མི་ཕམ་ཚངས་ཐིག
ཆོས་ལུགས་ཀྱི་ཆ་ནས་བཤད་ན། ཕྱི་ལོ་༡༩༩༩ ཡས་མས་ནས་བཟུང་བཙན་བྱོལ་བོད་གཞུང་དུ་ཇོ་ནང་པས་བོད་ཀྱི་ཆོས་བརྒྱུད་ཆེ་གྲས་ཀྱི་ཐོབ་ཐང་ཞུས་པའི་དབང་གིས་ཁ་ཆེ་དང་ཡེ་ཤུ བོན་པོ་སོགས་ཀྱི་གནས་སྟངས་གླེང་མི་དགོས་ས་ནས་གླེང་སློང་བྱུང་ཡོད། དེ་ནི་ཕྱི་སྡོད་བོད་མིའི་གནད་ཡོད་མི་སྣ་དག་གིས་བོད་ཀྱི་ཆོས་སྲིད་ལོ་རྒྱུས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གྱིས་མ་འདང་བ་དང་ཕོངས་བས་ཉེར་ལེན་ལས་བྱུང་བ་རེད།
བོད་དོན་ཆབ་སྲིད་ཀྱི་ཆ་ནས་བཤད་ན། ད་བར་དུ་བོད་མི་ལྔ་བཅུ་བརྒལ་བས་ཆེས་རྩ་ཆེ་བའི་ཚེ་སྲོག་མེ་མཆོད་ལ་ཕུལ་ན་ཡང་ཨ་རབ་དང་བེད་ནམ་རྒྱལ་ཁབ་སོགས་ཀྱི་མི་གཅིག་རེའི་ཚེ་སྲོག་ཕུལ་བའི་ཤུགས་རྐྱེན་གྱི་འབུམ་ཆའི་ཆ་ཤས་ཙམ་ཡང་མ་ལོན་པ་དང་། རང་རེའི་ཕྱི་སྡོད་ཆབ་སྲིད་པ་དག་ལ་རིན་བྲལ་གྱི་བློས་གཏོང་བྱས་པ་དེ་དག་དོན་ལྡན་དུ་སྒྱུར་བའི་ཆབ་སྲིད་ཀྱི་བློ་ནུས་མེད་བཞིན་དུ་བོད་ཀྱི་མཐོ་རིམ་བླ་སྤྲུལ་དང་ཆབ་སྲིད་མི་སྣ་དག་གིས། བོད་ཀྱི་བྱང་སེམས་དཔའ་བོ་དཔའ་མོ་ཚོའི་ཚེ་སྲོག་སྐྱོབ་ཐབས་སུ་དོན་གནད་དངོས་གནས་ཀྱི་ཐབས་ལམ་ལ་འབད་མྱངས་མེད་པ་འདི་ཡང་གནད་དོན་འདིའི་རྒྱབ་ལྗོངས་མ་ཤེས་པ་དང་། མ་འོངས་པའི་ཆབ་སྲིད་ཀྱི་མིག་རྒྱང་ཕར་ཞོག ལྷད་མེད་ཆེ་མཐོང་གིས་གུས་བརྩི་དང་ལ་རྒྱ་རིགས་ཞེན་གྱི་ཕངས་སེམས་ངོ་མ་ཞིག་ཀྱང་མ་ཡོད་པས་རེད། དེ་དག་གི་རྒྱབས་ལྗོངས་ཕྲན་གྱིས་བོད་ཀྱི་དུས་བབ་དང་ཁ་བརྡ་དྲ་ཚིགས་སོགས་སུ་༼ ཚེ་སྲོག་དོན་མེད་བྱེད་མཁན་སུ་རེད། ༽ཞེས་པར་བྲིས་ཟིན་པས་དེར་གཟིགས་ན་ཤེས།
ཇོ་ནང་པའི་ཆོས་བརྒྱུད་ཀྱི་ཐོབ་དབང་འདྲ་མཉམ་ཞུས་པ་འདི་ནི་བོད་པའི་བསྟན་སྲིད་ལ་ངེས་པར་དུ་དགོས་པ་ཞིག་ཡིན། སུ་ཞིག་གིས་འདི་དགོས་མེད་དུ་སྒྲུབ་ཁུལ་བྱེད་པ་ནི་ཕྱོགས་ལྷུང་དང་གཏི་མུག་གང་རུང་ལས་མ་འདས། བོད་བརྒྱུད་ནང་བསྟན་གྱི་ཆ་ནས་བཤད་ན། རྒྱལ་བ་ཇོ་ནང་པ་ནི་བོད་གངས་ཅན་གྱི་ཐུན་མོང་མ་ཡིན་པའི་ཟབ་ཆོས་ཁྱད་དུ་འཕགས་པ་དབུ་མ་གཞན་སྟོང་གི་ལྟ་བ་དང་། དུས་འཁོར་རྫོགས་རིམ་སྦྱོར་དྲུག་གཉིས་འཛིན་མཁན་ཡིན་ཞིང་། ཆབ་སྲིད་ཀྱི་ཆ་ནས་བཤད་ན། ད་ལོ་གཅིག་པུ་ལ་ཡང་རྒྱལ་བ་ཇོ་ནང་པའི་སྐྱ་སེར་ཕོ་མོ་ལྔ་ཡིས་ཚེ་སྲོག་བོད་དོན་དུ་བཏང་ཡོད།
མི་ལོ་བཅུའི་སྔོན་དུ་བཙན་བྱོལ་བོད་ཀྱི་གནད་ཡོད་མི་སྣ་འགའ་རེས། དང་པོར་ཇོ་ནང་པ་ནི་ཕྱི་རོལ་པ་ཨེ་རེད་ཟེར་བ་དང་། བར་དུ་བོན་པོ་རེད་དམ་ཟེར། བར་སྐབས་སུ་ཡང་ས་སྐྱའི་ཆ་ཤས་སུ་བཤད་པ་སོགས་ལ། རྒྱལ་བ་ཇོ་ནང་པས་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་གསལ་བཤད་བྱས་པ་དང་། ཆོས་རྒྱུད་ཆེན་པོའི་ཐོབ་ཐང་རེ་བསྐུལ་ཞུས་པ་ལ་བརྟེན་ནས་ད་ལྟ་ཇོ་ནང་པ་ཕྱི་རོལ་པ་དང་བོན་པོ། ས་སྐྱ་པའི་ཆ་ཤས་གང་ཡང་མ་ཡིན་པ་ཤེས་ཡོད། འོན་ཀྱང་ད་དུང་རྒྱལ་བ་ཇོ་ནང་པ་དང་བོད་པ་ཁ་ཆེ་བ། བོད་པ་ཡེ་ཤུ་བ་རྣམས་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་གཅིག་མཚུངས་དགོས་རྒྱུ་རེད་བསམ་མཁན་ཡོད་པ་འདི་ནི། དེ་དག་གི་དོན་གནད་མ་གོ་བ་དང་། བསམ་བློ་མ་བཏང་བ། གནད་འགག་མ་རྟོགས་པ་གསུམ་གྱིས་རེད།
