྱང་འབུལ་བར་རབ་ཏུ་སྤྲོ། པད་སར་གྱི་རྐོ་ཕུང་ཨག་ཤོ་ཁྲི་སེག་གིས་བསྡུས་པའི་ཨུ་དུག་ཐམས་ཅད་ཞི་བ་ཤན་ཏིང་ཀུ་རུ་ཡེ་སྭཧ།
དེའི་ཚེ་ཧོར་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཞེས་པས་ཆོས་སྒར་བཏབ་ནས་དགེ་ཚུལ་སློང་སུམ་བརྒྱ་ཙམ་རེ་དང་རབ་བྱུང་མ་བཞི་བརྒྱ་ཙམ་རེ་ཚོགས་པའི་འདུས་པ་ཕྱི་ཚུལ་སྒྲིག་ལམ་གཙང་ཞིང་ནང་གི་ཉམས་ལེན་བློ་སྦྱོང་ཁོ་ན་ལ་བརྟེན་ནས་མདོ་སྔགས་ཀྱི་ལམ་ཐམས་ཅད་རྒྱུད་ལ་སྦྱོར་དུ་འཇུག་པའི་དགེ་བའི་བཤེས་གཉེན་བཀའ་གདམས་གོང་མའི་རྣམ་ཐར་དང་མཐུན་པ་ཞིག་བཞུགས་པ་དེས་ཡི་གེ་འདི་ལྟ་བུ་ཞིག་གནང་འབྱོར་བྱུང་བ་སྟེ། ཇི་ལྟར་མཁའ་ལ་ཉི་བཞིན་དེ་ཡང་སྟོང་ཕྲག་འོད་ཀྱིས་འཁྱུད་པ་ལྟར། །ཐུགས་རྗེ་ཟླ་མེད་གཤེན་རབ་མཆོག་གི་མདོ་སྔགས་བསྟན་པའི་པད་ཚལ་ལ། །ཉེར་ཞུགས་ལས་དང་སྐལ་བ་ཡང་རབ་ཉོན་མོངས་གཡུལ་ལས་རྣམ་རྒྱལ་གང་། །ཚེ་དབང་རིག་འཛིན་ས་ལ་ལེགས་བརྟེན་ཁྱེད་ནི་རེ་ཞིག་གནས་མཆོག་དེར། །ཕལ་བའི་གདུལ་བྱ་རེ་ཞིག་མ་སྐྱོངས་སྒྲུབ་པ་མཛོད་དང་བསྟན་པ་ལ། །ཕན་ངེས་རེ་ཟུང་ཁོ་བོས་སྟོན་ཚེ་ཁྱོད་ཀྱི་གདམས་པས་རྗེས་ཟུངས་དང་། །གཤེན་རབ་བསྟན་དང་དེར་ཞུགས་ཀུན་ལ་ཕན་པའི་དགའ་སྟོན་རྒྱ་ཆེར་འབྱུང་། །དེ་ཕྱིར་གསལ་སྟོང་འཛིན་མེད་རིག་སྟོང་རྡོ་རྗེའི་རྒྱལ་ཁབ་ཆེན་པོ་ནས། །གྲུབ་མཐའ་མ་ངེས་ཀུན་ལ་གཅེས་འཛིན་སྒྱུ་མའི་སྐྱེས་བུ་ང་ཡིས་སྨྲས། །ཞེས་བཀའ་ཐམ་གྱི་ཕྱག་རྒྱས་དམ་དུ་འཁྱུད་པ་ཞིག་འབྱོར།
དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པའི་བོན་གྱི་མཁས་གྲུབ་ཆེན་པོ་མཉམ་མེད་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར་པེ་ཅིན་པར་མའི་ཤོག་ངོས་༡༣༦་་་༡༣༧ལས་ཁོལ་དུ་ཕྱུངས།
ཡང་འདིར་དོན་མེད་དུ་མཁན་ཆེན་མིང་དགའ་རྒྱོས་པའི་རྡོ་མཇེ་དེས་འདིར་པད་མ་གེ་སར་ཞེས་པའི་མིང་ཐོག་ནས་རྙོག་གླེང་གསར་པ་ཞིག་མགོ་བརྩམས་སོང་ང་། པད་མ་གེ་སར་ནི་དོན་ལ་སྟུ་སྤུ་ཞེས་པའི་དོན་རེད། པད་མ་ནི་སྟུ་དང་གེ་སར་ནི་དེའི་སྤུ་ལ་གོ་བས་སོ། །དེས་ན་པད་མ་གེ་སར་རམ་སྟུ་སྤུ་འདི་ཉིད་ནི་རྒྱོས་པའི་རྡོ་མཇེ་ཞེས་པའི་མི་ངན་དེ་ཉིད་རང་ཡིན་པའི་སྒྲུབ་བྱེད་ཤིན་ཏུ་མང་བ་ལས། སྐབས་འདིར་གཅིག་ནི་གཤེན་རབ་ལ་གཤིན་རབ་ཅེས་འབྲི་མཁན་ཁ་བརྡའི་དྲ་བའི་ནང་དེ་སྔའི་བར་ཁོ་ལས་མ་བྱུང་བས་ཤེས། ཁོས་རྒྱོས་པའི་རྡོ་མཇེ་དང་སྟུ་སྤུ་གཉིས་ཀའི་མིང་ཐོག་ནས་གཤེན་རབ་ལ་གཤིན་རབ་ཅེས་བྲིས་ཡོད། གཉིས་ནི་ཁོས་རང་གནོང་གིས་རྟག་པར་སྟུ་སྤུའི་མིང་ཐོག་ནས་རྒྱོས་པའི་རྡོ་མཇེ་སྐོར་རྣམས་ལ་གསལ་བཤད་ལན་འདེབས་དང་དཀར་འདོན་ལ་བརྩོན་པ་སོགས་ད་དུང་རྒྱུ་མཚན་ཤིན་ཏུ་མང་བས་རིམ་བཞིན་སྤེལ་ངེས་ཡིན།
༼༼ཆོས་ལུགས་ཚང་མས་སྙིང་རྗེ་ དང་བརྩེ་སེམས་ཐོག་རྩལ་འདོན་བྱེད་ཀྱི་ཡོད་ཀྱང་། ལྟ་གྲུབ་ཀྱི་ཆ་ནས་ཁྱད་པར་དུ་མ་ཏན་ཏན་ཡོད། འོན་ཀྱང་དེ་ལ་སྐྱོན་མེད། ལྟ་བའི་གཞུང་རྣམས་ནི་དགོས་དོན་མཐར་ཐུག་པ་མིན་ལ། དམིགས་ཡུལ་ཡང་མིན་ཞིང་། དེས་གཞན་ལ་ཞབས་འདེགས་ཀྱང་ཞུ་མི་ཐུབ།༽༽
འདི་ཨ་ཁུ་ཀླུ་སྨྱོན་གྱི་མཆན་རེད། ལྟ་བས་གཞན་ལ་ཞབས་འདེགས་ཞུ་མི་ཐུབ་པར་གསུངས་པ་རིགས་པས་བརྟག་བཟོད་པའི་སྐད་ཆ་མིན། འོན་ཀྱང་དེ་རིང་ཁོ་བོར་རྩོད་པ་བྱེད་པའི་ལོང་མེད། ད་ལན་ཁྱེད་ལ་དྲི་བ་ཞིག་ཡོད་པ་ནི་ཆོས་ལུགས་ཚང་མས་སྙིང་རྗེ་དང་བརྩེ་སེམས་ཐོག་རྩལ་འདོན་བྱེད་ཀྱི་ཡོད་ཀྱང་ཞེས་པའི་སྐོར་ལ་ཡིན།
