སྤོབས་པ་མཐའ་ཡས།
ཁ་དང་ཁ་སྤུ་དབྱེ་འབྱེད་ཅེས་པའི་གཏམ་དཔེ་རྙིང་པ་འདི་ལ་བསམ་ཞིབ་ཅིག་བྱས་ན་ད་གཟོད་རི་བོ་དགེ་ལུགས་པ་དང་། རྒྱལ་ཆེན་ཤུགས་ལྡན། རྒྱལ་བ་རིན་པོ་ཆེ་བཅས་ཀྱི་བར་གྱི་འབྲེལ་བ་ལ་དྲན་གསོ་དང་། འགལ་བ་ཡོད་ན་དེ་སེལ་ཐབས་ལ་བསམ་གཞིག་ཁ་གསལ་པོ་ཞིག་བྱེད་ཐུབ། དགེ་ལུགས་པ་ནི་ཁ་ལྟ་བུ་ཡིན་ཞིང་མི་ཞིག་ཡིན་ཕྱིན་ཁ་མེད་པར་བཟོ་ཐབས་མེད། རྒྱལ་བ་རིན་པོ་ཆེ་དང་རྒྱལ་ཆེན་ཤུགས་ལྡན་ནི་ཁ་དེའི་འགྲམ་དུ་སྐྱེས་པའི་ཁ་སྤུ་ལྟ་བུ་ཞིག་རེད། ཁ་སྤུ་དེ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བ་ཞིག་རེད། གང་གི་ཕྱིར་ཞེ་ན། གཅིག་དེ་ནི་ཆོས་སྲིད་ཟུང་འབྲེལ་གྱི་བླ་དཔོན་ཟུར་བ་ཞིག་དང་གཞན་དེ་ནི་རྣམ་རྟོག་གིས་བཟོས་པའི་ལྷ་འདྲེ་ཞིག་ཡིན་པས་སོ།།
རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་ཁ་སྤུ་བཞར་མེད། དེར་བརྟེན་དགེ་ལུགས་པའི་བླ་ཆེན་ཕལ་མོ་ཆེས་དེ་ལ་མིག་དཔེ་བལྟས་ནས་ཁ་སྤུ་རིང་ཐུང་ཅི་རིགས་བཞག་ནས་རྫིགས་ཉམས་སྟོན་སྲོལ་བྱུང་། དེའི་རྗེས་སུ་རྒྱལ་བ་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོས་ཁ་སྤུ་བཞར། དེར་བརྟེན་དགེ་ལུགས་པའི་བླ་ཆེན་ཕལ་མོ་ཆེས་ཀྱང་ཁ་སྤུ་བཞར་ནས་མཛེས་ཉམས་སྟོན་སྲོལ་བྱུང་།
འདིར་ལོ་རྒྱུས་དང་སྦྱར་བའི་དཔེ་མཚོན་ཞིག་གླེང་། དགེ་ལུགས་པའི་ཆོས་བརྒྱུད་ནི་རྗེ་ཙོང་ཁ་པ་ནས་བྱུང་། རྗེ་ཙོང་ཁ་པ་དང་ཁོང་གི་སློབ་མའི་གཙོ་བོ་གཉིས་ཏེ་རྗེ་ཡབ་སྲས་གསུམ་གྱི་རིང་ལ་རྒྱལ་བ་རིན་པོ་ཆེ་ཟེར་བ་ཞིག་མེད་ལ་རྒྱལ་ཆེན་ཤུགས་ལྡན་ཟེར་བ་ཞིག་ཀྱང་མེད། སྐབས་དེ་ནི་དགེ་ལུགས་པ་ལ་ཁ་སྤུ་སྣ་སྤུ་དེ་ཚོ་མ་སྐྱེས་པའི་དུས་རེད། རྗེ་དགེ་འདུན་གྲུབ་པའི་ཡང་སྲིད་རབས་གསུམ་པ་བསོད་ནམས་རྒྱ་མཚོའི་སྐུ་ཚེ་སྨད་ལ་སོག་པོ་དང་འབྲེལ་བ་བྱུང་ཞིང་ཏཱ་ལའི་བླ་མ་ཞེས་པའི་མིང་གནས་ཐོག་མར་བྱུང་། སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོའི་དུས་སུ་སོག་པོའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཀྱི་སྲིད་དབང་བཟུང་བར་བརྟེན་ཏཱ་ལའི་བླ་མ་ནི་དགེ་ལུགས་པའི་ཁ་སྤུ་བརྗིད་པོ་ཞིག་ཏུ་གྱུར། དེའི་ཡས་མས་ཤིག་ནས་དགེ་ལུགས་པ་ལ་རྒྱལ་ཆེན་ཤུགས་ལྡན་ཟེར་བའི་ཁ་སྤུ་སྣ་སྤུ་གཞན་ཞིག་ཀྱང་སྐྱེས། དགེ་ལུགས་པས་ཁ་སྤུ་དེ་གཉིས་ལ་བརྟེན་ནས་དཀར་ནག་ལས་ཀྱི་རི་མོ་འདྲ་མིན་སྣ་ཚོགས་ཤིག་མཐོ་སྒང་གངས་རིས་བསྐོར་བའི་ལྗོངས་འདིར་བྲིས་ཡོད།
དེ་ཡང་རྒྱལ་བ་རིན་པོ་ཆེ་ཟེར་བའི་ཁ་སྤུ་དེ་ལ་བརྟེན་ནས་དགེ་ལུགས་པས་བོད་གངས་ཅན་ལྗོངས་ཀྱི་ལྷ་སྡེ་ཚོར་ཁྲལ་བསྡུ་ཁྲིམས་གནོན་དང་། དགོན་གནས་འདེབས་པ། རྒྱ་སོག་གི་དད་ལྡན་སྤྱི་ཚོགས་ཚོའི་ལག་ནས་འབུལ་བ་སྡུད་པ་སོགས་ལག་ཆ་ཡོད་ན་མེད་ན་ཞིག་ཏུ་ཡང་གྱུར་མྱོང་། བར་སྐབས་ཤིག་ཏུ་རྒྱལ་ཆེན་ཤུགས་ལྡན་ཀྱང་དེ་བཞིན་དུ་དགེ་ལུགས་པར་ཁས་འཆེ་བའི་མི་སྣ་མང་པོས་ཕྱི་ནང་དད་ལྡན་ཚོར་འདོད་པ་ཡིད་བཞིན་འཇོ་བའི་བསླུ་བྲིད་དང་། མི་འདོད་པས་ཚར་གཅོད་པའི་འཇིགས་སྐུལ་གྱི་ལག་ཆ་མི་ཆེ་མི་ཆུང་ཞིག་ཏུ་གྱུར་མྱོང་།
ལོ་རབས་བརྒྱ་ཕྲག་ཉེར་གཅིག་པར་འབོད་པའི་དུས་འདིར་སྤྱི་ཚོགས་སྤྱི་ཡི་འགྱུར་འགྲོས་བཞིན་དུ་དགེ་ལུགས་པ་ལ་ཁ་སྤུ་སྣ་སྤུ་སྣུམ་དྲི་ཐུལ་ལེ་བ་དེ་ཚོ་དགོས་མཁོ་ཇེ་ཆུང་ལ་འགྱུར་གྱིན་ཡོད་མོད་རྩད་ནས་འབྲེགས་ཐུབ་མེད། ཡིན་ན་ཡང་། ཁ་སྤུ་ཕྱོགས་གཅིག་འབྲེགས་དགོས་ཚུལ་གྱི་འུར་སྒྲ་བསླངས་ནས་མི་ལོ་བཅུ་ཕྲག་ཁ་ཤས་འགོར་ཡོད། སྤྱིར་ན་ཁ་སྤུ་དེ་ཚོ་དགོས་དང་མི་དགོས་ཀྱི་དོག་སློང་ཞིག་བྱུང་བ་དེ་ཙམ་ཡང་བཀྲ་ཤིས་པའི་བྱ་བ་ཞིག་ཡིན། སྟོན་པ་ཐུགས་རྗེ་ཅན་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་དུས་སུ་སྐྲ་དང་ཁ་སྤུ་འབྲེགས་སྲོལ་ཡོད་པ་དང་། སྤྱི་ཚོགས་ཕལ་མོ་ཆེར་ཁ་སྤུ་རིང་པོ་འཇོག་སྲོལ་ཉམས་ཀྱིན་ཡོད་པས་དགེ་ལུགས་པས་ཁ་སྤུ་འབྲེགས་པའི་ལས་འགུལ་འདི་མཚམས་འཇོག་མི་རུང་། འདི་ནི་སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་དར་ཐེར་གྱི་ལས་འགུལ་ཞིག་དང་། དེང་རབས་སྤྱི་ཚོགས་ཀྱི་སྔོན་ཐོན་ལམ་སྲོལ་ཞིག་ཀྱང་ཡིན།
མཇུག་བསྡུ། གོང་དུ་སྨྲས་པ་བཞིན་དུ་དགེ་ལུགས་པ་ནི་ཁ་ལྟ་བུ་ཡིན་པས་ཁ་མེད་པར་བྱེད་ཐབས་མེད། འོན་ཀྱང་དོལ་རྒྱལ་དགེ་ལུགས་པའི་ཁ་སྤུ་ཞིག་ཡིན་པ་བཞིན་དུ་རྒྱལ་བ་རིན་པོ་ཆེ་ཡང་ཁ་སྤུ་གཞན་ཞིག་ཡིན། ཁ་སྤུ་འདི་རིགས་རྫིགས་ཉམས་དང་བརྗིད་ཉམས་ལ་བརྩི་སྲོལ་ཡོད་པའི་དུས་སུ་འཇོག་དགོས་ཤིང་དེ་ལྟར་མི་བརྩི་བའི་དུས་སུ་འབྲེགས་ན་སྟབས་བདེ། འདི་ནི་ཡུལ་དུས་སྤྱི་ཚོགས་ཀྱི་གནས་སྟངས་དང་འགྱུར་འགྲོས་ལ་བསྟུན་ཆོག འདི་ལ་ཁ་དང་ཁ་སྤུ་དབྱེ་འབྱེད་ཟེར།
སྤོབས་པ་མཐའ་ཡས་ཀྱི་ཁའི་འགྲམ་ལ་ངའི་མཇེ་སྤུ་འགའ་ལུས་སོང་བས་དང་པོ་དེ་གཙང་མ་ཞིག་ཐུབ་ན་ཁོའི་ཀུན་སློང་དེ་ཅུག་ཞིག་གཙང་རུ་འགྲོ་ངེས་རེད།།།།
་་་་་་་སྤོབས་པ་མཐའ་ཡས་ཀྱི་ཁའི་འགྲམ་ལ་ངའི་མཇེ་སྤུ་འགའ་ལུས་སོང་བས་དང་པོ་དེ་གཙང་མ་ཞིག་ཐུབ་ན་ཁོའི་ཀུན་སློང་དེ་ཅུག་ཞིག་གཙང་རུ་འགྲོ་ངེས་རེད།
བླ་མ་དད་གདོན་འདྲེ་གཉིས་གནས་བབ་གཅིག་ལ་བཞག་ནས་དཔྱད་བརྗོད་སྤེལ་མཁན་ནི་སྤོབས་པ་མཐའ་ཡས་ཀྱི་ཕན་ལ་གུང་ཕྲན་དམར་པོ་མ་གཏོགས་བྱུང་མྱོང་ཨེ་ཡོད། དགེ་ལུགས་པ་ཁ་དང་རྒྱལ་བ་རིན་པོ་ཆེ་དང་དོལ་རྒྱལ་གཉིས་གསར་དུ་སྐྱེས་པའི་ཁ་སྤུ་ཞིག་ཡིན་པའི་དབང་དུ་བཏང་ཡང་། གཅིག་ནི་ཁ་ཡི་མཛེས་རྒྱན་དུ་གྱུར་པའི་ཁ་སྤུ་དང་། གཅིག་ཤོས་ནི་ཁ་ཡི་ཞབས་འདྲེན་དུ་གྱུར་པའི་ཁ་སྤུ་ཞིག་ཡིན་པས། དེ་གཉིས་གནས་བབ་ཅིག་ལ་བཞག་ནས་ཡོད་མེད་འདྲ་འདྲ་ཡིན་པར་བཤད་པ་ནི་བཟང་ངན་དབྱེ་འབྱེད་མི་ཤེས་པའི་མི་བསམ་མེད་ཀྱི་སྐད་ཆ་བཤད་སྟངས་ཤིག་ཡིན་པ་ས་རིས་ཐང་གསལ་རེད།
་་་་་་་ འདིར་ལོ་རྒྱུས་དང་སྦྱར་བའི་དཔེ་མཚོན་ཞིག་གླེང་། དགེ་ལུགས་པའི་ཆོས་བརྒྱུད་ནི་རྗེ་ཙོང་ཁ་པ་ནས་བྱུང་། རྗེ་ཙོང་ཁ་པ་དང་ཁོང་གི་སློབ་མའི་གཙོ་བོ་གཉིས་ཏེ་རྗེ་ཡབ་སྲས་གསུམ་གྱི་རིང་ལ་རྒྱལ་བ་རིན་པོ་ཆེ་ཟེར་བ་ཞིག་མེད་ལ་རྒྱལ་ཆེན་ཤུགས་ལྡན་ཟེར་བ་ཞིག་ཀྱང་མེད། ་་་་་་་་་་
སྤོབས་མཐའ་རང་། བོན་པོ་ཡིན་པ་དང་། ཡང་ན་ཆོས་མེད་དད་མེད་རང་འཁྱམས་པ་ཅིག་ཡིན་ན། དགེ་ལྡན་པར་ཁ་དང་། ༸གོང་ས་མཆོག་ཁ་སྤུ་ལ་དཔེ་སྦྱར་ནས་བཤད་ན། གཞན་རྣམས་བགད་པོ་གད་བགྱངས་བསྒྲག་རྒྱུ་ལས་ལྷག་མེད། སྤོབས་མཐའ་ལགས།
སྤོབས་པ་མཐའ་ཡས་ཕྱི་རྒྱལ་ལུང་པ་གང་རུང་ཞིག་ནས་རྒྱལ་བ་རིན་པོ་ཆེར་རྡོ་བརྒྱབ་ནས་བོད་མིའི་སྙིང་ལ་རྨ་སྦྱིན་པ་དེས་ང་ཅུང་བློ་ཕམ་ཡོད། འདྲེ་ཤར་ལ་བཞག་ནས་ ཀླུད་ནུབ་ལ་གཏོང་བ་དེ་ཁྱོས་བླ་མེད་འདར་མ་ཞིག་གི་རང་མདོག་སྟོན་མ་སོང་ངམ།
སྤོབས་མཐའ་འདིས་འབྲི་རྒྱུ་ཅང་རེག་གི་མེད་པ་འདྲ།
སྤོབས་མཐའ་ལ་འདྲི་རྒྱུ་ཞིག། དགེ་ལུགས་པའི་ཁ་སྤུ་དེ་གཉིས་ཀྱི་གང་སྨ་ར་དང་གང་ཨག་ཚོམ་ལ་ངོས་འཛིན།
ཆོས་འཕེལ་དར་རྒྱས་ལགས། ཁ་སྤུ་དེ་རིགས་སྨྲ་ར་དང་ཨག་ཚོམ་གང་ལ་ངོས་འཛིན་དགོས་མི་དགོས་དེ་ཡུལ་དུས་དང་སྤྱི་ཚོགས་ཀྱི་གནས་སྟངས་འགྱུར་འགྲོས་ལ་བལྟས་ནས་གཏན་ལ་འབེབས་དགོས་པའི་འགྱུར་བ་ཅན་ཞིག་ཡིན་པ་ལས་ཏན་ཏན་ཏག་ཏག་མི་འདུག
དང་པོ། དེ་རིང་ཁ་སང་དོལ་རྒྱལ་ཁ་འཁྱེར་ངང་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་ཕལ་ཆེ་བ་གུང་ཁྲན་ཏང་དང་ངན་པ་ལག་སྦྲེལ་བྱེད་ཀྱི་ཡོད་པར་བརྟེན། ཁོ་པ་ཚོ་སྲིད་དོན་གྱི་ཁེ་ཕན་འཚོལ་མཁན་ཞིག་ལས་ཡང་དག་པའི་ཆོས་ལུགས་མི་སྣ་ཞིག་གཏན་ནས་མིན། གཉིས་པ། ཁོ་པ་ཚོས་ནང་པའི་སངས་རྒྱས་པའི་སྐྱབས་འགྲོའི་བསླབ་བྱ་སྟེ། དཀོན་མཆོག་གསུམ་ལས་གཞན་པའི་སྐྱབས་གནས་མཐར་ཐུག་ཅིག་མེད་པའི་རྩ་དོན་ལ་རྒྱབ་འགལ་བྱས་སྟབས། སངས་རྒྱས་ཆོས་ལུགས་པའི་རྗེས་བྲངས་ཤིག་མིན་པ་གསལ་བོ་དག་པོ་རེད། གསུམ་དུ། ཁོ་ཚོས་དོལ་རྒྱལ་གྱི་འདུ་ཤེས་སྲུང་སྐྱོབས་དང་ཁྱབས་སྤེལ་བྱེད་པའི་ཐབས་ལམ་དེ་སྤྱི་དམངས་ལ་འཇིགས་བསྐུལ་དང་། མི་གསོད་ཀྱི་དོན་རྐྱེན་བརྒྱུད་ནས་འགྲོ་བཞིན་ཡོད་སྟབས་དོན་དམ་དུ་ཆོས་ལུགས་ཐལ་བསྐྱོད་རིང་ལུགས་པའི་བྱ་སྤྱོད་རང་ལས་མ་འདས། དེར་བརྟེན་དུས་ཚོད་ཀྱི་སྔ་ཕྱི་ཙམ་མ་གཏོགས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁོ་ཚོ་འཇིགས་བསྐུལ་རིང་ལུགས་པའི་ཁོངས་སུ་ངོས་འཛིན་གྱིས་རྡུང་རྡེག་ཚ་ནན་ཕོག་ངེས་རེད་དོ།
ཀརྡོ་ལགས་སྨྱོ་སྐད་མང་པོ་མ་རྒྱབ་རོགས། སྤོབས་མཐའ་བོན་པོ་ཡིན་མིན་དྲ་ཉུལ་བ་ཚང་མས་ཤེས་གསལ་རེད། ཁོས་བོན་ལ་དམའ་འབེབས་བྱེད་བྱེད་སུས་ཀྱང་བྱས་མ་མྱོང། ད་དུང་ཁོ་བོན་པོ་རེད་ཨེ། དེ་ལས་ཁྱེད་རང་མིས་བྲིས་པ་དེ་ཚོ་ཕར་བཤུས་ཚུར་བཤུས་བྱེད་དེ་དྲ་རྒྱའི་ཤོང་ཚད་དེ་ཚོ་རྦད་དེ་བཀངས་ན་ལེགས་ཤོས་རེད།
# 11 བན་དེ་བ།་ལགས་ཀྱིས་མཆན་བཏབ་པ།:
May 26th, 2014 at 2:28 AM
ཀརྡོ་ལགས་སྨྱོ་སྐད་མང་པོ་མ་རྒྱབ་རོགས། སྤོབས་མཐའ་བོན་པོ་ཡིན་མིན་དྲ་ཉུལ་བ་ཚང་མས་ཤེས་གསལ་རེད། ཁོས་བོན་ལ་དམའ་འབེབས་བྱེད་བྱེད་སུས་ཀྱང་བྱས་མ་མྱོང། ་་་་་་་་་་
སྤོབས་མཐའ་ཁྱེད་རང་། བོན་པོའི་སྤྱི་ཚོགས་ནས། སྔོན་མ་ནས། ཕུད་ཚར་འདུག་གདའ། ཧཧཧཧ། ཀུ་རེ་ཡིན་ནོ།། །།
སྤོབས་མཐའ་ལགས། ལེགས་པར་མཐོང་ངོ་། ཁ་སྤུ་བཞར་དུས་གཟབ་གཟབ་མ་བྱས་ན་གདོང་ལ་རྨ་བཟོ་སྲིད་པའོ་།
བཞག་ན་འདོད་པའི་ཡ་སྤུ་འདི།
ཉམས་བརྗིད་ལྡན་ལ་ཀུན་དགའ་ཡིན།
ཁ་ལ་མཛའ་བའི་མཛེས་རྒྱན་ཡིན།
གླིང་བཞི་དགའ་བས་བཞར་སྲོལ་ཉུང་།
བཞག་ན་མི་འདོད་མ་སྤུ་འདི།
ར་མ་བསེ་བོའི་མན་རྩིད་ཡིན།
དྲི་བྲོ་རང་རོགས་རྫོད་སྤྱད་ཡིན།
དེ་ལ་དགའ་བའི་སྐྱེ་བ་མེད།
ཁ་སྤུའི་དབྱེ་བ་འདི་འདྲ་རེད།
བསམ་གཞིགས་མཚོ་འདྲ་འདྲ། དབྱེ་ཞིབ་རླབས་ལྟ་བུ། དུས་ཀྱི་ངོ་བརྡོལ་བས། ཐུགས་ཕན་གསོ་ངེས་སོ།
ཡུལ་དུས་གནས་སྐབས་གང་འདྲ་ཞིག་ལ་ཡང་། དྲིན་ཅན་ལ་དྲིན་ལོག་དང་ཡོན་ཏན་ཅན་གྱི་སྐྱེས་བུ་དམ་པར་སྨ་འབེབས་དང་སྐུར་འདེབས། ཟུར་ཕུད་གཏོང་བ་ནི་འཇིག་རྟེན་འདིར་བཟང་པོར་བརྩི་བའི་དུས་ཤིག་ཡོང་མི་སྲིད་དོ།
མ་འོང་བར་རྒྱལ་བ་རིན་པོ་ཆེ་མི་མཁོ་བའི་དུས་ཤིག་འོང་སྲིད་པ་རེད། འོན་ཀྱང་ད་ལྟའི་དུས་འདིར་བོད་མི་བརྒྱ་ཆའི་གོ་དགུས་རྩིས་མཐོང་ཡོད་པར་མ་ཟད་རྒྱལ་བ་རིན་པོ་མེད་ཐབས་མེད་པ་ལྟ་བུར་ཆགས་ཡོད་པ་གསལ་པོ་རེད། མ་འོང་བར་དོལ་རྒྱལ་མུ་མཐུད་དེ་གནས་ཤིང་རྒྱལ་བ་རིན་པོ་ཆེ་ཞེས་རྩིས་མཐོང་མེད་པ་ཆགས་སྲིད་པ་རེད། འོན་ཀྱང་ད་ལྟའི་དུས་འདིར་དོལ་རྒྱལ་དང་རྒྱལ་བ་རིན་པོ་གཉིས་བསྡུར་ཐབས་བྲལ་བ་རེད།།
དགེ་ལུགས་པ་རྒྱ་མཚོ་ལྟ་བུ་ལ་ཆགས་བཞག་ན་། རྒྱ་བ་རིན་པོ་ཆེ་ནི་དེའི་ནང་གི་རིན་ཐང་བྲལ་བའི་ནོར་བུ་ཞིག་དང་དོལ་རྒྱལ་ནི་དེའི་ནང་གི་ཆུ་སྲིན་(shark)ཆེན་པོ་ཞིག་ཡིན་། ཆུ་སྲིན་ལ་ཡོད་ཚད་འཇིགས་ཤིང་། ནོར་བུ་ལ་ཡོད་ཚད་ཀྱིས་ཡིད་སྨོན་ཤོར་། དེ་ནི་དེ་ཟུང་གི་རིན་ཐང་དང་ཀུན་སྤྱོད་ཀྱི་ཁྱད་པར་རེད་།
རྩོམ་རྩལ་འདུག དུས་རབས་ཀྱི་ནོར་བུ་རེད།
ཁ་དེ་མ་ལས་བརྩལ་དུས་ནས་ཡོད་པ་རེད་ལ་ཟ་བཏུང་གི་བྱེད་པོ་ཡིན་པ་མ་ཟད་ལུས་སྲོག་འཚོ་བར་མེད་དུ་མི་རུང་བ་ཞིག་རེད། འོན་ཀྱང་ཁ་སྤུ་ནི་ཆགས་སྲེད་འཕེལ་བའི་དུས་མཉམ་རེད་ལ་ཟ་བཏུང་གི་བཅུད་འཕྲོག་བཅོམ་བྱེད་མཁན་གྱི་ཇག་ཚོགས་ལྟ་བུ་རེད། དེས་ན་ངས་ཁ་དང་ཁ་སྤུ་དབྱེ་བ་འདི་ལྟར་འབྱེད། འོན་ཀྱང་སྤོབས་མཐའ་ལ་ཁ་ལས་ཁ་སྤུ་གལ་ཆེ་་ལ་ཁ་སྤུའི་རྒྱན་ཆ་དེ་བྱུང་ན་ཁ་དགོས་པ་མེད་པ་རེད་དོ།
གནམ་ལོ་དང་སྤོབས་པ་འདི་ཚོའི་མི་གཤིས་ཇི་འདྲའི་སྐྱུགས་བྲོ་བ་ཞིག་རེད་ཨང་། སྟབས་ཡག་ནས་རིག་གནས་གསར་བརྗེ་མཇུག་རྫོགས་ཚར་བ་རེད་མ་གཏོགས། མི་འདི་གཉིས་ཀྱིས་རྒྱལ་བ་རིན་པོ་ཆེར་ཤོག་བུའི་ཞྭ་མོ་གཡོག་ནས་རྡོ་ཟུར་གྱིས་སྐུ་ཤ་དམར་འདྲད་བྱེད་མཁན་གྱི་སྔོན་པ་བྱེད་ངེས་ཀྱང་། བསམ་བློ་འདི་འདྲ་ཡོད་མཁན་གྱི་བོད་མི་ཚོས་བོད་ནང་རིག་གནས་གསར་བརྗེ་ལག་ལེན་བསྟར་བ་རེད། པན་ཆེན་རིན་པོ་ཆེར་འཐབ་རྩོད་བྱེད་མཁན་ཡང་མི་འདི་རིགས་རེད། འོན་ཀྱང་མི་ངན་ཁྱེད་ཚོ་རླུང་རྟ་ཆགས་ནས། སྐྱེས་དུས་ཕྲན་བུ་འཕྱི་དྲགས་པ་རེད། རིག་གནས་གསར་བརྗེ་མཇུག་རྫོགས་པ་རེད། བྱས་ཙང་ད་ནི་༧རྒྱལ་བ་རིན་པོ་ཆེ་ཐག་པས་བཀྱིགས་ནས་ལག་རུབ་བྱས་ཏེ་འཐབ་རྩོད་བྱེད་རྒྱུའི་གོ་སྐབས་ཁྱེད་ཚོར་མ་རག་རེད། འོན་ཀྱང་འཛམ་གླིང་ཆེ་རྒུའི་དབུས་ན་མཚན་སྙན་ཆེས་ཆེར་རྒྱས་པའི་བོད་ཀྱི་ཕོ་རྒོད་བསྟན་འཛིན་རྒྱ་མཚོར་བློ་ངན་ཁྱེད་ཅག་གིས་ཚིག་ངན་གྱི་འཐབ་རྩོད་མུ་མཐུད་བྱེད་ཐུབ་ཀི་རེད། ཁོང་བླ་མ་དང་སངས་རྒྱས་ཡིན་པའི་འདུ་ཤེས་མེད་ཀྱང་རུང་མོད། བོད་དོན་ཆེད་དཀའ་ལས་བརྒྱག་མཁན་གྱི་བོད་མི་ཕོ་རྒོད་ཅིག་གི་མཐོང་ཙམ་ཡང་མེད་པར། ཡོད་པ་ལས་མེད་ན་དགེ་བའི་འདྲེ་སྒྲུང་རྙིང་བ་དོལ་རྒྱལ་དང་༧བོད་ཀྱི་ལོ་རྒྱུས་ནང་ཆེས་སྙན་གྲགས་འབར་བའི་ཕོ་རྒོད་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་གཉིས་གཅིག་པ་བཟོ་བ་ནི་ཇི་འདྲའི་ཡིད་ཐང་ཆད་དགོས་པའི་བྱེད་སྟངས་ཤིག་རེད་མི་འདུག་གམ།
སྤོབས་པ་ལ་ཡོད་པ་ཚིག་སྒྲིག་ཡག་པོ་འབྲི་ཤེས་ཙམ་དང་རྙོག་རྩོམ་འབྲི་རྒྱུའི་དུས་ཚོད་ལྷུག་ལྷུག་ཡོད་པ་ཙམ་རེད། ཆ་རྐྱེན་འདི་གཉིས་སྤྱད་ནས་སྤོབས་པས་གླེན་བཤད་བྱས་ཚད་གསལ་བཤད་བྱེད་ཐབས་མེད་ཀྱང་། འདྲེ་སྒྲུང་ཞིག་དང་བོད་མི་ཞིག་དང་དེའི་ནང་ནས་བྱས་རྗེས་དང་སྙན་གྲགས་འཛམ་གླིང་ཧྲིལ་བོར་ཁྱབ་པའི་ཕོ་རྒོད་བསྟན་འཛིན་རྒྱ་མཚོ་གཉིས་ཡོད་ན་མེད་ན་གཅིག་པ་རེད་ཟེར་བ་འདིས་སྤོབས་ཤེས་ཚད་རྒྱ་མ་བཀྱགས་ཚར་བ་རེད། མ་གཞི་ཆོས་པ་ཚོའི་ནང་ན་ཁྲེལ་མེད་ལུགས་ཀྱི་མི་མཐའ་འདི་འདྲ་མང་པོ་རེད། མཐའ་ན་བྱས་རྗེ་ཅན་གྱི་མི་ཞིག་ལ་འདྲེ་ཞིག་གི་མཐོང་ལས་མི་སྤྲོད་མཁན་ཞིག་ལ་ཡ་བྱེད་རིན་མེད་མོད། ཀློག་མཁན་འདམ་ཀླད་ཅན་ཚོར་དམིགས་པ་ཙམ་ཡིན།
སྤོབས་པ་ཁྱེད་ཀྱིས་ཟམ་གདོང་བླ་མ་དོལ་རྒྱལ་དགོན་པར་འགྲོ་གི་རེད་ཟེར་བ་དེ། ད་དུང་མ་བརྗེད་པ་གྱིས། ངས་སྒུག་ཡོད། ངས་ད་དུང་ཡང་གཟམ་གདོང་བླ་མའི་འགྲོ་འདུག་ལ་ལྟ་ཞིབ་བྱེད་ཀི་ཡོད། འོན་ཀྱང་མི་ངན་ཁྱེད་ཀྱིས་ཉོག་བཤད་ཙམ་ལས་འབྲས་བུ་ཅི་ཡང་མཐོང་རྒྱུ་མེད་འདྲ།
བོད་ཀྱི་ཕོད་རྒོད་ཅིག་དང་འདྲེ་ཞིག་གཅིག་པ་རེད་ཟེར་བ་ཙམ་གྱིས་མི་དེ་བསམ་བློ་ཞིག་དང་ཡང་ན་མི་མང་གི་དབུས་སུ་སྐད་ཆ་བཤད་རྒྱུའི་ཆ་རྐྱེད་ཚང་ཡོད་མེད་རྩོད་མ་དགོས་པ་ཞིག་རེད། མི་ཞིག་ལ་འདྲེ་ཞིག་དང་གཅིག་པ་རེད་ལབ་ན་ལབ་མཁན་དེ་སྨྱོས་ཡོད་པའམ་སྨྱོ་རྒྱུ་ཡིན་པའི་ལྟས་ངན་ལོས་ཡིན།
རྒྱལ་བ་རིན་པོ་འདྲེ་ཞིག་དང་གཅིག་པ་རེད་ལ་མེད་ནའང་་འགྲིག་པའི་བསམ་ཚུལ་འཛིན་མཁན་ཚོའི་ངོས་ནས་བཤད་ན། བོད་མི་རེ་ལ་ཆེ་མཐོང་ག་ཚོད་སྤྲོད་ཀྱི་ཡོད་པ་གསལ་བོ་རེད། ཆོས་བྱེད་མཁན་གྱི་མི་སྐྱེས་ཆེན་༧རྒྱལ་ཆེ་མེད་ནའང་ཆོག་ན། ཆོས་ལུགས་ནི་དེ་བས་ཀྱང་དགོས་དོན་མེད། ཆོས་ལུགས་ནི་མི་ཆེད་དུ་རེད། མི་མེད་ན་འགྲིག་ན་ཆོས་ལུགས་སུ་དོན་དུ་དགོས་སམ། བླུན་རྒན་འདི་འདྲའི་ཆེད་རྩ་ཆེའི་ཆུ་ཚོད་ཕྲན་བུ་ཆུད་ཟོས་གཏོང་དགོས་བྱུང་བ་འཕང་བ་ལ།
ཁ་དང་ཁ་སྤུ་དབྱེ་འབྱེད་དེ་ཤིན་ཏུ་ནས་མད།
སྟག་སྨྱོན་ལགས། མ་གཞི་ནང་ཁུལ་རྩོད་རྙོག་འདི་སེལ་ཡ་གལ་ཆེ་བ་ལས་རྒྱུན་བསྐྱངས་ཡ་ཞིག་མ་རེད། ཡིན་ནའང་། ཉིད་ཀྱིས་མཁྱེན་གསལ་ལྟར་ལོ་རྒྱུས་ནི་རྒྱལ་ཁ་ལེན་མཁན་ཕྱོགས་གཏོགས་ཀྱིས་བྲིས་ཡོང་བ་ཞིག་རེད། གལ་སྲིད་སྐབས་དེར་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་རྒྱལ་དབང་ལྔ་བའི་ཁྲིར་ཕེབས་ཡོད་ན། དེ་རིང་ཁྱེད་ཅག་གིས་བཤད་ཀྱིན་པའི༼འདྲེ༽ཟེར་བའང་བསྟན་བྱ་གཞན་ཞིག་མ་རེད་དམ། བསམ་བློ་ཞིག་གཏོང་རོགས།
གླུ་མ་འཇམ་དབྱངས་སྐྱིད་འཛིན་བཟུང་བྱས་རྗེས་བོད་ནང་ནས་རྒྱ་གར་ནས་མི་ཞིག་གིས་ཁོང་རྩིས་སྤྲོད་བྱས་བཞག་ཟེར། མི་འདི་རིགས་ད་ཆ་ཁ་བརྡར་ཡོང་ནས་རྒྱལ་བ་རིན་པོ་ཆེར་ཁ་གཏོང་བཞིན་འདུག གཟབ་གཟབ་གྱིས།
༧རྒྱལ་བ་རིན་པོ་ཆེ་བོད་ཀྱི་སོ་རེད། སོ་དེ་མཁྲེགས་ཤིང་རྣོ་ན་ཟས་ཀྱི་བཅུད་ལ་ཡོངས་སུ་ལོངས་སྤྱོད་ཐུབ་པ་དང་། རྒྱལ་ཆེན་ཤུགས་ལྡན་ནི་སྐབས་སྐབས་སུ་བཏང་བའི་དྲི་ངན་གཡག་རེད། སོ་དང་གཡག་གི་བར་ན་རྟེན་འབྱུང་གི་འབྲེལ་བ་ཡོད་པ་མ་རེད། སོ་བཟང་ན་གཡག་ཞིམ་པོ་གཏོང་བ་དང་སོ་ངན་ན་གཡག་དྲི་མ་ངན་པ་གཏོང་བ་ཞིག་མ་རེད། དོལ་ཚོགས་ནི་བོད་ཀྱི་སྟུག་དྲི་རེད། དེ་གཙང་སེལ་བཟོ་དགོས་པ་མ་གཏོགས་དགོས་རབས་འཇོག་རབས་སོགས་བཤད་ནས་བསྡད་ན་སྤོབས་མཐའ་ལྟ་བུའི་བླུན་པོ་ལུག་ལྟ་བུར་འགྱུར་ངེས།
ནང་ཁུལ་མ་རྩོད།
ཆིག་སྒྲིལ་གྱིས།
གཞན་འབྲངས་མ་བྱེད།
རང་ཚུགས་བརྟན།
དགྲ་བོར་མ་འཇིགས།
རང་སྐྱོན་འཇིགས།
གཞན་སྐྱོན་མ་འཚོལ།
ཡར་རྒྱས་གཏོང་།
ཀརྡོའི་ཁ་ལ།
སྤོབས་མཐས་ཉོན་ཅིག
དེ་སྔོན་ཤུགས་ལྡན་ཚོགས་པས་བོད་ཀྱི་རང་དབང་འཐབ་རྩོད་ལ་འགོག་རྐྱེན་མེད། ཡིན་ཡང་། ཁོང་ཚོའི་ལྷའི་ཐོབ་ཐང་འཐབ་རྩོད་ལ་ཤུགས་གནོན་བྱེད་རྒྱུ་ཡིན་ཞེས་སྐད་འབོད་ཀྱི་ངོ་རྒོལ་སྐབས་བོད་དར་འཁུར་མཁན་ཡང་ཡོད།་དེ་ཡག་པོ་ཞིག་ཏུ་མཐོང་སོང་། དེ་ལྟར་བྱས་ན་ཉིན་གཅིག་བོད་མི་མང་གིས་བསམ་ཤེས་བཏང་ངེས་རེད་ལ། དཀའ་ངལ་སེལ་བའི་ལམ་ཁ་ཞིག་ཡོད་བ་རེད།
ཉེར་རབས་ཤིག་ནས་སྐུ་མདུན་ལ་ངོ་རྒོལ་བྱེད་སྐབས་བོད་དར་འཁུར་མཁན་དེ་འདྲ་མཐོང་མ་སོང་། གཅིག་བྱས་ན་མ་མཐོང་བ་ཡིན་སྲིད།
དོན་དངོས་སྐུ་མདུན་ལ་ངོ་རྒོལ་བ་ཙམ་མ་ཟད་བོད་དོན་ལ་རྒོལ་བ་ཡིན་ན། ཤུགས་ལྡན་ཚོགས་པ་ལ་བོད་ཀྱི་ནང་ནས་བསམ་ཤེས་བཏང་མཁན་ཉུང་དུ་འགྲོ་ལ། ཞི་བའི་ཐོག་ནས་དཀའ་ངལ་སེལ་བའི་ལམ་ཁ་ཀུན་མེད་པ་ཆགས་ངེས་རེད། དེ་ལ་ཤུགས་ལྡན་ཆོགས་པས་ཐུགས་བསམ་བཏང་དགོས་བའི་གནད་དོན་གལ་ཆེན་ཞིག་རེད།
བོད་པ་ཚོ་ཡིན་ཡང་། དཀའ་ངལ་འདི་སེལ་ཆེད་དུ་ཕྱོགས་གཉིས་སུ་མ་ལྷུང་བར་དྲང་བདེན་གྱིས་སྐད་ཆ་བཤད་ནས། སྐུ་མདུན་དང་ཤུགས་ལྡན་གྱི་དཀའ་བ་འདི། བོད་རིགས་དང་ཤུགས་ལྡན་གྱི་འགལ་བ་རེད་ཅེས་ནས་ཆེན་པོ་མ་བཏང་ཞིང་། དེ་ལྟར་ཨུ་ཚུགས་ཀྱིས་མི་སྒྲུབ་རྒྱུ་གནད་དུ་མཐོང་། མ་ཟད་དྲང་བདེན་གྱི་སྐད་ཆ་བཤད་ཅིང་སྐུ་མདུན་དང་ཤུགས་ཚོགས་གཉིས་ཞི་མོལ་ཡོང་བ་སྐུལ་འདེབས་བྱེེད་རྒྱུ་ལས། ཕྱོགས་རིས་བྱས་ནས་དེ་གཉིས་ཀྱི་འགལ་བ་ཆེ་རུ་མི་བཏང་རྒྱུ་ནི་ཚང་མའི་ཁེ་ཕན་རེད།
ཤུགས་ལྡན་ཚོགས་པ་ཡིན་ཡང་འདུམ་འགྲིག་གི་ཆེད་དུ་བོད་དོན་ལ་མི་རྒོལ་རྒྱུ་གནད་དུ་མཐོང་།དེ་ནི་རང་རོགས་གཉིས་དང་། བོད་པ་ཡོངས་ཀྱི་ཁེ་ཕན་ཡིན་པས་ཡིན།
དོལ་ཚོགས་དང་དགའ་ལྡན་ཕོ་བྲང་བར་གྱི་རྩོད་གཞི་རང་སར་བཞག། གཉིས་ཕྱོགས་ནས་མཐར་ཐུག་གི་རེ་བ་གངས་ཅན་བོད་ཡུལ་ལ་མཐོ་སྒང་བ་བོད་པ་ཞེས་བའི་མི་རིགས་འདི་ལ་ཡར་རྒྱས་དང་བདེ་སྐྱིད། ཕ་ཁྱིམ་ནང་ལ་བུ་འགྲོའི་བྱེད་ས་ཞིག་བསྐྲུན་རྒྱུ་དེ་རེད། དེ་ན་ད་ནི་ལམ་ཁ་གཉིས་ལས་མ་མཐོང་། གཅིག་ནི་དོལ་ཚོགས་དང་དགའ་ཕོའི་འགལ་ཟླ་འདི་རིགས་ཤུགས་ཆེ་རུ་བཏང་ནས་མཐའ་མ་བོད་འདི་བོད་མི་རང་གིས་ཁ་ཐོར་གཏོང་བ་འདི་རེད། གཉིས་བ་ནི་རྒྱལ་བ་རིན་པོ་ཆེས་སྣེ་ཁྲིད་ནས་དགའ་ཕོ། བློ་སེངྒེས་སྣེ་ཁྲིད་པའི་དབུས་སྒྲིག་འཛུག། བསྐལ་བཟང་གིས་སྣེ་ཁྲིད་པའི་དོལ་ཚོགས། དེ་མིན་གཞོན་ནུ་ལྷན་ཚོགས། བུད་མེད་ལྷན་ཚོགས་ཀུན་མདོར་ན་བོད་ཕྱི་ལ་ཡོད་ལ་ཡོད་པའི་བོད་མི་ཚངས་མ་གཅིག་འགྱུར་གྱིས་རང་ས་རང་ཡུལ་ལ་ལོག་འགྲོ་བའི་ཞི་བའི་གོམ་བགྲོད་ཆེན་མོ་དེ་རེད། དེ་ཡང་སེམས་ཐག་བཅད་ནས། ཕྱིར་འཐེན་བྱེད་ས་མེད་པ་བཟོས་ནས་ལོག་འགྲོ་བ་དེ་རེད། བོད་མི་ཁྲི་ཕྲག་མང་བོ་༡༩༥༩་ལོར་བོད་ལས་ཐོན་ཡོང་བ་ཇི་བཞིན་༢༠༡༩་ལོར་ཕྱིར་བོད་ལ་ལོག་འགྲོ་བའི་གོམ་བགྲོད་དེ་རེད། ཕྱི་སྡོད་བོད་མི་ཡོངས་རྫོགས་གོམ་བགྲོད་དེ་ལ་ཞུགས་ནས་བོད་ལ་ལོག་འགྲོ་ན་རྒྱ་གར་གྱིས་མ་ལོག་མི་ཟེར་ལ་བལ་བོས་ཡང་འགོག་རྒྱུ་ཁག་པོ་རེད། རྒྱ་ནག་གི་ས་འཚམས་ནས་ཡང་དེ་ལས་འགོག་དཀའ་མོ་རེད། གོམ་བགྲོད་དེ་ལྟར་ཞིག་འགོ་འཛུག་ཐུབ་པ་ཡིན་ན་འཛམ་གླིང་གཡོ་འགུལ་ཐེབས་པའི་གནས་ཚུལ་རང་བཞིན་ཅན་ཞིག་ཡིན་པ་དང་དེ་ལ་རྒྱ་ནག་གིས་ཡང་ཅི་བྱེད་འདི་བྱེད་མེད་པར་བོད་རྒྱ་གྲོས་མོལ་ཞིག་བྱེད་དགོས་ཐུག་གི་རེད། དེ་ལས་བཟློག་སྟེ་ས་འཚམས་ནས་མེ་མདའ་རྒྱབ་ནས་ལེབ་གསོད་གཏོང་མི་སྲིད་པ་ཞིག་རེད། གལ་སྲིད་རྒྱ་དམག་གིས་ཞི་བའི་གོམ་བགྲོད་བྱེད་པའི་བོད་མི་ཁྲི་མང་པོ་ས་འཚམ་ནས་ལེབ་གསོད་བཏང་བ་ཡིན་ནའང་ང་ཚོ་ལ་འཛམ་གླིང་བའི་མིག་སྔར་འདི་ལས་སྟོན་རྒྱུ་གང་དགོས།
རང་རིགས་ཁ་བ་རི་བའི་སྲོག་རྩ་ལྟ་བུའི་༧་གོང་ས་མཆོག་ནི་་་ཁ་སྤུ་ལ་དཔེར་འཇོག་མཁན་ཁྱེད་ཅག་ནི་མྱིའི་རིགས་ཀྱི་འདྲེ་ངོ་མ་ཞིག་ལ་མཐོང་བསྡད་ཡོད།
སའི་གོ་ལ་རིལ་བོ་འདི་འཇིག་རྟེན་མི་ཡུལ་ཡིན་པ་ལས་ལྷ་ཡུལ་དང་ཡང་འདྲེ་ཡུལ་མ་རེད། མི་ཡུལ་འདིར་ལྷ་འདྲེ་ཡི་ཐོབ་ཐང་དང་ལ་རྒྱ་མ་རྩོད་རོགས། མི་ཡུལ་འདི་མིའི་རིགས་ལ་དབང་དགོས་པ་ལས་ལྷ་འདྲེ་རྒོད་པ་ཚོའི་ལག་པར་མ་ཤོར་བ་བྱེད་དགོས། དེའི་ཕྱིར་མི་ཡུལ་འདིར་ལྷ་འདྲེ་དང་ཡང་ན་ལྷ་འདྲེ་དང་འབྲེལ་བའི་སྒྲུང་གཏམ་ཚང་མ་རིམ་བཞིན་གཙང་ཕྱག་བྱེད་རྒྱུ་མིའི་རིགས་ཀྱིས་ལས་འགན་དང་པོ་རེད། ད་ལྟ་བར་དུ་བོད་གངས་ཅན་གྱི་ཡུལ་འདི་ལྷ་འདྲེ་རྣམས་ལ་བཅོལ་བ་རེད། འོན་ཀྱང་ལྷ་སྲུང་དང་འདྲེ་སྲུང་། ཐེའུ་རེངས་སོགས་བོད་ལ་ཡོད་ཚང་མས་མ་ཕན་པར་གདོང་དམར་བོད་ཀྱི་ཕ་ས་དགྲ་ལག་ཏུ་ཤོར་བ་རེད། རྒྱལ་བ་རིན་པོ་ཆེས་ཀྱང་བོད་མི་ལ་མི་དགོས་པ་གཅིག་ཉུང་དུ་བཏང་བ་རེད། ད་དུང་མུ་མཐུད་ནས་ཕན་མེད་ཀྱི་ལྷ་འདྲེའི་རིགས་རེ་རེ་བཞིན་སྤོངས་དགོས། དེང་སྐབས་རྒྱ་དམར་གྱི་དཔོན་ངན་ལྐོག་ཟ་རུལ་སུངས་པ་བརྒྱ་ཕྲག་་མང་པོ་རེ་རེ་བཞིན་མེད་པ་བཟོ་བཞིན་པ་ནང་བཞིན། བོད་ཀྱི་ལྷ་འདྲེ་རིགས་ཚང་མ་རེ་རེ་བཞིན་སྤངས་དགོས་པའི་དུས་ཡིན་པ་ལས། གཅིག་མེད་པ་བཟོ་བ་དེ་ཡང་ཕྱིར་འགུག་རྒྱུའི་བློ་ངན་མ་དྲན་ན་དགའ། ང་ཚོས་བོད་མི་རིགས་ཚང་མ་སྲུང་སྐྱོབས་བྱེད་དགོས་པ་དང་། རྒྱལ་བ་རིན་པོ་ཆེ་ནི་དེའི་ནང་ནས་འཛམ་གླིང་ལ་སྙན་ཆེ་བའི་བོད་ཀྱི་ཕོ་རྒོད་དང་པོ་དེ་ཡིན་པས། བོད་མི་རིགས་ཀྱི་ལ་རྒྱ་དང་གཟི་བརྗིད། ཡང་ན་སྤོབས་པ་ཡིན་པས་ངེས་པར་དུ་ཁོང་སྲུང་སྐྱོབ་བྱེད་དགོས། ཕོ་རྒོད་ཁོང་མེད་ན་རྒྱལ་སྤྱིའི་ཐོག་བོད་མི་རིགས་ལ་སྐུ་ཚབ་མེད་སོང་བ་རེད། དེའི་ཕྱིར་རྣམ་རྟོག་གིས་བཟོས་པའི་གཟུགས་མེད་ཀྱི་དམ་སྲི་ཅིག་དང་རྒྱལ་སྤྱིའི་ཐོག་གི་བོད་མིའི་སྐུ་ཚབ་ཕོ་རྒོད་གཅིག་པོ་མ་བརྗེ་རོགས།
རྣ་ལོ་ཡག་གིས་གོང་དུ་གོང་ས་ལྔ་བའི་ཁྲི་ཁར་གྲགས་རྒྱན་བྱུང་ཡོད་ན་ལོ་རྒྱུས་གཞན་ཞིག་རེད་ཟེར་བའི་གླེན་བཤད་འདི་ཚོར་ཉན་རིན་མེད་ཀྱང་། ཕྱོགས་ཙམ་ཞུས་ན། གལ་སྲིད་གོང་ས་ལྔ་བའི་ཁྲི་ཁར་གྲགས་རྒྱན་བྱུང་ཡོད་ན། ལྷ་ལུང་དཔལ་རྡོར་གྱིས་རྒྱལ་སྲས་གླང་དར་བསད་ནས་བོད་སུལ་བར་ཐོའི་ལོ་རྒྱུས་དེ་བསྐྱར་ལོག་བྱུང་བ་ཙམ་ལས། རྟོག་དཀའ་བའི་གནས་ཚུལ་གཞན་ཞིག་བྱུང་མེད་པ་གསལ་བོ་རེད།
མདོ་དོན་ང་ཚོ་མི་ཡུལ་གྱི་མི་ཡིན་པས་མིའི་ཐོབ་ཐང་གཙོ་བོ་བྱས་པའི་མིའི་འཇིག་རྟེན་གཙང་མ་ཞིག་བསྐྲུན་ཨེ་ཐུབ་ལྟ་དགོས་པ་ལས། མཛེས་སྡུག་ལྡན་པའི་མི་ཡུལ་གྱི་ཕ་ས་འདི་འཇིགས་སུ་རུང་བའི་ལྷ་འདྲེ་གནས་ཡུལ་་ཏུ་བསྒྱུར་ཐབས་མ་བྱེད། མ་ཟད་སྙན་གྲགས་ཅན་གྱི་ཕོ་རྒོད་ཅིག་དང་གཟུགས་མེད་དམ་སྲི་ཞིག་མཉམ་བསྲེས་དང་ཞིབ་སྡུར་བྱེད་པ་སྙིང་བོ་མེད་པ་ཤེས་པར་གྱིས།
ང་ལ་བསྟན་འཛིན་རྒྱལ་མཚོ་མཁོ།
ཁོང་ནི་བོད་རྒྱལ་ཁབ་ཀྱི་སྐུ་ཚབ་ཡིན།
ཁོང་མེད་ན་རྒྱལ་སྤྱིའི་གར་སྟེགས་ཐོག་བོད་མི་རིགས་ལ་སྐུ་ཚབ་མེད།
ང་ལ་རྒྱལ་བ་རིན་པོ་ཆེ་མཁོ།
ཁོང་ནི་བོད་མི་རིགས་ཀྱི་སྟོབས་ཤུགས་ཡིན།
ཁོང་མེད་ན་རྒྱལ་སྤྱིའི་ཐོག་བོད་མི་རིགས་ལ་དཔུང་རོགས་མི་རྙེད།
ང་ལ་རྒྱལ་རིན་པོ་ཆེ་མཁོ།
ཁོང་ནི་ལྷ་འདྲེ་བྲན་དུ་བཀོལ་མཁན་ཡིན།
ཁོང་མེད་ན་བོད་མི་རེ་རེའི་གཉའ་ལ་ལྷ་འདྲེ་རེ་རེ་བཞོན་ནས།
བོད་མི་རིགས་ལ་བརྙས་བཅོས་བྱེད།
ང་ལ་རྒྱལ་བ་རིན་པོ་ཆེ་མཁོ།
ལྷ་འདྲེ་གཅིག་ཀྱང་མེད་ན་འགྲིག
་་་་་་་་་་་་་་་་་་་་་་་་
རྣ་ལོ་ཡག་གིས་གོང་དུ་གོང་ས་ལྔ་ཕམ་ནས་ཁོང་གི་ཁྲི་ཁར་གྲགས་རྒྱན་བྱུང་ཡོད་ན་ལོ་རྒྱུས་གཞན་ཞིག་རེད་ཟེར་བའི་གླེན་བཤད་འདི་ཚོར་ཉན་རིན་མེད་ཀྱང་། བརྡ་ཙམ་བྱས་ན། གལ་སྲིད་གོང་ས་ལྔ་བ་ཕམ་ནས་ཁོང་གི་ཁྲི་གྲགས་རྒྱན་ལ་ཤོར་ཡོད་ན། ལྷ་ལུང་དཔལ་རྡོར་གྱིས་རྒྱལ་སྲས་དར་མ་བསད་ནས་བོད་སུལ་བར་ཐོར་བའི་ལོ་རྒྱུས་དེ་བསྐྱར་ལོག་བྱུང་བ་ཙམ་ལས། རྟོག་དཀའ་བའི་གནས་ཚུལ་གཞན་ཞིག་བྱུང་མེད་པ་གསལ་བོ་རེད།
སྟག་སྨྱོན་གྱི་ཞེན་ཁོག་གི་སྐད་ཆ་དེ་དེང་གི་བར་རྣ་བྱང་ལ་སོང་ཡོད་པའི་གྲས་རེད། ངས་སྒྲུང་ཞིག་དྲན་སོང་། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་མཇུག་ཏུ་རྒྱ་དམར་དམག་དཔུང་གིས་བོད་ཤར་ཕྱོགས་མདོ་ཁམས་དྲག་འདེད་བྱེད་པའི་སྐབས་དེར་ཨ་མདོ་ནས་ཁྱིམ་མི་མང་བོས་ནོར་ལུག་དེད་ནས་དབུས་གཙང་ཕྱོགས་སུ་ལམ་ལ་ཆས་ཀྱིན་པས། རྒྱབ་ཕྱོགས་སུ་རྒྱ་དམག་གིས་སྡེབ་གསོད་ཀྱིས་དེད་ཡོང་བཞིན་ནའང་། ཁྱིམ་མི་དེ་དག་གིས་ནོར་ལུག་ཕན་ཚུན་འདྲེས་པར་རྐྱེན་བྱས་ནང་ཁུལ་གསོད་རེས་ཀྱི་འགོ་ཚུགས་འདུག སྐབས་དེར་མི་སྤྱང་པོ་གཅིག་བྱུང་འདུག ཁོང་ནོར་ལུག་བརྒྱ་སྐོར་ཞིག་ཡོད་པ་ཧམ་རྒན་ཞིག་ལ་རྟ་མཆོག་ཅིག་ཡོད་པར་བརྗེ་བོ་བརྒྱབ་རྗེས། རྟ་དེ་ཞོན་ནས་དབུས་གཙང་ལ་སླེབས་པ་དང་། དེ་ནས་རྒྱ་གར་ནང་བཙན་བྱོལ་བའི་གྲས་སུ་ཡོད་འདུག ལོ་ངོ་དྲུག་ཅུའི་ཡར་སྔོན་གྱི་སྐྱོ་གར་དེ་བཞིན་ད་དུང་རྣམ་པ་ཙམ་འགྱུར་ནས་རྙོག་ཟིང་གཞན་ཞིག་ཏུ་འགྱུར་བ་འདི་བོད་མི་རྣམས་བླུན་དྲགས་པས་རེད་དམ། སངས་རྒྱས་ཆོས་ལུགས་ཀྱིས་སེམས་རྒྱུད་རྩ་ནས་འདུལ་མ་ཐུབ་པའི་དཔེར་མཚོན་རེད། དྲི་བ་མང་གི་ཡ། གཟུགས་མེད་རྙོག་དྲ་ཁ་ལྷན་རྒྱས།
ལྷ་རྣམ་གྱིས་བཤད་པ་ལྟར་རེད།
བོད་རྒྱུད་སངས་རྒྱས་ཆོས་ལུགས་མི་སེམས་ཐུལ་མ་ཐུལ་ལ་བསམ་བློ་གཏོང་དགོས། ཆུ་བཞི་སྒང་དྲུག་དམག་གིས་རྒྱ་དམག་མ་ཐུབ་པར། སྟོད་པ་རྣམས་དམར་ཚ་བརྡུང་བརྡུང་བྱས་རེད་ཟེར། དེ་ནས་ཚུར་བལ་ཡུལ་དུ་སླེབས་ནས་གློ་བོའི་ཡུལ་ཕྱོགས་སུ་གློ་བོའི་བུ་མོ་བཙན་འཁྲིད་བྱས་ནས་ཉ་ལུ་ལུང་པ་གང་བཞག་འདུག་ཟེར་དེ་ཚོ་ནི་མང་ཆེ་བ་གྲྭ་སའི་དགེ་འདུན་པ་རེད་ཟེར། ད་ལྟ་དེ་ཚོ་མང་ཆེ་བ་དམག་ཟུར་བྱས་ནས་གྲྭ་ཆས་སྣུམ་ཤིག་གེར་གྱོན་ནས་བསྡད་འདུག་ཟེར་་་་མི་ཤེས་མི་ཚོས་བཤད་ཀྱིན་འདུག
ཧཧཧ དམར་ཤོག་དང་བོན་པོ་གཉིས་མཉམ་འབྲེལ་གྱིས། སངས་རྒྱས་ཆོས་ལུགས་སྣུབ་བསམ་པ་འདྲ། འོན་ཀྱང་དུས་རབས་ཉེར་གཅིག་པའི་དུས་འདིར་དེ་འདྲ་ཁག་པོ་རེད་དོ།
ཧ་ཧ་ཧ་ཤུགས་ལྡན་ལ་ཐོག་མར་རྙོག་ཁྲ་ཆགས་སྡང་་་དྷ་སའི་བཙུན་མ་ཚོས་གྷུ་རུའི་ཚོགས་འཁོར་ལ་མ་བཅར་བ་ལ་བརྟེན་ནས་བྱུང་བ་རེད་ཟེར། དེ་འདྲ་རང་ཡིན་ནམ། མ་གཞི་ནས་འདིར་ཤུགས་ལྡན་ལ་དགག་པ་བརྒྱབ་མཁན་དེ་ཚོས་ཁ་ནས་༧ གོང་ས་མཆོག་དང་༧ གོང་ས་མཆོག་ཟེར་ནས་དྲུད་ཡོང་གི་འདུག ཤུགས་ལྡན་ལ་དགག་པ་བརྒྱབ་མཁན་གྱི་དྲ་ཉུལ་བ་དེ་ཚོ་མང་ཆེ་བ་ཆོས་རྒྱུད་གང་གིས་ཁུངས་སུ་གཏོགས་མིན་དང་དེ་ཚོས་ཤུགས་ལྡན་ལ་དགག་པ་བྱེད་པ་དེའི་རྒྱབ་ལྗོངས་ཅི་ཞིག་ཡོད་མེད་ཀྱིས་ཞིབ་འཇུག་པ་ཞིག་བྱེད་ཐུབ་ན་རྐོ་བ་སྐམ་པོའི་ནང་དུ་མཛུབ་མོ་རློན་པོ་འགུལ་བ་གཏན་གཏན་ཤེས་ཐུབ་ཀྱི་རེད་བསམ་པ་འདུག
བོད་མི་ཚོ་ནང་ཆོས་ཀྱིས་འདུལང་མི་ཐུབ་དོན་དེ་དམར་མཆོད་གཏོང་མཁན་གྱི་རྒྱུད་པ་ཡིན་པས་རེད་བསམ་གི།
བགྲོ་གླེང་ཚ་བོ་ཞེ་དྲག་རེད། ཏོག་ཙམ་མིན་ན་རྗེས་ཆོད་མི་འདུག
དོལ་རྒྱལ་གྱི་སྐོར་ནས་གོང་ས་མཆོག་གིས་གསུངས་པའི་སྙིང་པོ་འདི་དག་རེད།
༡ གནས་ཆུང་གིས་ཨ་སྲས་འཁྱམས་པོ་བསྟེན་ན་འགྲིག་གི་མི་འདུག་ཅེས་ཐོག་མར་བཀའ་གནང་བ་རེད། དེ་དུས་གནས་ཆུང་ལ་ཁ་ཁར་བཞུགས་ན་དགའ་ཡི་རེད་རྙོག་དྲ་ཞེ་དྲག་བཟོ་གི་རེད་ཞུས་པ་ཡིན།
༢ དེའི་རྗེས་སུ་མཛེ་སྨད་རིན་པོ་ཆེ་ནས༼ཕས་རྒོལ་བླ་མའི་ཞལ་ལུང༽བརྩམས་པས། རྡ་སའི་བཙུན་མ་ཚོ་གུ་རུའི་འབུམ་ཚོགས་ལ་ཞུགས་མ་ཐུབ་པ་རེད། དེས་རྐྱེན་པས་ངོས་ཀྱིས་མཛེ་སྨད་རིན་པོ་ཆེ་ལའང་མཐོང་ཕྱོགས་བྱུང་།
༣ ཕལ་ཆེར་བློ་གསལ་གླིང་མཁན་ཟུར་པ་སངས་དེ་དུས་དགེ་རྒན་འོས་སྦྱོང་གྲས་སུ་ཡོད། རྡ་སར་དགེ་རྒན་འོས་སྦྱོང་ཚུགས་སྐབས་དེའི་དབུ་ཁྲིད་མཛེ་སྨད་རིན་པོ་ཆེ་རེད། དེའི་སར་ངོས་ཀྱིས་རྗེ་རིན་པོ་ཆེ་མ་བྱུང་སྔོན་ལ་བོད་སྔ་རབས་པའི་ནང་ལ་དབུ་མའི་ལྟ་བ་ཕྱིན་ཅི་མ་ལོག་པ་རྟོགས་པ་ཁྱོན་ནས་མེད་ཅེས་ལབ་དགོས་བྱུང་ན་རྗེ་རིན་པོ་ཆེ་མ་བྱུང་གོང་ལ་བོད་གངས་ཅན་ལྗོངས་ཀྱི་རིས་སུ་མ་ཆད་པའི་སྐྱེས་བུ་དམ་ཚོའི་ནང་ཚོགས་ལམ་འབྲིང་བ་ཡན་ཐོབ་པ་དང་སྦྱོར་ལམ་ཐོབ་པ་མེད་པ་རེད་ཅེས་བརྗོད་དགོས་ཐུག་གི་རེད།
༤ངོས་ཀྱིས་བརྗོད་པ་གསལ་པོ་ཤེས་མཁན་ཞིག་གིས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་བཀའ་གནང་བ་ཡིན་ངེས་རེད། འོན་ཀྱང་དེ་ཙམ་ཡིག་ཐོག་ལ་བཀོད་དགོས་པ་སོགས་བྱེད་དགོས་མི་འདུག
༥ དོལ་རྒྱལ་བསྟེན་པ་དེས་ལྷ་མོ་འཁོན་པ་ཡིན་པ་གསལ་པོ་ཞིག་ཟན་བརྟག་ནང་ཐོན་སོང།
ད་གནད་དོན་གྱི་འབྱུང་ཁུངས་གསལ་པོ་རེད། བོད་སྤྱི་ལ་འབྲེལ་བ་མི་འདུག ནང་པ་སྤྱི་ལ་འབྲེལ་བ་མི་འདུག འབབ་ས་དེ་དགེ་ལུགས་པའི་ནང་རེད། རྗེ་བླ་མའམ། ཙོང་ཁ་པ་ནི་མཁས་པའི་གཙུག་རྒྱན་ཡིན་མིན་ལས་འཕྲོས་པའི་རྩོད་རྙོག་ཅིག་རེད།
ད་སྤོབས་མཐས་བཤད་པ་དེ་ག་རང་རེད། ཧིན་དྷུའི་ལྷ་ཆེན་དབང་ཕྱུག་གམ་སྤྱན་རས་གཟིགས་ལ་སྐྱབས་སུ་འགྲོ་དུས་ཏན་ཏན་དམར་མཆོད་འབུལ་མཁན་གྱི་རྒྱུད་པ་འཛིན་མཁན་ཞིག་ཆགས་པ་རེད། གཏམ་དེ་བདེན་པ་རང་རེད། ལྷ་དེ་གཉིས་ངོ་བོ་གཅིག་ཡིན་པར་སྤོབས་མཐས་གོང་དུ་གྲུབ་ཟིན་ཙམ་རེད། སྤོབས་མཐའ་འདི་ལ་རིག་པ་གསར་པ་གཏོང་རྒྱུ་འདུག་བསམ་བསམ་ཞིག་བྱུང།