དང་པོ། བོད་གཞི་བྱེས་ཀྱི་ཇོ་ནང་པ་ནི་བཙན་བྱོལ་བོད་མིའི་གྲངས་འབོར་ལ་ཉེ་བ་ཡོད་ཅིང་། བོད་མི་ཁ་ཆེ་པ་དང་ཡེ་ཤུ་བ་དེ་ཙམ་ཡོད་དམ། གཉིས་པ། རྒྱལ་བ་ཇོ་ནང་པ་གཞི་བྱེས་གཉིས་ཀྱི་གྲྭ་བཙུན་གྱིས་བཙན་བྱོལ་བོད་ཀྱི་ཆོས་རྒྱུད་ཡོངས་ཀྱི་གྲྭ་བཙུན་གྱི་གྲངས་འབོར་ལ་ཉེ་བ་ཡོད། བོད་པ་ཁ་ཆེ་བ་དང་ཡེ་ཤུ་བ་ལ་གྲྭ་བཙུན་ག་ཚོད་ཡོད་དམ། གསུམ་པ། གནད་འགག་མ་ཤེས་པ་ནི། བོད་པ་ཁ་ཆེ་བ་དང་ཡེ་ཤུ་བ་སོགས་འོས་བབ་ཀྱི་ཐོབ་ཐང་དགོས་པ་སྨོས་མེད་རེད། འོན་ཀྱང་ཁོང་ཚོས་ཆོས་རྒྱུད་ཆེན་པོའི་ཐོབ་ཐང་དགོས་ཞེས་རྩོད་མྱོང་མེད་ལ། མ་འོངས་པར་ཡང་རྩོད་མི་སྲིད། རྒྱུ་མཚན་ནི་རྩོད་ལུགས་མེད་པས་སོ།།
འདིར་གོ་ལོག་གཏན་ནས་མི་རུང་བ་ཞིག་ལ། ཕྲན་གྱིས་བོད་པ་ཁ་ཆེ་བ་དང་ཡེ་ཤུ་བ་ཚོར་ཆོས་ལུགས་ཀྱི་ཐོབ་ཐང་མི་དགོས་རྩ་བ་ནས་ཟེར་བཞིན་མེད་ལ་གཏན་ནས་སྨྲས་མྱངས་ཀྱང་མེད། ནམ་ཡང་མི་སྨྲ་རྒྱུ་མིན་ནོ། །
འདིར་ཤེས་དགོས་པ་ནི། ས་དགེ་བཀའ་རྙིང་ཇོ་ནང་དང་། བོན་པོ་དྲུག་ནི་དོན་དངོས་སུ་བོད་ཀྱི་དགོན་སྡེ་དང་གྲྭ་བཙུན་མང་ཤོས་དང་། བཤད་སྒྲུབ་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཆེ་ཤོས་ཁག་ཡིན་པ་སུས་ཀྱང་བསྙོན་དུ་མེད། དེའི་ཚོད་ཀྱིས་ཆོས་བརྒྱུད་ཆེན་པོའི་འདྲ་མཉམ་ཐོབ་དབང་ནི། བོད་གངས་ལྗོངས་སུ་༧ཀུན་གཟིགས་པཎ་ཆེན་བཅུ་བ་མཆོག་གིས་གནང་ཡོད་ལ། ༧གོང་ས་བཅུ་བཞི་བ་མཆོག་གིས་ཀྱང་མཐུན་འགྱུར་ཡར་བསྐུལ་རྒྱ་ཆེན་གནང་དང་གནང་མུས་སུ་ཡོད། དེའི་ཕྱིར་ཇོ་ནང་པས་ཆོས་བརྒྱུད་ཆེན་པོ་ཁག་འདྲ་མཉམ་གྱི་ཐོབ་དབང་དེ་དགོས་པར་ཞུ་བཞིན་ཡོད་ལ། དེ་ནི་སྤྲོད་འོས་ཤིག་ཡིན་པར་མ་ཟད་གངས་ཅན་བོད་ཀྱི་བསྟན་སྲིད་ཆིག་སྒྲིལ་གྱི་གནད་དོན་ལ་གཞིགས་ན་ཡང་དགོས་ངེས་གལ་ཆེན་ཞིག་ཡིན། དེས་ན་ཇོ་ནང་པས་ཐོབ་དབང་འདྲ་མཉམ་དེ་ལས་གཞན་ཅི་རྩོད་ཀྱིན་མེད་ཅིང་། དེར་བོད་པ་ཁ་ཆེ་བ་དང་ཡེ་ཤུ་བ་གཉིས་ཀྱིས་འགོག་རྐྱེན་གང་ཡང་བཟོ་མྱངས་མེད་ལ། མ་འོངས་པར་ཡང་བཟོ་རྒྱུ་མ་རེད། རྒྱུ་མཚན་ནི་བཟོ་ཚུལ་མེད་པས་སོ། །
འོན་ཀྱང། ད་ལྟ་བྱེས་བཞུགས་བོད་མི་ཤེས་མདོག་གོ་མདོག་ཅན་འགའ་རེས་བོད་པ་ཁ་ཆེ་བ་དང་ཡེ་ཤུ་བ་ཚོས་དྲན་མ་མྱོང་ཞིང་། དོན་ལ་མི་གནས་པར་དེ་དག་ཇོ་ནང་དང་གཅིག་མཚུངས་ཡིན་མདོག་བྱེད་པ་དང་། དེ་ལྟར་འགྲེལ་བཤད་བྱེད་ཀྱིས་ཇོ་ནང་པར་ཐོབ་དབང་དེ་དགོས་ན་ཁ་ཆེ་བ་དང་ཡེ་ཤུ་བར་ཡང་དགོས་པར་བསམས་པ་ནི། དོན་གནད་མ་གོ་བ་དང་། བསམ་བློ་མ་བཏང་བ། གནད་འགག་མ་རྟོགས་པ་ཁོ་ན་རེད་ལ། དེ་ཤེས་པ་གལ་ཆེ་སྙམ་མོ། །
རྒྱུ་མཚན་ནི་འདི་ལྟར་འབྲེལ་མེད་བཤད་པ་འདིས་བོད་མི་རིགས་ཀྱི་བསྟན་སྲིད་གཉིས་ལ་གཏོར་བཤིག་གཏོང་བ་ལས་ཁེ་ཕན་ཅི་ཡང་སྒྲུབ་མི་སྲིད་ཅིང་། དེ་ལྟར་མི་སྲིད་པ་དང་མ་ཡིན་པ་ལ་འདིར་གསལ་བཤད་ཅིག་བྱས་པ་ལས། ཕྲན་ནི་རྒྱལ་བ་ཇོ་ནང་པའི་གནད་ཡོད་མི་སྣ་མིན་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་གནད་ཡོད་དེ་བས་ཀྱང་མིན། དེ་དག་སུ་ཡི་འགན་དབང་ཅི་ཡང་མེད།
རྒྱལ་བ་ཇོ་ནང་པ་ནི་བཀའ་འཁོར་ལོ་ཐ་མའི་དགོངས་དོན་གཞན་སྟོང་དབུ་མ་ཆེན་པོ་དང་། གསང་ཆེན་རྒྱུད་ཀྱི་རྒྱལ་བོ་དཔལ་དུས་ཀྱི་འཁོར་ལོ་ཉམས་ལེན་ཆ་ཚང་དང་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་འཛིན་མཁན་ས་སྟེང་འདིར་ཁོ་ན་དེ་ཡིན་པས། འདི་བོད་གངས་ཅན་ཀྱི་ཁྱད་ནོར་རྩ་ཆེན་དུ་ངོ་ཤེས་ཤིང་གཙིགས་འཛིན་མི་ཤེས་པར། ཆུང་ཐབས་དང་དམའ་ཐབས། དགོས་མེད་ཕྱོགས་ཞེན་སོགས་བྱས་ན་བོད་ཁ་བ་ཅན་གྱི་ཐུན་མིན་ཁྱད་ནོར་ཞིག་གཏོར་བཤིག་བཏང་བ་རེད། བློ་ལྡན་གཟུར་གནས་ཀྱིས་དགོངས་ཚུལ་གླེང་མཁན་ཡོད་ན་དགའ་བསུ་ཞུ་ལ། མ་བརྟགས་མ་དཔྱད་པའི་འཆར་གཏམ་ཤོད་མཁན་ཡོད་ན་སྣང་མེད་བྱ་རྒྱུ་ཡིན་པ་དགོངས་འཇགས་འཚལ།། །།
༡༤ ༨ ༢༠༡༢
བདེན་གཏམ་འདི་རང་ཅག་རྣམས་ཀྱིས་དངོས་ཤུགས་བརྒྱུད་གསུམ་གྱིས་གྲོས་ཚོགས་སུ་སླེབས་པའི་འབད་བརྩོན་དགོས།
ཆོས་ལུགས་ཀྱི་ཞེན་ཁོག་ཇི་ཙམ་ཆེ་ན་རྙིང་ཞེན་གྱི་ལྟ་བ་དེ་ཙམ་མཁྲེགས། རྙིང་ཞེན་གྱི་ལྟ་བ་ག་ཚད་ཆེ་ན་ཡར་རྒྱས་ཀྱི་འགག་རྡོ་དེ་ཙམ་ཆེ། དཔེར་ན། ཏ་ལི་རྦན་ཁ་ཆེའི་ཆོས་ཚོགས་ལྟ་བུ།
དངོས་ཡོད་དང་ཉམས་མྱོང་གི་ཐོག་ནས་ཆོས་ལུགས་མེད་པའི་དེང་རབས་གཞོན་ནུ་ཧ་ཅང་མང་པོ་ཞིག་ནི་རང་བཞིན་གྱིས་གཤིས་ཀ་དྲང་ཞིང་། རྣམ་རྟོག་གི་ཕྱོགས་རིས་དང་འཐེན་འཁྱེར་གྱི་ནང་དམེ་ཆུང་བར་མངོན། ཆོས་པ་མང་པོ་ཞིག་ནི་དེ་ལས་ལྡོག་དེ་སྤྱི་ཚོགས་གི་རྙོག་འཛིང་ལ་སྣེ་འཁྲིད་ཀྱི་ས་བོན་དུ་སོང་བ་མང་།
མི་ཕམ་ཚངས་ཐིག་ཟེར་འདིས་དམར་ཕྱོཊ་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་རྒྱུ་མེད་པར་ཉི་མ་སུམ་བརྒྱ་དྲུག་བཅུར་ཉོག་གཏམ་དང་གཉིད་བཤད་ཁོ་ན་ལབ་ཀྱིན་འདུག ཁྱོད་ལ་དྲང་མོར་བཤད་ན་བོད་ནང་ན་ཁྱོད་ཀྱི་ཨ་མར་འབོད་པའི་གྲུབ་མཐའ་ཡོད་ཚད་ལ་རྒྱ་དམར་གྱིས་ཉིན་མཚན་མེད་པར་བཙན་གཡེམ་བྱེད་ཀྱིན་འདུག་པས་དེར་སོང་ནས་དགག་པ་ཞིག་དང་གནས་ལུགས་ཤིག་ཤོད་དང་ཁྱོད་ད་གཟོད་གཟི་བོར་གནས་བ་ཞིག་རེད་བཟོས་ན་ཆོག དེ་མ་གཏོགས་ཕག་ཏུ་འཛུལ་ནས་ཁྱི་ལབ་ཁོ་ན་རྒྱབ་ན་ཅང་མི་འོང་། ཡང་གཅིག་བཤད་ན་ཁྱོས་ད་བར་དུ་སྟོན་རྒྱུ་ཡོད་པའི་དོན་དག་ཅི་ཞིག་བསྒྲུབས་ཟིན་ནམ། སྐད་ཆ་ག་ལེར་འདང་རྒྱབ་ནས་ཤོད།
ང་ཚོས་བོད་ཕྱི་ནང་གཉིས་ནས་ཆོས་ལུགས་ལ་འབྲེལ་བ་སྤུ་ཙམ་མེད་པའི་ཚོགས་པ་ཞིག་བཙུགས་སྟེ་རང་གི་གྲུབ་མཐའ་ཙམ་པོ་ལས་མི་རིགས་དང་སྐད་ཡིག་རང་དབང་རྒྱལ་ཁབ་སོཊ་ཕལ་བའི་ཕལ་བར་མཐོང་བཞིན་པའི་ཀླད་མཁྲེགས་ཀྱི༼ཟོག་རྫི༽འདི་ཚོ་ཐལ་བའི་རྡུལ་དུ་བརླགས་དགོས། དེ་ལྟར་མ་བྱས་ན་ཁོ་ཚོའི་ཀླད་པའི་ནང་དུ་རང་གི་གྲུབ་མཐའ་ཙམ་པོ་ལས་ཅི་ཅང་ཤོང་གིན་མི་འདུག
གཟའ་སྤེན་པས་ངེད་ཚོའི་སྤྱི་ཚོགས་ནང་ལ་དཔྱད་པ་ལེགས་པར་བགྱིས་འདུག། སྔོན་བྱོན་མཁས་པ་དེ་དག་ལ་ཁ་ལག་རྐུབ་གསུམ་གྱིས་རྡེག་མཁན་ནི་ཆོས་བཏང་སྙོམས་ལ་འཇོག་མཁན་གྱི་ན་གཞོན་རྣམས་མ་ཡིན་ཏེ། དེ་ལས་ལྡོག་ཏེ། ཆོས་གྲྭ་འཛིན་མཁན་དང་ཆོས་པའི་མིང་འཛིན་པ་འབའ་ཞིག་རེད། དཔེར་ན། གངས་ཅན་མཁས་པའི་གཙུག་གི་རྒྱན་འགྲས་ལ་འཇོག་པའི་ཙོང་ཁ་པ་བློ་བཟང་གྲགས་པ་ལ་སྡིག་མཁན་ནི། ཆོས་མེད་སྨྲ་བ་རྣམས་མ་ཡིན་ཏེ། ཆོས་རྒྱུད་ག་གེ་མོ་ཞིག་གི་ནང་ལ་བཙུད་པའི་གྲྭ་པ་དང་གྲྭ་ལོག་འབའ་ཞིག་རེད།
དེ་བཞིན་མཁན་སློབ་ཆོས་གསུམ་ནང་གི་ཡ་གྱལ་སློབ་དཔོན་པད་མ་འབྱུང་གནས་ལ་སྡིག་མཁན་དང་། ཁོང་ལ་དགྲ་ལྟར་འདུ་ཤེས་འཛིན་མཁན་དག་ནི་ཆོས་མེད་སྨྲ་བ་དང་། དངོས་གཙོ་སྨྲ་བའི་ལྟ་བ་འཛིན་མཁན་བོད་པ་ན་གཞོན་མང་ཆེ་བ་རྣམས་མ་ཡིན་ཏེ། དེ་ལས་ལྡོག་ཏེ། ཆོས་དང་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ལ་ལོ་དང་ལོ་སྦྲེལ་ནས་ཐོས་བསམ་རྒྱག་མཁན་གྱི་ཐེག་ཆེན་པ་རྣམས་དང་། ལྷ་སྲིན་གཤེན་རྗེ་ལ་སོགས་ལ་དད་པའི་གཤེན་རབས་པ་ཚོའི་རྗེས་འཇུག་དག་རེད།
