དོན་གྲུབ་རྡོ་རྗེ།
ཀ་ཡེ་སྙིང་གི་གྲོགས་དང་གྲོགས་མོ་ཚོ། །
ཁ་པར་འདི་ལ་སྐྱོན་དང་ཡོན་ཏན་མང་། །
ག་ལེར་བསམ་ན་རང་མགོ་རང་བསྐོར་གྱིས། །
ང་ཚོའི་དུས་ཚོད་བར་མེད་བརླགས་འདུག་གོ །
ཅ་ཅོའི་སྐད་ཆས་རང་མཚང་རང་གིས་འདོན། །
ཆ་མེད་ཆོད་མེད་ལ་རྒྱའི་སྟོང་གཏམ་བཤད། །
ཇ་ཆང་འདོད་རྒུའི་ལོངས་སྤྱོད་མི་དགོས་པར། །
ཉ་བསད་ཉོག་བཤད་རྩེད་མོས་ཅི་ཞིག་བྱེད། །
ཏ་ཐའི་བསྟན་པ་སྐྱོང་གི་མངའ་བདག་དང་། །
ཐ་མག་དུ་ཆང་སྤྱོད་པའི་ར་རྫི་སོགས། །
ད་ནི་ཀུ་ཤུ་འདི་ཡི་འཕྲིན་ལས་ཀྱིས། །
ན་གཞོན་མེད་པར་ཁ་ལག་སེམས་གསུམ་འཕྲོག །
པ་སངས་བསམ་དཀར་བསམ་ནག་ཅན་དུ་བསྒྱུར། །
ཕ་རོལ་མི་ལ་ངན་དགུའི་གཡོ་སྒྱུ་སློང་། །
བ་གམ་མཐོན་པོའི་རང་སྣང་ངང་གིས་སྐྱེ། །
མ་རབས་དེ་དག་སེམས་ནས་འདོར་ལ་རེམ། །
ཙ་མཆོག་གོང་གི་ཆོས་འབྱུང་ལོ་རྒྱུས་དང་། །
ཚ་གྲང་དམྱལ་བ་སྲིད་པའི་ཆགས་འཇིག་སོགས། །
ཛ་དྲག་མཛེས་གྲགས་འཛམ་གླིང་གསར་འགྱུར་བཅས། །
ཝ་ལེར་ཡ་མཚན་མང་ཡང་ཚོད་འཛིན་དགོས། །
ཞྭ་གོས་གྱོན་ཁོམ་མེད་ལ་ཁ་པར་འཕུར། །
ཟ་མ་བཟའ་ཁོམ་མེད་ལ་ཁ་པར་འཕུར། །
འ་རྗེས་ཡིག་རྗེས་མི་བལྟ་ཁ་པར་ལྟ། །
ཡ་རྒན་ཁྱིམ་ཚང་ནང་ལ་ཁ་ཡ་བཅད། །
ར་མ་ལུག་གི་སྐད་གཉིས་ཟིང་སེ་ཟིང་། །
ལ་ལུང་གྲགས་པའི་རྗེས་ན་འུར་སེ་འབྲང་། །
ཤ་ཚའི་ཡུལ་དང་ལ་རྒྱ་ཁོག་ནས་བརྗེད། །
ས་སྟེང་མི་ཡི་རང་ཚུགས་ཡོངས་སུ་བོར། །
ཧ་ཅང་མི་ཐལ་གསར་རྒོད་རིག་རྒོད་ཚོ། །
ཧ་ནེ་ཧོན་ནེ་རང་སྐྱོན་རང་འདོན་ཡིན། །
ཨ་གསར་ཁ་མཚར་བཤད་པ་མ་ཡིན་རུང་། །
ཨ་ཁུའི་སྙིང་གཏམ་འདི་ཡང་བསམ་དཀར་ཡིན། །
སྤྱོད་ལུགས་མཁས་ན་འཛམ་གླིང་མིག་དང་ཉེ། །
སྤྱོད་སྟངས་མ་ཤེས་སྡུག་བསྔལ་སེམས་དང་ཉེ། །
སྤྱོད་པའི་འཁྲུལ་བ་རང་གིས་མ་བརྟག་ན། །
སྤྱོད་པ་ཐ་མས་རང་གཞན་སྡུག་ལ་སྦྱར། །
རྫུན་མའི་འཁོར་ལོ་བསྐོར་བའི་འཁོར་བ་ན། །
