བོད། ལྷ་ཀླུ་གཉན་གསུམ།
སྤྱིར་འགྲོ་བ་མི་མང་བོ་ཞིག་སྐྱེ་བ་ནས་འཆི་བ་ནི་ལྡོག་དུ་མེད་པའི་ཆོས་ཉིད་དུ་འཁུམ་པ་ཡིན་དུས། སྐྱེ་ནས་འཆི་བ་མཐོ་གོང་མ་རྒྱལ་བོ་དང་དམན་སྲང་བར་གྱི་སྤྲང་བོ་དང་བཅས་པའི་འགོ་ཐོག་ན་ཡོད་པ་ནི་སྐྱེ་འགྲོ་དབུགས་ཐོག་ཀུན་ལ་འདྲ་མཚུངས་ཡིན། དེས་ན་བདག་གིས་རང་ཉིད་མ་ཤི་བའི་གོང་གི་དེ་རིང་། ངས་ཁ་ཆེམས་འདི་ལྟར་འཇོག་ན་འདོད།
ནམ་ཞིག་ང་ཤི་འགྲོ་ངེས་ཡིན། དེ་དུས་ངའི་བེམ་པོའི་མཐའ་རུ་འདུས་ནས་མིག་ཆུ་གཏོང་མཁན་གྱི་ཉེ་དུ་སོགས་ལ། ངས་དེ་རིང་འདི་ལྟར་བཤད། ང་དེ་རིང་བདེ་ཞིང་འཚམ་པོ་ཡིན་ན་ཡང་། འཆི་བ་ནི་དེ་རིང་གི་ང་གསོན་པོ་དང་བདེ་ཐང་ཡིན་པ་དེ་ཙམ་གྱིས་ལྡོག་འགྲོ་བ་ཞིག་གཏན་ནས་མིན། ང་ཤི་བའི་ཕྱིར་ཉིན་དེར། ང་རང་ལ་གཅེས་པའི་མི་དག་གིས་ངའི་ཆེད་དུ་མིག་ཆུ་གཏན་ནས་མ་གཏོང་། མིག་ཆུ་གཏོང་བ་ལས་ང་རང་གསོན་མི་ཡུལ་དུ་ཡོད་དུས་ཀྱི་ངའི་མི་ཚེ་ནང་དུ་གང་ཞིག་བརྩོན་པར་བྱས་པ་དེ་དག་ལ་བསམ་བློ་བཏང་ནས། ངའི་རྗེས་སུ་ཁྱེད་ཅག་གིས་ངས་རྨིས་མྱོང་བའི་རྨི་ལམ་དེ་དག་གི་ལྷག་ལུས་བཟང་བོ་འདྲ་ཡོད་ན། དེ་དག་ཁྱེད་ཅག་གིས་སྒྲུབ་རོགས་ཞུ།
གལ་སྲིད། ང་རང་ཉིན་འགའི་རྗེས་སུ་ཤི་སོང་བ་ཡིན་ན། ད་ལྟའི་འཆར་ང་ལ་སྒོར་མོ་དང་སྙན་གྲགས་སོགས་གང་ཡང་མེད། དེ་གཉིས་མེད་པ་ལ་ང་རང་གཏན་ནས་བློ་འགྱོད་ཅིག་མེད། དེ་ཡི་ཕྱོགས་ནས་ཁྱེད་ཅག་གིས་མཇུག་སྐྱོང་བྱེད་ས་གང་ཡང་མེད། ངའི་མི་ཚེ་ནང་དུ་སྒོར་མོ་ཁོ་ནའི་ཆེད་དུ་དུས་ད་ལྟ་ལ་ཐུག་པའི་བར་འབད་འབུངས་གང་ཡང་བྱེད་མྱོང་མེད། དེ་ཡི་ཕྱོགས་ནས་ངའི་ཉེ་འབྲེལ་དག་གི་སེམས་པ་གསོ་བའི་ལས་ཤིག་ངས་འཇོན་མེད། འོ་ན། ངས་གང་ཞིག་བྱས་པ་ཡིན་ཟེར་ན། དཀར་པོ་དགེ་བའི་ཕྱོགས་ཀྱི་སྣེ་ཞིག་ལ་ང་རང་འཇུ་ཁུལ་བྱས་པ་ཡིན། དེ་ནི་སྲོག་ཆགས་དབུགས་ཐོག་ཡོངས་ཀྱི་སྲོག་བཅད་དེ་རང་གི་ལྟོ་བ་འགྲེང་བར་བྱེད་པའི་ལས་དེ་ཉིད་ང་རང་ལོ་ན་བཅོ་བརྒྱད་ལ་སོན་པའི་དགུན་ཁ་དེ་ནས་བཟུང་སྤུངས་པ་ཡིན།
འདི་ནི་ང་རང་ཤི་རྗེས་སུ་ང་ལ་བརྩེ་བའི་ཉེ་དུ་སུ་ཞིག་གིས་མཇུག་སྐྱོང་ཐུབ་པ་ཡིན་ན། དེ་ནི་བདག་གིས་མི་ཡུལ་འདིར་བཞག་པའི་ཁ་ཆེམས་ཡིན། དེང་དུས་ཀྱི་འགྲོ་བ་མི་ནི། གནའ་སྔ་མོ་ལོ་ངོ་བརྒྱ་ཕྲག་རེ་་གཉིས་ཀྱི་གོང་དང་མི་འདྲ་བར། དམར་ཟས་ལ་མ་བརྟེན་པར་འཚོ་བསྡོད་བྱེད་པ་ལ་དཀའ་ངལ་གང་ཡང་མེད། ཟས་བཅུད་འཛོམས་པའི་དཀར་ཟས་ཆེས་མང་བོ་ཞིག་འགྲོ་བ་མིའི་རིགས་ཀྱིས་ད་ལྟའི་འཆར་དཀའ་ངལ་མེད་པའི་ཐོག་ལག་པར་རེག་གི་ཡོད། ཤིང་ཏོག་གི་རིགས། ཚལ་འབྲུའི་རིགས། སྔོ་ཚལ་གྱི་རིགས། བཏུང་བའི་རིགས། ལུས་ཁམས་ལ་འཕྲོད་པ། གཟུགས་པོའི་བདེ་ཐང་ལ་ཕན་པ་སོགས་ཆེས་མང་བོ་ཞིག་ཡོད། དེ་དག་ལག་ལེན་དུ་འདེབས་རོགས་ཞུ། དེ་ནི་ད་ལྟ་གསོན་བཞིན་པའི་ང་རང་གི་ཁ་ཆེམས་ཡིན་ལ། ང་རང་ཤི་རྗེས་སུ་ཁྱེད་ཅག་གིས་སྒྲུབ་འོས་པའི་ལས་ཀ་ཞིག་ཡིན།
འདི་ནི་དེ་རིང་གི་བདག་གི་ཁ་ཆེམས་ཡིན་ལ། སང་ཉིན་གྱི་འགྲོ་བ་ཉེ་དུ་ཡོངས་ཀྱི་སྲོག་ཆགས་གཞན་དག་ལ་བརྩེ་བའི་དང་དུ་ལེན་པའི་ཐབས་ཤེས་ཡག་ཤོས་དེ་ཡིན། གཅིག་བྱས་ན་ངའི་ཁ་ཆེམས་ཐུང་ཐུང་འདི་ཀློག་མཁན་རེ་ཟུང་གིས་དགད་མོ་སློང་བྱེད་ཅིག་ཡིན་སྲིད་ཀྱང་། ཞིབ་མོ་བློ་ཡིས་དཔྱད་པ་བྱེད་པར་དགའ་བའི་མི་དག་ལ་ཕན་ངེས་པར་སྙམ་ནས། མ་ཤི་གོང་གི་དེ་རིང་གི་ངས་ཐད་ཀར་སྙིང་ཉེ་བའི་ཀློག་མཁན་དག་ལ། ཉིན་གཅིག་གི་ངལ་གསོའི་ཆེད་དུ་བྲིས།
ཡཡཡ། མི་བརྗེད་ཨ།
ང་སང་ཉིན་འཆི་ན་ཐང་། ངས་ཁ་བའི་གཞོན་སྐྱེས་རྣམས་ལ་ཁ་ཆེམས་ཤིག་འཇོག རང་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་རྣམས་ཐུགས་ཀྱི་དཀྱིལ་དུ་ཞོགས། ང་ཚོའི་རིག་གཞུང་དེ་ཇི་སྲིད་གནས་པ་དེ་སྲིད་དུ་ང་ཚོ་འཆི་མེད། ང་རྒྱ་དམར་གྱི་བསད་ཀྱང་འཆི་མེད་ངའི་སེམས་ལ་བོད་ཀྱི་རིག་གཞུང་ཡོད། ང་བསོན་པོར་གནས་པ་ནི་བོད་སྐད་དང་བོད་ཡིག་བོད་ཀྱི་ནང་ཆོས་ཁོ་ན་ཡིན།
འོ་ཡ་ བརྗོད་དོན་ཟབ་པའི་རྩོམ་ཐུང་དེས་བསླབ་བྱ་ཤིན་ཏུ་བཟང་ཁོ་བོས་ཀྱང་ཤི་ཁའི་ཁ་ཆེམས་འགྱུར་བ་མེད་
པ་ཞིག་བཞག་དགོས།
རྩོམ་ཡིག་དེ་ཕལཆེར་དེ་སྔོན་ཐེངས་གཅིག་ཁ་བརྡ་དྲ་རྒྱའི་ནང་བཞག་ཟིན།
ངའི་མཆན་དང་པོ་ཏོག་ཙམ་ནོར་བ་འདྲ་གང་ཞེ་ན་ཕལ་ཆེར་ཁྱོད་ཤི་བའི་དུས་སུ་ངུ་མཁན་ལ་ཁ་ཆེམས་བཞག་པ་མ་ཡིན་པ་འདྲ། ཁྱེད་གསོན་ཁ་མའི་ཁ་ཆེམས་ལྡོག་མེད་ཞིག་རང་ཐོག་ནས་བབས་ཡོང་བར་མངོན་ ཡིན་ནའང་ད་དུང་ཨུ་ཚུགས་ཀྱི་ཞིབ་དཔྱོད་ལ་སྤོབས་པ་ཉམས་མི་ཉེན། ཕ་བཟང་བུ་དང་མ་བཟང་བུ་མོ་ཚོ།
ད་རི་བོ་ཡིན་ཀྱང་ཨི་ཁུང་ཕུགས་ཐུབ་པ་ཞིག་བྱ་དགོས་མོད། ཧཧཧ