དེ་བཞིན་ཇོ་ནང་བསྟན་པའི་རྒྱན་ཏུ་འཛིན་རོགས་ཞེས་ཞུ་བ་འབུལ་བར། མགོ་ནས་བརྡུངས། ཞབས་ནས་དྲུད་མཁན་རྣམས་ནི། རྒྱ་གུང་ཁྲན་གྱི་དཔོན་པོ་རྣམས་དང་། ཚན་རིག་གི་ལྟ་བ་མཐོན་པོར་གཤེགས་པའི་མཁས་པ་རྣམས། དེ་བཞིན་དེང་དུས་ཀྱི་རིག་གནས་དང་ཤེས་བྱས་ཕྱུག་པའི་ན་གཞོན་རྣམས་མ་ཡིན་ཏེ། དེ་ལས་ལྡོག་ཏེ། སངས་རྒྱས་བསྟན་པའི་རྗེས་འཇུག་ལ་ངོམས་པ་དང་། དགེ་ཚུལ་སློང་གི་སྡོམ་པ་འབོག་མཁན། དེ་བཞིན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་མཁས་པའི་གྲས་སུ་ངོམས་མཁན་གྱི་སྟོན་པའི་རྗེས་བྲངས་པ་ཚོ་རེད།
ཏ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས། དོལ་རྒྱལ་མ་བསྟེན་ན་ལེགས་གསུངས་པར། ཁོང་ལ་གྲི་དུང་ཕང་གིས་ཁ་གཏད་འཇལ་མཁན་ནི། ཆོས་པར་འདོད་ཅིང་། རི་བོ་དགེ་ལྡན་པའི་བསྟན་པ་འཛིན་མཁན་ལ་འདོད་པ་འགའ་ལས། ལྷ་མེད་སྨྲ་བའི་ན་གཞོན་པ་རྣམས་མ་རེད།
གོང་གི་གནས་ཚུལ་ལ་དཔྱད་པ་བགྱིད་སྐབས། མ་འོངས་པ་ན། སངས་རྒྱས་བཅོམ་ལྡན་འདས་ལ་ངོ་རྒོལ་བྱེད་མཁན་འོང་སྲིད་ལ། ཁོང་རྣམས་ནི་ཕྱི་པ་གྲངས་ཅན་པ་དང་མུ་ཏིག་པ་རྣམས་མ་ཡིན་ཏེ། ནང་པ་ཐེག་ཆེན་གྱི་ཐེག་པར་ཚུད་པའི་བླ་རྒན་རྣམས་ཡོང་བར་་གོར་མ་ཆགས།
ད་དུང་། གྲུབ་མཐའི་ཚིག་སྐམ་པོ་འགའ་ཤས་ལ་འདོད་པ་མ་མཐུན་པ་དང་། བླ་མའི་གྲལ་སྟར་སྒྲིག་སྟངས་ལ་ཅུང་ཙམ་མ་འགྲིག་པ་བྱུང་བའི་སྙིང་ནད་མི་རབས་ནས་མི་རབས་དབར་འཛིན་ནས། གོ་སྐབས་ནམ་བྱུང་ལ་གྲུབ་མཐའ་གཞན་པའི་བསྟན་པའི་སྲོག་ཤིང་གི་སྐུ་སྲོག་ལ་རྔམ་པའི་བསྟན་འཛིན་པ་དེ་ཚོ་ནི། ཤིན་དུ་ནས་ཡ་ང་དགོས་པ་ཞིག་མ་རེད་དམ།
མཐར་ངའི་འདྲི་བ་ནི་འདི་ལྟར་ཏེ། ཅིའི་སླད་སེམས་འདུལ་བར་སློབ་པའི་གྲྭ་པ་དེ་དག་གི་སྤྱོད་པ་ནི་མི་སྐྱ་ལས་རྩུབ། ཅིའི་ཕྱིར་ཐེག་ཆེན་གྱི་ལམ་ལ་བཞུགས་པའི་གྲྭ་པ་དེ་དག་གི་གཤིས་ཀ་ནི་དམངས་ལས་ཐུང་།
ཅི་སྟེ། བླ་མའི་མིང་ཐོགས་པ་རྣམས་ཀྱི་ཞེ་སྡང་དང་འགྲན་སེམས་ནི་འབངས་ལས་ཆེ། གང་གི་ཕྱིར་ཆོས་མདོ་སྔགས་ཀྱི་བསྟན་པ་སྐྱོང་མཁན་རྣམས་ལ་གསེར་དངུལ་མཁར་སོགས་མང་བ་དགོས། ཅིའི་སླད་མར་མེ་དྭགས་གསུམ་གྱི་སློབ་མ་རྣམས་རྒྱུ་ནོར་ལས་གཞན་མི་མཁོ། ཅིའི་ཕྱིར་རང་རིག་ཡེ་ཤེས་བཀའ་དག་གི་སྲོལ་སྐྱོང་མཁན་རྣམས་ལ་བུད་མེད་དང་ཟག་བཅས་དངོས་པོ་ལས་གཞན་མི་དགོས། སུ་ཡི་ཆེད་དུ། རྒྱལ་བ་ཡབ་སྲས་ཀྱི་གསུང་རྒྱུན་གྱིས་ཕྱུགས་པའི་བཀའ་གདམས་པ་གསར་མ་རྣམས་ལ་ཕལ་པའི་འཇིག་བརྟེན་གྱིས་དོར་བའི་འདྲེ་ཞིག་དགོས། ཅིའི་ཕྱིར་བདེན་པ་བཞི་བྲལ་གྱི་ཆོས་རྒྱུད་འཛིན་མཁན་རྣམས་ཇོ་ནང་བསྟན་པ་འཛིན་མཁན་ལ་སྐྲག། ད་དུང་། ཅིའི་ཕྱིར་ཀུན་ལ་བུ་ལྟར་སྐྱོང་མཁན་བསྟན་འཛིན་རྒྱ་མཚོར་དྭོགས་པ་བྱེད། སུ་ཡི་ཆེད་དུ་གཞིས་བྱེས་མི་དམངས་ཀྱིས་བཀུར་ཟིན་པའི་ཀརྨ་པ་ཨུ་རྒྱན་འཕྲིན་ལས་ལ་ཁ་གཏད་འཚོལ། ད་དུང་། རིས་མེད་བསྟན་པ་འཛིན་མཁན་དག་ལ་ཕྱོགས་རིས་བྱེད། སུ་ཞིག་གིས་རང་གི་རིགས་ལ་སྡང་བའི་སེམས་འདི་ཐོག་མ་གང་ནས་ཡོང་། བར་ལ་གང་ལ་འགྲོ། མཐའ་མ་གང་ལ་གཤེགས་པ་རིག་ཡོད་དམ།
མི་ཕམ་ཚང་ཐིག་ཞེས་བ་འདིས་བདེན་གཏམ་བཤད་ཡ་ཕར་ཞོག་ནང་འཁྲུག་སློང་རྐྱེན་འདྲ་བ་འབའ་ཞིག་གིན་འདུག ཁྱེད་ངོ་མ་བོད་ཞེན་ཅིག་ཡོད་ན་ཆོས་ལུགས་བཞག་ཞོག བོད་དོན་ངོ་མ་ཞིག་བསྒྲུབས་དང་དེ་ལས་ལྷག་ཅིག་ད་ལྟའི་ཆར་སྒྲུབས་དགོས་ཡ་གང་ཡང་མི་འདུག་ཟེར་ན་ཆོག བོད་པའི་ནང་ཆོས་ལ་འཛམ་གླིང་འདིའི་སྟེང་ན་ང་ཚོ་བོད་པ་ལྷག་པའི་བདག་པོ་བྱེད་མཁན་མང་ནི་རེད་།