དྲང་སྲོང་མ་ནུས་བརྩམས་པའི་མ་ནུ་སྨྲི་ཏི་བྱ་བའི་བསྟན་བཅོས་ནང་རིགས་ངན་གྱིས་རིགས་བཟང་ལ་སྨད་ན་མགྲིན་པའི་ནང་ལྕགས་སྲེག་དང་སྣུམ་འཁོལ་མ་བླུགས་ཏེ་གསོད་དགོས་པ་སོགས་ཀྱི་ཆོས་བསྟན་ཡོད་པར་བཤད། འདི་ཡང་བྲམ་ཟེའི་ཆོས་ལུགས་རེད། བསྟན་བཅོས་དེའི་མ་དཔེ་ཞིག་ཨམ་བེད་ཀར་གྱིས་མི་ཚོགས་ཁྲོད་མེར་སྲེག་ཀྱང་བཏང་འདུག འདི་ནི་མཚོན་པ་ཙམ་ཡིན།
རིགས་ཀྱི་ཆོས་དང་འབྲེལ་བའི་ལྟ་སྟངས་མ་རུང་བ་དམ་དུ་འཛིན་པའི་ཆོས་ལུགས་དང། བྱ་ཕག་ཁྱི་སྤྲེལ་ལ་སོགས་པ་སེམས་ཅན་འབུམ་ཕྲག་གི་སྐེ་དུས་གཅིག་ལ་བཅད་དེ་ཐང་ཆེན་ཁྱབ་པ་ཙམ་གྱི་ཤ་ཁྲག་གིས་འདྲེ་སྲིན་མཆོད་པའི་ཆོས་ལུགས་གདུག་པ་ཅན་དེ་ཚོ་སྙིང་རྗེའི་རྩ་བ་ཅན་གྱི་ཆོས་ལུགས་ཤིག་ཡིན་པའི་དག་སྣང་ཁོ་བོ་ལྟ་བུས་སྦྱོང་ཐུབ་ཀྱི་མི་འདུག འདི་ཚོ་སྙིང་རྗེའི་རྩ་བ་ཅན་ཡིན་པའི་འགྲེལ་བཤད་ཅིག་གནང་རོགས།
ད་དུང་ཁ་ཆེའི་ཆོས་ལུགས་འདིར་དེང་དུས་འགྲེལ་བཤད་སྙིང་རྗེ་པོ་འདྲ་བརྒྱབས་ཏེ་དཀར་འདོན་ལྟ་བུ་བྱེད་སྲོལ་ཞིག་འདུག་མོད། དོན་དུ་འདི་ཡང་འཚེ་བ་ཐུགས་དམ་དུ་འཛིན་པའི་ཆོས་ལུགས་ཤིག་མིན་པ་སུ་ཞིག་གིས་སྨྲ་ཐུབ་ཀྱི་རེད། ད་ལྟའི་ཉམས་ལེན་པ་འདི་དག་གི་ཀུན་སྤྱོད་དང་ལོ་རྒྱུས་ནང་གི་འདི་ཚོའི་མེས་པོ་གོང་མ་ཚོས་རང་རེའི་བྱུང་རབས་ནང་བག་ཆགས་ཇི་འདྲ་ཞིག་བཞག་ཡོད་པ་སོགས་གང་ལ་བསམས་ཀྱང་དཀར་འདོན་བྱེད་རིན་ཡོད་པ་ཞིག་ཏུ་ངས་མཐོང་ཐུབ་ཀྱི་མི་འདུག
ཁ་ཆེའི་ལུང་དུ་ཁ་ཆེའི་ཆོས་སྒོར་མི་ཞུགས་པའི་མིའི་རིགས་བསད་པར་གསོད་པ་པོ་ལ་བསོད་ནམས་ཀྱི་ལས་གསོག་པའི་འགྲེལ་བཤད་དང་ཨ་ལའི་ལུང་ལ་ཡིད་ཆེས་མི་བྱེད་པའི་རིགས་དག་མེ་ལ་གསོན་པོར་བསྲེག་དགོས་པའི་ཉམས་ལེན་ཏེ་ལས་ངན་གྱི་མཐའ་ལ་ཐུག་པ་དག་ཀྱང་ཡོད་ཟེར། དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་དུ་ཁ་ཆེ་རྣམས་ཆོས་གཞན་གྱི་མིའི་ཕྱོགས་སུ་སྙིང་རྗེའི་རྩ་བ་ཆད། ཟེར་བ་ཞིག་བྲིས་ཡོད་སྙམ།
ཁྱེད་ནས་ཁ་ཆེའི་ཆོས་འདི་སྙིང་རྗེའི་རྩ་བ་ཅན་ཞིག་ཡིན་པའི་ལུང་རིགས་ཀྱི་སྒྲུབ་བྱེད་གསུངས་རོགས།
བདེན་པ་བདེན་མཐར་སྐྱེལ་བའི་ལུང་རིགས་ཀྱི་གཏམ་སྨྲ་བ་དང་། ངན་པ་ངན་ཐོག་ཏུ་ངོ་སྤྲོད་པའི་གཏན་ཚིགས་ཀྱི་ཤེས་བྱེད་འགོད་པ་ཕྱོགས་ལྷུང་དང་འཐེན་འཁྱེར་དུ་བལྟ་བ་གུ་དོག་གི་བསམ་བློ་ཡིན། བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་ཀ་ལྟ་དགོངས་ཀྱི་འཁྱེར་སོ་མི་འདྲ་བ་ཡིན་ཟེར་དུས་ཧང་སངས་སངས་བྱེད་པ། བན་བོན་ལྟ་དགོངས་འོ་ཆུ་གཅིག་འདྲེས་ལྟ་བུའི་ངང་ཚུལ་དུ་འགྲེལ་བཤད་མི་བརྒྱབ་ན་མི་འགྲིག་པའི་དགོངས་པ་བཞེད་མཁན་གྱི་རིགས་དག་ལ་ངས་ནི་རྒྱུ་མཚན་ལྡན་པ་ཞིག་ཏུ་མཐོང་གི་མེད།
ལྟ་གྲུབ་ལོགས་ཀ་ཡིན་ཟེར་བས་ཆིག་སྒྲིལ་ལ་གནོད་པར་སེམས་པ། ཆིག་སྒྲིལ་དགོས་ན་ལྟ་གྲུབ་ཀྱང་གཅིག་མཚུངས་ཤིག་ཆགས་དགོས་ཀྱི་ཡོད་པ་ལྟ་བུའི་བསམ་ཚུལ་འདི་ཚོ་ཏག་ཏག་རང་སྡོད་ཀྱི་ཨེ་ཡོད་བསམ་གི།
པད་མ་གེ་སར་ཡིན་ན་འདྲ། མཁན་མིང་རྒྱོས་རྡོ་ཡིན་ན་འདྲ། དོན་མེད་མིང་བརྫུས་བྱས་ནས་རྙོག་གླེང་ཤ་སྟག་བཟོ་བ་འདི་དངོས་གནས་ཡག་པོ་མ་རེད། གཞུང་དོན་རྒྱས་པའི་མཁྱེན་རབ་ཞིག་མིན་པ་ཐག་ཆོད་རེད། ཁོས་ཁ་སེང་རྙིང་མའི་ཐེག་དགུའི་སྐོར་རྒྱུས་མངའ་ཡོད་མདོག་གིས་སྦོམ་བཤད་བྱས་སྟངས་ལ་བལྟས་ན་རྫོགས་དྲི་མ་དྲོ་ཐག་ཆོད་རེད་འདུག གལ་སྲིད་ཁྱེད་རྙིང་མའི་རྙིང་རྒན་ཞིག་དང་གཞུང་དོན་ཚུལ་བཞིན་འགྲེལ་མཁན་གྱི་སྔ་འགྱུར་རྙིང་མའི་ཕ་ཤུལ་བུ་འཛིན་བྱེད་ནུས་མཁན་གྱི་མཁན་མིང་འཛིན་པ་ཞིག་ཡིན་ན། ཁར་སྔོན་ངས་སྔ་འགྱུར་རྙིང་མའི་ཐེག་དགུ་ཁག་ཕྱི་ནང་གསང་གསུམ་ལ་སྦྱར་ཚུལ་གྱི་རིམ་པ་དྲིས་པ་དག་ལ་དོན་མཐུན་གྱི་ལན་འདེབས་ཤིག་གནང་ཐུབ་པའི་རེ་བ་ཡོད། དེ་རྗེས་ཞིབ་མོ་རྣམ་པར་ཐག་པའི་ལས་ལ་འཇུག་སྟེ་དོན་དངོས་ཀྱི་སེང་གེ་འམ་སེང་ལྤགས་གྱོན་པའི་བོང་རྒན་གང་ཡིན་ཤེས་བྱའི་ཐང་ལ་ལུང་རིགས་ཀྱི་བང་རྩལ་འགྲན་ནུས་ན་ལྷང་ལ་བུད་ངེས་རེད། གཞན་དམའ་འབེབ་དུས་འཛུམ་ཝང་ཝང། ལེགས་བཤད་མཐོང་དུས་ནག་སྡུག་སྡུག སྐྱེ་བོ་ཡོངས་ཀྱི་ཐ་ཤལ་ཏེ། མ་ཤི་རོ་ཡི་རྣམ་ཐར་ཡིན།
