རྭ་རྒྱ་དཔལ་ལྡན།
རང་རང་གི་ས་ནས་ཁ་ཁུ་སིམ་མེར་འདུག དེ་ནི་འདུག་སྟངས་གཞན་ཞིག་རེད། ངས་ཁ་ཁུ་སིམ་མེར་འདུག་ཟེར་དོན། ཕྱི་ལོ་ ༡༩༥༩ ལོའི་ཟླ་བ་ ༣ པའི་ནང་མཚན་མོ་ཞིག་ལ་ ༸ གོང་ས་མཆོག་སྐུ་འཁོར་ཉུང་བསྡུས་ཤིག་དང་མཉམ་དུ་ཕོ་བྲང་གི་སྒོ་ཆུང་ནས་ཁ་ཁུ་སིམ་མེར་བཞུད། སྐུ་བསོད་ཆེ་བའི་སྐུ་དྲག་རྣམས་ཀྱང་ཕོ་བྲང་དུ་གསེར་དངུལ་རི་ལྟར་སྤུངས་ཡོད་ཀྱང་ས་རྡོ་ལྟར་བཞགས། ལག་དུ་གསེར་རྡོག་རྐང་གཅིག་ཡང་ལེན་པའི་འདུན་པ་ཡལ་བར་གྱུར། དེ་ནི་རླབས་ཆེན་གྱི་སྐྱེས་བུ་ཞིག་གི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་ལས། ཐང་གི་རྡོ་ལེན་རྒྱུ་ཟེར་ནས་རིམ་གྱི་གྲོ་འཆོར་བ་མ་ཡིན་ནམ། ཁི་སུམ་མེར་བཞུད་པའི་རྗེས་སུ་བདེ་ལྷོད་པར་འདུག་པ་དག་བསྡད། དེ་ཡང་ལོས་ཡིན། བདེ་ལྷོད་པའི་མི་དག་རིམ་ནས་རིམ་པར་གོ་ས་བརྙེས། རིམ་ནས་རིམ་པར་བྱ་མང་ལ་འཇུག དེ་ནི་རྒྱུ་མཚན་གཞན་ཞིག་ཡིན་དུ་ཆུགས།
༢༠༡༧/༠༢/༡༦ ཉིན་བོད་ཀྱི་དུས་བབ་དྲ་རྒྱའི་ནང་ཁ་བྱང་ལ། ཀརྨ་པ་མཆོག་ཨ་རིར་ཆིབས་བསྒྱུར། ཞེས་པའི་ནང་དཔལ་རྒྱལ་བ་ཀརྨ་པ་ཨ་རིར་ཆིབས་བསྒྱུར་གནང་རྒྱུ་དང་། དེ་ནས་གཙུག་ལག་སློབ་གྲྭ་ཆེན་མོ་ཟེར་བའི་མིང་འདོགས་ཆེན་པོ་ཁག་དྲུག་གི་ནང་བཀའ་སློབ་གནང་རྒྱུ་སོགས་བཀོད་པ་རེད། གསར་འགྱུར་དེ་གོ་ནས་དུས་ཡུན་ཐུང་བུ་ཞིག་གི་ནང་རྒྱལ་བ་ཀརྨ་པ་ཨྱོན་ཕྲིན་ལས་རྡོ་རྗེ་ཁ་ཁུ་སིམ་མེར་ལྡི་ལིར་འབྱོར་བ་དང་། གནམ་གྲུ་ཞིག་གི་ནང་འཁོར་གཡོག་ཉུང་བསྡུས་ཤིག་དང་བཅས་ཨ་རི་ཟེར་བའི་ཀུན་གྱི་ཧམ་པ་ལངས་ས་དེར་ཕེབས་སོང་། གང་ལྟར་ཅི་ཞིག་བཤད་ཀྱང་ཕོ་བྲང་ནང་གིས་གསལ་བསྒྲགས་རེ་རེའི་ནང་སྐུ་གཟུགས་བརྟག་དཔྱད་ཅིག་གནང་རྗེས་ག་ལེར་ཕྱིར་རྒྱ་གར་ལ་ཕེབས་རྒྱུ་ཟེར། སྐད་ཆ་དེར་ཡིད་ཆེས་དང་མི་ཆེས་གང་ཡིན་ཡང་འགྲིག