བསྟན་དར།
ཁ་བ་ལྷུགས་པར་འབབ་དུས།།
མ་ཡུལ་གངས་ལྗོངས་དྲན་བྱུང་།།
མཚོ་མོ་འཁྱགས་པས་སྡོམ་དུས།།
གཞིས་ལུས་སྤུན་ཟླ་དྲན་བྱུང་།།
གངས་སེང་ཅན་གྱི་རྒྱལ་དར།།
གངས་རིའི་ཡུལ་དུ་འགོག་ཀྱང་།།
ཨ་རིའི་མཚོ་གླིང་མཐའ་ནས།།
དྲི་བཞོན་རླུང་ལ་སྐུར་ཡོད།།
མཚོ་མཐའི་ཁ་བ་འདི་བཞིན།།
བོད་རིགས་གང་སར་གྱེད་ཀྱང་།།
༧སྤྱན་རས་གཟིགས་ཀྱི་ཞིང་ཁམས།།
བོད་ལྗོངས་སྙིང་ནང་འཆང་ཡོད།།
སེམས་པས་ལུས་པོ་མ་བཞག་ ནུབ་ཕྱོགས་ལུང་པར་བསླེབས་སོང།
ཕར་དགའ་ཚུར་འཐད་གཉིས་ཀྱིས། ལས་འཕྲོའི་མདུད་ཐེབས་སོང།