ཟླ་བ་ཆོས་གྲགས།
ཡར་ལངས་དུས་ཁ་པར་རྩེ་རྒྱུ་མིན། །
ལས་གལ་ཆེན་མཐུས་ཤོར་འགྲོ་ཡི་འདུག །
དུས་རྩ་ཆེན་འཕྲོག་བརླག་གཏོང་གི་འདུག །
དོན་མེད་པར་ཉིན་ཕྱེད་རྫོགས་ཀྱི་འདུག །
ཉལ་རན་དུས་ཁ་པར་རྩེ་རྒྱུ་མིན། །
མིག་ཁྲ་ཆུང་རྒྱང་གཟེ་ཤོར་གྱི་འདུག །
རོགས་ཆུང་ལོ་སེམམ་ལ་འཁོར་གྱི་འདུག །
གཉིད་སྐྱིད་པོ་ཕྱེད་མེད་བཟོ་ཡི་འདུག །
ཟས་ཟ་ཞོར་ཁ་པར་རྩེ་རྒྱུ་མིན། །
ལྟོ་རྒྱགས་མིན་ཚོར་བ་བརླགས་ཀྱི་འདུག །
རོ་བྲོ་བའི་ནུས་པ་ཡལ་གྱི་འདུག །
ཟས་གང་ཟོས་སེམས་ནས་བརྗེད་ཀྱི་འདུག །
གཟའ་ཉི་མར་ཁ་པར་རྩེ་ན་འདོད། །
ཁྱིམ་ཕ་མའི་བདེ་ཐང་ཤེས་ན་འདོད། །
གྲོགས་ཕན་ཚུན་འབྲེལ་བ་བྱེད་ན་འདོད། །
དོན་གསར་བ་ཅི་བྱུང་ཤེས་ན་འདོད། །
ཁྱོས་བཤད་ནི་ངོ་མ་བདེན་གི ཁ་མི་ད་ཁ་པར་ཟེར་ནོ། ཁ་ལག་པ་གཉི་གའི་དཀའ་ངལ། ཁ་ཚིག་ངན་ཤོར་ན་འཛིན་མེད། ཁ་ན་ཟླས་གོ་ན་ངོ་ཚ། ཁ་བགད་ལས་རྩེ་སྲོལ་ཡོད་རུང། ངོ་རིག་ནས་ཐུག་སྲོལ་མེད་ཀི ཚོད་རང་གིས་མ་ཟིན་བཤད་ན། ཚད་གང་ང་ཐོན་ནོ་མི་ཤེས། ཚེ་རང་ང་ཟད་ན་ཐང་གི
དག་བཅོས་གཤིས་ཕྱིན་མ་བཞུགས་སོ།
ཁྱོས་བཤད་(ནི)་ནོ་ངོ་(མ)་མས་བདེན་གི ཁ་མི་(ད)དལ་ཁ་པར་ཟེར་ནོ། ཁ་ལག་པ་གཉི་(གའི)འིའི་དཀའ་ངལ། (ཁ)་ཁས་ཚིག་ངན་ཤོར་ན་འཛིན་མེད། ཁ་ན་ཟླས་གོ་ན་ངོ་ཚ། ཁ་བགད་ལས་རྩེ་(སྲོལ)་ཚུལ་ཡོད་རུང། ངོ་རིག་ནས་ཐུག་(སྲོལ)་ཚུལ་མེད་ཀི། ཚོད་རང་གིས་མ་ཟིན་བཤད་ན། ཚད་གང་(ང)་ངལ་ཐོན་ནོ་མི་ཤེས། ཚེ་(རང)་རིང་(ང)་ངར་ཟད་ན་ཐང་གི།
ཆབ་བྲག་རྫ་གསེང་གི་འབྲོང་རྒོད་སྐྲ་རིང་མ་ལ་ཕུལ་ལོ།
གཟའ་ཉི་མའི་ཁ་པར།
གཟའ་ཉི་མར་ཁ་པར་གཏོང་བགྱི་ཡིན། །