ཉིན་ནས་ཟླ་བ། ཟླ་བ་ནས་ལོ་བཞུད་སོང་། རྒྱལ་བ་ཀརྨ་པ་ཕྱིར་ཕེབས་མ་བྱུང་། མ་ཕེབས་པ་དེས་སུ་ཞིག་བདེ་ལྷོད་ཀྱིས་འདུག་ཐུབ་པ་བྱུང་ངམ། སུ་ཞིག་ཁ་ཁུ་སིམ་མེར་འདུག་རྒྱུ་དབང་ངམ། སུ་ཞིག་་་་་
དཔེར་ན་ཉེ་ཆར་ཧོང་ཀོང་ལས་འགུལ་སྐབས། ཧོང་ཀོང་བ་ཞིག་གིས་ཐེ་ཝན་ལ་བཤད་པར། “ང་ཚོའི་རོ་ཐོག་ལ་ལངས་ནས་ཁྱེད་ཚོའི་མདུན་ལམ་ལ་བསམ་བློ་མནོ་གཏོང་རོགས། ” ཟེར། དེ་ནི་ཧོང་ཀོང་བ་ཞིག་གིས་དམིགས་ཡུལ་ཡོངས་སུ་ཆད་པ་ལྟར་ཐེ་ཝན་ལ་འཆི་ཁའི་ཁ་ཆེམས་ཙམ་རེད། དེ་ན་རྒྱལ་བ་ཀརྨ་པ་ད་ལྟ་ཅི་ཞིག་ལེགས། དེ་རིང་དྲ་ངོས་ལ་རྒྱལ་བ་ཀརྨ་པར་ཤིས་ཚིག་གིས་སྐྱེས་སྐར་བསུ་བ་ཧ་ཅང་མང་། ཡིན་ཡང་དཔལ་རྒྱལ་བ་ཀརྨ་པ་ད་སྐབས་ཅི་ཞིག་རེད། ང་ཚོ་ཡང་ཁ་ཁུ་སིམ་མེར་འདུག་པ་དེ་མ་ཡིན་ནམ། ང་ཚོའི་ནང་དུ་སུ་ཞིག་ལ་ཀརྨ་པས་སྐད་ཅིག་འཇོག་སྲིད་དམ། ཁྱེད་ཀྱིས་ངའི་རོ་ཐོག་ནས་ལོངས་ལ་རང་ཉིད་ལ་བསམ་མནོ་གཏོང་རོགས། དེ་ལྟར་ཟེར་སྲིད་དམ།། །།
ཕྱི་ཟླ་༦པའི་ཚེས་༢༦ཉིན།
ད་ནི་ཀརྨའི་སྐོར་ལ་གླེང་རིན་ཡོད་པ་ཞིག་མཐོང་མ་སོང་། ང་ནི་ཞེན་པ་གཏིང་ནས་ལོག་སོང་། གྲྭ་བ་དཀྱུས་མ་ཞིག་གིས་ཀྱང་དེ་འདྲ་མི་བྱེད་ཐག་ཆོད་ཡིན། ད་ནི་ཁོང་གིས་ཀརྨའི་མཚན་བཟང་དེ་བེད་སྤྱོད་མ་བྱས་ན་ཤིན་ཏུ་ལེགས། སྐྱ་སར་བབ་ནས་བུ་མོ་ཚོ་དང་མཉམ་དུ་དགའ་བའི་དཔལ་ལ་རོལ་ན་ཅིས་མི་བཟང་། ཁོང་ནི་ཚར་བ་རེད། ང་ནི་མི་དགོས་ཐག་ཆོད་ཡིན། ཁོང་སྐྱ་ས་བབ་ན་ང་ཧ་ལས་ཀྱི་མེད། ཡིན་ཡང་ཁོང་གིས་ཆོས་དད་ཅན་ཚོ་ལམ་ལོག་པར་ཁྲིད་འདུག ཞེན་པ་ལོག་ཏུ་བཅུགས་འདུག དེ་ལ་བཟོད་སྒོམ་ཐུབ་པ་ཞིག་མ་རེད། །
