ཀླུ་སྨྱོན།
ཁོ་བོ་ཤི་རྗེས་རང་གི་ལུས་སེམས་གཉིས་ཀ་འཐིམ་ན་འདོད་སའི་ཕ་ཡུལ་གྱི་རི་སྒང་དང་ནམ་མཁའི་འདྲ་པར།
མི་ཚེ་ཐུང་ཐུང་ཞིག
འདི་ལྟར་དགའ་སྐྱོ་ཆགས་སྡང་གི་སེམས་ཚོར་གྱི་ཀློང་ནས་ཟད་སོང་།
མི་ཚེ་རིང་མོ་ཞིག
འདི་ལྟར་ཐོབ་ཤོར་རེ་དོགས་ཀྱི་བསླུ་བྲིད་འབའ་ཞིག་གི་ཁྲོད་ནས་རྫོགས་སོང་།
རིང་ཞིང་ཐུང་བའི་མི་ཚེ་འདིར།
དགེ་སྡིག་གང་ཞིག་བསགས་ཡོད་མེད་དེ་ཀུན་གཞིའི་བག་ཆགས་ཀྱི་གཏིང་རུམ་དུ་རྒྱས་བཏབ་སྟེ།
ད་ནི་འཆི་བྲོད་ཐིགས་ཚགས་མ་*རེ་བྱེད་རེ་རན།
ད་ནི་འགྱོད་པ་མེད་པའི་ཁ་ཆེམས་སྐྱིད་པོ་རེ་ཡང་འཇོག་རེ་རན།
གལ་སྲིད་ང་རང་སྨན་ཁང་ཞིག་ནས་ཤི་བ་ཡིན་ན།
ངའི་གཟུགས་ཕུང་འདིར་སྒུལ་སྐྱོད་མ་གཏོང་བར་ཉི་མ་གསུམ་ལ་ཞོག
གལ་སྲིད་ང་རང་ཁྱིམ་ཚང་ཞིག་ཏུ་གཉིད་པ་ཡིན་ན།
ངའི་རྣ་ལམ་དུ་ཉི་མ་ལྷ་ས་ཞེས་པའི་གླུ་གཞས་དེ་ཉི་མ་གསུམ་ལ་ཞི་འཇགས་ངང་ཐེངས་རེ་གཏོང་རོགས།
རབ་བྱུང་ན་ངའི་སྒྱུ་ལུས་འདི་རི་མཐོ་ཞིང་ས་གཙང་ས་ཞིག་ཏུ་སྐྱེལ་རོགས་ཞུ།
ངའི་སྨོན་ལམ་འདེབས་སའི་ལྷིང་འཇགས་ཀྱི་གནས་མཆོག་དེ་རུ།
ཆེས་དྭངས་གཙང་གི་ནམ་མཁའི་ཀློང་རུམ་ནས་འཕུར་ཡོང་བའི་བྱ་རྒོད་ཀྱི་ཚོགས་ཀྱིས།
ངའི་ཚོ་ལྗིད་རན་པའི་ལུས་པོ་འདི་ཚོགས་ཀྱི་འཁོར་ལོར་རོལ་རྗེས།
སླར་ཡང་ཆེས་དྭངས་གཙང་གི་མཁའ་དབྱིངས་སུ་འཐིམ་འགྲོ་ཞིང་།
ངའི་རྣམ་ཤེས་ལྡོམ་པོ་དེས་ཀྱང་ལྷོད་ལྷོད་ངང་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་ལོངས་སུ་སྤྱོད་ཐུབ་ཅིང་།
ངའི་སྐྲ་ལོ་ནག་པོ་འདི་དང་ངའི་དུང་སོ་དཀར་པོ་འདི་དག
ཉི་འོད་ལམ་ལམ་དང་རླུང་བུ་བསིལ་བསིལ་གྱི་ཀློང་དུ་འཐིམ་ཆོག་གི་རེད།
ཡང་མིན་ན་ངའི་ཟག་ཕུང་འདི་འབྱུང་བ་མེ་ལ་བསྟིམ་རོགས།