རྫུན་མས་རྫུན་པར་བསྟོད་པས་ཅི་ཞིག་འབྱུང་། །
རྫུན་གྱི་མཐའ་དང་ཨ་བྲའི་རྔ་མ་ལ ། །
རྫུན་ཚུགས་མི་བརྟན་འགྱུར་བ་ཆོས་ཉིད་ཡིན། །
རང་ཚུགས་མི་འགྱུར་གསེར་གྱི་དྲན་ཤིང་ལ། །
རང་རིག་རང་གསལ་ཐབས་ཤེས་ཉི་ཟླ་འཚོལ། །
རང་གི་མགོན་ཉིད་རང་ལས་མ་མཆིས་པས། །
རང་སེམས་རང་གིས་གཙང་མའི་བྱི་དོར་དགོས། །
ཞེས་པ་ནི་ན་ནིང་ད་ལོའི་བརྡ་འཕྲིན་དུས་རབས་གསར་པའི་འགྲོས་དང་བསྟུན་ཡུལ་མཐོ་སྒང་གི་བོད་རིགས་ཚོས་ཀྱང་སྤྱོད་སྟབས་ཧ་ཅང་བདེ་བའི་ཀུ་ཤུ་རྟགས་མའི་ཁ་པར་དག་ལས་སྐད་འཕྲིན་དང་པོད་འཕྲིན་སོགས་དྲྭ་ལམ་དག་བརྒྱུད་ནས་ཡུལ་དངོས་འཛམ་གླིང་སྣོད་བཅུད་དང་མིའི་ཡུལ་ཁམས་ནས་འཚོ་སྣང་རིག་གནས་ལ་བར་ཐག་ཉེ་ཞིང་ལྟས་རིག་གི་མཐོང་ཆོས་དང་དགེ་མཚན་ཡང་ཡ་མཚན་མྱུར་འགྱོག་གི་དངོས་ཡོད་དུ་གྱུར། དེ་ནི་ཧ་ཅང་དགའ་འོས་ལ་གཞོན་རབས་དག་གིས་ནི་དཔྱོད་ལྡན་རིག་པའི་འཕུར་གཤོག་དང་ཚན་རྩལ་དགའ་བའི་སྤོབས་པ་ཞིག་ཏུ་ཅི་ལ་མིན། ངོ་མ་འདས་པོ་དམ་པ་ཆོའོ་པུའུ་སི་སོགས་འབྲེལ་ཡོད་ཁག་ལ་བོད་པ་ཚོས་ནམ་ཡང་བཀའ་དྲིན་དྲན་འོས། ཡིན་ཡང་ཉེ་བའི་ཁོར་ཡུག་ནས་མཐོང་ཐོས་དངོས་ཡོད་གང་རུང་ནས་ཁ་ཅིག་གིས་ནི་བརྡ་འཕྲིན་གསར་བའི་བེད་སྤྱོད་དེ་རྫུན་མའི་ལག་ཆ་རུ་བྱས་ཏེ། རང་འདོད་ཧམ་གསུམ་གྱི་འཕྲིན་ལས་སྤེལ་ཞིང་གཞན་གནོད་གཞི་ནས་རྩོམ་པའི་ཕྲག་དོག་ངན་ནག་གི་སེམས་བསྐྱེད་ཀྱི་སྒོ་ནས། གནས་ལུགས་ཡོད་མིན་དང་ཁུངས་ལུང་ཡོད་མིན་ལ་མ་ལྟོས་པར་རང་སྣང་གང་ཤར་གྱིས་གསར་འགྱུར་རྫུན་བཟོ། སྐད་ཆ་རྫུན་མ། གཞན་རྗེས་འུར་འབྲང་། རང་བསྟོད་གཞན་སྨད་སོགས། སྣང་བ་རླུང་ཁ་ན་རྒྱུ་བའི་ཁ་ལག་ཅན་མང་པོས་ཕལ་བའི་མི་སེར་ཚོའི་བློ་འཁྲུལ་བ་ཅན་དང་རྨོངས་པ་ཅན་ཐེ་ཚོམ་ཅན་དུ་བྱས་ནས་སྡད་ཡོད་པ་ཚོ་གཙོ་བོ་དང་། གཞན་ན་ཆུང་བློ་རིག་ཅན་དག་གིས་ཀྱང་ཉིན་མཚན་ཁོར་མོ་ཡུག་ཏུ་ཁ་པར་ནང་གི་དོན་མེད་རྩེད་ཆས་ལ་གཡེང་བ། གཞན་གྱི་ཁ་མཚར་གླུ་ལེན་ལ་ཉན་ནས་སློབ་སྦྱོང་དང་བྱ་བ་བརྗེད་པ། ཁྱིམ་ཚང་དང་གྲོགས་པོ་ཕན་ཚུན་ལ་རྒྱུན་དུ་ཁ་བརྡ་སྐད་ཆ་ཉུང་བ། ལུས་ཁམས་བདེ་འཇགས་དང་དུས་ཚོད་བར་མེད་དུ་བརླགས་པར་མཐོང་བའི་རང་ཉིད་བཅས་པའི་སྐྱོན་ལ་སྔོན་འགོག་གི་ཚུལ་དུ་བྲིས།
རིགས་ཀྱི་བུ་དེ་དེ་བཞིན་ནོ་
དོན་གྲུབ་རྡོ་རྗེ་ལགས་ལེགས་སོ་ལེགས་སོ་དེ་དེ་ཞིན་ནོ།།
ད་རུང་ཁྱིམ་ཚང་འཐོར་གོ་ནི་ཧ་ཅང་མང་གི རིགས་ཀྱི་བུ་དེ་དེ་བཞིན་ནོ
ཁ་པར།
ཀ་ཁ་སློབ་དང་འབྲེལ་ལམ་བཟོ་སླ་ཡང་། །
ཁ་ནས་ཤོད་ཚད་རང་གཞན་ཕན་དཀའ་བས། །
ག་ནས་བསམས་ཀྱང་ཁ་པར་གཏོང་ཚོད་ལ། །
ང་དང་ང་འདྲའི་གཟབ་གཟབ་བྱས་ན་བཟང་། །
བདེན་པ་རེད་ཁྱེད་ཀྱི་གསུངས་མངོན་པར་བརྟོད།
ལ་ལུང་ཡུལ་གྲུ་འགྲིམས་པའི་ལུག་རྫི་ཚོས། །སྐད་འཕྲིན་ཁ་པར་རེག་ན་ནོར་ལུག་བརྗེད། །དབྱངས་གསལ་གདངས་འཐིམ་བའི་བྱིས་པ་ཚོས། །སྐད་འཕྲིན་ཁ་པར་རེག་ན་ཀློག་འདོན་བརྗེད། ། ཁུར་ཆེན་ཕྲག་ལ་བབ་པའི་ན་གཞོན་ཚོས། །སྐད་འཕྲིན་ཁ་པར་རེག་ན་འགན་འཁྲི་བརྗེད། །བརྩེ་བའི་འདམ་དུ་བྱིང་བའི་ན་ཆུང་འགའ། །སྐད་འཕྲིན་ཁ་པར་རེག་ནས་ཁ་ཁར་སོང། །སློབ་རར་རྟགས་མ་ལེན་པའི་སློབ་ཕྲུག་འགའ། །སྐད་འཕྲིན་ཁ་པར་རེག་ནས་བྱ་དགའ་ཤོར། །བདེ་སྐྱིད་དགོད་སྒྲས་ཁེངས་པའི་ཁྱིམ་ཚང་འགའ། །སྐད་འཕྲིན་ཁ་པར་རེག་ནས་ཁུ་སིམ་ཆགས། །འདྲིས་པའི་གྲོགས་པོ་མི་དགོས་ཁ་པར་བསྔོགས། །བརྩེ་བའི་གཟའ་ཟླ་མི་དགོས་ཁ་པར་བསྔོགས། ། ཉིན་མོ་ལས་ཀ་མི་དགོས་ཁ་པར་བསྔོགས། །མཚན་མོ་གཉིད་ཀྱང་མི་དགོས་ཁ་པར་བསྔོགས། །ཁ་པར་འཛོམས་ན་ཐམས་ཅད་འཛོམས་པ་ལགས„། །སྐད་འཕྲིན་རེག་ན་ཕུན་སུམ་ཚོགས་པ་རེད། །འཆི་ལ་ཉེ་བའི་རྒན་པོ་མགོ་དཀར་དང་། །ནར་མ་སོན་པའི་བྱིས་པ་སྣབས་ལུག་བར། །ཀུན་ཀྱང་སྐད་འཕྲིན་འདི་ལ་དགའ་མོད་ཀྱང། །བེད་སྤྱོད་ལེགས་བཏང་ན་དགའ་བ་ལ། །