རྒྱ་ནག་ཕྱི་ནང་གི་གནས་ཚུལ་གང་སར་བལྟ་དུས། ཡག་རྟགས་ཤིག་མི་འདུག གཅིག་བྱས་ན། གང་མགྱོགས་སྒྱུར་བ་ཆེན་པོ་ཞིག་ཡོང་མི་ཡོང་ངམ་སྙམས་པའི་གནས་ཚུལ་འདུག ཁ་ས་རྒྱ་ནག་གི་སྲིད་བློན་གཞོན་པ་རང་ཤི་བརྒྱབ་པའི་གནས་ཚུལ་འདུག དེ་བཞིན་སྲིད་བློན་དང་སྲིད་འཛིན་ཞི་གཉིས་མ་འགྲིགས་པའི་གསར་འགྱུར་མང་པོ་ཐོན་སོང་། ཡག་རྟགས་ཅིག་ཁྱོན་ནས་མི་འདུག
རྒྱ་ནག་གི་སྲིད་བློན་གཞོན་པ་རང་སྲོག་བཅད་པའི་གསར་འགྱུར་མཐོང་ཡ་མི་འདུག ཁོང་གི་མིང་ལ་ཅི་ཟེར། གསལ་པོ་གསུང་དང་། དེའི་སྐོར་ཤེས་འདོད་འདུག །
༸གོང་ས་མཆོག་དང་གཅིག ས་སྐྱ་༸གོང་མ་རིན་པོ་ཆེ་དང་གསུམ། ༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་རྡོ་རྗེ་མཆོག་གསུམ་ནི། བླ་ཆེན་ཡིན་པ་ཙམ་མ་ཡིན་པར་ད་ལྟའི་བར་བོད་སྤྱི་ལ་ཕན་ཐོགས་མང་པོ་གནང་ཟིན་པས། ཟུར་ཟ་དང་སྐྱོན་བརྗོད་མ་གནང་ན་མི་ལེགས་སམ། དེ་མིན་རང་གི་དམྱལ་བའི་རྒྱལ་སྒོ་མ་ཕྱེ་ས་ན་མི་ལེགས་སམ། ལགས།
རང་བྱུང་རིག་པའི་རྡོ་རྗེ་ཅི་ཞིག་ལ་ཀརྨ་པ་དེ་ལྟར་ཁྱེད་ཀྱི་མིག་ནང་ལ་རིན་ཐང་མེད་སོང་བ་རེད། དེ་ན་རྒྱལ་བ་ཀརྨ་པར་སུ་ཞིག་གི་རིན་ཐང་འཇོག་གི་རེད། རང་གི་ཨམ་ཁུག་ནང་གི་དངོས་པ་རང་ཉིད་ཀྱིས་རྩ་ཆེན་བལྟས་ན་བཟང་གི་བསམ། གཞན་གྱིས་ཅིག་ཟེར་འགྲོས་ལ་རྒྱུག་ནས་རང་གི་རིན་ཐང་བརླག་ན་རང་ཉིད་ཀྱང་རྒྱ་མར་བཀྱག་དང་བ་མ་རེད་དམ།
རང་བྱུང་རིག་པའི་རྡོ་རྗེ་ཅི་ཞིག་ལ་ཀརྨ་པ་དེ་ལྟར་ཁྱེད་ཀྱི་མིག་ནང་ལ་རིན་ཐང་མེད་སོང་བ་རེད། དེ་ན་རྒྱལ་བ་ཀརྨ་པར་སུ་ཞིག་གིས་རིན་ཐང་འཇོག་གི་རེད། རང་གི་ཨམ་ཁུག་ནང་གི་དངོས་པོ་རང་ཉིད་ཀྱིས་རྩ་ཆེན་བལྟས་ན་བཟང་གི་བསམ། གཞན་གྱིས་ཅི་ཟེར་ལ་འདྲོགས་ནས་རང་གི་རིན་ཐང་བརླག་ན་རང་ཉིད་ཀྱང་རྒྱ་མར་བཀྱག་དང་བ་མ་རེད་དམ།
