བུ་ཆུང་ལྡུམ་ར་བསོད་ནམས།
ས་ཡི་གོ་ལའི་དབུ་ཡི་རྩེ་ཐོག་ཏུ་།
དངུལ་གྱི་རི་རབས་མང་པོས་བསྐོར་བ་དེ་།
ཁ་བ་ཅན་ནམ་ས་ལ་སྨན་གྱི་ལྗོངས་།
ལྷུང་ལྷུང་དལ་གྱི་བབས་པའི་རྒྱུགས་ཆུ་མང་།
མཚོ་དང་མཚེའུ་གནམ་ས་སྦྱར་འདྲ་དང་།
བེ་དང་སྟག་པ་ལྷ་ཤིང་ཤུག་པ་སོགས་།
དྲི་ཞིམ་ལྡན་པའི་ནགས་ཚལ་སྟུག་པོའི་ནང་།
ལྷ་བྱ་གོང་མོའི་གསུང་གཞས་ལྷང་ལྷང་ཐོས་།
འབྲོང་དང་ཤ་བ་གླ་བ་རྐྱང་དང་གཙོད་།
སྤང་གཤོང་སྟེང་དུ་རྩེད་འཇོ་བྱེད་བཞིན་ཆས་།
ཁྱིམ་དུ་མཛོ་དང་བ་ཕྱུགས་རྟ་བོང་རྣམས་།
གཅིག་ཕན་གཅིག་གྲོགས་མཉམ་ཟ་མཉམ་འཐུང་སྟེ་།
སྤུན་བཞི་བཞིན་དུ་ཡུལ་ལུང་བདེ་ལ་བསྐོད་།
མི་རྣམས་དལ་ཞིང་དཀར་ཕྱོགས་ལས་ལ་བརྩོན་།
རྒན་གཞོན་མཐོ་དམན་བརྩི་བཀུར་དམ་ལ་ཟབ་།
གྲོ་དང་སྲན་མ་མར་དང་ཕྱུ་ར་སོགས་།
རིན་ཆེན་བང་མཛོད་བཞིན་དུ་རྫོགས་མཐའ་མེད་།
དེ་འདྲའི་ཡུལ་དེར་ལོ་ཕྱུགས་ལེགས་པ་དང་།
བཀྲ་ཤིས་བདེ་ལེགས་ཕུན་གསུམ་ཚོགས་གྱུར་ཅིང་།
བསྐལ་ཆེན་གྲངས་མེད་བར་དུ་གནས་སུ་གསོལ་།
ངའི་བོད་གངས་ཅན།
ས་ཡར་ལ་མཐོ་
རླུང་གཙང་ལ་བསིལ་
གངས་མར་ལ་བབས་
གངས་རི་གནམ་ལ་བསྙེགས།
རི་མཐའ་ལ་སྐོར་
ཤིང་འགྲམ་ལ་སྐྱེས་
ཆུ་གཞུང་ལ་རྒྱུགས་
ཉ་སེར་མིག་སྐྱེལ་སྦྱོང་རོལ།
རྩ་ཐང་ལ་སྐྱེས་
ཐང་རྒྱ་ཡངས་ཆེ།
ཤ་་གླ་བ་གཙོད་
རྩྭ་བཅུད་ལྡན་ཆུ་ཞིམ་ལ་རོལ།
ཤིང་་ནགས་ལ་མང་
ནགས་གཅན་གཟན་དང་
བྱ་་རི་དྭགས་ཁེངས་
ཕྱི་ཡི་དུད་འགྲོས་ཕྱི་རུ་རོལ།
མི་སྦྲ་གུར་འོག
མེ་དུད་བསང་གཏང་
ཇ་་ཤ་མར་རོལ་
ནོར་ལུག་་རྟ་ཡིས་སྐོར།
མར་དམའ་བའི་ས་
མི་་ས་མ་འབྲོག
ས་ཁོད་སྙོམ་ཞིང་
འབྲུ་་ནས་སོགས་འདེབས་ལས་བྱེད།
གད་་མཐོ་ས་སྒང་ལ་
ཕོ་བྲང་དང་དགོན་པ་
ཆུ་གཞུང་དང་དམའ་སར་
ཁྱིམ་དང་ཁྱིམ་མཚེས་རྣམས་རོལ།
ཐག་རིང་ལ་རི་འཁྲོད་
གྲུབ་ཕུག་དང་འཚམས་པ་
ཐག་ཉེ་ལ་དགོན་པ་
གྲྭ་པ་བླ་མས་ཆོས་འཆད་ཉན་བྱེད།
ཁོར་ཡུག་བསིལ་གཙང་ཡུན་གནས་ཤོག །
ཡང་ན། ངའི་ཁ་བ་ཅན། ཞེས་བཏགས་ན་མཐུན་ཤས་ཆེ།
སྨད་རྒྱ་ནག་ལྕགས་རི་ཡན་ཆད་ནས། །
སྟོད་རྒྱ་གར་གངྒ་ཚུར་ཆད་ནས། །
བོད་བཙན་པོའི་དམག་འཐབ་ཐེངས་ཤིག་གིས། །
བཟུང་དང་བའི་ལོ་རྒྱུས་ཡོད་ནི་རེད། །
ད་ཁ་བའི་རླུང་རྟ་ཉམས་ནས་འདུག །
བོད་ཕྱི་ནང་གཉིས་ལ་བཏང་དང་ཐལ། །
དགོན་ཆེ་ཆུང་མང་བོ་གཏོར་དང་ཐལ། །
ལས་ལ་རྒྱལ་ཅན་ཚོ་བཟུང་དང་ཐལ། །
ཤིང་ནགས་ཚལ་བཅད་ནས་སྟོང་ལ་ཉེ། །
ཆུ་འཐུང་ཆུ་བསྐམས་ནས་སྟོང་ལ་སླེབས། །
རྫ་རི་དྭགས་རྩ་ཆེན་ཉུང་དུ་སོང་། །
རི་འགངས་ཆེན་ལྟོ་བར་གཤགས་དང་ཐལ། །
གཞིས་བོད་མི་རྒྱ་ལ་འགྱུར་བཞིན་ཡོད། །
བྱེས་བོད་མི་ཕལ་ཆེར་བོད་མིང་རྩམ། །
སེམས་སྒོར་མོས་བསླུས་ནས་སྨྱོན་ལ་ཁད། །
ཕྱི་ཆ་ལུགས་འགྱུར་ནས་ར་མ་ལུག །