ལེགས་པར་བཏང་ན་དགའ་བ་ལ་ཞེས་བཅོས་དགོས་སོ།
ཁ་པར་ཉོ་ན་ཀུ་ཤུའི་ཀ་པར་ཉོས།།
ཁ་པར་གཏོང་ས་མཛེས་མའི་ཨང་གིར་ཐོང༌།།
ཁ་ལབ་བཤད་ཚད་ཁྲིག་སྲོད་སྐོར་ལ་ཤོད།
ཁ་པར་ཉོས་པའི་དོ་གོ་ཆོད་འདུག་སྙམ།།
སྐྱབས་རྗེ་གྲུབ་པའི་དབང་པོ་མཆོག་སྤྲུལ་པདྨ་སྐལ་བཟང་རིན་པོ་ཆེ་ནི་༡༩༤༣ལོར་བོད་མདོ་ཁམས་ཉི་མ་ཤར་ཕྱོགས་ཀྱི་སའི་ཆ། དལ་འབབ་རྫ་ཆུའི་སྟོད་རྒྱུད་དགེ་རྩེ་འགབ་མ་ཞེས་པའི་སྡེ་བར་ངོ་མཚར་བའི་མཚན་ལྟས་དང་བཅས་སྐུ་འཁྲུངས། བྱིས་པའི་དུས་ཉིད་ནས་སྐྱེས་ཐོབ་ཀྱི་མཁྱེན་རབ་དང་། བྱང་སེམས་ཀྱི་བསླབ་སྤྱོད་སོགས་དམ་པའི་མངོན་རྟགས་རང་ཆས་སུ་མངའ། དེ་ནས་རིང་པོར་མ་ལོན་པར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། རྫོགས་ཆེན་ཡིད་བཞིན་ནོར་བུ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། རྫོགས་ཆེན་ཀོང་སྤྲུལ་རིན་པོ་ཆེ་སོགས་དམ་པའི་སྐྱེས་ཆེན་དུ་མ་བཀའ་ལུང་གཅིག་མཐུན་གྱིས་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་རྣམ་རོལ་རིགས་བརྒྱའི་ཁྱབ་བདག་མཁན་ཆེན་པདྨ་བཛྲ་རྩལ་གྱི་སྐུ་ཕྲེང་གསུམ་པར་ངོས་བཟུང་སྟེ། སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་སའི་གསེར་ཁྲིར་མངའ་གསོལ་མཛད། འཇམ་དབྱངས་མཁྱེན་བརྩེ་དང་། རྫོགས་ཆེན་དྲུག་པ། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ། མཁན་ཆེན་པདྨ་ཚེ་དབང་སོགས་སྐྱེས་ཆེན་མང་པོ་བསྟེན་ཏེ་མདོ་སྔགས་རིག་གནས་ཀྱི་“འཆད་ཁྲིད་དང་། སྨིན་གྲོལ་གདམས་ངག་གི་ཟབ་གནད་བཅས་བུམ་པ་གང་བྱོའི་ཚུལ་དུ་གསན་པས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པར་གྱུར། བར་སྐབས་རྒྱལ་བསྟན་ཉམས་རྒུད་དུ་ཕྱིན་པའི་དུས་ཀྱི་ཡོ་ལང་སྟོབས་སུ་བདོ་བའི་