ཨོ་རྒྱན་སྐྱབས། གཞན་ལ་ཉན་ནས་འདུག་རྒྱུ་སྤོངས། རང་ཉིད་ཀྱིས་ཅི་བྱེད་དགོས་ལ་བསམ་མནོ་བཏང་ན་བཟང་། རྒྱ་ནག་གི་སྲིད་བློན་ཟུར་བ་མ་དགོས་ལས་ཐོག་པ་ཤི་ཡང་ང་ཚོ་དེ་ལྟར་ཅིག་བྱས་ཡོང་ས་ཞིག་གང་དུ་ཡོད། རེ་བ་ཞིག་གིས་ག་རེ་བྱེད།
རྭ་རྒྱ་དཔལ་ལྡན་ལགས། ཧོང་ཀོང་ཨ་ནེ་བཤད་པ་ལྟར་བདེན་ན། ཀརྨ་པ་ཕལ་བ་ཞིག་ལས་སྡིག་འདུག ཁོང་གིས་ཨ་ནེ་དེར་རང་ཤི་རྒྱོབ་ཤོག་གསུང་འདུག རང་ལ་དད་པ་དང་ཡིད་ཆེས་དེ་ཙམ་ཡོད་མཁན་ཞིག་ལ་རང་ཤི་རྒྱག་དགོས་པའི་སྐུལ་མ་བྱས་པ་དེ་བློ་ཡུལ་ལ་མ་ཤོངས་པའི་གནས་ཚུལ་རེད། ཧ་གོ་སོང་ངམ། སྤྱིར་ངས་ལྐོག་ནས་བུད་མེད་ཚོར་འདོད་པ་སྤྱད་པར་དགག་པ་གང་ཡང་རྒྱག་གི་མེད། འོན་ཀྱང་གཞན་གྱི་ཚེ་སྲོག་ལ་འབུ་སྲིན་ཞིག་ལས་རྩི་བཞིན་མེད་པ་དེ་ཧ་ཅང་གི་ཐ་ཤལ་བ་ཞིག་རེད། གལ་ཏེ་ཨ་ནེ་བཤད་པ་དེ་དག་བདེན་པ་མིན་ན། ཀརྨ་པར་གསལ་བཤད་བྱེད་རྒྱུའི་ཐོབ་ཐང་ཡོད་པ་རེད་ལ། གསལ་བཤད་ཀྱང་དགོས་པ་ཞིག་རེད། ཁོང་གིས་གསལ་བཤད་གང་ཡང་བྱས་མ་སོང་བ་དེ། ཧོང་ཀོང་ཨ་ནེར་བདེན་པ་ཡོད་པའི་རྟགས་རེད། །
རང་བྱུང་རིག་རྡོར་ལགས། རྒྱ་ནག་གི་སྲིད་བློན་གཞོན་པའི་གསར་འགྱུར་དེ་ད་ཆ་མཐོང་ཡུལ་ལ་མི་འདུག ཁ་སྔོན་ངོ་དེབ་ཐོག་གླེངས་སོང་།
རང་བྱུང་རིག་རྡོར་ལགས།
རྒྱལ་དབང་རིན་པོ་ཆེ་ཕར་ཕུད། བོད་པ་ཚང་མ་ཆིག་སྒྲིལ་བཟོ་ཐུབ་མཁན་ཀརྨ་པ་མ་གཏོགས་བླ་མའམ་དབུ་འཁྲིད་གཞན་པ་མི་འདུག བྱས་ཙང་། བོད་ཕྱི་ནང་ནས་ཁཇོང་ལ་རེ་སྒུག་བྱེད་བཞིན་ཡོད། རྒྱ་མོས་ཅི་ལབ་ཀྱང་ལོབ་ཏུ་ཆུག ང་ཚོས་རང་གི་ནོར་བུ་གཞན་གྱི་ངོ་གསོའི་ཆེད་དུ་མེད་པ་བཟོ་མི་ཉན།