ལྷོ་ཕྲུག་སྣ་བོ་ཆེ། བན་དེ་ནང་དུ་རང་ལྟ་མཆོག་ཡིན་རབས་དང་བོན་པོའི་ལྟ་བ་ངན་རབས་གླེང་མཁན་ཡོད་ལ། དགེ་ལུགས་པས་ཇོ་ནང་སོགས་ཀྱི་ལྟ་བའང་ངན་རབས་གླེང་བ་མང་པོ་ཡོད། རང་ལྟ་མཆོག་འཛིན་དང་གཞན་ལྟ་སྡུག་རབས་བཤད་ལུགས་མང་པོ་ཆོས་བརྒྱུད་ཀུན་ལ་ཡོད། བོན་པོ་ཚོས་ཀྱང་བན་དེའི་ལྟ་བ་སྡུག་རབས་བཤད་པ་ཡོད་ལ། བན་དེའི་ཆོས་ནི་མདོ་རྐྱང་ཞིག་ལས་མེད་པས་སྔགས་དང་རྫོགས་ཆེན་རྣམས་བོན་ལས་བརྐུས་རབས་གླེང་བ་ཡང་ཤིན་ཏུ་རྒྱས་པར་གླེང་ཡོད། དེས་ན་ཁྱོད་ལྟར་ངན་པ་ངན་ཐོག་ཏུ་ངོ་སྤྲོད་པའི་གཏན་ཚིགས་ཀྱི་ཤེས་བྱེད་འགོད་པ་ཕྱོགས་ལྷུང་དང་འཐེན་འཁྱེར་དུ་བལྟ་བ་གུ་དོག་གི་བསམ་བློ་ཡིན་ཟེར་ན། དེ་ལྟར་དུ་བྱེད་པའི་ལག་ཆ་ནི་ཆོས་བརྒྱུད་ཀུན་ལ་ཡོད་པས་དེ་ལྟར་ངན་པ་བཤད་རེས་བྱས་ན་གུ་ཡངས་ཀྱི་བསམ་བློར་འགྱུར་མིན་ཁྱོད་ཀྱིས་ལྟོས།
གངས་ལྷ་མེ་ཏོག་ཟེར་བའི་མཆན་འགོད་པ་དེས། བོན་ལ་རྒྱུས་མངའ་ཡོད་མདོག་གིས་རང་གི་དངོས་ཀྱི་བརྗོད་དོན་ཚད་མས་མ་གྲུབ་པའི་འཆོལ་ལབ་འདྲ་རྒྱབ་ཁུལ་བྱེད་ཀྱི་འདུག་ཀྱང། ཕྱོགས་ཞེན་གྱི་རྨུག་པས་ཡོངས་སུ་སྒྲིབ་ཚར་འདུག ཁྱེད་ཅག་རྣམས་བསམ་བློ་ཡག་པོ་ཞིག་ཐོང་དང། ཁྱེད་ཅག་རྣམས་ཀྱིས་གཙུག་ཏུ་བཀུར་བའི་སྤྱན་རས་གཟིགས་ཀྱིས་རྣམ་སྤྲུལ་འོད་དམག་མེད་ཀྱི་དབུ་ཐོད་བཅིངས་པར་གྲགས་པའི་བོད་རྒྱལ་དབུ་གཉིས་པ་དེ་ཡིས། ཀ་ཆེམ་བཀའ་ཁོལ་མའི་ནང་དུ། སྟོན་པ་གཤེན་རབ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་ཚུལ་དང། ཤཀ་ཐུབ་མ་བྱོན་པའི་སྔ་རོལ་དུ་ཞང་ཞུང་བོན་གྱི་ཡུལ་དུ་གཤེན་རབ་མི་བོར་སྤྲུལ་ནས་བོན་བསྟན་་སྤེལ་ཚུལ་གྱི་བསྔགས་བརྗོད་བློར་མི་ཤོང་བ་ཞིག་གསུངས་ཀྱི་འདུག དེ་རྗེས་བོན་གྱི་འཇའ་ལུས་པ་ཏ་པི་ཧྲི་ཙ་དེ་ཡང་སློབ་དཔོན་པད་མའི་རྣམ་སྤྲུལ་ཡིན་པ་བདུད་འཇོམས་ཀྱི་རྒྱལ་རབས་རྣམས་སུ་བཤད་དེ་བསྟོད་བསྔགས་ཀྱི་སྦྲང་ཆར་ཟད་མི་ཤེས་པ་ཞིག་འབེབ་གནང་མཛད་འདུག དེ་རྗེས་གྲུབ་མཐའི་ཕྱོགས་ཞེན་ཅུང་ཙམ་རྒྱས་ན་འང་བོན་ཞེས་བྱ་བ་འདི་སྟག་ཚང་བས་ཕྱི་པ་མ་ཡིན་ཏེ། ལྟ་བ་བདག་མེད་པ་ཁས་ལེན་པའི་ཕྱིར། ཞེས་བཀོད་དེ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་མདོ་བཞི་ཁས་ལེན་པ་ནང་པའི་མཚན་ཉིད་དུ་མི་འཐད་པ་དང། མདོར་ན་བོན་ཞེས་བྱ་བ་འདི་ནང་པ་དང་ཕྱི་པ་གང་ཡང་མ་ཡིན་ཞེས་གསུངས། དེ་ནས་གྲུབ་མཐའི་ཕྱོགས་ཞེན་ཆེར་སྡང་སྟེ་འཇམ་བཞད་པས་མཐའ་གཅིག་ཏུ་ཕྱི་པ་ཡིན་པ་དང། སྟག་ཚང་བས་བཞེད་པ་མི་འཐད་པ་རྩལ་དུ་བཏོན་ཏེ་བཀོད་གནང་མཛད། ད་དེ་རིང་གངས་ལྷ་ཟེར་བའི་ཕ་བཟང་གི་བུ་ངན་དེས། སྤྱིར་མི་སྟེགས་ཀྱི་བསྟན་པའམ་ཡོངས་གྲགས་སུ་བོན་ཆོས་ཟེར་བ་འདི་ཞེས་ཆགས་སྡང་གི་ཟུང་ཁྲག་རབ་ཏུ་འཁོལ་བའི་ཚིག་མཚོན་རྣོན་པོ་བཏབ་སྟེ་དོན་མེད་ཀྱི་ལས་ངན་ཚན་པོ་ཆེ་འདི་འདྲ་བསགས་བཞིན་འདུག