ཁྱིམ་ཕ་མའི་བདེ་སྡུག་ཤེས་བགྱིད་འདུག །
དོན་གསར་པ་ཅི་བྱུང་ཤེས་འདོད་ཡོད། །
གྲོགས་ཕན་ཚུན་འབྲེལ་བ་བྱེད་བགྱིན་ཡོད། །
ཁྱོས་བྲིས་ནོ་ལ་ལ་བདེན་གི ཁྱོས་བྲིས་ནོ་ལ་ལ་རྩོག་གི
ཁ་སྐད་ལ་ཞུ་དག་མི་དགོས། དོན་མ་ནོར་གོ་ན་དེས་ཆོག
ཁ་མི་དལ་ཁ་པར་གཏོང་གིན་ཡོད། ལག་མི་དལ་ཡིག་ཆུང་འབྲི་གིན་ཡོད།
སེམས་མི་དལ་ལ་ལུང་འཁྱམ་གྱིན་ཡོད། སྒོ་གསུམ་པོས་གོ་ཞིག་ཆོད་ཀྱིན་ཡོད།
གིན་་གྱིན་་་ཀྱིན། ་བགྱི་་་བགྱིད་་་བགྱིན་་་་ཁ་སྐད་དངོས་ལ་་་གི་་་་ཡིས་ཆོག
ངས་བྱས་ན།
གིན་་གྱིན་་་ཀྱིན། ལ། བགྱིན་གཅིག་གིས་ཆོག འདི་བཞིན་དང་དོན་གཅིག
་་་ གི་་་སྒྲ་ནོར་བས། བགྱི་དང་བགྱིད་བྲིས་དགོས།
ང་ འགྲོ་བགྱི་ ཡིན། ཞེས། མ་འོངས་པ་ལ་བགྱི་དང་།
ང་ འགྲོ་བགྱིད་ ཡོད། ཅེས། ད་ལྟ་བ་ལ་བགྱིད་སྦྱར་ན་ལེགས།
རང་མིང་བོད་སྐད་དུ།
ངས་བྱས་ན།
གིན་་གྱིན་་་ཀྱིན། ལ། བགྱིན་གཅིག་གིས་ཆོག འདི་བཞིན་དང་དོན་གཅིག
་་་ གི་་་སྒྲ་ནོར་བས། བགྱི་དང་བགྱིད་བྲིས་དགོས།
ང་ འགྲོ་བགྱི་ ཡིན། ཞེས། མ་འོངས་པ་ལ་བགྱི་དང་།
ང་ འགྲོ་བགྱིད་ ཡོད། ཅེས། ད་ལྟ་བ་ལ་བགྱིད་སྦྱར་ན་ལེགས།
འདས་ད་ལྟ་མ་འོངས་གོ་རིམ་བཞིན།
སྐྱེས་བུ་དང་པོར།
༡༽ངས།
་་་པ་ཡིན།
་་་་བགྱིད་ཡོད།
་་་་བགྱི་ཡིན།
སྐྱེས་བུ་གཉིས་པར།
༢༽ཁྱོད་ཀྱིས།
་་་པ་རེད།
་་བགྱིད་རེད།
་་་་བགྱི་རེད།
སྐྱེས་བུ་གསུམ་པར།
༣༽ཁོས་དང་མོས།
་་་་པ་རེད།
་་་བགྱིད་རེད།
་་་་བགྱི་རེད།
ཡིན་མིན། རེད་མ་རེད།
ང་ཡིན། ང་མིན།
ཁྱོད་རེད། ཁྱོད་མ་རེད།
ཁོ་རེད། ཁོ་མ་རེད།
འདི་རེད། འདི་མ་རེད།
ཡོད་མེད་དང་། འདུག་མི་འདུག
ང་ལ་ཡོད། ང་ལ་མེད།
ཁྱོད་ལ་འདུག ཁྱོད་ལ་མི་འདུག
ཁོ་ལ་འདུག ཁོ་ལ་མི་འདུག
དེ་ལ་འདུག དེ་ལ་མི་འདུག
འདས་ད་ལྟ་མ་འོངས་གསུམ་ལ།
༡༽ མདང་ ངས་ ཤིང་ བཅད་པ་ ཡིན།
༢༽ འདི་རིང་ ངས་ ཤིང་ གཅོད་བགྱིན་ ཡོད།
༣༽ སང་ཉིན་ ངས་ ཤིང་ གཅད་བགྱི་ ཡིན།
མདོ་དབུས་ཁམས་གསུམ་དང་ཡང་བརྒལ་ནས། བོད་རིགས་ཡོངས་རྫོགས་ལ། སྤྱི་སྐད་སྤྱི་མཚུངས་ཅིག་འོངས་པ་ལ། ཁ་སྐད་ཡིག་སྐད་དུ་བྲིས་ཚེ་དག་ཆ་འདི་ལྟ་བུ་ཅིག་བྱུང་ན། མི་ལེགས་སམ་སྙམ་ནས་བསམ་འཆར་དང་། གྲོས་གཞིར་བཀོད་པ་ཡིན་པས། འདི་ལ་དགག་གཞག་སྤོངས་གསུམ་གནང་ན་དགའ་བསུ་ཡོད་ལགས།
དྲི་བ།
ང་ཁ་སང་ཁྲོམ་པ་ཕྱིན་པ་ཡིན་པ། འདི་དྲི་ཚིག་རེད་པས། འདི་འདྲ་བའི་ཚིག་ཁ་ཤས་ངའི་རྣ་བའི་བུ་གར་ཁྱོན་ནས་འགྲོ་ཡི་མི་འདུག ཡང་། ཁོང་འགྲོ་‚‚གི་‚‚འདུག ཡང་ན། ཁོང་འགྲོ་‚‚ཡི‚‚འདུག ཡང་ན། ཁོང་འགྲོ་བགྱི་འདུག འདི་གསུམ་གང་ཐད་པ་ཡིན།
ལན།
ང་ ཁ་སང་ ཁྲོམ་ལ་ ཕྱིན་པ་ ཡིན་པ། ཞེས་པ་ནོར་བ་ཡིན་ཏེ།
ཁྱེད་རང་ ཁ་སང་ ཁྲོམ་ལ་ ཕྱིན་པ་ ཡིན་པ།
དང་།
ཁོང་ གདང་ ཁྲོམ་ལ་ ཕྱིན་པ་ རེད་པ།
འདི་དག་པ་མ་གཏོགས།
སྐྱེས་བུ་དང་པོར། ང་་ གདང་ ཁྲོམ་ལ་ ཕྱིན་པ་ ཡིན་པ། ལབ་སྟངས་འདི་ཤིན་ཏུ་ནོར་བ་ཆེན་པོ་རེད།
ཡང་།
ཁོང་འགྲོ་‚‚གི་‚‚འདུག འདི་འབྲེལ་སྒྲ་གི་སྦྱར་བ་ལྟ་བུས་ནོར་བ་འདྲ།
ཁོང་འགྲོ་‚‚ཡི‚‚འདུག འདི། ཕྲད་གཞན་དབང་ཅན་མཐའ་མེད་རྗེས་ལ་ཡི་བྲིས་ཁུལ་བྱས་ཀྱང་། ཁ་སྐད་དང་མི་མཐུན།
ཁོང་ ཕེབས་བགྱིད་ འདུག ཁོ་ འགྲོ་བགྱིད་འདུག འདི་བགྱིད་ཀྱིས་དག་ཆ་རང་ནས་དུས་ད་ལྟ་བ་ཡིན་པ་སྟོན་ཐུབ་ལགས།