དེ་ནས་ངའི་རུས་ཐལ་ཁུག་མ་གང་བོ་དེ་ཕ་ཡུལ་གྱི་ཕྱོགས་སུ་བསྐུར་རོགས།
ལོ་ངོ་བཅོ་ལྔར་མ་འཕྲད་པའི་ཕ་ཡུལ་གྱི་གཉེན་ཉེ་དེ་ཚོར།
རུས་རྡུལ་དཀར་པོ་དེ་དག་ངས་ཆུང་དུས་ལུག་ཁྱུ་འཚོ་མྱོང་སའི་རི་སྒང་དེར་གཏོར་དུ་འཇུག་རོགས།
འདི་ལྟར་བྱེད་འདོད་པ་ནི།
ངས་ཕ་ཡུལ་གྱི་རི་སྒང་དེ་ནས་རང་གི་བྱིས་པའི་དུས་སུ་བཞག་པའི་རྐང་རྗེས་ཆུང་ཆུང་དེ་དག་ཐེངས་ཤིག་འཚོལ་ན་འདོད།
གང་ལྟར་མཐའ་མའི་ཁ་ཆེམས་ནི།
ངའི་ཕུང་བོ་དུར་དུ་མ་འཇུག་རོགས།
ངའི་གཅེས་པའི་ལུས་པོ་འདི་མུན་ནག་ཁྲོད་དུ་མ་འཇུག་རོགས།
ངའི་མཛེས་པའི་རྣམ་ཤེས་འདིའི་སྟེང་དུ་ས་ནག་འདེད་དུ་མ་འཇུག་རོགས།
ངའི་གནག་སྣུམ་སྐྲ་ལོ་དང་དུང་སོ་སུམ་ཅུ་འདི་དག
ས་འབུ་ཐག་ནར་གྱི་ལོངས་སྤྱོད་དུ་མ་སྟེར་རོགས།
ངའི་རྒྱུ་ནོར་ཡོད་ཚད།
ངའི་ཕ་ཡུལ་གྱི་བྱིས་པ་ཚོའི་སློབ་ཡོན་གྱི་ཆེད་དུ་འབུལ་རྒྱུ་དང་།
ངའི་རྩོམ་ཡིག་ཡོད་ཚད།
ངའི་གྲོགས་པོ་ཚོར་དྲན་རྟེན་གྱི་ཚུལ་དུ་བསྐུར་ཆོག་ཅིང་།
ངའི་རྐང་རྗེས་ཡོད་ཚད་ཀྱི་སྟེང་དུ།
ཉི་འོད་ཅིག་ཕོག་ཅིང་བསིལ་རླུང་ཞིག་ལྡང་དུ་འཇུག་རོགས།
དེ་ཙམ་མ་གཏོགས།
ས་མཐའི་འཁྱམ་པོ་ཞིག་ལ་བརྗོད་མི་ཚར་བའི་ཁ་ཆེམས་ཅི་ཞིག་ཡོད་དམ།
དེ་ཙམ་མ་གཏོགས།
མཁའ་འགྲོའི་སྙིང་སྡུག་ཅིག་ལ་བློས་མི་ཐོངས་པའི་ཞེན་ཆགས་ཅི་ཙམ་ཞིག་ཡོད་དམ།
*འཆི་བྲོད་ཐིགས་ཚགས་མ་ཞེས་པ་འདི་ནི་རྗེ་མི་ལ་རས་པའི་མགུར་གླུ་ཞིག་གི་ཁ་བྱང་རེད།
ཨ་ལགས་ཚང་གི་ཁ་ཆེམས་ཞེས་པའི་རྩོམ་འདི་ངོ་མས་ཡག་གི ཁོང་གི་ཁ་བརྡའི་ནང་ལ་རྩོམ་ཡིག་བྲིས་བྲིས་ཚང་མའི་ནང་ན་འདི་འདྲ་ཞིག་དེ་སྔར་མཇལ་མྱོང་མེད་ཅེས་བརྗོད་ཀྱང་ཆོག
ཡིན་ན་ཡང་ད་རུང་ཁ་ཆེམས་བཞག་ནས་ཕེབས་མི་ཉན་ནོ་མཁྱེན་པར་མཛོད།