ངས་ཁྱེད་ལ་བཤད་རྒྱུར། རྣམ་དཔྱོད་ཀྱི་འཇུག་པ་རབ་ཏུ་ཡངས་ཤིང་མཁྱེན་རྟོགས་ཀྱི་འོད་སྣང་ཕྱོགས་མེད་དུ་བརྡལ་བའི་མཁས་པ་ཞིག་དང་དངོས་བདེན་གྱི་ར་སྤྲོད་ནུས་པའི་རྟོག་དཔྱོད་པ་ཞིག་ཡིན་ན། ཁྱེད་ཅག་གི་དཔེ་ཆ་ནས་ལུང་འདྲེན་མ་མཛད་པར། གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་པོད་གྲངས་བརྒྱ་དང་བདུན་བཅུ་དོན་ལྔ་དང། བཀའ་བརྟེན་ལུང་ཟིན་གྱི་སྐྱེས་བུས་བརྩམས་པའི་པོད་གྲངས་སུམ་བརྒྱ་ཁག་ནས་ལུང་འདྲེན་གྱི་གཞི་བཟུང་སྟེ། བོན་པོ་མུ་སྟེགས་པ་ཡིན་པའི་སྒྲུབ་བྱེད་ལུང་རིགས་ཚད་མའི་སྲང་ལ་གཞལ་ནས་བཀོད་གནང་མཛོད་དང། ཕ་བཟང་གི་བུ་རེད། དེ་མིན་ངའི་ཕ་རྒན་གྱིས་བཤད་ཀྱི་འདུག ངའི་བླ་མས་བཤད་ཀྱི་འདུག ཞི་འཚོས་གསུངས་འདུག འཇུ་མི་ཕམ་གྱིས་བཤད་འདུག ཐུབ་ཀན་གྱིས་བཤད་འདུག མདོར་ན་བོན་ལ་མི་དགའ་བའི་ཆོས་རྒྱུད་ཡོངས་བསྡོམས་ཀྱིས་བཤད་ཀྱི་འདུག ཟེར་བ་རྣམས་ལ་ཡིད་བརྟོན་ཅི་ཡང་མེད་དོ། ཁྱེད་ཀྱིས་བྲིས་པ་ཁག་ལ་བལྟས་ན། ཁྱོད་ནི་ཁྱོད་ཅག་གི་བླ་མས་གསུངས་པའི་བཤད་སྲོལ་ཁག་ཡིད་ལ་བཅངས་ཏེ་དེ་དག་གི་བག་ཆགས་སོག་རྟེན་ཀུན་གཞིའི་མཛོད་ཁང་དུ་ཉོན་ཡིད་ཀུན་རྟོག་གིས་བུ་མོས་བདག་དབང་གིས་མཁྲེགས་བཟུང་བྱེད་མཁན་ཞིག་ལས། མཐོང་རྒྱ་ཅན་གྱིས་མི་སྣ་ཞིག་མ་ཡིན་པ་ཐག་གི་ཆོད་དོ། རེད་དང་མ་རེད་ཁ་ནང་ལ་མནོ་བསམ་སྐོར་ནས་རྟོག་དཔྱོད་ལེགས་པོ་ཞིག་གནང་དང། རང་ངོ་རང་གིས་ཤེས་ཐག་ཆོད་རེད།
དཔལ་ས་སྐྱའི་ལྡོང་གསེར་མིག་ལགས། ཁྱི་འཁོར་ཉ་མ་འོད་ཟེར་རམ་ལ་ཕྲུག་གིས་ཞེ་འཁོན་དུག་ནག་གི་སྐྱག་དྲི་ངན་པ་ཧི་མ་ལའི་བོན་དྲ་ལ་ཁྱབ་པར་ལྟོས་དང་གསལ་བོ་རེད། མ་ཚད་ཁོས་ཁ་བརྡ་དྲ་བར
༣༢༢༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༣ གི་ཆུ་ཚོད་ ༨ སྐར་མ་ ༥༣
ཨོཾ་མ་ནི་པདྨེ་ཧུཾ་ཞེས་པའི་གོ་དོན་བོད་དབྱིན་རྒྱ་གསུལ་གྱི་ཐོག་ནས་འགྲེལ་ན་ཆོག་གམ།
ཁྱེད་ཀྱི་འདོད་པ་བསྐོང་ཕྱིར།
རྒྱ་གར་སྐད་དུ་ཨོཾ་ཞེས་པ་ཤིབ་འཇིའི་ས་བོན་དང། དེ་ནས་རིམ་བཞིན་འབྲི་རྒྱུར་བསམ་བློ་གཏོང་སྒང་ཡིན།
དབྱིན་སྐད་དུ། ་་་ཨོཾ་ཞེས་པ་ཧེལ་ལོ་ཞེས་པའམ་ཧ་ཡི་ཞེས་པ་སྟེ་འབོད་པའི་སྒྲ་ཡིན། མ་ནི་་་་་་ཞེས་པ་མོ་ནི་སྟེ་་་money ཞེས་པའི་དོན་དང། པད་་་་་ཞེས་པ་pay་སྟེ་སྤྲོད་རོགས་ཞེས་པའི་དོན་དང། མེ་་་་ཞེས་པ་me་སྟེ་ང་ལ་ཞེས་པའི་དོན་དང། དོན་དུ་hello money pay me ང་ལ་དངུལ་སྒོར་སྤྲོད་རོགས་གནང་ཞེས་པའི་དོན་རེད། ཧཱུཾ་ཞེས་པ་thanks ཞེས་པ་དང་དོན་འདྲ། ་
ད་མང་པོ་མི་བཤད་ཡང་ཕྱིར་ལོག་བྱེད་རྩིས་བྱེད་ཀྱི་འདུག་ཁྱོད་ཀྱིས། ད་བར་དུ་ག་བར་ཕྱིན་སོང་ངམ། ་ནམ་གཞི་ནས་ལང་སོང་བ་རེད་དམ།
༣༢༤༽ ཤཱཀྱ་མི་བོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༣ གི་ཆུ་ཚོད་ ༩ སྐར་མ་ ༠༡
དཔལ་དགྱེས་རྡོར་གྱི་སྤྲུལ་པ་པད་མ་གེ་སར་ཟེར་བས་གཅིག་བཤད་ཀ་བྱེད། ག་རེའི་མུ་ཏྲི་མུ་ཡེ། བཛྲ་གུ་རུའི་སྐོར་ལ་ཉོན་དང་། བཛྲ་ནི་རྡོ་རྗེ་སྟེ་བརླིག་པ་རེད། དེ་ནི་གུ་རུའི་ཡིན་ཞིང་། པད་མ་ནི་མོ་མཚན་ཏེ་མཚོ་རྒྱལ་གྱི་སྟུ་ཆེན་དེའོ། །ཁྱེད་ཚོས་གུ་རུའི་མཇེ་རྒོད་དང་མཚོ་རྒྱལ་མའི་སྟུ་གཞོང་ཤ་སྟག་སྒོམ་གྱིན་མེད་དམ། ཡང་བསྐྱར་ཉོན། མ་ཎི་པད་མེ་ཧཱུྃ་ཞེས་པའི་མ་ཎི་ནི་མཇེའམ་བརླིག་པ་ལ་གོ་བར་མི་ཕམ་གྱི་བསྟན་བཅོས་སུ་གསལ། པད་མ་ནི་སྟུ་ལ་གོ་བ་ཡོངས་གྲགས་བྱས། ཧཱུྃ་ནི་རྡོ་རྗེའི་ས་བོན་བདག་རྗེས་སུ་དྲོངས་ཤིག་ཡིན་ན་གཅིག་ཐིག་ལེའམ་ས་བོན་མ་ཐོན་བར་དུ་རྒྱོས་ཤིག་ཟེར་བ་དང་འདྲ། ཁྱོད་ཀྱིས་འདྲེན་པའི་སྔགས་རྣམས་ཚང་མ་སྟུ་དང་བརླིག་པ་མིན་ནམ། ད་དུང་ཡོད། ཁྱོད་ནི་རྟ་ལ་རེ། ང་ནི་སྟུ་ལ་རེ། ཨོྃ་རྟ་རེ་སྟུ་རེ། རྟ་ཡི་སྟུ་རལ་རལ་བར་རྒྱོས་ཨ་ཟེར་བའང་ཡོད་པ་མིན་ནམ། བྲེལ་བ་མ་བྱེད། ཁྱོད་ཚོས་རིག་པའི་ལྷ་ལའང་མཇེ་རྒོད་སྒོམ་རབས་ག་ལེར་བཤད་ཆོག
པདྨ་གེ་སར་རམ་སྟུ་སྤུའི་མིང་འོག་ཏུ་གབ་པའི་རྒྱོས་པའི་རྡོ་མཇེ་ཁྱོད་ཀྱིས་ཐོག་མར་དུས་མ་རན་སྒང་ནས་བོན་པོའི་སྙིང་པོ་མ་ཏྲི་མུ་ཡེ་ས་ལེ་འདུཿཞེས་པ་དེ་ལ་མ་ཏྲི་མ་ཡེ་དྲི་མ་ས་ཡེ་འདུ་ཟེར་བར་བྲིས་ནས་སྨད་མགོ་བཙུགས་པ་ཡིན་པས། དེ་ལ་གཞི་ནས་ལ་སྟོད་བུ་དང་ང་ཤཱཀྱ་མི་བོས་མ་ཎིའི་སྐོར་དེ་དག་བྲིས་པ་ཡིན་པའང་མ་བརྗེད་པར་གྱིས་ཤིག དེས་ན་གྱོད་ཀྱི་དུག་རྩ་གཙོ་བོ་ཁྱོད་རང་ཡིན་པ་གཟུར་གནས་དག་གིས་ཤེས་བཞིན་ཡོད། མ་ཏྲི་མུ་ཡེ་ལ་ཁྱོད་ཀྱིས་མ་ཏྲི་མ་ཡེ་ཟེར་སྟངས་དང་། གཤེན་རབ་ལ་གཤིན་རབ། ད་དུང་དུས་མ་རན་སྒང་ནས་གྱོད་མགོ་བརྩམས་སྟངས། སྐབས་འགར་གཞན་ལ་སྤྲེལ་ལད་བྱེད་སྟངས་སོགས་རྒྱུ་མཚན་མང་པོ་ཞིག་དང་དམིགས་བསལ་རྩོམ་འགྲོས་སོགས་ལ་བལྟས་ན་རྒྱོས་པའི་རྡོ་མཇེ་ནི་སྟུ་སྤུ་གེ་སར་དང་བརླིག་པའི་རྡོ་མཇེ་ཡིན་པར་ཁུངས་སྐྱེལ་ནུས་ལ། ད་དུང་ཡང་རྒྱུ་མཚན་གཞན་རྣམས་རིམ་པས་བཤད་ཆོག འོན་ཀྱང་ལ་སྟོད་བུ་ཟེར་བ་དེ་དང་ང་ཤཱཀྱ་མི་བོ་གཉིས་ནི་ཆོས་འཁོར་ཚང་ཉི་མ་འོད་ཟེར་ཡིན་པར་ཁྱོད་ཀྱིས་སྒྲུབ་བྱེད་ཅི་ཡང་མེད་པར་ཡང་ནས་ཡང་དུ་བསྐྱར་བཤད་བྱེད་པ་ནི། ལ་སྟོད་བུས་གསུངས་པ་ལྟར་ཁྱོད་དང་ཆོས་འཁོར་ཚང་གཉིས་བར་ལ་སྒེར་འཁོན་འདྲ་ཡོད་ན་མ་གཏོགས། རྒྱུ་མཚན་ཁུངས་སྐྱེལ་མེད་པར་ཅི་དགར་སྨྲས་ན་སུས་ཀྱང་ཡིད་མི་ཆེས། འོ་ད་དུང་ཨོྃ་རྟ་རེ་སྟུ་རེ་ཞེས་པ་ནི་གྲྭ་རྟ་ལ་རེ་བའི་སྤོབས་པ་མཐའ་ཡས་ལ་རྟ་རེ་དང་། དབྱིན་སྟུ་ལ་མོས་པའི་རྒྱོས་པའི་རྡོ་མཇེ་ཁྱོད་ལ་སྟུ་རེ་སྟེ། ཁྱོད་གཉིས་སྟུ་རྟ་རེ་ལ་སོམས་ཨ།
བན་བོན་གྱི་སྐོར་ལ་བཤད་རྒྱུ་ཡོད་ཚད་ཤོད། འདི་ཚོད་བལྟ་ཡིན།
དྲ་གྲོགས་དག་གི་སེམས་པ་མི་སྐྱིད་དུས། །
བདག་ནི་ཚིག་ངན་བརྗོད་སའི་ཡུལ་དུ་ཤོག །
དྲ་གྲོགས་དག་གི་གློ་བ་ན་བའི་དུས། །
བདག་ནི་ལུད་པ་འཕེན་པའི་སྣོད་དུ་ཤོག །
ཀླུ་སྨྱོན་ཧེ་རུ་ཀ་དང་རིག་པའི་རྡོ་རྗེ་རྣམ་གཉིས་ཀྱི་མཁྱེན་དཔྱོད་དང་། ལྷག་བསམ། མི་གཞི། ཀུན་སྤྱོད་སོགས་ལ་རྗེས་སུ་ཡི་རང་ཆེན་པོ་ཡོད། འོན་ཀྱང་ད་རེས་ཀྱི་སྐད་ཆ་འདི་རྣམས་ཁས་ལེན་བྱེད་ཐུབ་ཀྱི་མི་འདུག བོན་པོ་ཟེར་བ་འདི་སྔར་མཁན་སློབ་ཆོས་གསུམ་གྱི་སྐུ་རིང་ལ་མགོ་ལ་རྩྭ་ཐོ་བཅིངས། མཇུག་ལ་ཤིང་ཐོ་བཅིངས་ཏེ་སོག་པོ་སྤྲེལ་སློག་ཅན་གྱི་ཡུལ་དུ་རྒྱང་ཕུད་ལ་བཏང་བའི་འཚེ་བ་ཆོས་སུ་སྨྲ་བའི་གདོན་གཟུགས་ཀྱི་གྲུབ་མཐའ་ཞིག་རེད། དེར་བརྟེན་དུས་ད་ལྟའི་བར་དུ། གདོན་གཟུགས་བོན་གྱི་བསྟན་པ་བསྣུབས།། ཟེར་བ་འདི་ཐེག་ཆེན་གཙུག་ལག་ཁང་ན་༧གོང་ས་ཆེན་པོ་མན་ཆད་མཉམ་ཞུགས་ཀྱིས་འདོན་གྱིན་འདུག་ག དེ་ལ་དག་སྣང་སྒོམ་དགོས་དོན་གཏན་ནས་མེད། དཔེར་ན་ལ་སྟོད་བུ་དང་། ཤཱཀྱ་མི་བོ་ཟེར་བ་སོགས་འདི་ན་བོན་དྲི་བྲོ་བའི་མི་འགའ་ཞིག་འདུག་པ་ཚོར་བལྟས་ན་ཡང་། བོན་པོ་ཟེར་བ་དེ་ཡག་པོ་ཞིག་ཡིན་མིན་བཤམས་བཞག་ཡོད་ཁི་བསམ་གྱི་འདུག ལར་ཆོས་ལུགས་རིས་མེད་ལ་དག་སྣང་ཟེར་བ་འདི་ལ་ཡང་གོ་ས་དང་གོ་རྒྱུ་མང་པོ་ཡོད་པ་འདྲ། དཔེར་ན་གཞིས་ནང་ལོར་རྒྱ་བལ་གྱི་ས་མཚམས་ནས་ཧིན་རྡུ་བའི་མཆོད་སྦྱིན་གྱི་སྟོན་ཆེན་ཞིག་ཏུ་སེམས་ཅན་འབུམ་གཅིག་གི་སྐེ་བཅད་པ་དེ་ལ་ཡང་དག་སྣང་སྒོམ་རྒྱུ་ཟེར་ན་ཅིག་ཨེ་འགྲིག་གམ། ལར་དག་སྣང་བསྒོམས་རྒྱུ་མང་དྲག་ལ་ཤེས་བྱ་ཁྲ་ལེབ་ལ་འགྲོ་བའི་ཉེན་ཁ་ཡོད། དེ་བས་ང་ནི་ཆོས་ལུགས་རིས་མེད་ལ་དག་སྣང་ཟེར་བ་འདི་ལ་དེ་ཙམ་དགའ་གི་མེད་ལགས། ལྷག་པར་དུ་བོན་པོ་དང་ཁ་ཆེ་སོགས་འཚེ་བ་ཆོས་སུ་སྨྲ་བ་རྣམས་ལ་དག་སྣང་ངོ་མ་བསྒོམ་ཐུབ་ཀྱི་མི་འདུག