རྒྱ་དེ་ཚོར་ཀརྨ་པ་མི་དགོས། རྒྱལ་དབང་ཚང་རྩིས་སྤྲོད་བྱས་ཀྱང་ད་དུང་འདོད་པ་མི་ཁེངས། རྒྱ་ལ་མཚོན་ན། བོད་མི་རིགས་ཚང་མ་ཕྱི་མར་རྫངས་ཐུབ་ན་ད་གཟོད་ཁོ་ཚོའི་དམིགས་ཡུལ་དེ་བསྒྲུབ་པ་ཡིན།
རྒྱ་ལ་དགོས་པ་དེ་ང་ཚོའི་ས་ཆུ་རི་ཀླུང་དང་། དེའི་ནང་གི་ནོར་རྫས་རྣམས་རེད། བོད་པ་རྐང་རྡོག་གཅིག་འཛམ་གླིང་འདིར་ཡོད་ན་ཁོང་ཚོ་གཉིད་མི་ཁུག
ད་རྒྱ་མོ་རོ་ཟ་མཁན་དེའི་ཁ་ལ་བལྟས་ནས་ང་ཚོས་ཀརྨ་པར་སྐྱོན་འཛུགས་བྱས་ན། དགྲ་བོའི་དུག་རང་གི་བཟས། ད་དུང་ཤ་གཉེན་ལ་སྤྲད་ནས། ཁྱིམ་ཚང་སྟོང་དུ་ཆུག་པ་དང་ཅིས་མི་མཚུངས།
ཁྱེད་ཚོ་ཁ་ཅིག་གིས་ཀླད་པ་ཡག་པོ་བེད་སྤྱོད་གཏོང་ཤེས་ཀྱི་མེད་པའི་ཚོར་སྣང་བྱུང་། ཀརྨ་པའི་བཀའ་སློབ་སྔ་ཕྱི་མང་པོ་ཞིག་ཐོས་མྱོང་། སྡོམ་ཡག་པོ་ཞིག་རྒྱབ་ན་ཁོང་ལ་བོད་ཀྱི་མ་འོངས་པའི་དབུ་ཁྲིད་ཀྱི་ཆ་རྐྱེན་གཏན་ནས་མི་ཚང་གི། མ་ཚང་ན་དང་པོ་ཉིད་ནས་དབུ་ཁྲིད་མ་བྱས་ན་ཤིན་ཏུ་ནས་འོས་ཤིང་འཚམས་པ་ཞིག་རེད། དབུ་ཁྲིད་སུ་འདྲ་ཞིག་ཡིན་ཀྱང་རང་གི་སྤྱོད་ལམ་ལ་བདག་པོ་ཡག་པོ་ཞིག་རྒྱག་ཐུབ་ཀྱི་མེད་ན་བོད་མི་ཚོར་བདག་པོ་ཇི་ལྟར་རྒྱག གཞང་ཡང་ཁོང་གིས་ཡང་དང་སྐྱར་དུ་ཁོང་གི་མི་ཚེ་ནང་ལ་དཀའ་ལས་མང་པོ་མྱངས་རབས་ཡང་ཡང་གསུང་གི་འདུག ཞབས་ཞུ་བ་ཚོས་དད་ལྡན་རྣམས་ཀྱིས་ཕུལ་བའི་དངོས་པོ་རྣམས་ཀྱང་ཁོང་ལ་སྟེར་གྱི་མེད་རབས་སོགས་གསུངས་པ་ལ་བསམ་ན་ཁོང་ནི་ཧ་ཅང་གི་ཁོག་རྒྱ་ཆུང་ཆུང་ཞིག་རེད། ལྷག་པར་དུ་ཁོང་ཆུང་དུས་ནས་རྒྱལ་སྲས་བཞིན་ཟས་རང་གྲུབ་དང་གོས་རང་གྲུབ་ཡིན་པས་དཀའ་ངལ་ཞིག་མི་དཀྱུས་མ་ནང་བཞིན་གཏན་ནས་མྱངས་ཡོད་པ་མ་རེད། འོན་ཀྱང་ཁོང་གི་ཁོག་རྒྱ་ཆུང་བའི་སྐྱོན་གྱིས་ཡིན་ནམ། གང་ལྟར་ཀྱང་སེམས་ལ་དཀའ་ངལ་དུ་མ་ཞིག་འཕྲད་ཡོད་ཚོད་རེད། གཞན་ཞིག་ནི་ཁོང་ད་ལྟ་རྒྱ་གར་གཞུང་ལའང་འབྲེལ་བ་ཡག་པོ་མེད་ཚོད་རེད། རྒྱ་གར་གཞུང་ནས་ཁོང་ཀརྨ་པ་ཡིན་པའི་ངོས་ལེན་བྱེད་ཀྱི་མེད་པ་འདྲ། ཡ་ད་མང་པོ་མི་བཤད། བཤད་ན་ང་ཁོང་ལ་མི་དགའ་མཁན་ཞིག་རེད་ཅེས་བརྗོད་སྲིད་པ་རེད། །
ད་ཞེ་དྲགས་ཀརྨ་པ་ཡག་མིན་མ་བཤད་ན་བཟང་གི་རེད། མ་འོངས་པའི་བོད་ཀྱི་དབུ་ཁྲིད་ཡིན་མིང་གང་ལྟར་ན་བོད་ཀྱི་རྒྱལ་བ་ཀརྨ་པའི་ཁྲི་ཐོག་ལ་ཡོད་ཙང་གུས་ཞབས་བྱས་ན་བཟང་གི་བསམ།
#11 རང་བྱུང་རིག་པའི་རྡོ་རྗེ ་ལགས་ཀྱིས་སྤེལ་དོན།:
ཁྱེད་རང་གི་སྨྱུག་མིང་། རང་བྱུང་རིག་པའི་རྡོ་རྗེ་ཞེས་འབྲི་སྟངས་འདིས་ཀྱང་ཁྱོད་མི་རབས་དང་། ཧམ་ཆེན་ཞིག་ཡིན་པ། མིང་འདིས་ཀྱང་མཚོན་ཐུབ་པ་འདུག
ཀརྨ་པ་ཡིས་གཡབ་རེས་གཏག་པ་ལ་གཡབ་རེས་གཏག་གི་འདུག་ལབ་ན་དེ་སོ་ངན་པ་ཅང་ཨེ་རེད་ར། སྐད་ཆ་དྲང་མོ་ཞིག་བཤད་དང་ནོ་དེ་རེད་མོད། དྲང་མོ་སངས་རྒྱས་ཀྱིས་བཤད་དགོས་གསུངས་ཡོད་པ་མ་ཡིན་ནམ།
ཁྲི་ཟེར་རུང་ཤིང་གི་སྒམ་ཟིག་རེད།།
སྒམ་དེ་ལ་སྨད་ན་སྐྱོན་ཨེ་ཡོད།།
ཀརྨ་པ་ལ་སྐུ་མཇེ་ཡོད་རེད། རིག་མ་བསྟེན་པར་ཧ་ལས་རྒྱུ་ཅང་མེད་ཀི མཇེ་མེད་མཁན་ཞིག་གིས་འཛེག་གི་འདུག་ལབ་ནས་ཧ་ལས་ཡ་རེད།
ཀརྡོ་ལགས། ངེད་ཀྱི་སྨྱུག་མིང་ལ་སྐྱོན་ཅི་ཞིག་འདུག