བཅོམ་ལྡན་འདི་ནི་བྱོན་པ་ལགས་་་་་་་་་་་་་་་་་་་དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། ཞེས་པའི་སྨོན་ཚིག་འདི་ལ་དགོངས་པ་བཞེས་རོགས་འཚལ།
མཁའ་འགྲོའི་བསུ་ཟློག་མེད་ན་བཞུགས་མིན་མ་ངེས། ཤེས་ཀ ཧཧཧ
མཁའ་འགྲོའི་བསུ་བཟློག་ཚོ་མི་ཤེས། དེ རིང་ཡིན་ན་བླ་རྒན་གྱིས་ཅིག་འགྲིགས་མི་འདུག རོ་ཞིག་ལ་འདི་འདྲའི་ཞེན་ཆགས་ཤིག་ཡོད་ན་ད་ནི་བླ་རྒན་འདི་ཅི་གང་ལ་ཡང་སླེབས་མེད་པའི་རྟགས་རེད། ང་ཚོས་རོ་གོག་འདི་ཚོ་ལ་བསམ་བློ་ཡང་གཏོང་མ་མྱོང་། ཀུ་རེ་ཡིན།
སྐྱུར་མོ་ཞིག་དང་མ་འཕྲད་ན།། མངར་མོ་ཐམས་ཅད་ཅང་ཅང་ཡིན།། འདི་འདྲ་ཞིག་མ་རེད་དམ། གྲོགས་པོ། ད་ཉེན་བརྡ་མང་པོ་ཞིག་བསྒྲགས་སོང་། ཁ་ཆེམས་ཀྱང་བཞག་སོང་། ད་ཤོག ང་ཚོའི་གྲལ་ལ་ཤོག སྐར་མ་ཁ་ཤས་ཀྱི་མཛེས་མའི་ལུས་དྲོད་མྱོང་དུ་ཤོག བརྩེ་དུངས་ཀྱི་སྡུག་བསྔལ་མྱོང་དུ་ཤོག དེ་ནས་ ཁ་ཆེམས་ལྟར་ང་ཚོས་ཅི་བྱེད་ལྟ་ཆོག་
ཨ་ལགས་ཀྱི་ཁ་ཆེམས་ཚང་མའི་མདོ་དོན་ནི། ཇ་སྔུན་ལ་འཇོག་མཁན་གྱི་བོད་རིགས་ཞབས་ཞུ་མ་ཞིག་དགོས་ཀྱི་ཡོད་པ་དེ་རེད།
ད་གསར་མོ་ཚོས་ཨ་ལགས་ལ་བསམ་བློ་ཅུང་ཙམ་གཏོང་རན་རེད་ཡ། ཧ་ཧ། ཀུ་རེ་ཡིན།
གསར་མོ་ཞིག་ལ་འཕྲད་སོང་དུས་མ་འགྲིགས་པ་རེད། དེ་དུས་རྒྱུ་ནོར་ཡོད་ཚད་ཕ་ཡུལ་གྱི་བྱིས་པ་ཚོའི་སློབ་ཡོན་གྱི་ཆེད་དུ་འབུལ་ཟེར་རྒྱུ་དེ་ཚོ་རྨི་ལམ་ལ་ཡང་འཁོར་གི་མ་རེད།
ཡ་ད། ཁ་བཙོག་བཤད་ན་ཁ་བཙོག་བཤད།
ངས་བསམ་ན། ཨ་ལགས་ཀྱིས་རྒྱུ་ནོར་གྱི་གསུམ་ཆ་གཅིག་དེ་ཕ་ཡུལ་དུ་བཏང་ནས་ཕ་ཡུལ་ནས་མཁའ་འགྲོ་མ་ལྟ་བུའི་རིག་མ་ཞིག་ཚུར་ཨ་རི་ལ་བསུས།
རྒྱུ་ནོར་གྱི་གསུམ་ཆ་གཅིག་དེ་ཕ་ཡུལ་གྱི་བྱིས་བ་ཚོའི་སློབ་ཡོན་ལ་བཏང་། དེ་ནས་དེའི་ལྷག་འཕྲོ་གསུམ་ཆ་གཅིག་དེ་དངུལ་ཁང་ལ་བཞག་ནས་།