ཁྱབ་འཇུག
སྐུག་པ་ངོ་མ་དེ་ཁྱེད་ཡིན་ས་རེད། བོད་པས་དམར་ཕྱོག་པར་གྱང་རྒྱབ་ནས་སྡུག་སྐད་བྱས་ནས་མི་ལོ་༥༣ བརྒལ་ཟིན་པ་རེད། དེས་ཕན་ཁེ་ཅི་བྱུང་སོང་། བོད་མིའི་གནས་སྟངས་ཇེ་སྡུག་ནས་ཇེ་སྡུག་ཏུ་སོང་ནས། ད་ལྟ་བོད་མི་ལྔ་བཅུས་རང་སྲོག་བཏང་ཡང་འབུ་གཅིག་ཤི་བའི་གོ་ཆོད་མེད་པ་སུས་ཕྱོགས་ནས་ཤོར་ནི་རེད།
ཁྱེད་ཀྱིས་ཚོགས་པ་འཛུགས་ནས་ཅིག་བྱེད་ཐུབ་ན་བཟང་གི་ཡ། དེ་ནི་ཕྱི་དྲག་འདུག་པ་ལས་སྔ་དྲག་མེད་པ་ཨེ་ཤེས། མི་ཕམ་ཚངས་ཐིག་གིས་ཉི་མ་༣༦༠ ལ་བོད་པའི་རང་མཚང་རྡོལ་གྱིན་ཡོད་ན། དེ་ནི་ཆེས་ཁྱད་དུ་འཕགས་པ་ཞིག་རེད། དེ་ནི་སུ་ཡིན་གྱིས་བྱེད་མི་ཐུབ་པའི་གཟི་བརྗིད་ཞིག་རེད། དེ་ནི་ཡར་རྒྱས་ཀྱི་གོམ་པ་དང་བོ་རེད། བླུན་རྒན་ཁྱེད་ཀྱིས་དེ་ཙམ་ཡང་མི་ཤེས་སམ། ད་དུང་ཉོག་གཏམ་བཤད་མཁན་ཚོར་ལན་རྒྱབ་རིན་བྲལ།
ཁུང་སང་བུ།
བོད་པའི་སྤྱི་ཚོགས་ལ་ཆོས་ལུགས་མ་འདྲིས་པའི་ཆབ་སྲིད་བྱས་ནས་ད་དབར་སུས་གྲུབ་འབྲས་འབུར་དུ་འཐོན་པ་བྱུང་ཡོད། ཤོད་ཏ་མེད་མོད། ཆོས་ལུགས་གཡུག་མཁན་གྱི་བོད་པ་སུ་ད་བར་བོད་པའི་སྤྱི་ཚོགས་ཀྱིས་མཐོང་ཆེན་བྱས་ཡོད། སུས་ནུས་པ་ཐོན་ཡོད། ལྷག་བསམ་ཡོད་ཀྱང་། འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་གཉིས་ཀྱིས་ཇི་ཞིག་ཐུབ་སོང་། བསམ་བློ་མ་བཏང་བར་མ་བཤད་ལགས་། ལོ།
ཇོ་ནང་པའི་ཆོས་བརྒྱུད་ཡོད་པ་ནི་ཐག་གིས་ཆོད་་་་་དེ་འཛིན་སྐྱོངས་སྤེལ་གསུམ་གནང་མཁན་ནི་་་་་བོད་པ་ཚང་རེད་་་
སོང་ཙང་ཁྱེད་རྣམ་པར་ཆོས་ལུགས་ཀྱི་ཐོབ་ཐང་དེ་ལུས་ཡོད་་་་་རྩོད་དགོས་དོན་གང་ཡང་མི་འདུག
ཡིད་རང་ཡོད།
སེམས་གཏམ་གསོན་པོ་ཞིག་བཤད་པ་ཡིན་ན། གོང་གི་རྩོམ་འདིའི་གླེང་འདོད་པ་དེ་ག་རེ་ཡིན་པ་བདག་གིས་ཧ་གོ་མ་སོང་། ཡིན་ཡང་གྲོགས་པོ་འདི་ལ་གསལ་འདོན་ཞིག་བཤད་འདོད་ཡོད་པ་ནི་འདི་ལྟ་སྟེ། ད་ལྟའི་དུས་འདིར་ང་ཚོས་དོ་སྣང་དང་སེམས་ཁུར་བྱེད་དགོས་པའི་དོན་དག་གལ་ཆེ་ཤོས་དེ་ང་ཚོས་ནང་གི་སྐྱོན་མིན་པར་བོད་ཁ་བ་ཅན་ཀྱིས་ཆེད་དུ་རང་ལུས་མེ་རུ་སྒྲོན་དང་སྒྲོན་བཞིན་པའི་དཔའ་བོ་དཔའ་མོ་དག་ཡིན་པས་ང་ཚོས་ཁོང་ཚོས་ཆེད་དུ་སྨོན་ལམ་མཆོད་འབུལ་དང་མ་ཎི་ཁྲོམ་སྐོར་ཁོ་ནའི་མཆོག་པ་མ་ཡིན་པར་གཞུང་མང་གཉིས་ནས་ཛ་དྲག་ལས་དོན་ཞིག་སྒྲུབས་དགོས་པར་སྨྱུག་ཐོག་པ་ཡོངས་རང་ཉིད་གྱི་རིག་པའི་རྩལ་ལ་བརྟེན་ནས་གཞུང་ལ་ཡར་བསྐུལ་ཞུ་བ་དེ་གནད་འགག་ཆེ་བའི་དེ་རིགས་གི་རྩོམ་ཡིག་མང་ཙམ་འབྲི་འབོད་སྐད་ཡོད
་གཟའ་སྤེན་དང་བཀྲིས་ལགས་ཁོང་གཉིས་ལ་རྒྱབ་སྐྱོར་ཡང་དག་ཡོད།
མི་རིཊ་མི་གཙོ་གྲུབ་མཐའ་གཙོ་ཟེར་བ་དག་ནི་ད་དུང་བྱིས་པ་སྣབས་ལུག་རང་རེད་ལ། ནང་སྐྱོན་ཁོ་ན་བཙལ་བ་དང་ནང་འཁྲུག་ཁོ་ན་རྒྱབ་ནས་དེ་གཟི་བརྗིད་དང་སྔོན་ཐོན་དུ་རྩི་བ་ནི་༼ཟོག་རྫི༽ཚོའི་བསམ་བློ་ལས་ཙམ་མེད་པ་དེའོ།།
ད་དུང་ཡང་ཆོད་ལུགས་རྩོད་ཀྱི་འདུག ལུང་པ་མེད་ཀྱང་ཆོས་ལུགས་རྩོད་ཀྱི་འདུག ཆོས་པ་འདི་ཚོས་བོད་ཤི་འཇུག་ས་རེད། སྐུ་ལོ་ཨོ་རྒྱན་སོགས་ཀྱིས་ཆོས་ལུགས་པས་ཆབ་སྲིད་ལ་ཁ་ཡ་མ་བྱེད་ཟེར། ཁྱེད་ཀྱིས་ཆོད་ལུགས་ཀྱི་ཐོབ་ཐང་རྩོད་དགོས་ཟེར། དངོས་གནས་ད་ཆོས་ལུགས་ཟེར་དུས་སུན་གི་འདུག
ཇོ་ནང་པ་ལ་ཆོས་ལུགས་གི་ཐོབ་ཐང་སྤྲོད་ཚར་རེད་།།་ད་མང་པོ་ཞིག་མ་བཤད་རོགས་།རྡོ་གདན་དུ་སྨོན་ལམ་ཚོགས་སྐབས་སུ་ག་སར་ག་ལ་ཇོ་ནང་བསྟན་པ་རྒྱས་གྱུར་ཅིག་ཅེས་བྲིས་འདུག་།རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག་ཅེས་བྲིས་ན་འདྲ་ཆག་པོ་ཡོད་རེད་།སྤྱིར་གཏང་ཁྱོད་ཚོ་བོད་ཀྱི་ཆོས་རྒྱུད་ཆེན་པོ་ཤིག་ཡིན་ན་འགྲེལ་བཤད་དེ་ཙམ་མང་པོ་དགོས་ནི་མ་རེད་།ད་ལྟའི་སྐབས་སུ་ཁྱོད་ཚོ་ཆོས་ལུགས་ང་ཚོའི་ཆོས་ལུགས་མ་བཤད་རོག་།བོད་ནང་དུ་གཉན་འཕྲང་ཅན་འདི་འདྲ་རེད་།
དེང་གྱི་དུས་འདིར་རྒྱ་འདྲེ་ཚང་མས་ཇོ་ནང་ཁ་ལ་འཁྱེར་ནས་བོད་པའི་སྤྱི་ཚོགས་དཀྲུགས་བཞིན་པ་འདི་ཚོ་རྒྱ་རྒན་གྱི་ངན་ཇུས་ཤིག་ལོས་ཡིན། རྩོད་དགོས་ན་རང་བཙན་རྩོད། དེ་མ་འཇོན་ན་ཁ་བཙུམ།
རྒྱལ་བ་ཇོ་ནང་པ་བོད་ཀྱི་ཆོས་བརྒྱུད་གཞན་པ་དང་མཚུངས་པར་རང་རྐང་ཚུགས་པའི་ཆོས་བརྒྱུད་ཆེན་པོ་ཡིན་པར་རིས་མེད་ཆོས་བརྒྱུད་ཚོགས་ཆེན་ཐོག་ནས་ཐག་ཆོད་ཡོད་ནའང་། ད་དུང་ཇོ་རྒན་འགའ་གིས་རྒྱ་ཡི་སྐད་ཆ་ལྟ་བུར་བཤད་བཞིན་པ་འདི་དོན་དག་ངོ་མ་དེ་ནི། ཇོ་ནང་གི་བླ་རྒན་སྐོར་ཞིག་ཕྱི་རྒྱལ་ལ་མ་ཐར་ནས་སྤྱི་འཐུས་སོགས་ཆབ་སྲིད་ཀྱི་རྐུབ་སྟེགས་ཤིག་རྩོད་བཞིན་འདུག
ཇོ་ནང་པ་ཡིན་ཟེར་མཁན་མི་འགའ་རེས་ད་ལོའི་བོད་རྒྱལ་ཡོངས་ཚོགས་ཆེན་སྐབས་ཇོ་ནང་པ་ལ་ཆོས་རྒྱུད་གཞན་དང་མཚུངས་པའི་ཐོབ་ཐང་མ་སྤྲད་ན་བོད་གཞུང་གི་སྒོ་རྩར་ཡོང་ནས་ངོ་རྒོལ་སྐད་འབོད་བྱེད་ཀྱི་ཡིན་ཞེས་ལབ་སོང་། ངོ་མ་ཆོས་རྒྱུད་འདི་ཚོས་བོད་པ་ཕུང་ལ་སྦྱོར་ས་རེད། རྒྱ་དམར་པོས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེདབཟོ་གྲབས་བྱེད་ཀྱི་ཡོད་པས་བུ་བཟང་པོ་ཡིན་ན་དེར་ངོ་རྒོལ་གྱིས་དང་། ལྟས་ངན་འདི་ཚོས་ངོ་མ་སུན་བཅུག་གི་འདུག ཆོས་རྒྱུད་འདི་ཚོ་ལ་ཐོབ་ཐང་ཅི་ཡང་མེད་པ་བཟོས་ན་ཡག་ཤོས་རེད།
ད་ནས་བཟུང་ཆོས་ལུགས་ལ་མ་རྩོད་ཐོབ་ཐང་རག་ཟིན བླ་ཆེན་དང་སྤྱི་འཐུས་ཀྱི་སྐུབ་སྟེག་ལ་ཤུགས་བརྒྱག་རོགས།
མི་ཕམ་ཚང་ཐིག་ཞུ་བ་དང་བདེན་རྔ་ཞུ་བ་སོགས་ཀྱིས་ཇོ་ནང་ལྷ་སྡེ་མི་སྡེ་ནས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དུ་མས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆགས་འཇིག་ལ་གདོང་ལེན་གྱིས་བློས་གཏོང་ཆེན་པོ་གནང་བ་འདི་ངོམ་སྟེ་ཆོས་བརྒྱུད་ཀྱི་ཐོབ་ཐང་རྩོད་ཁུལ་གནང་བ་འདི་དོན་ངོ་མར་ཇོ་ནང་པར་དགའ་ནས་ཡིན་ནམ་ཡང་ན་ནག་པོ་བཟོ་འདོད་ཡིན་ཆ་མ་འཚལ། ཁོང་ཚོས་གོང་བཤད་ལྟར་གྱི་དམིགས་ཡུལ་ཆེན་པོ་ཡོད་པ་ལས་དང་གཙང་སླད་མེད་པའི་ཇོ་ནང་ཆོས་བརྒྱུད་ལ་སྲིད་དོན་གྱི་དུག་ཆུ་ནག་པོས་སླད་མཁན་གྱི་་མི་སྣ་འགའི་འདོད་དོན་འགྲུབ་ཆེད་ཅི་ལ་ཡིན། དེ་གཅིག་ཡིན། དེ་བཞིན་ལྟ་གྲུབ་རང་འགའ་བ་ཡོད་པས་ཆོས་བརྒྱུད་ཆེན་པོས་ཐོབ་ཐང་ཟེར་བའི་སྲིད་ཀྱིས་སླད་པའི་རྐུབ་སྟེག་ནག་པོ་ཞིག་འབུལ་དགོས་ན་མི་རེ་ལ་ལྟ་གྲུབ་རང་འགའ་བ་རེ་ཡོད་པས་དེ་དག་མ་བརྗེད་ཅིག གཉིས་ཡིན། དེ་བཞིནབཙན་བྱོལ་བོད་ཀྱི་ཆོས་རྒྱུད་ཡོངས་ཀྱི་གྲྭ་བཙུན་གྱི་གྲངས་འབོར་༡༥༠༠༠ ཙམ་ཉུང་མཐར་ཡོད་པས་ཁྱེད་ཀྱིས་ཇོ་ནང་དགོན་དུ་འབུ་གྲོ་མ་བསྒྲུགས་ནས་གྲ་བ་བཟོ་རྩིས་ཡིན་བཟོ་འདུག གསུམ་ཡིན། བོད་པ་ཁ་ཆེ་དང་ཡེ་ཤུ་ཚོས་ཆོས་བརྒྱུད་ཀྱི་ཐོབ་ཐང་མི་རྩོད་པའི་ཁྱོད་ཀྱིས་ཇི་ལྟར་འགན་ལེན་ཐུབ་བམ། ཁ་ཆེ་བ་ཨ་མ་མོ་མོ་གཅིག་ལས་མེད་ཀྱང་མོས་ཆེད་དུ་རྡ་སར་ཁ་ཆེ་ལྷ་ཁང་རྒྱགས་རོགས་ཟེར་ནས་༧གོང་ས་མཆོག་ལ་ཞུས་པ་མ་ཐོས་སམ། གཞི་པ་ཡིན། བོད་བསྟན་སྲིད་སྤྱི་དང་ལྷག་དོན་དུ་ཇོ་ནང་པའི་ཆོས་བརྒྱུད་ལ་གཏོར་གཤིགས་ཚབ་ཆེན་འགྲོ་བ་ཞིག་འདུག་པས་ཆེད་དུ་གཉེར་བ་ཡིན་ནམ་མ་ཤེས་པས་ཅི་ཆ།