ངེད་ཀྱི་སྨྱུག་མིང་ཀརྨ་པའི་མཚན་གྱི་རྣམས་གྲངས་ཤིག་རེད་ཅེས་་ཟེར་བ་ཡིན་ནམ། གལ་ཏེ་དེ་ཙམ་ཡིན་ནི་བླུན་གཏམ་ཁོ་ན་རེད། ངས་སྔོན་མ་ནས་ཁྱེད་རང་མི་དྭངས་མོ་ཞིག་མིན་པ་བཤད་ཚར་ཡོད། མི་ཁ་ཤས་ཀྱི་མིང་ལ་ཨོ་རྒྱན་དང་། རྟ་མགྲིན། འཇིགས་བྱེད། ཕུར་པ། སྒྲོལ་མ། མཁའ་འགྲོ། སངས་རྒྱས་སོགས་ཀྱི་མཚན་བེད་སྤྱོད་ཆོག་ན་ངས་ཀརྨ་པའི་མཚན་གྱི་ཆ་ཤས་ཤིག་མ་ཆོག་པའི་སྐྱོན་ཅི་ཞིག་ཡོད། མ་འོངས་པར་མཆན་འདེབས་ན་བསམ་བློ་ཡག་པོ་ཞིག་གཏོང་རྒྱུ་ཅིས་ཀྱང་གལ་ཆེ་བར་སྣང་ངོ་། །
ད་དུང་ཁ་ཧམ་པ་ཆེ་བ་ལ།
་་་་་་་་་་ངས་ཀརྨ་པའི་མཚན་གྱི་ཆ་ཤས་ཤིག་མ་ཆོག་པའི་སྐྱོན་ཅི་ཞིག་ཡོད། ་་་་་་་་་་ ཟེར།
དེ་རིང་ངོ་མ་མཆན་མང་པོ་འདུག ཡུན་རིང་ལ་ལྟ་ཐུབ་མ་སོང་དགོངས་དག
རྒྱ་མོ་དང་ཨ་ནེ་ཡིན་མདོག་གིས་བོད་ཀྱི་བླ་ཆེན་གྱི་མིང་ཆད་བཟོ་བར་ངན་གཡོ་གང་བྱུང་མང་བྱུང་བྱེད་དང་བྱེད་བཞིན་པ་རེད། བྲག་རི་རིན་པོ་དང་འབྲེལ་བའི་གཏམ་འདི་རིགས་རྡ་རམ་ས་ལ་རང་གི་གནས་ཚུལ་འཇམ་ཐིང་ངེར་བཞག་པ་འདི་སུ་དང་སུའི་ཆེད་དུ་ཡིད་ཟབ་གནང་ནས་བཞག་པ་ལས་རྙོག་གླེང་མེད་པ་མ་རེད། བོད་པ་རྣམས་ལ་ཡ་རབས་བཟང་སྤྱོད་ཡོད་ན་འདི་སྐོར་གཡམ་རྒྱུགས་མ་གནང་བར་བློ་གཟུ་བོར་གནས་ན་ལེགས་སྙམ།
རྒྱལ་བ་ཀརྨ་པ་སུ་ལ་ཟེར་གྱི་ཡོད། དངོས་གནས་པ་ལ་ཟེར་རམ། རྗུན་བཟོས་པ་ལ་ཟེར།
གྲ་ཆས་གྱོན་ནས་ཆོས་ཁྲིའི་སྟེང་ལ་བསྡད་། སྐྱེས་དམན་གྱིས་ཕྲུག་གུ་བཟུང་ནས་ཆོས་ཁྲིའི་ཟུར་
ལ་བསྡད་པ་ནི་་་རྗུན་མ་རྗུན་ཁུལ་རྡོལ་བ་མ་གཏོགས་་རྗུ་འཕྲུལ་བསྟན་པ་གང་ལ་ཡིན་ཟེར།
པན་ཆེན་དངོས་རྗུན་གཉིས་། ཀརྨ་པ་དངོས་རྗུན་གཉིས། ཧ་ཧ་ཧ།
བླ་མ་དངོས་རྗུན་མང་བ། དད་བཀུར་དངོས་རྗུན་གཉིས་ཡོང།
འདི་དང་འདི་འདྲའི་ངང་ནས་། ཤིང་སྡོང་རྩ་བ་རུལ་ཉེན།
ད་དངོས་གནས་ཡག་པོ་མི་འདུག བླ་མ་ཚང་མ་གཉིས་ཅན་ཤ་སྟག་བྱོན་ན། གདུལ་བྱ་རྣམས་སུ་ལ་དད་པ་བགྱི་དགོས་སམ།