མཁའ་འགྲོ་མ་དེ་དང་མཉམ་དུ་སྙན་ངག་རེ་འབྲི་བཞིན་མི་ཚེའི་མཐའ་མཇུག་དེ། ཞི་བདེ་བག་ཕེབས་ཀྱི་ངང་ནས་བསྐྱལ་ཐུབ་ན་དགའ་ས་རེད།
ཡ་ད་དྲྭ་གྲོགས་ཆ་བོས་ཁ་ནས་གང་ཐོན་བཤད་ནས་འདུག་རེན་ཟིག་འེ་རེད་ཀོ ཨ་ལགས་ཚང་འདི་ལྟར་ཕེབས་སོང་ན་ང་ཚོའི་ཁང་ཁྱིམ་འདི་ན་དགོད་སྒྲ་མེད་ལ། བཀའ་བཀྱོན་བཏང་ས་ཡང་མེད་སོང་ནི་མིན་ནམ།
ངས་བལྟས་ན་འུ་ཚང་གི་མཛེས་མ་ཚེ་རིང་སྐྱིད་བོས་ཏེ། ཁོང་ཚང་ལ་ཅིག་བཤད་འཇུག་རྒྱུ་ན་ཁ་ལ་ཉན་ནི་ཁོ་ཐག་ཡིན་ནི་རེད་འདོད་ཀི།
མ་གཞི་ནས་ཨ་ལགས་ཚང་གི་སེམས་ཁམས་དཀྲུགས་མཁན་དེ་མཚངས་མ་ཚེ་རིང་སྐྱིད་ཡིན་ཡ། ད་སྙན་ངག་བྲིས་པ་ཚང་ར་འདི་མོ་འདི་རྐྱང་རྐྱང་ཆགས་འདུག་གཱ
ད་ཁྱོད་ཚོ་ཨ་རི་ཡིན་ན་ཡ་རི་ཡིན་ན་དེར་སྡོད་མཁན་ཚོས་ནུས་ཤུགས་གང་ཡོད་ཀྱས་འདིའི་གཉའ་ལ་ཅིག་གཅུད་ན་མ་གཏོགས། ཡུམ་འདིས་ལྟོས་ངན་བཅོ་ས་རེད་དཱ། འདི་ནས་བུ་མོ་གཤིས་བཟང་འདྲ་བསམ་ན་ངས་ཨེ་རག་བལྟ་ཆོག ད་གང་ལྟར་ང་ཚོས་རེམ་ན་རེད། དེ་མིན་འདིས་ཤམས་ཐབ་མགོ་ལ་བརྫེས་རྒྱུར་ཅང་མི་འགོར་གི་པ། ཧ་ཧ་ཧ་ཧ་ཧ་ཧ།
ཀླུ་སྨྱོན་ལགས། རང་བཙན་ཕྱག་སོན་མ་བྱུང་ན་ཡང་མདོ་དབུས་ཁམས་གསུམ་རང་སྐྱོང་ཁོངས་མིའི་ཕྱག་འཁྱེར་ཕྱག་ལ་མ་སོན་བར་དུ་༸སྐུ་ཚེ་ཡུན་དུ་བརྟན་རོགས་གནང་།
ཡ་་་ད་རྣམ་པ་ཚོ་ཅི་རེད། འདི་མོ་ཏག་ཏག་བཤད་ནས།
ཡ་ཡ་་་་ ་ད་བཤད་ན་བཤད། ཁོང་གིས་གསུངས་ན་དེ་ནི་མིའི་བུ་མོ་མ་རེད། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རེད། མི་ཕོས་བགྲད་ན་མི་མོ་རེད། ཉེས་པ་རེད། བླ་མས་བགྲད་ན་རིག་མ་རེད། འོད་གསལ་ཕྱག་རྒྱའི་ཆོ་ག་རེད་གསུངས།
Hi, The life is full choice. The choice is careful. The world is so big if you have many different stresses in New York.