དེང་སང་གི་བོན་པོ་འདི་ཚོ་ཡང་ནང་པའི་གཞུང་ཆེན་རྣམས་དང་། ཐ་ན་བྱང་ཆུབ་ལམ་རིམ་སོགས་དུས་ཕྱིས་སུ་བྱུང་བའི་བསྟན་བཅོས་ཡན་ཆད་ནས་རྐུན་མ་བརྒྱབ་སྟེ། མུ་ཏོ་བའི་ཕྱེས་བཟོས་པའི་གོ་རེ་ལྟ་བུ་དཀར་དམར་ཁྲ་གསུམ་འདྲེས་པའི་པོ་ཏི་གཅིག་བཟོས་ནས་འདི་བོན་གཞུང་ཡིན་ཞེས་བསྒྲགས་པ་ཞིག་རེད། ཆུང་ས་ཞིག་ནས་བཤད་ན་སྟོད་འགག་ཡན་ཆད་བཟོ་སྟངས་རྐུན་མ་བརྒྱབ་ནས་མཐོང་སྔོན་པོར་བརྗེས་པ་ཙམ་ཡིན་པས་དགོད་བྲོ་བ་ཞིག་མ་རེད་དམ། དེ་བས་བསྟན་པའི་ཆོམ་རྐུན་ཟེར་བ་དེ་བོན་པོ་ལས་གཞན་ཞིག་མི་འདུག ངས་རྒྱ་གར་ནས་འདི་ཚོའི་སྐོར་ལ་བོན་པོས་གང་ནས་རྐུན་མ་བརྒྱབ་པ་དང་། ཇི་ལྟར་བརྐུས་པ་སོགས་ཀྱི་རྣམ་བཞག་ཤོག་ལྷེ་བརྒྱར་ཉེ་བ་ཞིག་བྲིས་པ་ཡིན་མོད། གྲོགས་པོ་ཞིག་གིས་བོན་པོ་དང་གསར་འབྱོར་གཉིས་ལ་ཟེར་ས་ཆེན་པོ་མེད་པས་རྒྱག་རེས་ཡོང་གི་རེད་ཟེར་བ་བཞིན་ད་དུང་པར་སྐྲུན་མ་བྱས་པར་མནན་ནས་བཞག་ཡོད།
ཡ་ད་ཚེ་ཚོ་མི་གླེང་གཡུག་ཞོགས། དེ་བས་ད་རེས་དགའ་ཁྲི་པ་ལུང་རིགས་རྣམ་རྒྱལ་ཀྱིས་དཔའ་རྟགས་ཆེན་པོ་བཞག་འདུག་པས་རྣམ་པ་ཚོས་དྲ་རྒྱ་འདི་ལ་གཅིག་གཟིགས་དང་། ལྟད་མོ་འདུག་ཡ། ཨ་ཨ་ཨ། http://www.nagbausa.org/index.html
༧བདག་ཅག་ཁ་བ་རི་པའི་་་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གིས་གསུང་པའི་་་་་སྨོན་ལམ་མཐའ་ཡས་་་ཅེས་པའི་སྨོན་ལམ་འདི་་་་་གངས་ཅན་བོད་ཀྱི་སྙན་ངག་སྨྲ་བའི་ཁྱུ་མཆོག་་་ཀླུ་སྨྱོན་ཧེ་རུ་ཀ་་་་མཆོག་ལ་་་་བདེན་པར་སྨྲས་པའི་དགའ་སྟོན་དུ་་་་བོན་པོས་ཕུལ། །
ན་མོ་བདག་ལ་སོགས་པར་གྱུར་བ་ཡི། རབ་འབྱམས་ཞིང་འདིར་ཇི་སྲིད་འགྲོ་བའི་ཚོགས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱིས། བསོད་ནམས་བསགས་གྱུར་དགེ་བའི་རྩ་བ་ཀུན། དེ་དག་འགྲོ་ཡུན་སྒྲིབ་བྱང་ཚོགས་རྫོགས་ནས། མྱུར་དུ་སངས་རྒྱས་ས་ལ་འཁོད་པའི་ཕྱིར། བླ་མེད་བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། དགེ་བ་བསོད་ནམས་འདི་ཡི་མཐུ་དཔལ་དང། སྨོན་ལམ་མཐའ་ཡས་རྒྱལ་བའི་བྱིན་རླབས་ཀྱིས། བདག་གིས་སྨོན་ལམ་མཐའ་དག་ཅི་བཏབ་པ། ཀུན་ནས་ཡོངས་སུ་འགྲུབ་པར་མཛད་དུ་གསོལ། འཇིག་རྟེན་འདི་དང་ཕ་རོལ་ཐམས་ཅད་དུ། བསོད་ནམས་བསགས་པ་དགེ་བའི་མཐུ་སྟོབས་ཀྱིས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཀུན། བསམ་པའི་དོན་ཀུན་རབ་ཏུ་འགྲུབ་པར་ཤོག། འཇིག་རྟེན་ཞིང་འདིར་བཀྲ་ཤིས་བདེ་ལྡན་ཞིང། ནད་དང་འཁྲུགས་པ་མུ་གེའི་རྒྱུན་ཆད་ནས། ཆར་ཆུ་དུས་འབབ་ལོ་ཏོག་རྟག་ཏུ་ལེགས། ཞིང་ཁམས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག། འཇིག་རྟེན་ཁམས་འདིར་བསམ་པ་རྩེ་གཅིག་ཏུ། དཀར་པོ་དགེ་ལ་མོས་གྱུར་ཇི་སྙེད་རྣམས། བསམ་པ་བར་ཆད་མེད་པར་འགྲུབ་གྱུར་ནས། བོན་དང་མཐུན་པའི་དོན་ཀུན་མྱུར་འགྲུབ་ཤོག། འཇིག་རྟེན་ཁམས་འདིར་དབུལ་ཞིང་ཕོངས་པ་དང། ཉོན་མོངས་ཟུག་རྔུས་གདུང་བའི་སེམས་ཅན་རྣམས། བསོད་ནམས་དམའ་དང་དབུལ་ཕོངས་སྡུག་བྲལ་ཅིང། དཔལ་གྲགས་བསྟན་པ་རབ་རྒྱས་པར་ཤོག། འཇིག་རྟེན་ཁམས་འདིར་དོན་མཛད་བའི་སྲས། འགྲོ་ལ་ཕན་བདེ་མཛད་པ་འཕགས་པའི་ཚོགས། སྐུ་ཚེ་ཡོན་ཏན་འདུལ་བྱ་ཕུན་སུམ་ཚོགས། ཕྲིན་ལས་མཐར་ཕྱིན་མཛད་པ་མཐར་རྫོགས་ཤོག། འཇིག་རྟེན་ཁམས་འདིར་ནད་དང་གནོད་པ་དང། རྐྱེན་དང་བར་ཆད་མི་མཐུན་ཚོགས་རྣམས་ཀུན། ཞི་བས་སྤ་བཀོང་དྲག་པོས་ཚར་བཅད་དེ། ཞི་བདེ་མཉམ་པའི་ཆ་ལ་གནས་པར་ཤོག། འཇིག་རྟེན་ཁམས་འདིར་ཚེ་དཔལ་ཉམས་གྱུར་དང། ཚེ་ཟད་དུས་བབ་སྲོག་ལ་ཉེན་པ་ཡང། གཡུང་དྲུང་སྐུ་ལ་ནམ་མཁའི་ཚེ་སྲོག་ཐོབ། དཔལ་ཚོགས་ཉི་ཟླ་དག་དང་མཉམ་པར་ཤོག། འཇིག་རྟེན་ཁམས་ན་སྡུག་བསྔལ་ལས་གྱུར་པ། དབང་པོ་མ་ཚང་མ་དག་གྱ་ཉེས་པ། དེ་དག་སྡུག་བསྔལ་ཀུན་ལས་གྲོལ་ནས་ཀྱང། དགའ་བདེ་ཕུན་སུམ་ཚོག་པར་ལོངས་སྤྱོད་ཤོག། འཇིག་རྟེན་ཁམས་ན་ཁྲོ་ཞིང་གཏུམ་པ་ཡི། ཤིན་ཏུ་མི་སུན་རབ་ཏུ་གོལ་བའི་ཚོགས། ལྷ་སེམས་ཞི་བ་བྱང་ཆུབ་སེམས་ལྡན་ནས། དགེ་བའི་དེད་དཔོན་ཆེན་པོར་འགྱུར་བར་ཤོག། འཇིག་རྟེན་ཁམས་ན་འབྱུང་པོ་ཡི་དྭགས་ཚོགས། ཁ་ལ་མེ་འབར་འདོད་པས་གདུང་བ་རྣམས། བཟའ་བཏུང་ལོངས་སྤྱོད་ཕུན་སུམ་ཚོགས་ལྡན་ནས། བཀྲེས་སྐོམ་སྡུག་བསྔལ་རབ་ཏུ་ཞི་བར་ཤོག། འཇིག་རྟེན་ཁམས་ན་བྱིང་རྨུག་འཐིབ་པའི་ཚོགས། མ་རིག་གཏི་མུག་བླུན་པར་གྱུར་བ་རྣམས། རང་རིག་ཡེ་ཤེས་དྲི་མེད་དོན་ལྡན་ནས། རྒྱུ་འབྲས་མ་ནོར་དོན་ལ་རབ་སྤྱོད་ཤོག། འཇིག་རྟེན་ཁམས་ན་རུ་ང་ཕྲག་དོག་ཅིང། གཞན་ལ་རྣམ་པར་འཚེ་དང་སྨད་པའི་ཚོགས། ཚིག་རྩུབ་ངག་འཁྱལ་རྗུན་དང་ཕྲ་མ་སྤང། ཡངས་པའི་སེམས་ལྡན་བདེ་བར་རབ་གནས་ཤོག། འཇིག་རྟེན་ཁམས་ན་བདག་ལ་ང་རྒྱལ་ཞིང། མི་བདེ་རྩོད་པའི་སྡུག་བསྔལ་སྦྱང་བ་རྣམས། ཞི་ཞིང་དལ་དང་འབྱོར་ཞིང་མཐུན་པ་དང། དགྲ་ཚོགས་དུག་གི་བསྐལ་པ་བརླག་པར་ཤོག། འཇིག་རྟེན་ཁམས་ན་ལེ་ལོ་གཡེང་བ་ཡི། བཟང་པོ་ཡིན་ཏན་སྐྱོན་ལ་ཆགས་པ་རྣམས། གང་ལ་ཆགས་ཤིང་ཞེན་པའི་ལས་སྤངས་ནས། རྗེས་ཤེས་སྒྱུ་མ་ལྟ་བུའི་དོན་མཐོང་ཤོག། འཇིག་རྟེན་ཁམས་འདིར་བོན་ལ་སྤྱོད་པ་རྣམས། དད་དང་བརྩོན་འགྲུས་མོས་པ་ཆེར་ལྡན་ཞིང། ཉན་དང་འཆད་དང་རྩོད་དང་རྩོམ་པ་ཡི། བཀའ་ཡི་འཁོར་ལོ་རབ་ཏུ་བསྐོར་བར་ཤོག། འཇིག་རྟེན་ཁམས་ན་འབྱོར་ལྡན་ཕུན་ཚོགས་རྣམས། གང་ལ་མི་ཆགས་སེར་སྣའི་མདུད་ཁྲོལ་ནས། སངས་རྒྱས་མཆོད་དང་སེམས་ཆན་རེ་བ་སྐོང། བསོད་ནམས་ཚོགས་ཆེན་བསགས་པའི་རྒྱུ་རུ་ཤོག། འཇིག་རྟེན་ཁམས་ན་གཞོན་ནུ་དལ་འབྱོར་ཚོགས། ངན་འགྲོ་འཁོར་བའི་ལས་ངན་ཀུན་སྤངས་ནས། དག་པ་རྣམ་ལྡན་སྲུང་ཁྲིམས་རྣམ་པར་དག། དག་པ་མཐར་ཕྱིན་དྲི་མེད་ཚུལ་འཆང་ཤོག། འཇིག་རྟེན་ཁམས་ན་བྱུང་ཚོར་རྐྱེན་པ་ཡི། འཕྲིག་པ་རྣོ་ཞིང་ཚོར་བ་རག་པ་རྣམས། དགྲ་གཉན་ཉེ་རིང་ཆགས་སྡང་རབ་གྲོལ་ནས། བཟོད་ཐོབ་རྒྱལ་པོའི་གོ་ཆ་ལྡན་པར་ཤོག། འཇིག་རྟེན་ཁམས་འདིར་གཡེང་སྐྱོན་ཆེ་ཡི། དོན་ལ་མི་གནས་ལོག་པར་ཕྱོགས་པ་རྣམས། སྐད་ཅིག་ཡེང་མེད་དོན་ལ་རབ་སྤྱོད་ཅིང། ལེ་ལོ་མེད་པའི་བརྩོན་འགྲུས་ལྡན་པར་ཤོག། འཇིག་རྟེན་ཁམས་འདིར་འགྱུར་ལྡོག་ཆེ་བ་ཡི། ཐོལ་མ་གྱུ་དང་བྱིས་པའི་ལས་སྤྱོད་རྣམས། མི་ལྡོག་མཐར་ཕྱིན་བསམ་གཏན་མཉམ་པར་གནས། ཏིང་འཛིན་མི་འཆོར་གཟེར་དུ་ཐེབས་པར་ཤོག། འཇིག་རྟེན་ཁམས་འདིར་མི་ནུས་ཞུམ་པ་ཡི། སྩལ་ཆུང་ཤུགས་དང་མི་ལྡན་འགྲོ་བ་རྣམས། ཐོགས་མེད་རྡུལ་ཤུགས་སྟོབས་ལ་རབ་གནས་ཤིང། དགེ་དད་དཔོན་འཁོར་ལོ་བསྒྱུར་བར་ཤོག། འཇིག་རྟེན་ཁམས་འདིར་སེམས་བསྐྱེད་མེད་པ་ཡི། འགྲོ་ལ་གནོད་ཅིང་འཚེ་བར་གྱུར་པ་རྣམས། བྱམས་དགའ་བཏང་སྙོམས་སྙིང་རྗེ་ཆེར་ལྡན་ཞིང། ཚད་མེད་བཞི་ཡིས་འགྲོ་བ་སྐྱོབས་པར་ཤོག། འཇིག་རྟེན་ཁམས་འདིར་རང་དོན་ཁོ་ན་རུ། རང་ཉིད་ཀོར་ཙེའི་གཞལ་བྱར་གྱུར་པ་རྣམས། རང་བས་གཞན་དོན་གཙོ་བོར་མཛད་གནས་སུ། བདག་ཕྱོགས་མེད་པའི་སྨོན་ལམ་མཐའ་ཡས་ཤོག། འཇིག་རྟེན་ཁམས་འདིར་དམུས་ལོང་འོན་ཐོམ་ཞིང། མ་རིག་རྨོངས་པར་གྱུར་བའི་སེམས་ཅན་རྣམས། རང་རིག་ཡེ་ཤེས་རྒྱུད་ལ་ཤར་གྱུར་ཅིང། ཐབས་དང་ཐུགས་རྗེ་ཟུང་འབྲེལ་དོན་མཛད་ཤོག། འཇིག་རྟེན་ཁམས་འདིར་བློ་རྨོངས་དོན་ལ་འཁྲུལ། མ་རིག་འཁྲུལ་བར་གྱུར་བའི་སེམས་ཅན་རྣམས། འཁྲུལ་མེད་ཡེ་ཤེས་ཤེས་རབ་དོན་ལྡན་ནས། རྣམ་གསུམ་མཆོག་ལྡན་འགྲོ་བའི་དཔལ་གྱུར་ཤོག། འཇིགས་རྟེན་ཁམས་འདིར་སྲོག་དབུག་བསྡུས་པ་ཡི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས། འདྲེན་པའི་སྟོན་པའི་ཐུགས་རྗེས་ཟིན་གྱུར་ནས། བླ་མེད་ཐར་པའི་ལམ་ལ་བགྲོད་པར་ཤོག། འཇིག་རྟེན་ཁམས་འདིར་དལ་འབྱོར་ལུས་ཐོབ་ཅིང། སྨྲ་བསམ་དབང་དང་ལྡན་པའི་འགྲོ་བ་རྣམས། སངས་རྒྱས་བསྟན་པ་དག་ལ་རབ་ཞུགས་ནས། འཁོར་བའི་ལས་སྤང་དམ་པའི་དོན་རྟོགས་ཤོག། འཇིག་རྟེན་ཁམས་འདིར་བསྟན་པའི་རྗེས་འབྲེང་ཞིང། བསླབ་གསུམ་སྒོར་བཞུགས་དགེ་བའི་ལས་སྤྱོད་རྣམས། ལམ་ལྔ་ས་བཅུའི་ཡོན་ཏན་མཐར་རྫོགས་ནས། ཀུན་སྣང་འོད་ཀྱི་གླེང་དུ་སངས་རྒྱས་ཤོག། དེ་ལྟར་རང་དོན་ཕུན་སུམ་ཚོགས་ལྡན་ཞིང། གཞན་དོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། མ་ཆགས་པད་མའི་ཁ་ལ་རྫུས་སྐྱེས་ཏེ། འགྲོ་བ་སེམས་ཅན་འདྲེན་པའི་དཔལ་དུ་ཤོག། དེ་ལྟར་འགྲོ་བ་འདྲེན་པའི་དཔལ་གྱུར་ནས། སྟོང་གསུམ་སྟོང་དང་མི་བཅེད་འཇིག་རྟེན་གྱི། ཞིང་ཁམས་དབུ་མར་རྒྱལ་བའི་སྐུ་འཁྲུངས་ཤིང། སྣང་སྲིད་འཇིག་རྟེན་འཁོར་ལོས་བསྒྱུར་བར་ཤོག། དེ་ཉིད་འཁོར་དང་སྐུ་ཚེ་ཡོན་ཏན་དང། གདུལ་བླ་ཞིང་ཁམས་བཀོད་པ་བསམ་མཐའ་ཡས། རྣམ་པ་སྣ་ཚོགས་ངོ་མཚར་ཆེ་བ་ཡི། སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་འགྱེད་ནུས་ཤོག། གདུལ་བྱའི་ཞིང་ཁམས་ཅི་ཙམ་གྲངས་མང་ཡང། དེ་ཡི་མདུན་དུ་འདུལ་བའི་སངས་རྒྱས་སྐུ། སྤྲུལ་པའི་སྐུ་མཆོག་སོས་ཀའི་རྩི་ཐོག་བཞིན། བྱེ་བ་གྲངས་འདས་འགྲོ་བའི་དོན་མཛད་ཤོག། གདུལ་བྱའི་ཡུལ་ལ་ཟད་པ་མེད་བཞིན་དུ། བསྟན་པའི་བོན་ཀྱང་དེ་བཞིན་ཟད་མི་ཤེས། གང་ལ་གང་འདུལ་དེ་ལ་དེ་སྟོན་ཅིང། དེ་ཉིད་གདུལ་བྱ་ཐར་པར་འཁོད་པར་ཤོག། ཞིང་ཁམས་འདི་དང་འཇིག་རྟེན་གཞན་དག་དང། གཞན་དག་ཞིང་ཁམས་ཕ་རོལ་འཇིག་རྟེན་ཏུ། སྒྲ་ཙམ་ཐོས་པའི་སེམས་ཅན་ཐམས་ཅད་ཀུན། གདུལ་བྱ་དམ་ཉིད་དུ་གྱུར་བར་ཤོག། གདུལ་བྱའི་ཞིང་ལ་གྲངས་དང་མུ་མཐའ་མེད། གདུལ་བའི་ཐབས་ལ་ཟད་ཅིང་བྲི་མ་མེད། འདུལ་བྱེད་བོན་ཀྱང་གཅིག་ཏུ་འཛིན་པ་མེད། དེ་བཞིན་མཐའ་ཡས་འགྲོ་བའི་དོན་བྱེད་ཤོག། བསྐལ་པ་མ་འོངས་ཐ་མར་གྱུར་པའི་ཚེ། འགྲོ་བའི་སྡུག་བསྔལ་ཅི་ཙམ་ཆེ་བ་བཞིན། དེ་བཞིན་ཐུགས་རྗེའི་རྒྱུན་ཀྱང་ཆེར་བསྲིང་ནས། སྐྱོ་ངལ་མེད་པས་སེམས་ཅན་དོན་བྱེད་ཤོག། མཐར་ནི་བདག་བཞན་དོན་ཀུན་མྱུར་འགྲུབ་སྟེ། འཁོར་བ་མྱང་འདས་ཐིག་ལེ་ཉག་ཅིག་དབྱིངས། ཡང་དག་གྲུབ་པ་གཤེན་གྱི་གནས་མཆོག་ཏུ། མཁའ་མཉམ་ཀློང་བདལ་བོན་ཉིད་ངང་མཉམ་ཤོག།།
བོད་མི་ཡིན་ནོ་ཅོག་གིས་་་སྨོན་ལམ་འདི་དུས་རྒྱུན་པར་ཞལ་འདོན་གནང་དགོས་པའི་རེ་བསྐུལ་ཞུ་བཞིན་ཡོད། །
བོན་པོའི་སྨོན་ལམ་མཐའ་ཡས་འདི་བཟང་ལགས། བན་དྷེའི་སྨོན་ལམ་ལྟར་མཚུངས་ལགས། དགེའོ། དགེའོོ། །
ཆོས་ཀྱི་དོན་དུ་དགག་སྒྲུབ་མཛད་པ་ལ། ཆོས་ཚུལ་དྲི་ཡིས་ཁེངས་ན་ཡོངས་སུ་མཛེས།
རྩོམ་འདི་ལ་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
khabdha editor (Skype)
Khabdha tsang ( Facebook)