མ་གོ་མ་རྟོགས་པར་མཆན་འབྲི་ཁུལ་བ་རྣམས་ལ་ཅུང་ཟད་བཤད།
ཆོས་སྲིད་ཐ་དད་ཐུབ་ན་དགོས་པ་ལ་མོས་མཐུན་ཡོད། འོན་དེ་ད་ལྟའི་གནས་སྟང་འདིར་བོད་པ་ལ་ཡོང་སྲིད་དམ། དེ་ནི་ཁ་ནང་ཁུ་ཚུར་མ་རེད་དམ། བླུན་གཏམ་དང་་་་ཧོན་གཏམ་མ་བཤད་ན་ཆོག་གམ། རྒྱལ་བ་ཇོ་ནང་བ་ཆོས་བརྒྱུད་ཆེན་པོའི་འདྲ་མཉམ་ཐོབ་ཐང་མ་སྤྲད་པས་ཆོས་སྲིད་ཐ་དད་དུ་ཅི་ལྟར་འགྱུར།
ཇོ་ནང་བས་ཆོས་བརྒྱུད་འཛིན་པའི་དཔའ་བོ་དཔའ་མོ་རང་སྲོག་བཏང་མཁན་ཚོས་ཇོ་ནང་བར་འདྲ་མཉམ་གྱི་ཐོབ་ཐང་མི་དགོས་ཞེས་ཁྱེད་ལ་བཤད་ཡོད་དམ།
རྒྱལ་བ་ཇོ་ནང་བས་ཆོས་བརྒྱུད་ཆེན་པོའི་གྲིས་ཀྱི་འདྲ་མཉམ་ཐོབ་ཐང་དགོས་ཟེར་བ་ལས། གཞན་ཅི་ཡང་བཤད་མེད། དེ་མི་དགོས་ཟེར་རྒྱུ་ཡིན་ནམ། བོ་དུང་དང་ཞ་ལི། བོད་པ་ཁ་ཆེ་དང་ཡེ་ཤུ་རྣམས་ཆོས་བརྒྱུད་ཆེན་པོ་རེད་ཟེར་རྒྱུ་ཡིན་ནམ། ཁོང་ཚོ་ལ་དགོན་པ་དང་གྲྭ་བཙུན་གྲངས་ག་ཚོད་ཡོད།
གཞན་ཡང་བོད་པའི་ཆོས་ལུགས་བ་མི་གཅིག་དང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་རྙིང་བ་བ་ལྟ་བུ་ལ་ཕྱོགས་གང་ཐད་ནས་ཐོབ་ཐང་ཐམས་ཅད་གཅིག་མཚུངས་དགོས་ཟེར་རྒྱུ་ཡིན་ནམ།
བརྒོལ་བ་བྱེད་མཁན་ཁྱེད་རྣམས་ཀྱི་དང་བོ་དོན་གོ་བར་བྱས་ཏེ། དེ་ནས་མཆན་བརྒྱབ་ན་ད་གཟོད་མིའི་འགྲོ་བ་ཞིག་གི་བྱ་སྤོད་རེད། ཤེས་སམ།
ཡུལ་གྱར་བ།
ཁྱེད་ཀྱི་སྐུག་པའི་ལོང་གཏམ་དང་། བླུན་པོའི་མྱོ་གཏམ་ལ་སུ་ཞིག་གིས་ཆ་འཅོག་བྱེད། དེ་ནི་ཁྱད་གཞི་མེད་པའི་ཁྱད་ཆོས་གླེང་ཁུལ་ལྟ་བུ་རེད། སེམས་དཀར་གྱི་སྐད་ཆ་ཞིག་ཁྱེད་ལ་བཤད་ན། གཞན་ལ་བསམ་མ་ཤེས་རུང་། རང་གིས་རང་གཅེས་ཤེས་པར་བྱོས། ཟེར་རྒྱུ་དེ་ཡིན།
བོད་ནང་གི་གནས་ཚུལ་ཛ་དྲག་ཡིན་པས་ཇོ་ནང་པས་ཐོབ་ཐང་རྩོད་མི་ཆོག་ཟེར་པ་ནི་དངོས་གནས་གད་མོ་ཤོར་གཞི་རེད།འོ་ན་བོད་ནང་གནས་ཚུལ་ཛ་དྲག་ཡིན་པས་ཆོས་བརྒྱུད་གཞན་ཚོར་ཡང་ཐོབ་ཐང་དགོས་དོན་མེད་ཀ།ནང་ཁུལ་དཀྲུག་ཤིང་རྙོག་བྲ་བཟོ་མཁན་གྱི་དགེ་ལུགས་པ་དང་ས་སྐྱ།རྙིང་མ་དང་བཀའ་བརྒྱུད།བོན་པོའི་སྤྱི་འཐུས་སོགས་ཀྱང་གྲོས་ཚོགས་ནས་ཕུད་ན་ཡག་ཤོས་རེད།
ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲོད་ན་གཅིག་མཚུངས་སྤྲོད་དགོས་པ་རེད།མི་སྤྲོད་ན་གཅིག་མཚུངས་མི་སྤྲོད་དགོས་པ་རེད།༡ཇོ་ནང་པ་ཚོ་དེ་སྔ་ཀ་ཤེ་མེར་ནས་ལྷ་སར་ཡོང་བའི་ཁ་ཆེ་ཆོས་པ་བརྒྱ་ཕྲག་ཁ་ཤས་དང་རྒྱ་གར་ནང་ལྟོ་གོས་ཁོངས་མ་འཁྱོལ་བར་ཡེ་ཤུས་ཆོས་ཚོགས་སུ་ཞུགས་པ་ཁ་ཤས།དེང་སང་མིང་ཙམ་ལས་མེད་པའི་བུ་ལུགས་དང་བོ་དོང་ལུགས་སོགས་དང་མི་འདྲ་བར།བོད་རང་ས་ནས་བྱུང་བའི་ལྟ་གྲུབ་རང་རྐང་ཚུགས་པ་ཅིག་ཡིན་པ་དགེ་ལུགས་པའི་མཁས་གྲུབ་མང་པོས་ཇོ་ནང་གི་ལྟ་བ་ངན་པར་སྒྲུབ་སྐབས་གསུངས་ཡོད་ཅིང་།བོད་ནང་ལྷ་སྡེ་མི་སྡེ་ཡང་རྫོང་ཁག་མང་པོ་ཡོད་པ།ཆོས་ཉམས་ལེན་གྱི་ཆ་ནས་ཀྱང་དགེ་ལུགས་པ་སོགས་ལས་ཡག་ག་ཡིན་པ་༧རྒྱལ་བ་རིན་པོ་ཆེས་རིས་མེད་ཆོས་ཚོགས་སྟེང་གསུངས་སོང་ང་།།
༢མང་པོ་ཅིག་གིས་བཙན་བྱོལ་ནང་ཇོ་ནང་པར་གྲངས་ཀ་ཉུང་མདོག་བསྟན་གྱི་འདུག་མོད།བཙན་བྱོལ་ནང་གི་ཆོལ་ཁ་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཚོ་གཞིས་ལུས་མི་མང་གི་ངོ་ཚབ་ཡིན་པ་མ་གཏོགས།འོས་ཤོག་བརྒྱ་ཁ་ལོངས་པས་སྤྱི་འཐུས་ཆགས་བཞིན་པའི་ཆོས་བརྒྱུད་མང་པོ་ཡོད་ལ།ཆོལ་ཁའི་ཆ་ནས་ཀྱང་མདོ་སྨད་ལྟ་བུར་མི་ཉུང་དྲག་སྟེ་སྤྱི་འཐུས་ཀྱི་གྲངས་ཚད་དེར་ཆོལ་ཁ་གཞན་གྱི་ནང་བསམ་ཚུལ་ཤུགས་ཆེ་སླེབས་བཞིན་པ་རེད།དེ་འདྲར་བརྟེན་ཇོ་ནང་པར་སྤྱི་འཐུས་དང་ཆོས་བརྒྱུད་ཐོབ་ཐང་ངེས་པར་སྤྲོད་འོས་པ་ཅིག་རེད།
༣ད་ཆ་ང་ཚོས་རྒྱ་ནག་གོང་བྲན་གཞུང་ལ་རང་སྐྱོང་གི་ཐོབ་ཐང་རྩོད་པ་དང་།རྒྱལ་སྤྱིའི་སྟེང་རྒྱ་ནག་གིས་ང་ཚོར་དབྱེ་འབྱེད་དང་མིའི་ཐོབ་ཐང་རྡོག་རོལ།ཆོས་དད་རང་དབང་བཅས་པ་མི་སྤྲོད་པ་སྒྲོག་བཞིན་པའི་སྐབས་འདིར།ང་ཚོས་ནང་ཁུལ་དུ་དབང་ཆ་ཡོད་མེད་དང་གྲངས་ཀ་མང་ཉུང་ལ་ལྟོས་ཏེ་ཁྱད་གསོད་དང་གཉའ་གནོན་གཏོང་རེས་བྱེད་པ་ནི།དོན་དམ་གྱི་བོད་མིའི་མཐུན་སྒྲིལ་རྡོག་རོལ་བཏང་སྟེ་རྒྱ་དམར་གྱི་མངོན་འདོད་སྒྲུབ་པ་ཟུར་བལྟས་ལེབ་མཐོང་རེད།
༤དེ་སྔའི་ཆོས་རིག་བཀའ་བློན་ལྟ་བུ་གནད་ཡོད་ཚོས་ཇོ་ནང་ལ་ཐོབ་ཐང་དགོས་ན་བོད་གཞུང་ལ་བཤད་ནས་ཁྱོ་མེད་པ་རེད།དེ་ལས་ཇོ་ནང་གིས་བཤད་སྒྲུབ་ལག་རྗེས་བཞག་སྟེ་ཧ་ལས་དགོས་པ་ཅིག་གནང་ཐུབ་ན་དཔང་རྟགས་ཡོད་པ་འདྲ་བོ་ཅིག་གསུངས་སོང་མོད།དེང་སང་གྲུབ་མཐའ་རིས་མེད་ནང་དེ་འདྲ་གནང་ཐུབ་པ་དུས་དབང་གིས་དཀའ་མོ་རེད་འདུག་ག།ཆེ་ས་ནས་བཙན་བྱོལ་དུ་འབྱོར་ནས་བཟུང་སྟེ་བླ་ཆེན་ཕན་ཚུན་བར་ཚུན་ཆད་ལ་རྙོག་བྲ་ཇི་ཙམ་བྱུང་མྱོང་བ་དང་ཇི་ཙམ་འཁྲབ་ཡོད་པ་གཟུར་གནས་ཚོས་ཟུར་བལྟས་ལེབ་མཐོང་ཡིན་པ།ནུབ་ཕྱོགས་ཡུལ་ཁག་ནང་བོད་ཀྱི་ཆོས་སྤེལ་པ་མང་པོ་ཅིག་གིས་བཙན་གཡེམ་འཕྲོག་བཅོམ་དང་མགོ་བསྐོར་སོགས་ལས་ཀ་སྡུག་ཅག་སྣ་ཚོགས་བྱས་པ།ནུབ་ཕྱོགས་པའི་གསར་ལམ་ཆེ་ཤོས་ཁག་ཏུ་འཐོན་ཏེ་རྒྱ་ནག་གཞུང་གིས་བེད་སྤྱོད་ཇི་ཙམ་གཏོང་གི་འདུག།དགེ་ལུགས་པའི་གདན་ས་ཁག་ཏུ་ནི་མི་གསོད་རེས་གཏོང་བ་དང་དགེ་ཕྲུག་ལ་བཙན་གཡེམ་གཏོང་བ་སོགས་ཇི་ཙམ་ཡོང་གི་འདུག།སོ་སོ་དེ་འདྲ་ཡིན་བཞིན་དུ་ཇོ་ནང་པར་ཐོབ་ཐང་དགོས་ན་བཤད་སྒྲུབ་འགྲན་ཟླ་བྲལ་བ་ཡོང་དགོས་མདོག་སྟོན་པ་ནི་ཧམ་བཤད་དང་དབང་ཡོད་རེད་ད།
༥ད་སྔ་ཚུན་ཇོ་ནང་བའི་ཆོས་ཁོ་ནར་ཡིད་ཆེས་ཀྱིས་མི་ཚེ་སྐྱེལ་མཁན་གྱི་ཛམ་ཐང་རྫོང་ཁོངས་གཅིག་པུར་བོད་དོན་ཆེད་སྲོག་གཏོང་མཁན་དང་རྒྱ་དམར་ལ་ངོ་རྒོལ་བྱེད་མཁན།རང་ལུས་བསྲེགས་མཁན་མང་པོ་བྱུང་སོང་བས།བཙན་བྱོལ་བོད་མི་ཚོ་དྲང་བདེན་དང་འདྲ་མཉམ།ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོད་པ་ཡིན་ན་ཇོ་ནང་པ་ཚོར་སྤྱི་འགྲོས་ཀྱི་ཐོབ་འོས་པའི་ཐོབ་ཐང་དེ་སྤྲོད་དགོས་འདུག།འོན་ཀྱང་།ད་རུང་མུ་མཐུད་ཁ་ཡར་དཀྱུ་མར་དཀྱུ་བྱས་ཏེ་བོད་ནང་གནས་ཚུལ་ཛ་དྲག་དང་རྒྱ་མིའི་མངོན་འདོད་སྒྲུབ་པ།ནང་ཁུལ་དཀྲུག་ཤིང་སོགས་འབྲེལ་མེད་ཀྱི་ཞྭ་ནག་པོ་མགོ་ལ་གཡོག་སྟེ་འབུར་འཇོམས་བྱེད་རྩིས་བྱས་ན།དབང་ཆ་ཡོད་མེད་ཙམ་དང་ཆེ་ཆུང་ཙམ་མ་གཏོགས་བཙན་བྱོལ་སྤྱི་ཚོགས་འདིའང་དོན་དངོས་སུ་རྒྱ་དམར་དང་གཅིག་པ་ཡིན་པའི་དཔང་རྟགས་རེད།
བདེན་རྔ་ལགས་ཀྱིས་སེམས་པ་དཀར་པོའི་གཏམ་ཡིན་ན་ཐུགས་རྗེ་ཆེ་ཞུ། སྐུག་པ་དང་བླུན་པོ་ཡིན་མིན་དེ་གནས་ལུགས་ཀྱིས་འཇལ་བ་ལས་ཁྱོད་དང་ང་གཉིས་བར་ཁ་ཚོན་ཆོད་པ་ཞིག་མ་རེད།
རེད་ཡ། བདེན་པ་དང་གནས་ལུགས་ཀྱིས་གཞལ་དགོས་ཕྱིན་དེ་ཁྱེད་ལ་རི་བོང་གི་རྭ་དང་མཚུངས་བ་གློག་མཁན་ཀུན་གྱིས་ཤེས་ཀྱི་ཡོད་པ་ད་དུང་ཁྱེད་ཀྱིས་མི་ཤེས་སམ།