ཧོོོོོོོོོོོོོ ཀླུ་སྨྱོན་ ད་ཚེ་རིང་སྐྱིད་ཁྱེད་གཉིས་ཆང་ས་ནམ་རྒྱག་གིན་ཡིན་ནམ། ང་ལ་སྐད་འཇོག་རྒྱུ་མ་བརྗེད། ངས་ཁྱེད་ལ་བཀྲ་ཤིསམཔའི་ཁ་གཡང་ཞིག་སྒྲོག་འདོད་ཀི་ཡ
འ་རོགས། ད་རྒྱུ་ནོར་ཡོད་ན་ཚེ་ཐོག་འདི་ནས་རང་དབང་རང་ལག་ན་ཡོད་དུས་གཏོང་རོགས། ཤི་སོང་ན་དབང་ཆེན་སུ་ཞིག་གི་ཁྱེར་འགྲོ་ནི་རེད།
རི་སྒང་དེར་སོང་ན་འདོད་ཚེ། མ་ཤི་སྔོན་ལ་རང་དབང་རང་ལག་ན་ཡོད་དུས་ཕེབས་རོགས། ཤི་སོང་ན་བེམ་པོ་དེ་གོང་ཁེ་ས་ཞིག་ཏུ་བདག་གཉེར་བྱེད་འགྲོ་གི་རེད། དུར་ས་ཟོ་གོང་ཆེ་ནི་རེད། གོང་ཁེ་ཤོས་དེ་འཕྲུལ་ཆ་ནང་ནས་སྲེག་རྒྱུ་དེ་རེད།
དུར་སར་བསྐྱལ་ན་ས་ཆའི་རིན་པ། དུར་རྡོའི་རིན་པ། རོ་སྒམ་སོགས་གོང་ཆེ་གི རྣམ་རྟོག་ལངས་ནས་ཟིག་ག་དུར་རྡོ་ཐོག་ཏུ་སྟོན་པ་གཞན་དག་ཅིག་བྲིས་འགྲོ་བ་དེ་རེད། ནེའུ་ཇར་སེ་ན་ནང་པའི་དུར་ཁྲོད་ཅིག་འདུག དེར་བཞག་ན་དུར་རྡོ་སྟེང་དུ་ཡང་མ་ནི་སོགས་ནང་པའི་སྔགས་འབྲི་གི་འདུག
མ་གཞི་བུ་མོ་ཚེ་རིང་སྐྱིད་ལ་ཞུ་བ་ཅིག་ཕུལ་ནས། ཨ་ལགས་ཚང་ལ་ཚེ་དབང་ཅིག་ཕུལ་འཇུག་དགོ མཛེས་མ་ཚང་ལ་ཁ་སང་དེ་རིང་ང་ལས་ཀྱང་བྲེལ་བ་ཚ་སེ་འདུག
ཨ་རོག་བླ་རྒན་ཁྱོད་ཁ་སྔོན་ཞིག་ནས་རིག་རྒྱུ་མེད་ནོ་ཆི་ཟིག་རེད། བདེ་མོ་ཡིན་ནམ།
ལས་ཀས་ཁོམ་གི་ཡོད་ས་མ་རེད་པ། དི་མོ་སྒོར་བསགས་ནས་ཆི་ཟིག་ཡེད་ཁྱིམ་འཁོར་བ་ནི་མེད། རྒན་མོ་ནི་མེད། བུ་ཕྲུག་ནི་མེད། ད་དི་མོ་སྒོར་མོ་ཟོག་དགོས་དོན་མེད་ལ། སྔོན་ཡིན་ན་ཨ་ཁུ་ཆ་བོ་འདས་དུས་བྱ་སྡོང་ཐོག་ནས་འཕུར་བ་འདྲ་ཟིག་དགོས་ཟེར་ར། དེང་སང་བླ་རྒན་ཆ་བོ་ཤུ་སོང་ན་ཤུལ་ན་རྒྱུན་ནོ་ཁུར་མི་ཚར་ནི་ཟིག་ཡོད་ཀི ཨ་ད་ཆི་ཟིག་ཡེད།