བགྲང་བྱ་བཅུ་ཕྲག་གཉིས་ལྷག་རིང་། རྗེ་འདི་ཉིད་ལའང་རྡུང་རྡེག་བརྡབ་གསིག་གི་རྐྱེན་ངན་སྣ་ཚོགས་བྱུང་ཡང་རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱི་དོར་མཛད་པའི་མིག་དཔེར་མཁས་བཙུན་བཟང་པོའི་མངའ་བདག་ཏུ་བཞུགས་པ་ནས། གངས་ལྗོངས་བསྟན་པ་ཡང་དར་གྱི་སྐབས་སུ་བླ་ན་མེད་པའི་ཐུགས་སྟོབས་ཀྱི་གོ་ཆ་བགོས་ཏེ་ཆེས་ཉམས་པར་ཕང་པའི་ཆོས་དང་རིག་གཞུང་སླར་གསོའི་བྱ་གཞག་ལ་རླབས་ཆེན་མཛད་རྗེས་སྤྱི་དང་། ཁྱད་པར་ཡུལ་མདོ་ཁམས་ཤར་གྱི་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ཧའི་ལྔ་རིག་ཆོས་གྲྭ་ཆེན་མོ་གཞི་ཁྱོན་ཆེ་བའི་སླར་གསོ་དང་རྒྱ་སྐྱེད་གནང་སྟེ་གངས་ལྗོངས་ཆོལ་གསུམ་ནས་ཕེབས་པའི་ན་གཞོན་སྡེ་སྣོད་འཛིན་པ་སྟོང་ཕྲག་འགའ་བསྐྱེད་བསྲིང་གནང་བ་དང་ཆབས་ཅིག རིས་སུ་མ་ཆད་པའི་ཆོས་སྡེ་མང་པོར་དབང་ལུང་གདམ་ཁྲིད་ཀྱི་རྒྱུན་དང་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་བཙུགས་པ་སོགས་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་བཤད་དང་སྒྲུབ་པས་སྤེལ་བའི་མཛད་རྒྱུན་ཕྱི་མའི་མཐར་ཡང་ཉམས་པ་མེད་པའི་ཚེ་སྲོག་བསྩལ་བ་དང་། དེ་མཚུངས་ཨ་རི། དབྱིན་ཇི། ཧྥ་རན་སི། སུད་སི། འཇར་མེན་སོགས་ཕྱི་གླིང་པའི་རྒྱལ་ཁབ་ཁག་མང་པོར་བསྟུད་མར་ཕེབས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་
“ལ་འཇུག་འདོད་ཀྱི་ཆེད་མཁས་དང་། ཞིབ་འཇུག་པ། ཆོས་དད་པ་སོགས་རིགས་མི་གཅིག་པའི་སྐྱེ་བོ་མང་པོའི་སེམས་ཁམས་ལ་གཞན་ཕན་དང་ཞི་བདེའི་བདེ་དྲོད་བསྩལ་བ་སོགས་ལེགས་མཛད་ཕྲིན་ལས་ཀྱི་འོད་སྣང་གསར་པ་ཕྱོགས་ཀྱི་མུ་མཐར་ཁྱབ་པ་སྐྱོང་བཞིན་བསྟན་དང་འགྲོ་བའི་དཔལ་མགོན་དུ་འཚོ་ཞིང་གཞེས་པ་ལགས་སོ།།
བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས།