དགའ་བ་མཇེ་ཕྲུག
ཐུག་འཕྲད་ཀྱི་སྐུ་པས་མ་སྙོབ་ཀྱང་།།
རོོལ་མྱོང་གི་བྲོ་ཁ་རྙེད་ས་ཞིག །
འདོད་འཁུན་གྱིས་གཏམས་པའི་ཁང་ཆུང་འདི།།
མཛེས་སྡུག་གིས་བསྐྲུན་པའི་འཇིག་རྟེན་ཡིན།།
མྱི་ཁ་དང་མྱི་ངོས་མི་སྡང་བ།།
རྗེས་ཤུལ་ལ་གཏམ་ངན་མི་ལྷག་པའི།།
དེང་དུས་ཀྱི་ཡོ་ཆས་ཁ་པར་ནང་།།
ཁྱོད་རང་དང་ང་ལ་གཏམ་རྒྱུད་མང་།།
པར་རིས་དང་བརྙན་ཐུང་བསྐུར་རེས་བྱས།།
ལུས་ཐོག་གི་མཛེས་པ་རོལ་རེས་བྱས།།
རང་རང་ནི་རང་སར་གནས་བྱས་ཀྱང་།།
སྣང་བ་ལ་དངོས་སུ་འགྲོགས་པ་འདྲ།།
ཁྱོད་ཀྱིས་ཁ་པར་ལ་ཁ་མཆུ་གཏུགས།།
ངས་ཀྱང་སྙིང་ཁ་ནས་སྐད་ཅིག་སྦྱིན།།
འདོད་དང་ཆགས་པ་ཡིས་བཟི་ཤུགས་ཀྱིས།།
ཁུ་བ་རང་ས་ནས་མལ་ཐོག་གཏོར།།
འཇིག་རྟེན་འདིས་བསླུས་བ་མ་ཡིན་ན།།
ཚོར་བ་ནི་དེ་ལས་སྐྱིད་པ་གང་།།
ཡོད་ཚད་དག་གླིང་གཞན་འཕོས་ཚུལ་དེས།།
སང་ཞོགས་དེར་ཕྱིར་དྲན་བདེ་བ་ཡིན།།
མཚན་གཞུང་གི་འཚོ་བའི་གྲུ་ཁ་ན།།
རང་ཉིད་ཀྱང་གང་དུ་བརླག་་སོང་ཟེར་།།
མཚན་ནམ་ལ་ཚོར་བས་བསླུས་བ་ཡིས།།
སང་ཉིན་དེར་བསམ་དུས་ངོ་ཡང་ཚ།།
༢༠༢༠/༣/༢༡ ཉིན། གདོན་འདྲེའི་ཁང་པ་ནས་བྲིས།