འ་རོགས་རྩམ་དགའ། ང་རི་ཁྲོད་པ་རེད། མི་དེ་ཚོས་ང་ཚོ་ལ་འདི་ལྟར་འབོད། ཨ་ཁུ་རི་ཁྲོད་པ་རེད། བྱ་བ་མི་འཕྲོད་པ་རེད་ཟེར་ནི་རེད། ང་ཡང་བྱ་བ་མི་འཕྲོད་པ་ཟིག་ཡིན་ནི་རེད། བྱ་རྡོ་ཐོག་ནི་འཕུར་བ་ལྟར་ཟེར་བ་དེ་ཚོ་སྔོན་བཀའ་གདམས་པའི་སྐབས་ཟིག་རེད། དེང་སང་ད་བྱ་རྙི་ནང་དུ་འཇུ་བ་ལྟར་རེད་འདུག
ཧ་ཧ་ཧ
བྱ་རྙི་ལས་ཐར་བའི་སྨོན་ལམ་ངས་འདེབས་ཆོག་་་་ཨ་ཁུ་རི་ཁྲོད་པ་ལགས།
ཀླུ་སྨྱོན་ཀླུ་སྨྱོན་འབོད་པས་ཀླུ་སྨྱོན་སྨྱོ།།
སྨྱོ་གླུ་བྱ་ཟིན་ཉ་ཟིན་བགོད་རེ་འཆོར།།
ལྷོད་ཀྱིས་གློད་དང་རིག་པ་ཇེ་དྭངས་འགྲོ།
ཀླུ་སྨྱོན་རྣལ་མའི་ངང་དུ་རེ་ཞིག་བཞུགས།
ཨ་རོག་ཡིད་འོང་མ་ལགས།
ཨ་ལགས་ཚང་སྐུ་མྱ་ལས་མ་འདས་གོང་ལ་ཁྱོས་འོ་ཇ་ཚ་བོ་ཚ་བོ་ཀར་ཡོལ་གང་འབུལ་རྒྱུ་མ་བརྗེད་ཨ།
ཁོང་གི་རེ་བ་རེད་ད།
ཨ་ལག་ཚང་འཇའ་ལུས་ལ་མ་ཕེབས་ན་ཐ་མའི་ཆབ་དེ་ང་རང་རང་གིས་དྲངས་ཆོག
དེས་མ་ཚད་བར་དོ་ཐོས་གྲོལ་ཡང་ངས་བཏོན་ཆོག
ཨ་ལག་ཚང་སྐུ་འཇའ་ལུས་ལ་མ་ཕེབས་ན།ཐ་མའི་ཆབ་དེ་ང་རང་རང་གིས་དྲངས་ཆོག་ལ་བར་དོ་ཐོས་གྲོས་ཡང་ང་རས་བཏོན་ཆོག
ཡིད་འོང་མ་ལགས་ཐུགས་རྗེ་ཆེ།
ད་ཡིན་ན་ཨ་ལགས་ཚང་མ་ཟད་ང་ཡང་བློ་བདེ་སོང་། ད་རུང་ཁོང་ཚང་ལ་རེ་བ་གཅིག་རང་གཅིག་ཡོད་ས་རེད། དེ་ནི་རྗེས་མ་ལབ་ཡོང་གོ།
ཨ་ལག་ལགས་་་་ནའི་གཡོོག་ཞུབས་མཁན་ཚོ་དོག་ཟོན་བྱོས་་་་་་་ ཁྱོད་རྒྱུ་ནོར་ཕོན་ཆེན་བཏོང་ནས་མཛེས་མ་ཞིག་གསུ་མཛེས་མ་འདི་ནའི་གཡོག་དུ་སླེབས་ཚེར་མགོ་སེར་ཕོ་གསར་ཞིག་གི་མཉམ་དུ་ཤོ་བ་མང་ཐག་བྱུང་དང་བྱུང་བཞིན་པ་རེད་ཟེར་བ་གོ་ཐོས་བྱུང་་་་་་དེ་དངོས་གནས་ཡིན་ནམ་་་་་་ ཨ་ལགས་ཁྱོད་ཀྱི་ད་དུང་ཤོར་མ་སོང་ངམ་་་་་་